ཕལ་བའི་མྱི།
ཉེ་ཆར་ྋགོང་ས་མཆོག་ཡོ་རོབ་ཏུ་ཆིབས་བསྒྱུར་སྐབས། བོད་མི་དང་ནུབ་ཕྱོགས་པ་དོལ་རྒྱལ་བསྟེན་མཁན་ཁ་ཤས་ཀྱིས་སྔོན་ཆད་ལྟར། ྋགོང་ས་མཆོག་གི་ཕེབས་ལམ་ནས། ཏཱ་ལའི་བླ་མ། སྐྱག་རྫུན་བཤད་མཚམས་ཞོག ཆོས་ལུགས་དད་མོས་རང་དབང་སྤྲོད་རོགས་ཟེར་ནས་ངོ་རྒོལ་སྐད་འབོད་བྱས་ཤིང་། དེའི་ཁྲོད་ཀྱི་ནུབ་ཕྱོགས་པ་དེ་ཚོ་ནི་མགོ་མ་ཚོས་ནས་མགོ་སྐོར་ཐེབས་པ་འགའ་ཡིན་པས། ད་ལན་འདིར་ཁོ་ཚོ་ལ་ཅི་ཡང་ལབ་རྩིས་མེད།
འོན་ཀྱང་། ཏཱ་ལའི་བླ་མ། སྐྱག་རྫུན་བཤད་མཚམས་ཞོག་ཅེས་དང་། ཆོས་ལུགས་དད་མོས་རང་དབང་སྤྲོད་རོགས་ཟེར་ནས་ངོ་རྒོལ་སྐད་འབོད་བྱེད་མཁན་གྱི་བོད་མི་དོལ་རྒྱལ་བསྟེན་མཁན་དེ་དག་ལ། བདག་གིས་སྐད་ཆ་ཚིག་ཁ་ཤས་འདྲི་སྙིང་བྲོ་སོང་། ང་ཚོ་ཕན་ཚུད་སུ་ཡིན་ཡང་། སྐད་ཆ་དྲང་པོ་དྲང་བཞག་བྱས་ནས་བཤད་རྒྱུ་ནི་འགྲོ་བ་མི་ཞིག་གི་མ་མཐའི་ཚད་གཞི་ཞིག་ཡིན་པར་བརྟེན། དྲི་བ་འདི་དག་ལ་གྱ་གྱུ་སྤངས་པའི་ལན་འདེབས་ཤིག་ཡོང་རྒྱུར་བདག་གིས་རེ་སྒུག་ཞུ་རྒྱུ་ཡིན།
ངས་བསམ་ན་བདུན་ཅུ་དོན་གྲངས་ནང་མཛེ་སྨད་ཀྱི་དེབ་སེར་པོ་དེར་གདོང་ཐོག་གིས་དགག་ལན་བྲིས་རྗེས། དགེ་རྙིང་བར་དུ་འཁོན་རྩོད་ཆེན་པོ་ཞིག་སློང་གྲབས་བྱས་པ་དེ་ད་དུང་སུས་ཀྱང་བརྗེད་ཡོད་རྒྱུ་མ་རེད་སྙམ། དྲང་བཤད་བྱོས་དང་། ཕ་རྒོད་བླ་མའི་ཞལ་ལུང་ནི་ཏཱ་ལའི་བླ་མས་མཛད་པ་རེད་དམ། སྔོན་གྱི་སྐྱེས་ཆེན་དམ་པ་མང་པོས་ཆོས་ལུགས་རིས་མེད་ཉམས་ལེན་གནང་སྲོལ་ཡོད་པའི་རྣམ་ཐར་བཟང་པོ་དག་ལ་རྗེས་སུ་སློབ་མཁན་རྣམས་ལ་འཇིགས་སྐུལ་ནས་བཀག་འགོག་བྱེད་མཁན་དེ་ཏཱ་ལའི་བླ་མ་རེད་དམ།
གུ་རུ་རིན་པོ་ཆེའི་འདྲ་སྐུ་ཚུན་ཆད་ཆུ་ལ་སྐྱུར་དུ་འཇུག་མཁན་དེ་ཏཱ་ལའི་བླ་མ་རེད་དམ།
མ་གཞི་ལུང་རིགས་ཀྱིས་ཁུངས་གཏུགས་ནས་གནས་ལུགས་ངོ་མ་གཅལ་དུ་བཀྲམ་ཚེ། དོལ་རྒྱལ་སྐྱབས་སུ་བསྟེན་པ་འདི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་མདོ་རྒྱུད་གང་དང་ཡང་མཐུན་པ་ཞིག་མིན་སྟབས། འདི་བཀག་འགོག་བྱས་པའི་དབང་དུ་བཏང་ཡང་། དེར་ཆོས་ལུགས་དད་མོས་རང་དབང་འགོག་གི་ཡོད་མེད་ཀྱི་སྐད་ཆ་སྦྲང་སྐད་ཙམ་ཡང་གྲག་ས་མེད།
