དུས་རྒྱུན་བོད་མི་མང་པོ་ཞིག་གིས་ཕོ་བ་ན་དུས་བོད་སྨན་ལས་ཕན་པ་གང་ཡང་མེད་ཅེས་ཚིག་ཐག་ཆོད་པོས་བཤད་ཀྱིན་ཡོད་ལ། དུས་ཡུན་རིང་པོར་བོད་སྨན་བསྟེན་གྱིན་ཡོད། ཕོ་བ་དང་རྒྱུ་མ་སོགས་འཇུ་བྱེད་མ་ལག་ཁག་ནི་ང་ཚོའི་ལུས་ངག་ཡིད་གསུམ་གྱི་བྱེད་སྒོ་ཁག་ལ་ནུས་ཤུགས་མཁོ་སྤྲོད་བྱེད་མཁན་གྱི་བཟོ་གྲྭ་ལྟ་བུ་ཡིན་པས། གལ་སྲིད་ཕོ་བའི་ནད་ཡུན་རིང་པོར་གནས་ན་དེས་ཁྱོད་ལ་ཨཱལ་སར་(ulcer)རམ་བད་ཀན་རྨུག་པོ་དང་། ཕོ་བའི་འབྲས་སྐྲན་བསྐྱེད་པ་ཙམ་དུ་མ་ཟད། ལུས་ཀྱི་ཆ་ཤས་གཞན་དང་གཞན་ལ་ཡང་ནད་གཞི་བསྐྱེད་ཀྱིན་ཡོད། དེ་བས། ཕོ་བའི་ནད་གཞི་བསྐྱེད་མཁན་གྱི་རྩ་བ་རྙེད་པར་བྱས་ནས་གང་མགྱོགས་རྩ་མེད་བཟོ་རྒྱུ་གལ་ཆེན་པོ་ཡིན།
ཕོ་བའི་ནད་ཀྱི་རྩ་བ་དང་། བཅོས་ཐབས་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་འདོད་ན་གཤམ་གྱི་དྲ་ཐག་ལ་སྣུན་རོགས།
བོད་ཀྱི་སྤྱི་ཚོགས་འཕྲོད་བསྟེན་དྲ་བ། www.commuhealtibet.org
ཕྱི་ལུགས་ལྟར་གྱི་བད་ཀན་སྨུག་པོའི་ནད་ཀྱི་འབྱུང་རྩའི་གནས་ཚུལ་བཀོད་པར་ཐུགས་རྗེ་ཆེ་ཞུ། སྤྱིར་སྨན་དཔྱད་གསོ་རིག་དང་འབྲེལ་བའི་ཕྱིའི་ཐ་སྙད་བཤད་སྐབས་བོད་རང་གི་གསོ་རིག་དང་སྐད་ཡིག་ལ་ཡོད་པའི་ཐ་སྙད་རང་བེད་སྤྱོད་མུ་མཐུད་གནང་ན་དགེ་མཚན་ཆེ་སྙམ། དེ་མིན་རང་སྐད་དུ་ཐ་སྙད་ཡོད་བཞིན་དུ་གསར་བཟོ་བྱེད་པ་ངལ་བའི་རྒྱུ་ལས་མ་འདས་ཤིང་ཀློག་པ་པོ་ཚོར་མགོ་འཐོམས་པའི་གནས་རང་ཡིན་ནོ།
རྒྱུ་ཆུང་ཞེས་པའི་ཚབ་ཏུ་རྒྱུ་སོར་བཅུ་གཉིས་བརྗོད་ན་ལེགས། དེ་ནི་རྒྱུ་མ་དང་ཕོ་བའི་བར་མཚམས་ཀྱི་རྒྱུ་མ་ལ་གོ།
ཕོ་བའི་གཏོང་སྒོ་ཞེས་པའི་ཚབ་ཏུ་ཕོ་བའི་དོན་སྒོ་བརྗོད་ན་ལེགས། དེ་ནི་ཕོ་བའི་མས་འདབ་བམ་ཡང་ན་ཕོ་བའི་དང་རྒྱུ་སོར་བཅུ་གཉིས་ཀྱི་འབྲེལ་མཚམས་ལ་གོ་དགོས།
ཀུན་ལ་ཕན་པའི་གདམས་ངག་གནང་བ་ཐུགས་རྗེ་ཆེ་ཞུ། ན་ཚ་གང་ཞིག་བྱུང་ཡང་དང་བོ་ལུལ་རྩལ་ལ་བརྟེན་ནས་དྲག་ཐབས་བྱེད་རྒྱུ་ཅིས་ཀྱང་གལ་ཆེན་རེད། ལུས་རྩལ་ཀྱིས་ན་ཚ་ངོས་བཟུང་མ་ཐུབ་ནའང་དྲག་བསྐྱེད་ཐུབ་པ་གསལ་པོ་རེད། གཉིས་པ་སྨན་ལ་བརྟེན་ནས་དྲག་བསྐྱེད་བྱུང་བ། འདི་ནི་དང་བོ་ན་ཚ་གང་ཡིན་ངེས་པར་དུ་ངོས་འཛིན་བྱེད་དགོས། དེ་མིན་ཕན་པ་ལས་གནོད་པར་འགྱུར་རྒྱུ་གདོན་མི་ཟ། གསུམ་པ་དཔྱད་ལ་བརྟེན་ནས་དྲག་ཐབས་བྱེད་པ་རེད། གང་ལྟར་འདི་གསུམ་པོ་ལ་བརྟེན་ནས་ན་ཚ་གང་ཞིག་ཡིན་ཀྱང་དྲག་ཐུབ་པ་ལགས། འོན་ཀྱང་ལས་དབང་ལའང་རག་ལས་པ་རེད། །
ཕྱི་ལུགས་གསོ་རིག་གི་སྨན་ཐབས་སྤྱད་དེ་ཕོ་བའི་ནད་གཞིའི་འབྱུང་རིམ་ངོ་སྤྲོད་དང་གསལ་བཤད་གནང་བར་ཐུགས་རྗེ་ཆེ། ཡིན་ཡང་། བོད་རང་གི་ཐ་སྙད་བཀོལ་སྤྱོད་མ་བྱས་པར་མི་རིགས་གཞན་གྱི་སྐད་ཡིག་བེད་སྤྱོད་བཏང་བ་ནི་ནོར་འཕྱུགས་ཚབས་ཆེན་རེད། དེར་མ་ཟད་ཁྱོད་རང་ཉིད་བོད་མི་ཞིག་ཡིན་པའི་ངོས་ནས་བོད་སྐད་ཡིག་ལ་སེམས་ཁུར་དང་ཤ་ཚ་ཅི་ཡང་མེད་པའི་རང་མཚང་དམར་རྗེན་དུ་བསྟན་པ་རེད། གལ་སྲིད་ཁྱོད་རང་ཉིད་བོད་སྐད་ཀྱི་