གནས་ཚུལ་གཏོང་མཁན། ཁྱུངཿསྨོན་ལམ།
༄༅། །ཕྱི་ལོ་༢༠༡༤ ཟླ་༥ ཚེས་༢༢ ཉིན་རྡ་ས་མདོ་ཁམས་ཆུ་སྒང་དབུས་ཡན་ལག་ལས་ཁང་དུ་ཆུ་སྒང་འོས་བསྡུ་ཚོགས་ཆུང་སྐབས་༥ པའི་ཚོགས་གཙོ་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་དང་། ཚོགས་མི་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས། ཚོགས་མི་སྤྱི་འཐུས་འཇམ་དབྱངས་བཟོད་པ་བཅས་ལྷན་འཛོམས་ཐོག ཟུར་དཔང་དུ་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་དང་། མདོ་སྟོད་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན། རྡ་ས་ཆུ་སྒང་ས་རྒྱུན་ཚོགས་གཞོན་ཚེ་རིང་རྣམ་རྒྱལ། རྡ་ས་ཆུ་སྒང་ས་རྒྱུན་དྲུང་ཆེ་བློ་བཟང་ཚུལ་ཁྲིམས་བཅས་གདན་དྲངས་ཏེ་ཆུ་སྒང་དབུས་རྒྱུན་གྱི་དངོས་གཞིའི་འོས་ཤོག་ཕྱོགས་བསྡོམས་གྲངས་བཤེར་གནང་སྟེ། མང་རིམ་རྩེ་གཏོག་མི་གྲངས་ ༡༡ ཆུ་སྒང་དབུས་རྒྱུན་དུ་འོས་ཐོན་གསལ་བསྒྲགས་དང་། གཞན་རྣམས་ཀྱི་མིང་ཐོ་དང་འོས་གྲངས་བཅས་ཕྱིར་བསྒྲགས་གནང་ཡོད་པ་རེད།
བཀྲ་ཤིས་བདེ་ལེགས།
མི་གྲངས་བཅུ་གཅིག་པོ་སུ་ཡིན་དང་འོས་གྲངས་ཅི་ཐོབ་གནས་སྐབས་རིང་གསང་བ་བྱེད་དགོས་དོན་ཅི་ཡིན་ནམ།
འོས་ཤོག་བླུགས་ཚར་ཡོད་ན། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ཁྱབ་བསྒྲགས་གནང་བའི་དོལ་འབྲངས་པ་ཚོར་ཆུ་སྒང་ནས་ཁ་ཏ་བསླབ་བྱ་རེ་བྱེད་རན་ཡོད་ས་རེད།
ཡང་རྙོག་གླེང་ཞིག་ཡོད་ཐག་ཆོད་རེད། མི་འདི་ཚོ་ཡོད་ས་ན་ལྐོག་ལྐོག་སུལ་སུལ་གྱི་ལས་ཀ་མང་ལེ་རེད། ད་ང་ཚོ་མི་རྫོགས་ཡིན་པ་འདྲ་
སྤོབས་པ་མཐའ་ཡས་ལགས། འོས་ཐོབ་མི་གྲངས་ ༡༡ སོགས་ཀྱི་མིང་འདིར་འདུག
http://www.dhokhamchushigangdrug.com/bo/news/297-2014-05-23-09-44-42
ཁུག་རྟ་འདི་སྙིང་རྗེ་་་་ག་དུས་ཡིན་ཡང་ཁམས་པ་རྐྱང་རེད་འདུག་
ཁོའི་ཨ་ཕ་བསོད་མཁན་་་ཁམས་པ་ཡིན་པ་འདྲ་་་་་ཧཧཧཧ
མི་འགྲོ་ཡག་པོ་བསླེབས་འདུག བཀྲིས་བདེ་ལེགས་ཡོད།
མཆན་འགོད་མཁན་ ༣ དང ༤ གཉིས་ཀྱི་སྔ་ཕྱི་བར་གསུམ་གྱི་གནས་ལུགས་ཤེས་པའི་སྒོ་ནས་གསུངས་འདུག་པས་རྒྱབ་སྐྱོར་ཡོད་ དངོས་གནས་མདོ་སྟོད་གཉིས་ཀྱི་གནས་ཚུལ་དེ་ཁམས་རིགས་ནང་ཁུལ་མ་འཆམ་པའི་གནས་ཚུལ་ཞིག་མ་རེད།
གོང་གི་འཚམས་འདྲི་དང་ལེགས་གསོ་འབུལ་མཁན་རྣམས་ནས་སྔོན་ལ་ ༡༩༩༤ ནས་ད་བར་ཚོགས་པ་དེའི་ལོ་རྒྱུས་ལས་དོན་བྱེད་ཕྱོགས་ཁག་མ་ཤེས་པའི་རྟགས་རེད་ འོན་ཀྱང་ཁྱེད་རྣམས་ལ་ཐུགས་ཁག་མེད་མི་དེ་ཚོས་དཀར་པོ་ནག་པོ་དང་བདེན་པ་རྫུན་མར་བཟོ་རྒྱུར་ཤིན་མཁས་པོ་ཡོད།