༼བོད་ཀྱི་དུས་བབ་དྲ་ཚིགས་ནས་འདྲེན་བཀོད་ཞུས༽
འཇིགས་བྲལ་གློག་བརྙན་གྱི་ཕབ་བསྐྲུན་ལས་རོཊ་ཆབ་སྲིད་བཙོན་པ་གྲྭ་མགོ་ལོག་འཇིཊ་མེད་ལཊ་མདང་དགོང་དྷ་རམ་ས་ལའི་དབུས་སྣེ་ལེན་ཁང་དུ་འབྱོར་འདུག ཁ་སང་ཕྱི་ཚེས་༡༨ ཉིན་གྱི་དགོང་མོར་ཕྱི་ལོ་༢༠༠༨ ལོར་ཆབ་སྲིད་བཙོན་པ་དོན་འགྲུབ་དབང་ཆེན་ལགས་དང་མཉམ་དུ་༼འཇིགས་བྲལ༽ཞེས་པའི་གློག་བརྙན་ཕབ་བསྐྲུན་གནང་མཁན་གྲྭ་མགོ་ལོག་འཇིགས་མེད་ལཊ་དབུས་བོད་ཀྱི་སྣེ་ལེན་ཁང་དུ་འབྱོར་ཡོད་པ་དང་། མདང་དགོང་ནས་བཟུང་བཞུགས་སྒར་དུ་ཡོད་པའི་ཚོགས་པ་སྐྱིད་སྡུག་དང་། ཁོང་གི་ངོ་ཤེས་གྲོགས་པོ་ཚོ་འཚམས་འདྲིར་སྐྱོད་བཞིན་ཡོད་ཅིང་། ཉིན་ཤས་རྗེས་ཁོང་གིས་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འཆར་ཡོད་འདུག
མགོ་ལོག་འཇིགས་མེད་ལགས་ནི། མགོ་ལོག་དབལ་ཤུལ་གསེར་རྟའི་རག་ཁྲམ་ཡུལ་ཚོའི་ཏོག་ཚ་སྡེ་བ་ནས་ཡིན་པ་དང་། ཆུང་དུས་ནས་བླ་བྲང་བཀྲ་ཤིས་འཁྱིལ་དུ་འཛུལ་ཞུགས་ཀྱི་སློབ་གཉེར་གནང་ཡོད་འདུག
ཕྱི་ལོ་ ༢༠༠༨ ལོར་དོན་འགྲུབ་དབང་ཆེན་ལགས་དང་མཉམ་དུ་བོད་ནང་གི་བོད་མི་ཁག་ཅིག་ལ་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་སྐད་ཆ་བྲིས་ཏེ་༼འཇིགས་བྲལ༽ཞེས་པའི་གློག་བརྙན་ཞིག་བཟོ་སྐྲུན་བྱས་སྟབས། རྒྱ་གཞུང་གིས་དོན་འགྲུབ་དབང་ཆེན་ལགས་འཛིན་བཟུང་གིས་ལོ་ ༦ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ལོ་དེའི་ཕྱི་ཟླ་ ༣ ཚེས་ ༢༣ ཉིན་མགོ་ལོག་འཇིཊ་མེད་ལགས་བླ་བྲང་བཀྲ་ཤིས་འཁྱིལ་ནས་འཛིན་བཟུང་གིས་ཟླ་ ༧ རིང་བཀག་ཉར་བྱས།
༢༠༠༩ ཕྱི་ཟླ་ ༣ པ་ཙམ་ནས་རྒྱ་གཞུང་གིས། འཇིགས་བྲལ་གློག་བརྙན་བཟོ་མཁན་གྱི་ལག་རོགས་ཡིན་པ་དང་། ༢༠༠༨ ལོའི་བོད་ནང་གི་ཞི་རྒོལ་སློང་མཁན་ཡིན་པ་བཅས་ཀྱི་ཉེས་འཛུཊ་འོག་གཅར་རྡུང་འདྲི་གཅོད་མང་པོ་བྱས་ཡོད་འདུག ༢༠༡༢ ལོའི་ཟླ་ ༩ བའི་ཚེས ༢༠ ཉིན་རྒྱ་གཞུང་གིས་བླ་བྲང་དགོན་པར་ཡོད་པའི་ཁོང་གི་གྲྭ་ཤག་གཏོར་བཤིག་བཏང་ཡོད་པ་མ་ཟད། སྐབས་དེར་ཁོང་ལན་ཀྲུའུ་ལ་ཕྱིན་ཏེ་ཕྱིར་ལོག་པའི་ལམ་བར་ནས་འཛིན་བཟུང་བྱས་པའི་གནས་ཚུལ་ཞིག་ཐོན་ཡོད་ཀྱང་། རྗེས་སུ་རྒྱ་གཞུང་གིས་མགོ་ལོག་འཇིགས་མེད་འཛིན་བཟུང་བྱེད་དགོས་པའི་བཀའ་རྒྱ་བསྒྲགས་ཡོད་པ་མ་ཟད། ཁ་པར་དང་གློག་ཀླད་སོགས་སུ་ཁོང་གི་གནས་ཚུལ་ཡར་ཞུ་བྱེད་མཁན་ལ་རྒྱ་སྒོར་ཁྲི་ ༢༠ སྤྲོད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད།