ཐ་སྙད་འདིའི་རིགས་ལ་རྒྱུས་མངའ་མེད་ཚེ། ངེས་པར་དུ་མི་གཞན་ལ་འདྲི་དགོས། མི་ཤེས་ན་མི་ལ་དྲིས།། མི་རིག་ན་སྒང་ལ་བུད།། ཅེས་ཁ་དཔེ་ཡོད་པ་ནང་བཞིན་མི་ལ་དྲིས་ནས་ཤེས་པར་བྱེད་རྒྱུ་འདི་འདི་ངོ་ཚ་དགོས་པ་དང་། སྤམ་མདོག་ཤོར་དགོས་པ་ཞིག་གཏན་ནས་མ་རེད། དེ་ལས་ལྡོག་སྟེ་གཞན་སྐད་མཉམ་བསྲེས་ཀྱི་འཆལ་གཏམ་འདིའི་རིགས་བཤད་པས་བོད་སྐད་ཡིག་འཇིག་པའི་ཉེར་རྒྱུ་བརྩམས་པ་དང་། བོད་སྐད་ཡིག་གསོད་མཁན་གྱི་ལག་དམར་ངོ་མ་དེ་ཆགས་པ་རེད། རྗེས་ཕྱོགས་ནས་ཀྱང་འདིའི་སྐོར་ལ་ངེས་པར་དུ་དོ་སྣང་བྱས་ཏེ་བོད་སྐད་ཡིག་ད་ལྟའི་ཆག་འཇིག་གི་གནས་ལས་སྐྱོབ་ཐུབ་ལ་སྨན་པའི་བྱ་བཞག་རེ་སྐྱོང་རྒྱུ་ཅིས་ཀྱང་ཐུགས་ལ་འཇགས་པར་ཞུ། འོ་་་ ད་དུང་བཤད་རྒྱུ་ཞིག་ལ། རྩོམ་ཡིག་འདིའི་འགོ་རྔ་མ། བར་སྐེད་པ་གང་དུ་བཙལ་ཀྱང་། རྩོམ་པ་བོའི་མིང་དང་། ཡང་ན་སྒྱུར་མཁན་གྱི་མིང་གི་གྲིབ་མ་ཙམ་ཡང་མཐོང་མ་སོང་། རྩོམ་ཡིག་གང་འདྲ་ཞིག་ཡིན་ཅིང་ངེས་པར་དུ་རྩོམ་པ་བོའི་འགན་འཁུར་དགོས་སྟབས། སྤྱིའི་ཁྲིམས་དང་སྒྲིག་གཞིའི་འགྲོ་སྟངས་ལྟར་ཡོང་ཁུངས་གང་ཡིན་འདི་ཡིན་མེད་པའི་རྩོམ་ཡིག་ཁག་ལ་དྲ་བ་དོ་དམ་པའི་ངོས་ནས་ཀྱང་སྟངས་འཛིན་བྱེད་རྒྱུ་གལ་ཆེ།
བད་ཀན་སྨུག་པོ། ulcer 胃溃疡 དོན་གཅིག་སྐད་ཀྱི་རྣམ་གྲངས་ཡིན་ས་རེད། སུ་ཞིག་གམ། ཡང་ན། མཉམ་རུབ་ཀྱིས་གསོ་བ་རིག་པའི་རྒྱུན་བཀོལ་བོད་དབྱིན་རྒྱ་གསུམ་གྱི་ཚིག་མཛོད་ཆུང་ཆུང་ཞིག་བསྒྲིགས་ཐུབ་བམ། སྨན་པ་ཞིག་ཁ་ཤས་མཉམ་རུབ་ཐུབ་ན་དེ་བས་ཀྱང་དགེ་མཚན་ཡོད་ངེས་ཡིན།
ལྷ་སྡེ་གནམ་ལོ་ཡག་ལགས་ཕེབས་ནས་དགོངས་ཚུལ་གསུངས་པར་བཀའ་དྲིན་ཆེ་ཞུ། དོན་དག་འདི་བོད་ནང་གི་སྨན་པ་ཁ་ཤས་དང་གོ་བསྡུར་བྱེད་ཀྱིན་པའི་སྒང་ཡིན། ཡིན་ན་ཡང་གྲུབ་འབྲས་གང་འདྲ་ཡོང་ཤེས་དཀའ་མོ་རེད་འདུག
ས་ལེ་སྦྲམ་ལགས་ཀྱིས་གསུངས་པ་ཚང་མ་བདེན་པ་རེད། ཐུགས་རྗེ་ཆེ།
རྟ་བདུན་དབང་བོ ཐུགས་རྗེ་ཆེ།
འཚོ་བྱེད་བུ་ལགས་ཐུགས་རྗེ་ཆེ། ངེད་དྲ་བས་མཉམ་ལས་གནང་མཁན་གྱི་སྨན་པ་འཚོལ་བཞིན་ཡོད།
བླ་མེད་ལེགས་བཤད་གནང་བར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།
ལས་ཀ་དེ་ཧ་ཅང་གི་ཡག་པོ་འདུག ཁྱེད་རང་ཚོའི་དྲ་རྒྱའང་ཀློག་པ་ཡིན། ཡང་མིན་ན། ཚིག་མཛོད་དྲ་ཐོག་ནས་ཕྱོགས་བསྒྲིགས་བྱས་ནའང་ཆོག་པར་སྣང་།
བོད་སྨན་ལ་ནུས་པ་ཅང་མེད་ཡ། མཛུབ་མོ་ལ་རྨ་ཞིག་བཟོས་ན་ཡང་བཅོས་ཐབས་མེད། ཆམ་པ་ཞིག་ཕོག་ན་ཡང་བཅོས་ཐབས་མེད། བོད་སྨན་གྱི་བཅོས་ཐབས་སུ་བསྙད་པའི་ལག་ལེན་མང་པོ་ཞིག་ཁྲིམས་ཀྱི་མདུན་སར་ཡང་སྟོན་ཐུབ་ལ་མི་ཐུབ་པར་འགྱུར་བཞིན་ཡོད། ཉིན་ཞིག་ཆ་ཚང་བོ་ཁྲིམས་ཐོག་ནས་འགོག་སོང་ན་དགའ་ས་རེད། བོད་སྨན་གྱི་རྩ་བ་རྨོངས་དད་ལ་ཐུག་འདུག བོད་ཀྱི་རིག་གནས་ཤིག་གི་ནང་ནས་ཆེས་མི་དགའ་ས་གཅིག་དེ་བོད་སྨན་ཡིན། འདིའི་དོན་ལ་དཀའ་ལས་བརྒྱབ་མ་བརྒྱབ་མིའདུག
