རྩོམ་པ་པོ སྐྱ་རེངས།
—–{བཙན་གྲོལ་སྐྱིད་ཀྱི་སྐྱེ་སྐར་ལ}
༠༽
ས་མཐའ ཁྱོད་ཀྱིས་ས་མཐའ་ཞེས་པ་འདི་གོ་དུས
ཧ་ཅང་གསང་བའི་ངང མཆི་མ་ཞིག
ཁྱོད་ཀྱི་མིག་ཟུང་གི་གཏིང་མཐར་འཁོར་ཞིང
ཐག་རིང་ཐག་རིང་ཞིག ཁྱོད་ཀྱི་དྲན་པའི་ངོགས་སུ་འཆར་སྲིད
༡༽
ཉི་ཐིགས་མེ་ཏོག་ལ་ཐོར་བའི་དུས་ཚིགས་དེར
བྱེའུ་ཞིག་ལྟར རྒྱང་རིང་ནས་ཕུར་འོངས་པ་བཞིན
ས་མཐའ་ནས ང་ཚོས་ཁྱོད་རང
དབྱར་གཞུང་ལྟར འཇིར་རྟེན་འདིར་བསུས
༢༽
ས་མཐའ་འདིར ལོ་རྒྱུས་ཀྱི་ན་ཟུག་ཁུར་བའི་མི་རབས་ཤིག་བཞུད་ལ་ཉེ
ཡོད་ཚད་རྔ་ཆེན་བཞིན་རྡུང་བའི་མི་རབས་ཤིག་གི་སྐད་སྒྲ་སྔར་བཞིན་མཐོ
ལོ་རྒྱུས་དང་དུས་རབས་ལ་ཉེ་མིང་འགེལ་བའི་མི་རབས་ཤིག་རུལ་སུངས་སུ་གྱུར
༣༽
ཀྱེ སྔ་མོ་ནས་ལོ་རྒྱུས་ཀྱི་བང་སོ་རུ་གཟིམས་ཚར་བའི
དཔའ་མཛངས་ལྡན་པའི་བདག་གི་ཡབ་མེས་ཚོ་ཨང
མེ་ཏོག་དང་ལྗང་སྨྱུག་ལྟ་བུའི་གཅེས་ཕྲུག་འདི་ཚོ
དུས་རབས་འདིའི བདག་པོར་མཛོད་ཅིག
༢༠༡༤།༥།༡༩མཚན་མོ།
བུད་མེད་ཧང་སངས་ཡ་ཅིག་འཁྲུངས་པ་འདྲ།