གསར་འགོད་པ། དོན་གོ
དཔའ་བོ་ཕེབས་པ་ལ་དགའ་བསུ་ཞུ།
བཀྲ་ཤིས་བདེ་ལེགས། སྟག་མོ་ནགས་ལ་སླེབས་ན་ནགས་ཀྱི་རྒྱན་རེད།
ཕོ་ལྷ་གསོལ་ལོ།།
དཔའ་བོ་ཁོང་ལ་མངོན་པར་བསྟོད། བཀྲ་ཤིས་བདེ་ལེགས་ཞུ།
ཁོང་བདེ་བླག་ངང་བཙན་བྱོལ་དུ་ཕེབས་ཐུབ་པར་རྟེན་འབྲེལ་ཞུ།
མགོ་ལོག་འཇིགས་མེད་ལགས། བཙན་འོག་ནས་རང་དབང་ལུང་པ་འབྱོར་བར་དགའ་བསུ་ཞུ།
ངའི་བློས་ཐུབ་ཀྱི་གྲོགས་མཆོག་དམ་པ། འཐབ་གྲོགས་བཟང་པོ། ངེས་པ་དོན་གྱི་མི་རིགས་ཀྱི་དཔའ་རྒོད་ཁོང་བདེ་བླག་ངང་བཙན་བྱོལ་དུ་ཕེབས་ཐུབ་པར་རྟེན་འབྲེལ་ཞུ།
དཔའ་བོ་ཕེབས་པ་ལ་དགའ་བསུ་ཞུ།
བཙན་བྱོལ་ལ་བདེ་འབྱོར་བྱུང་བར་རྟེན་འབྲེལ་ཞུ།
བཀྲ་ཤིས་བདེ་ལེགས་ཞུ། ཐུག་རེ་ཡོད། དཔའ་བོ་རེད། གོང་དུ་བཀུར།
འཇིགས་མེད་ཞེས་བའི་མིང་འདི་ཨ་མདོའི་བུ་རྒོད་དག་དག་ཡིན་ས་རེད། ཨ་ལགས་འཇིགས་མེད་ཟེར་བའི་སྲིད་ལ་མཁས་བ་ཞིག ཧོར་ཙང་འཇིགས་མེད་ཟེར་བའི་རྩོམ་ལ་མཁས་བ་ཞིག མགོ་ལོག་འཇིགས་མེད་ཟེར་བའི་སྲིད་བརྒོལ་ངར་བ་ཞིག:-)
ངེས་དོན་གྱི་དཔའ་བོ། མི་རིགས་ཀྱི་ཚབ་མཚཽན། ཁྱེད་ཉིད་རང་དབང་གི་ཡུལ་དུ་ཕེབས་པར་དགའ་བསུ་དང་མ་འོངས་པར་བོད་དོན་སྔར་ལྷག་འགྲུབ་ཅིང་འཚོ་བ་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུ།
དཔའ་བོ་ཁོང་འདིར་འབྱོར་བར་དགའ་བསུའི་བཀྲ་ཤིས་བདེ་ལེགས་ཞུ།
དཔའ་བོ་གཤིན་རྗེའི་ཁ་ནས་ཐར་བར་དགའ་གུས་ཞུའོ།། །།
འཇིགས་རུང་གཤས་ར་བཙོན་དང་འདྲ་ཡང་གཅེས་སུ་འོས་པའི་སྙིང་དབུས་གངས་ཅན་བོད་ཀྱི་ཕ་ཡུལ་ནས།
བྲལ་ཏེ་རང་དབང་རྒྱལ་ཁབ་་རྣམ་འདྲེན་སྟོང་གི་ཞིང་ས་འཕགས་ཡུལ་གཞན་གྱི་ལུང་བར་འབྱོར་བ་སྐྱོའང་དགའ།
འཇིགས་མེད་ལགས་ལ་ཕེབས་བསུའི་ཁ་བཏགས་ཤིག་ཡོད།
ཁོང་ལ་བཀྲ་ཤིས་བདེ་ལེགས་ཞུ།
ཆོས་འཕེལ་དར་རྒྱས། ད་དུང་བོད་ཀྱི་སློབ་གསོ་བ་ཆེན་མོ། འཇིགས་མེད་རྒྱལ་མཚན། གསོ་རིག་པ་ཆེན་མོ། འཇིགས་མེད་ཕུན་ཚོགས། གཡོ་འཕྲུལ་བ་ཆེན་མོ་འཇིགས་མེད་བློ་གྲོས་སོགས་མང་ཡ་་་་་་་་་་་་ཧ་ཧ་ཧ
སྙིང་ནས་གུས་འདུད་དང་དགའ་བསུ་གྲངས་མེད་ཞུ། མ་འོངས་ཉིད་ཀྱིས་བོད་དོན་ཆེད་ཐུགས་བཞེད་གང་ཡོད་ལྷུན་གྱི་འགྲུབ་པའི་སྨོན་འདུན་གྲངས་མེད་ཞུ།