བོད་སྨན་གྱིས་སྤོབས་མཐའི་ཕོ་བར་ཕོ་ནད་ཅིག་བཟོས་ཡོད་པ་འདྲ་ག་དུས་ཡིན་ནའང་དེ་འདྲ་སྡང་དགོས་ཅི་ཡོད་མི་ལོ་སྟོང་ཕྲག་མང་པོའི་རིང་ལ་ཕྱི་ལུགས་ཀྱི་སྨན་མེད་ནས་བོད་པའི་སྲོག་སྐྱོབས་བྱས་ཡོད།
འཕོ་བའི་ནད་ལ་བོད་སྨན་ཕན་པོ་འདུག འདི་ང་ལ་ཉམས་མྱོང་མངོན་སུམ་ཚད་གྲུབ་ཡོད།
ཨོ་ཡ་གྲོགས་པོ་ཀ་རྡོ་ལགས། དངོས་གནས་ད་བོད་སྨན་འདི་ཡིས་འཕོ་བ་འདྲ་ལ་ཕན་ས་རེད།
བོད་སྨན་འདིས་ཕྱི་ལོགས་མིག་གིས་མཐོང་སའི་རྨ་ཁ་སོགས་ལ་ཕན་ཐོགས་གཅིག་ཀྱང་མེད་པར་མིག་གིས་མི་མཐོང་སའི་ཕོ་བའི་ནང་གི་རྨ་སོགས་ལ་ཕན་ཟེར་ཁུལ་བྱེད་ཀྱིན་འདུག རྨོངས་དད་ཙམ་རེད། དེ་
བོད་སྨན་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ནང་ཕྱི་ལ་ངོམ་རིན་ཡོད་པ་དང་འཐུས་སྒོ་ཚང་བའི་རིག་གནས་ཀྱི་ཆ་ཤས་གལ་ཆེན་ཞིག་ཡིན་ཞེས་བརྗོད་ཆོག བོད་སྨན་གྱི་ཕན་ནུས་དང་སྡེབ་སྦྱོར་དང་། སྨན་གྱི་རྒྱུ་ཆ་དང་ལག་རྩལ་གྱི་ཁྱད་ཆོས་སོགས་ཕྱོགས་གང་ཐད་ནས་བལྟས་ཀྱང་རང་བྱུང་ཁོར་ཡུག་གི་གནས་བབས་དང་མཐུན་པ། འབྱུང་བཞིའི་ལུས་ཁམས་ལ་སྨན་པ། སྤྱི་ཚོགས་ཀྱི་དགོས་མཁོ་བསྐོང་ཐུབ་པ་བཅས་ཀྱི་དགེ་མཚན་བླ་ལྷག་ཡོད། ཁོ་བོས་ནི་བོད་ཀྱི་གནའ་བོའི་མེས་པོ་གོང་མ་རྣམས་ཀྱི་བློ་གྲོས་ཀྱི་རྩལ་ལས་བྱུང་བའི་སྨན་གྱི་རིག་གནས་འདི་ལ་ངོ་མཚར་སྐྱེས་ཤིང་དགའ་མགུ་ཚད་མེད་བྱེད་བཞིན་ཡོད། དེང་དུས་ཚན་རིག་རྒན་པོ་དག་གི་ཀླད་པའི་རྒྱ་ལའང་ཤར་མ་མྱོང་བ་མང་བོ་ཞིག་ང་ཚོའི་སྨན་གཞུང་དུ་གསལ་གསལ་ཐིང་ཐིང་དུ་བསྟན་ཡོད་ལ། དེང་དུས་ཚན་རྩལ་གྱིས་ལག་ལེན་དངོས་ལ་བསྟར་ཐུབ་མེད་པ་མང་བོ་ཞིག་ང་ཚོའི་སྨན་གཞུང་དུ་དམར་དམར་རྗེན་རྗེན་དུ་བཤད་ཡོད། ཡང་གཅིག་བཤད་ན། ལོ་ངོ་སྟོང་ཕྲག་ལྷག་བརྒྱུད་ནས་འོང་བའི་སྲོལ་རྒྱུན་རིག་གནས་ཤིག་ཡིན་པའི་ཆ་ནས་དེང་གི་དུས་རབས་དང་བསྡུར་ན་མ་ཚང་བ་དང་།མ་འདང་བའི་ཆ་ཅུང་ཙམ་རེ་ཡོད་ཤོས་ཆེ་མོད། འོན་ཀྱང་། དེ་ནི་ཚན་རིག་ལག་རྩལ་སོགས་རིག་གནས་གང་ཞིག་ཡིན་ཡང་དུས་ཀྱི་འགྱུར་འགྲོས་དང་ཡུལ་དུས་གནས་བབས་ཀྱི་རྐྱེན་པས་མ་འདང་བའི་སྟོང་ཆ་ཞིག་ལྷག་འོང་བ་ཆོས་ཉིད་ཡིན།
བོད་ཀྱི་རིག་གནས་མ་ལག་ཁྲོད་དུ་མི་མང་མང་ཚོགས་ཀྱི་འཚོ་བར་ཐད་ཀར་ཕན་ཐོགས་ཡོད་པའི་རིག་གནས་གཅིག་ཡོད་པ་ནི་བོད་ཀྱི་གསོ་བ་རིག་པའི་ལག་ལེན་འདི་རེད་དྲན་གྱིན་ཡོད། གོ་བདེ་བར་བཤད་ན། གསོ་བ་རིག་པའི་ཁྱབ་ཁོངས་ན་མཁྲེགས་ཆས་དང་མཉེན་ཆས་གཉིས་ཡོད་པ་ལ་བོད་སྨན་གྱིས་དུས་གཅིག་ཏུ་དམིགས་སྒོ་གཏད་ཡོད་པ་མ་ཟད། བོད་སྨན་གྱི་གསོ་ཐབས་གང་ཞིག་ཡིན་རུང་འབྱུང་བ་བཞི་བོའི་ཆ་སྙོམས་པར་བྱེད་པའི་སྒོ་ནས་ནད་ཀྱི་རྩ་བ་མཐའ་རུ་འདེད་ཀྱིན་ཡོད། ཡོངས་གྲགས་སུ་བོད་སྨན་ལ་ཞོར་སྐྱོན་མེད་ཟེར་བའང་ཐུན་མིན་གྱི་གསོ་ཐབས་འདི་ལ་བརྟེན་ནས་བཤད་པར་སྣང་། (ཡིན་ན་ཡང་སྨན་སྡེབ་སྦྱོར་བྱེད་སྟངས་ཀྱི་ཐད་ནས་ཞོར་སྐྱོན་མངོན་པའང་འདུག) དེ་བས། བོད་སྨན་གྱིས་ཕན་མི་ཐོགས་ཟེར་བ་དེ་སྐད་ཆ་དྲང་པོ་མ་རེད། བོད་སྨན་ནི་ང་ཚོས་ངེས་པར་དུ་བརྒྱུད་འཛིན་དང་། འཐུས་སྒོ་ཇེ་ཚང་དུ་གཏོང་དགོས་ངེས་ཅན་གྱི་རིག་གནས་མ་ལག་ཅིག་རེད།
དེ་གཅིག་རེད། གཉིས་ནས། བོད་སྨན་ལ་ཁྲིམས་ལུགས་ཀྱི་རྒྱབ་སྐྱོར་མེད་ཟེར་བ་དེ་ཡང་ཡན་གར་བའི་སྐད་ཆ་ཞིག་རེད། རྒྱ་གར་དང་། རྒྱ་ནག བོད། སོག་པོ། འབྲུག་སོགས་རྒྱལ་ཁབ་དང་ས་གནས་མང་པོར་ཁྲིམས་མཐུན་གྱིས་དེབ་སྐྱེལ་དང་ལག་ལེན་བྱེད་ཀྱིན་ཡོད། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཚོང་པ་ཚོས་ཆབ་སྲིད་པ་དང་ཁྲིམས་ལུགས་ལ་ཤུགས་རྐྱེན་སྤྲད་ནས་ཁོང་ཚོའི་ཚོང་ལས་བརྟན་སྲུང་བྱས་པ་ཙམ་ལས། དེ་བོད་སྨན་གྱིས་ཕན་མི་ཐོགས་པའི་སྒྲུབ་བྱེད་དུ་འཁྱེར་ཡོང་ན་རིགས་པ་དང་མཐུན་པ་ཞིག་མ་རེད། (ཡིན་ན་ཡང་། ཕྱི་ལུགས་སྨན་དང་བོད་སྨན་དུས་མཉམ་དུ་བསྟེན་ན་སྨན་ཕན་ཚུན་གཅིག་གིས་གཅིག་གི་ནུས་པ་བསད་ནས་ནད་གཞིར་ཕན་མི་ཐོགས་པའི་སྣང་ཚུལ་འབྱུང་བཞིན་འདུག་ཟེར་བ་དེར་བརྟག་དཔྱད་ཡག་པོ་བྱེད་དགོས་པར་སྣང་།)
གསུམ་ནས། བོད་སྨན་གྱིས་ད་དུང་བརྒྱུད་བཞི་སོགས་སྔོན་བྱོན་མཁས་པའི་བསྟན་བཅོས་ཁོ་ན་ཙམ་ལ་གཞི་བཅོལ་ནས་མ་བསྡད་པར། ནད་གཞི་ངོས་འཛིན་སྟངས་དང་། ནད་ཀྱི་ངོ་བོར་བལྟ་སྟངས། དེ་དང་མཐུན་པའི་བཅོས་ཐབས་ཀྱི་ལག་ལེན་གསར་བཏོད་བྱེད་རྒྱུའང་གལ་ཆེན་པོ་རེད།
མདོ་དོན། བོད་ཀྱི་གསོ་བ་རིག་པ་ནི་བོད་ཀྱི་རིག་གནས་ཁྲོད་ཀྱི་ཆེས་གལ་ཆེ་བའི་གྲུབ་ཆ་ཞིག་རེད། ལྷ་ཁང་གཅིག་བཞེངས་པར་སྒོར་ས་ཡ་བརྒྱ་ཕྲག་གི་འགྲོ་སོང་བཏང་བ་ལས། བོད་ཀྱི་གསོ་བ་རིག་པ་ཡར་རྒྱས་གཏོང་རྒྱུར་འགྲོ་སོང་ཏོག་ཙམ་གཏོང་ཐུབ་ན་དེས་འགྲོ་བ་མི་སྤྱི་དང་། ཁྱད་པར་དུ་ཡང་བོད་མི་རིགས་ལ་ཕན་པ་རྒྱ་ཆེན་པོ་ཐོགས་ཐུབ་ས་མེད་ཅེས་ཞུ་འདོད་བྱུང་།
་་་་་་་ བོད་སྨན་ལ་ཁྲིམས་ལུགས་ཀྱི་རྒྱབ་སྐྱོར་མེད་ཟེར་བ་དེ་ཡང་ཡན་གར་བའི་སྐད་ཆ་ཞིག་རེད། རྒྱ་གར་དང་། རྒྱ་ནག བོད། སོག་པོ། འབྲུག་སོགས་རྒྱལ་ཁབ་དང་ས་གནས་མང་པོར་ཁྲིམས་མཐུན་གྱིས་དེབ་སྐྱེལ་དང་ལག་ལེན་བྱེད་ཀྱིན་ཡོད། ་་་་་་་་་
བོད་སྨན་ལ་རྒྱལ་ཕྱི་ནང་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོས་ཁྲིམས་མཐུན་གྱི་ངོས་འཛིན་ཡོད་མུས་རེད། དཔེར་ན་ཡུ་རོབ་རྒྱལ་ཁབ་པོ་ལཎཌ་ལྟ་བུར་དེར་བོད་ཀྱི་སྨན་པ་དགེ་འདུན་པ་ཞིག་ལ་ཡུལ་དེའི་སྲིད་འཛིན་གྱིས་དམིགས་བསལ་གྱིས་ཡུལ་དེའི་མི་སེར་གྱི་ལག་ཁྱེར་གནང་བར་མ་ཟད་ཁོང་གིས་དེ་གར་ཁྲིམས་མཐུན་གྱི་སྨན་ཁང་ཀྱང་བཙུགས་ཡོད། དེ་བཞིན་བལ་ཡུལ་དང་འབྲུག་བོད་རྒྱ་ནག་རྒྱ་གར་གཞུང་གིས་ཁྲིམས་མཐུན་གྱི་ཆོག་མཆན་ཐོབ་ཡོད། ད་ལྟ་ཕྱི་མི་རྒྱ་གར་དང་ནུབ་ཕྱོགས་ཀྱི་མི་མང་པོ་ཞིག་གིས་ཕྱི་ལུགས་ཀྱི་སྨན་ལས་བོད་སྨན་ཟ་རྒྱུར་དགའ་སྣང་ཆེ་བ་ཡོད་འདུག རྒྱུ་མཚན་དེ་ལ་བརྟེན་ནས་དྷ་སའི་སྤྱི་སྒེར་གྱི་ཚོགས་པ་མང་པོ་ཡོད་པའི་ནང་ནས་སྨན་རྩིས་ཁང་ནི་དཔལ་འབྱོར་ཡག་ཤོས་དང་་་་་སྲིད་སྐྱོང་བློ་བཟང་གིས་རང་ཁ་རང་གསོ་བྱེད་ཐུབ་མཁན་སྨན་རྩིས་ཁང་ཡིན་པར་གསལ་བསྒྲགས་གནང་སོང།
ཨེ་རེད། དོལ་རྒྱལ་དང་བོད་སྨན་གཉིས་ལ་འདྲ་མཚུངས་ཧ་ཅང་མང་པོ་ཡོད། བོད་སྨན་ལ་རྩ་སྟོང་འགྲོ་ཉེའི་སྲོག་ཆགས་གི་ཐོན་རྫས་བེད་སྤྱོད་མང་བ་དང་། དངུལ་ཆུ་སོགས་ཉེན་ཁ་ཆེ་བའི་རྫས་རྣམས་ལ་ཁྲིམས་ཐོག་ནས་དགག་བྱ་ཆེ། བཅོས་ཐབས་ཡོད་ན་མེད་ན་མེ་བཙའ་འཇོག་པ། ཁྲག་གཏར་བ། ལྕགས་སྲེག་གི་ཚུགས་འཇོག་པ་སོགས་དེང་སང་ལག་ལེན་ལ་བསྟར་ཕོད་ཀྱིན་མེད་པ་སྙིང་རེ་ཚིམ། ཧཧཧཧ།
བོད་སྨན་གྱིས་དཔལ་འབྱོར་ཁྱེར་ཡོང་བ་བདེན་ཤས་ཆེ། དེང་སང་ནག་ཚོང་རྒྱག་མཁན་དང་། སྤྱི་ཚོགས་ཀྱི་མདུན་ལམ་བཤིག་མཁན། བླ་རྫུན་ཚོ་ཡང་ཡོང་སྒོ་ཆེན་པོ་རེད། དོལ་རྒྱལ་ཚོགས་པ་ལ་ཡང་དངུལ་མང་བའི་སྐད་གྲགས་འདུག
བོད་སྨན་ཡར་རྒྱས་ཕན་ནུས་ཤོག །
རེད་རེད་ཕྱི་ལུགས་ཀྱི་སྨན་གྱིས་ཕྱི་ཡི་ཁོར་ཡུག་མེད་པར་བྱས་ནང་གི་གཟུགས་པོར་ཆ་བཞག་ན། མགོ་ལ་ཕན་པའི་སྨན་ཟས་ན། རྐང་པར་གནོད། སྙིང་ལ་ཕན་པའི་སྨན་ཟས་ན་ཕོ་བར་གནོད་དེ་འདྲ་རེད། དེ་བཞིན་ཕྱི་ལུགས་སྨན་ཀྱང་འབྱུང་ཁུངས་ས་གཞི་འདིར་སྐྱེས་པའི་རྩི་ཤིང་ལས་སོགས་རང་འབྱུང་གི་ཁམས་ལས་འབྱུང་གི་ཡོད་པས་ང་ཚོའི་རྩི་སྨན་མང་པོ་ཞིག་རྩ་སྟོང་ལ་འགྲོ་ཉེན་ཆེ། བོད་སྨན་དང་མཚུངས་པར་ཁོར་ཡུག་ལ་གཏོར་བཤིག་གཏོང་བ་དང་འགྲོ་བའི་ལུས་སེམས་ལ་ཕན་པ་བསྒྲུབ་པ་གཉིས་ཀ་གཅིག་མཚུངས་ཡིན།
དེ་ནས་དཔལ་འབྱོར་གྱི་སྐོར་ལ་རེད། ཇག་པ་བརྒྱབ་ནས་ཕྱུག་པོ་ཆགས་པ་དང། ཚོང་བྱས་ནས་ཕྱུག་པོ་ཆགས་པ་དང། བསོད་ནམས་བྱས་ནས་ཕྱུག་པོར་ཆགས་པ་གསུམ་ཕྱུག་པོ་ཆགས་པ་ལ་ཁྱད་མེད་ཀྱང། ཕྱུག་པོར་འགྱུར་སྟངས་ལ་གནམ་སའི་ཁྱད་པར་ཡོད། བྱས་ཙང་སྨན་རྩིས་ཁང་གིས་ཇག་རྐུན་བྱས་ནས་བྱུང་བ་མིན་པར་མི་ཚོས་དགའ་སྣང་དང་ཕན་པར་མཐོང་ནས་སྨན་ཟ་བ་ལས་བྱུང་བའི་དངུལ་རེད།
བོད་སྨན་གྱིས་ཕན་དང་མི་ཕན་དང་ནུས་པ་ཡོད་མེད་བཤད་སྐབས་མི་རང་ཉིད་ལ་ནད་བྱེ་བྲག་ཅིག་ཕོག་སྟེ་བོད་སྨན་བསྟེན་པར་ནུས་པ་མ་ཐོན་པའི་སྒྲུབ་བྱེད་ཅིག་དང་ཡང་ན་གསོ་དཔྱད་ལུགས་གཞན་དང་བསྡུར་ནས་བོད་སྨན་ནུས་མེད་ཡིན་ལུགས་ཀྱི་སྒྲུབ་བྱེད་འཇོག་སྟངས་ཤིག་ཡོད། གོང་གི་བོད་སྨན་ལ་ནུས་པ་མེད་ཅེས་མཆན་འདེབས་པ་པོ་ཡིས་གོང་གི་དེ་གཉིས་ལས་སྒྲུབ་བྱེད་གང་ལ་བརྟེན་ནས་བོད་སྨན་ལ་ནུས་པ་མེད་ཅེས་བཤད་གི་ཡོད་པ་ཆ་མ་འཚལ་མོད། འོན་ཀྱང་སྒྲུབ་བྱེད་སྔ་མ་ལ་བརྟེན་ནས་ནད་བྱེ་བྲག་ཅིག་ལ་སྨན་བྱེ་བྲག་ཅིག་བསྟེན་ཏེ་ནུས་པ་མ་ཐོན་པར་བརྟེན་ནས་བོད་སྨན་སྤྱི་ལ་ནུས་པ་མེད་ཅེས་བརྗོད་ན་ཧམ་བཤད་དང་ལོག་བཤད་ཅིག་ལས་གནས་ལུགས་ཅན་གྱི་བཤད་སྟངས་ཤིག་ཆགས་མེད།
དེང་སྐབས་ཡོང་གྲགས་ཡིན་པའི་ནུབ་ཕྱོགས་སམ་དེང་རབས་གསོ་དཔྱད་དང་། རྒྱ་གར་ཚེ་ཡི་རིག་པ། རྒྱ་ནག་ཀྲུང་དབྱི་
གསོ་དཔྱད་བཅས་ལ་བལྟ་བསྡུར་ཞིག་བྱས་ཚེ། བོད་ཀྱི་གསོ་དཔྱད་དེ་ཡང་གཞུང་བཤད་དང་ནད་ཐོག་ལག་ལེན། སྨན་རྫས་རིག་པའི་ཆ་ནས་དེང་གི་དུས་འདིར་དེ་དག་ལས་ཆེས་སྔོན་ཐོན་མིན་ལ་རྗེས་ལུས་ཡང་མིན་པ་མགྲིན་པ་གཟེངས་སུ་ཐོན་ནས་བརྗོད་ཐུབ།
སྤྱིར་གསོ་དཔྱད་ལུགས་རེ་རེར་རང་རང་གི་ཁྱད་ཆོས་དང་ཞན་ཆ་རེ་ཡོད་པར། ནུབ་ཕྱོགས་སམ་དེང་རབས་གསོ་དཔྱད་
ལུགས་ནི་རྣམ་གྱུར་ནད་ལ་བལྟོས་པའམ་ན་བ་གཙོ་བོར་བྱེད་པ། ཡང་ན་ནད་གཞི་གཙོ་བཅོས་བྱེ་དཔའི་གསོ་དཔྱད་ཅིག་ དང་། ལུས་ཕུང་གི་གྲུབ་ཆ་རྣམས་ཆེ་མཐོན་ཕྲ་ཤེས་སྤྱད་ནས་ཡན་ལག་ནས་ཉིང་ལག་དང་། ཉིང་ལག་ནས་ཆ་ལག་གམ་
ཆ་ཤས་ཕྲ་ཞིང་ཕྲ་བར་དབྱེ་བསལ་ལོགས་སུ་བགར་རྗེས་ཆ་ཤས་བྱེ་བྲག་པའམ་ནད་བྱེ་བྲག་པ་ཁོ་ན་གསོ་བཅོས་གཙོ་བོར་
བྱེད་པའི་གསོ་དཔྱད་ཅིག་ཡིན་པ་ཀུན་གྱིས་ཁས་ལེན་བྱེད་ཀྱི་ཡོད། དེ་ལས་ལྡོག་སྟེ། བོད་ཀྱི་གསོ་དཔྱད་དང་། རྒྱ་གར་
ཚེ་ཡི་རིག་པ། རྒྱ་ནག་ཀྲུང་དབྱི་གསོ་དཔྱད་བཅས་སྲོལ་རྒྱུན་གྱི་སྨན་དཔྱད་རྣམས་ནི་རྣམ་པར་མ་གྱུར་བའི་ལུས་སམ་མི་ན་བར་གནས་པའི་ལུས་ཁམས། ཡང་ན་ནད་མ་ཕོག་པའི་སྔོན་དང་ནད་ཕོག་པའི་རྗེས་གཉིས་ཀ་སྟེ་ལུས་སེམས་བླ་སྲོག་གསུམ་གསོ་བཅོས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པའི་གསོ་དཔྱད་ཅིག་ཡིན།
མདོར་བསྡུས་ཀྱིས་བཤད་ན་ནུབ་ཕྱོགས་སམ་དེང་རབས་གསོ་དཔྱད་ལུགས་ནི་རྨས་སྐྱོན་གཤག་བཅོས་དང་ཛ་དྲག་མྱུར་སྐྱོབ་ཀྱི་རིགས་ལ་ཕན་པ་དང་། སྲོལ་རྒྱུན་གསོ་དཔྱད་ནི་ལུས་སྟོབས་གསོ་སྐྱེད་དང་ནད་རིགས་སྔོན་འགོག་ནད་གྱི་རྩ་བར་སྨན་
བཅོས་བྱེད་པའི་བཅོས་ཐབས་གཙོ་འཛིན་བྱས་ཏེ་ནད་གཞི་མང་པོ་ཞིག་ལ་དམིགས་བསལ་གྱིས་ཕན་ཐོགས་ཡོད་པ་ཡིན་ནོ།འདི་ཡང་རང་ཉིད་ཀྱིས་བོད་ནང་དང་རྒྱ་གར། བལ་ཡུལ། ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་ལོ་མང་རིང་མུ་མཐུད་བོད་སྨན་
ལག་ལེན་བྱས་པའི་མྱོང་གོམས་ལ་བརྟེན་ནས་བཤད་ཀྱི་ཡོད།
ཁྲིམས་ཀྱིས་ངོས་ལེན་ཡོད་མེད་དེ་ཡང་ཁྲིམས་ནི་མིས་བཟོས་པ་ཞིག་ཡིན་པས་རྟག་བརྟན་འགྱུར་བ་མེད་པ་ཞིག་མིན་པར་རིམ་པ་རིམ་པས་འགྱུར་བ་གཏོང་ཆོག་པ་ཞིག་ཡིན། མིའི་རིགས་ལ་ཕན་གྱི་ཡོད་ཚེ། འཛད་སྤྱོད་བྱེད་མཁན་མི་དམངས་
ཀྱིས་སྲིད་གཞུང་གི་ཁྲིམས་ལུགས་ཐོག་ངོས་ལེན་ཡོད་མེད་ཇི་ལྟར་ཡང་ལག་ལེན་བེད་སྤྱོད་མུ་མཐུད་བྱེད་ཀྱི་ཡིན་པ་གསལ་བོ་ཡིན། སྤྱིར་ནུབ་ཕྱོགས་གསོ་དཔྱད་དེ་བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཡུལ་ལུང་། ཕྱི་སོག་དང་ནང་སོག་བཅས་སུ་མ་དར་
གོང་དུ་བོད་སྨན་ནི་དུས་རབས་མང་པོའི་རིང་ཡུལ་ལུང་དེ་དག་གི་མིའི་རིགས་ཀྱི་བདེ་ཐང་དང་འཕྲོད་བསྟེན་ཀྱི་ལས་དོན་
གཙོ་བསྒྲུབ་བྱེད་པའི་སྨན་དཔྱད་ཉག་ཅིག་ཆགས་ཡོད་པར་བརྟེན། དུས་དེང་སང་ཡང་ཡུལ་ལུང་དེ་དག་ཏུ་གཞུང་དམངས་
གཉིས་ཕྱོགས་ནས་བོད་སྨན་ལ་བརྟེན་པའི་འཕྲོད་བསྟེན་བདེ་ཐང་གི་བྱ་གཞག་ཡར་རྒྱས་གོང་འཕེལ་དུ་བཏང་དང་གཏོང་
མུས་ཡིན་ནོ།
ནུབ་ཕྱོགས་ཨ་རི་ཡུལ་དུ་རྒྱ་ནག་ཀྲུང་དབྱི་གསོ་དཔྱད་ཀྱི་སློབ་གྲྭ་བརྒྱ་ཕྲག་ཉེ་བ་ཡོད་པ་དང་དེ་དག་ཀྱང་འཛད་སྤྱོད་བྱེད་
མཁན་མི་དམངས་ཀྱི་རེ་འདུན་ལ་བལྟོས་ནས་རིམ་པ་རིམ་པས་ཨ་རི་གཞུང་གིས་ཁྲིམས་ཐོག་ནས་ངོས་ལེན་བྱས་ཏེ་དེང་
སང་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་པ་དང་། བོད་སྨན་ཀྱང་དུས་རབས་ཉི་ཤུ་བའི་དུས་དཀྱིལ་ནས་འགོ་བཙུགས་ཏེ་རིམ་
བཞིན་ནུབ་ཕྱོགས་ཡུལ་ཏུ་སློབ་གཉེར་ལག་ལེན་བྱེད་མཁན་ཇེ་མང་དང་ཁྱབ་གདལ་ཇེ་ཆེར་འགྲོ་དང་འགྲོ་མུས་ཡིན་པས། ལག་ལེན་བྱེད་མཁན་དང་འཛད་སྤྱོད་བྱེད་མཁན་མི་དམངས་ཇི་ལྟར་ཇེ་མང་དུ་སོང་བ་དེ་ཙམ་གྱིས་རིམ་བཞིན་བོད་སྨན་དར་ཁྱབ་ཏུ་འགྲོ་གི་རེད་དོ།
བོད་སྨན་གྱི་ཕན་ཐོགས་བཞིན་ཡོད་པ་མིག་མཐོང་ལག་ཟིན་རེད། དོལ་ཚོགས་དང་བོད་ཀྱི་གསོ་བ་རིག་པ་བསྡུར་བ་ནི། ཨ་མ་དང་སྨད་འཚོང་མ་བསྡུར་བ་ལས་ཀྱང་ཆེས་ཆེར་མི་འོས་པའི་དཔེ་རུ་ཟད། གང་ལྟར། ཕྱི་ལུགས་དང་བོད་ཀྱི་གསོ་རིགས་གང་ཞིག་ཡིན་རུང་། ཐམས་ཅད་སྐྱེ་འགྲོར་ཕན་པར་ཤོག ཐམས་ཅད་ཡར་རྒྱས་གོང་འཕེལ་ཡོང་བར་ཤོག
བོད་ལུགས་དང་ཕྱི་ལུགས་གཉིས་ཀྱི་སྨན་བསྡུར་ན། བོད་སྨན་ལ་ཁྱད་ཆོས་མང་བོ་ཡོད། བོད་སྨན་ནི་སླད་མེད་པ་དེང་དུས་ཀྱི་རྫས་འགྱུར་གྱིས་མ་གོས་པ་རང་བྱུང་ཁམས་ནས་གྲུབ་པའི་གཙང་མ་ཡིན། གཅིག་ལ་ཕན་ཀྱང་གཅིག་ཤོས་ལ་གནོད་པ་ཉུང་བ་རེད། ལྷག་པར་དུ་ཕྱི་ལུགས་ལ་རླུང་སྨན་གྱི་ཆ་ནས་ཤིན་ཏུ་ཞན་པོ་རེད་སྙམ། སྨན་པས་ཆ་ནས་བསྡུར་ན་ཕྱི་ལུགས་སྨན་པ་ཚོས་དེང་དུས་ཀྱི་འཕྲུལ་ཆས་རིགས་བེད་སྤྱོད་མ་བཏང་ན་ནད་གང་ཡང་ངོས་འཛིན་བྱེད་རྒྱུ་ཧ་ཅང་དཀའ་བར་སྣང་། འོན་ཀྱང་གཤག་བཅོས་སོགས་ལ་ཕྱི་ལུགས་སྨན་པ་ཚོར་འབུར་དུ་ཐོན་པའི་ལག་རྩལ་འདུག དཔེར་ན་རྒྱུ་ལྷག་ལ་ཆ་བཞག་ན་བཤག་བཅོས་མེད་པའི་དྲག་ཐབས་ཤིན་ཏུ་དཀའ་བ་བཞིན་ནོ། བོད་སྨན་ཚོར་འཕྲུལ་ཆས་བེད་སྤྱོད་མེད་ནའང་ནད་པའི་རྩ་དང་དྲི་ཆུ་སོགས་ལ་བརྟེན་ནས་ན་ཚ་མང་བོ་ངོས་བཟུང་བྱེད་ཀྱིན་ཡོད། ཁོ་བོས་གཅིག་ལས་གཅིག་བཟང་ཞེས་བཤད་འདོད་མ་མཆིས་མོད། གཉིས་ཆ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོད་རེ་ཡོད་པ་རེད།།
བོད་ཀྱི་ནད་དྲག་ཐབས་དང་། དིང་དུས་སྤྱི་ལུགས་ཀྱི་ནད་དྲག་ཐབས་གཉིས་གོ་བསྡུར་གྱིས་ནད་དྲག་ཐབས་དེ་གལ་ཆེན་པོ་ཡིན། དིང་དུས་ཕན་ཚུན་འབྲེལ་པའི་ཐོག་ནས་ནད་དྲག་ཐབས་དེ། བོད་སྨན་སྦྱོང་མཁན་ལྷ་རྗེ་དག་གིས་ཤེས་དགོས་པ་གལ་ཆེ། ལོ་ངོ་ལྔ་ཙམ་སྔོན་དུ། བདག་གི་སྙིང་རྩར་ཁྲག་འགགས་ནས་རྡོག་རྡོག་ཆགས། མཚན་གྱི་ཆུ་ཚོད་གཉིས་པར་ང་རང་གིས་སྙིང་ལ་སྐྱོན་ཆགས་པ་ཤེས་ནས་སྨན་ཁང་ལ་ཕྱིན། སྨན་པས་སྙིང་རྩར་ཁྲག་འགགས་པ་བསལ། ཁྲག་རྡོག་རྡོག་མེད་པར་བཟོ་བྱེད་ལྕགས་ཁམས་ལ་གྲུབ་པ་གཉིས་བདག་གི་སྙིང་རྩར་བཅུག་ཡོད་པ་དེ་ལུས་སྲོག་ཡོད་ཡོད་བར་དུ་ལས་བྱེད་ཟེར། བྱ་བ་འདི་དག་བཟོ་བ་ལ་དུས་ཚོད་ཆུ་ཕྱེད་ཀ་ལས་མང་བ་འགོར་མེད། སྨན་པས་དུས་ཐོག་ཏུ་སླེབས་པར་དགའ་ཚོར་བྱས། དེ་མིན་དུས་འགྱངས་ན་སླེབས་པ་ཡིན་ན། སྙིང་རྩར་འགགས་པའི་ཁྲག་རྡོག་རྡོག་དེ་མེད་པར་བཟོ་མ་ཐུབ་པས་འཆི་བ་ལས་འོས་མེད་པར་བཤད། བོད་ཀྱི་ལྷ་རྗེ་དག་གིས་ཀྱང་མ་འོངས་པ་ན། དེ་ལྟ་བུའི་རིག་རྩལ་ལ་བརྟེན་ནས། བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ལོ་བརྒྱ་ཕྲག་ནས་འོངས་པ་ཛམ་གླིང་དུ་དར་བ་ཞིག་མཛད་དགོས། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་སྐྱིད་གྲོང་ནས་བོད་ཀྱི་ལྷ་རྗེ་བོས་ཏེ། བོད་དབུས་ཀྱི་མིག་ལོངས་པ་མང་པོའི་མིག་འབྱེད་དུ་མཛད་པར་གསུངས། དིང་སང་བོད་ཀྱི་ལྷ་རྗེ་མིག་གི་ལིང་ཏོག་ལེན་པའི་སྨན་དཔྱད་མཛད་པ་ཡོད་དམ། མེད་ན་སྔར་སྲོལ་ཡོད་པ་དེ་ད་ལྟར་མེད་པར་སོང་བ་རྒྱུ་རྐྱེན་ཅི་ཡིན་ནམ། ལ་དྭགས་སུ་གྲོང་ཡུལ་དག་ཏུ་ལྷ་རྗེའི་གྲོང་པ་རེ་ཡོད། དེ་དག་གིས་གཞུང་གི་ཁྲལ་རྒྱུགས་མི་དགོས་་ཀྱང་། ལེགས་པ་སྦྱོང་མཁན་དཀོན། དེ་དག་ན་མིག་འབྱེད་ཡོད་མཁན་ཞིག་མཐོང་ཐོས་མ་བྱུང་། མིག་ལོངས་པ་དེ་དག་ཕྱི་ལོགས་པ་ཨི་ཤུའི་ཆོས་སྤེལ་མཁན་ཞིག་གིས་བྱེད་པ་ཐོས། ད་ལྟའི་བོད་ཀྱི་ལྷ་རྗེ་རྣམས་ཀྱིས་བོད་ཀྱི་དེ་ནད་གསོས་དེ་ལྟ་བུ་ལ་སོགས་པ་ལ་ཡར་རྒྱས་མཛད་དགོས་སོ།
བོད་ཀྱི་ལྷ་རྗེ་ཟངས་དཀར་ཞེས་པའི་ལུང་པར་བྱུང་བ་བཅོས་མིན་དངོས་སུ་ཐོས་པ་དེ་འདིར་དགོད་པར་བྱ་སྟེ། དེ་ཡང་༡༩༥༠ ནས་༡༩༥༧སྐབས་སུ། བདག་བོད་ཀྱི་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོར་ཡོད་དུས། དཀའ་ཆེན་ཐོ་ལོག་ཅེས་པ་སྟག་མོ་པ་ཞིག་མཆིས། ཉིན་ཅིག་གཞིས་ཀ་རྩེ་རུ་གྲོང་པ་ཞིག་ཏུ་ཆོས་སྒྲོགས་པར་གྲྭ་པ་གསུམ་བཞི་ཙམ་ཡོད་སར་དཀའ་ཆེན་རང་གི་ཕ་ལྷ་རྗེ་ཡིན་པ་དང། རང་ཉིད་ནད་པ་འཆི་བ་ལ་མངོན་དུ་ཕྱོགས་པར་རང་གི་ཕ་ལྷ་རྗེ་དེས་སྨན་དཔྱད་བྱས་པའི་ལོ་རྒྱུས་བཤད། དེ་ཡང་བུ་དེ་ལོ་ཇི་ཙམ་ཡིན་པ་མ་ངེས། རིའི་ལྡེབས་སུ་ཕྲུ་གུ་དེ་ལ་གཡག་གིས་བརྡུངས་ཏེ། ནང་རོལ་རྒྱུ་མ་ཕོ་བ་ནས་ཕྱིར་འཐོན་ཏེ་ས་ལ་ལྷུངས་ཡོད་པ། རང་སྲིང་མོ་ཨ་ཆེས་མཐོང་། ངུ་བཞིན་ཕ་ལ་ལོན་བསྐྱལ། ཕ་དེ་བོད་ལུགས་ཀྱི་ལུང་པ་དེའི་ལྷ་རྗེ་ཡིན་པས་རྒྱུ་མ་ནང་རོལ་ཕྱིར་འཐོན་པ་དེ་ཁོག་པར་བཅུག ར་མའི་རྒྱུ་མ་ལས་བཟོས་པའི་སྐུད་པས་བཙེམས། ནད་པ་དྲགས་པར་མ་ཟད་གཙང་དུ་དཀའ་ཆེན་ལྡན། དེ་འདྲ་བྱེད་ཐུབ་པ་དེ་བོད་སྨན་གཞུང་ན་ཡོད་དམ། རང་གི་རིག་སྟོབས་ལས་བྱུང་། བདག་གིས་མ་ཤེས། ལོ་རྒྱུས་འདི་ཨ་རི་རུ་བཤད་དགོས་པ་ཞིག་བྱུང་། དིང་སང་བཤགས་བཅོས་འཚེམས་པ་ན། རྒྱུ་མ་ལ་བཟོས་པའི་སྐུད་པས་འཚེམས་ཞེས་པ་ཐོས་སོ།
སྟེས་དབང་གིས་༡༩༩༢ལོར་བདག་ཟངས་དཀར་བརྒྱུད་རྒྱ་ཏིང་དུ་འོང་སྐབས་སུ། ཕ་ལྷ་རྗེ་དེ་དང་བུ་དཀའ་ཆེན་དེའི་ཁྱིམ་ཚང་དུ། འབྲང་སར་སླེབས། དཀའ་ཆེན་དེ་གཙང་ནས་ཟངས་དཀར་དུ་ལོག་ཐུབ་བམ་མ་ཐུབ་ཆ་མ་རྟོགས་སོ།
ང་ཕོ་བའི་ནད་གྱི་སྐོར་ཤེས་ཡ་ཡི་འདོད་པ་ཡོད་རེད།
དེའི་ཕྱིར་རོ།ངརང་ལའང་ཕོ་བའི་ནད་ཡོད་རེད།
ཕོ་བའི་ནད་ཟེར་བ་དེ་དཔེ་མི་སེའི་
painfull རེད་ནད་ཐམས་ཅད་ཀྱི་འབྱང་སའི་གཞི་དེ་ཁོང་རེད།།།
དཔེ་མི་སེའི་
འདི།
དཔེ་མི་སྲིད་པའི་
ཡིན་དགོས།
ཕོ་བའི་ནད་རིགས་ཚང་མ་ཟས་ནད་རེད་ཟ་སྟངས་དང་ཐུང་སྟངས་མ་ཤེས་པའི་ནད་རེད་དོ་།