རྒྱ་གར་ལྷོ་ཕྱོགས་སེ་ར་དང་། དགའ་ལྡན་གཉིས་ལ་དོལ་རྒྱལ་བསྟེན་མཁན་མི་འབོར་ཧ་ཅང་ཉུང་ཉུང་ཡིན་ནའང་། ཁོ་ཚོས་དགོན་པ་རྫིག་ཐག་ཆོད་རེ་བརྒྱབས་ནས་དོལ་རྒྱལ་སྔས་མགོ་བྱས་བསྡད་ཡོད་པས། སུས་ཇི་ལྟར་དོལ་རྒྱལ་བསྟེན་རྒྱུ་བཀག་འགོག་བྱས་ཡོད་དམ། གལ་སྲིད་དོལ་རྒྱལ་བསྟེན་མཁན་དང་མི་བསྟེན་མཁན་གཉིས་ལོགས་ཀ་བྱས་པ་དེ་ཆོས་ལུགས་དད་མོས་རང་བཀག་པ་ཡིན་པར་བཤད་པ་ཡིན་ན། དེ་ནི་གཏན་ནས་གཞི་འཛིན་ས་མེད་པའི་ཧམ་བཤད་ཁོ་ན་ཡིན། སྔོན་ཆད་ཁྲི་ཆེན་ངག་དབང་མཆོག་ལྡན་གྱིས་དགའ་ལྡན་དགོན་པའི་ནང་གི་དོལ་རྒྱལ་གྱི་ལྷ་ཐོ་བཤིགས་ནས་དགོན་པའི་ནང་དུ་དོལ་རྒྱལ་བསྟེན་མི་ཆོག་པ་བཟོས་པའི་ལོ་རྒྱུས་ཚང་མས་ཤེས་གསལ་ལྟར་ཡིན་པས། དེ་དང་དེ་ལྟ་བུ་དག་ནི་སངས་རྒྱས་ཀྱི་བསྟན་པ་ལ་དག་ཐེར་བྱས་པ་ཞིག་ལས། ཆོས་ལུགས་དད་མོས་རང་དབང་འགོག་མི་འགོག་གི་སྐད་ཆ་ཡོང་ས་ཁོ་རང་མེད། ནང་པ་བྱེད་དང་མི་བྱེད་དེ་ཁྱོད་ཀྱི་ལག་ཏུ་ཡོད་ནའང་། ནང་པ་བྱས་རྗེས་སངས་རྒྱས་ཀྱི་དགོངས་དོན་ལ་བརྩི་བཀུར་དང་གུས་ཞབས་ཞུ་དགོས་པ་ཡིན།
གལ་སྲིད་ཁ་ཆེ་ཆོས་ལུགས་པ་ཞིག་གིས། ཕག་ཤ་ཟ་མི་ཆོག་པ་དེ་ནི་ཆོས་ལུགས་དད་མོས་རང་དབང་ལ་བཀག་འགོག་བྱས་པ་རེད་ཅེས་བཤད་ཚེ། དེ་ནི་བསམ་གཟས་ནས་ཆོས་ལུགས་དད་མོས་རང་དབང་ལ་གཏོར་བཤིག་བཏང་བ་དང་ལོག་འགྲེལ་བྱས་པ་ཡིན་པས། སྐར་ཆ་གཅིག་ཀྱང་མ་བགོར་བར་ཁྱོད་ཀྱི་མགོ་ལ་དགག་པ་བརྒྱ་ཕྲག་ཆར་བཞིན་འབབ་ངེས་ཡིན།
དྲང་བཤད་བྱས་ན། འཛམ་གླིང་གི་ནང་པ་ཚང་མས་ཅི་ཞིག་གོ་ཡི་ཡོད་པ་དེ་ནིརེད། ཏཱ་ལའི་བླ་མས་དོལ་རྒྱལ་བསྟེན་གསོལ་བྱས་དང་མ་བྱས་ཀྱི་སྐྱོན་དགེ་ཅི་ཡོད་གསལ་གསལ་ཐིང་ཐིང་བྱས་ནས་གསུང་གི་ཡོད་པ་དེ་དང་། ད་དུང་ཁོང་གིས་དུས་རྒྱུན་འགོ་སྟོད་ལ་ངས་ཀྱང་བསྟེན་པ་ཡིན། འོན་ཀྱང་། ཕྱིས་སུ་ངས་དོལ་རྒྱལ་བསྟེན་གསོལ་བྱས་ན་སྐྱོན་ཅི་ཡོད་གསལ་རྟོགས་བྱུང་ནས་བསྟེན་མཚམས་བཞག་པ་ཡིན། ངས་སྐྱོན་ཡོད་པ་ཤེས་བཞིན་དུ་མ་ལབ་ན་ངའི་ནོར་འཁྲུལ་རེད། ལབ་ནས་མ་ཉན་ན་སོ་སོའི་འདོད་པ་རེད། ཁ་ཆེ་ཕ་ལིས་སྙིང་གཏམ་བཤད་ཡོད་དོ། །ཉན་དང་མི་ཉན་སོ་སོའི་ལག་པ་རེད། །ཅེས་གསུངས་པ་ནང་བཞིན་རེད་ཅེས་ཐེངས་བརྒྱ་ཕྲག་བརྒལ་བ་གསུངས་ཡོད་པ་དང་། ད་ལྟའང་ད་དུང་དེ་ག་རང་གསུང་གི་ཡོད་སྟབས། སུས་ཀྱང་དོན་དངོས་ལ་བསྙོན་འདིང་ས་གཏན་ནས་མི་འགྲོ་བ་ཡིན།
མདོ་དོན་མྱི་ཚང་མས་གསལ་པོ་དག་པོ་བྱས་ནས་ཤེས་དགོས་པ་ནི། རྒྱ་བལ་གཉིས་སུ་ཡོད་པའི་དོལ་རྒྱལ་བསྟེན་མཁན་ཉུང་ཤས་ཡོད་པ་དེ་ཚོས་རང་རང་གི་སྡོད་གནས་སུ་འཇིགས་ཞུམ་མེད་པའི་ངང་ནས་དོལ་རྒྱལ་མུ་མཐུད་དུ་བསྟེན་གསོལ་བྱེད་ཀྱིན་པ་འདི་ཡིན་ལ། ད་དུང་དེ་ལས་ཀྱང་ཤེས་དགོས་པ་ནི་ཏཱ་ལའི་བླ་མས་འདི་ལ་འགོག་སྡོམ་བྱེད་ཀྱི་མེད་པ་དེ་ཡིན།
ཕལ་བའི་མྱི་རེད་དམ། ཕལ་༼བ༽འི་༼མྱི།༽ཕལ་པའི་མི་རེད། ལགས།
ཡག་པོ་བྲིས་གནང་འདུག དོལ་རྒྱ་འདིས་བོད་ཀྱི་བསྟན་པ་སྤྱི་དང་ཁྱད་པར་དུ་ཆབ་སྲིད་ལ་གནོད་ཀྱིན་ཡོད་ན་ངེས་པར་དུ་དགག་དགོས་པ་རེད། དམངས་གཙོ་ལུང་བའི་ནང་དུ་གནས་ཀྱང་བསྟན་པ་དང་ཆབ་སྲིད་གཉིས་ཀར་གནོད་པའི་ཆོས་ཤིག ཆོས་ལུགས་དད་མོས་རང་དབང་ཞེས་ནས་རྒྱ་ཡན་དུ་བཏང་ན་གཏན་ནས་འགྲིག་གི་མ་རེད། ཨ་རི་ལྟ་བུ་དམངས་གཙོ་ལུང་བ་ཞིག་ཡིན་རུང་རྒྱལ་ཁབ་ལ་གནོད་བསྐྱལ་བའི་ཆོས་ལུགས་ཤིག་ཡིན་ཚེ་ངེས་པར་དུ་དགག་གི་རེད། སྤྱིར་བཏང་བོད་མིའི་བསྒྲིགས་འཛུགས་ལ་ཆབ་སྲིད་ཀྱི་དབང་ཆ་མེད་སྟབས་ངན་པ་སྐྱག་ལངས་ཤོར་བ་ཁ་ཅིག་ལེགས་པར་སྡོད་ཤེས་ཀྱི་མེད་པ་གསལ་པོ་རེད། བོད་མི་ཡོངས་རྫོགས་ཀྱིས་རྡོག་རྩ་གཅིག་སྒྲིལ་བྱས་ནས་མཐའ་གཅིག་དགག་དགོས་པ་རེད། དོལ་རྒྱལ་བསྟེན་མཁན་ཚོས་ཁ་ཁུ་སིམ་པའི་སྒོ་ནས་སྡོད་མ་ཤེས་ན། བོད་མི་ཡོད་དོ་ཅོག་གིས་དོ་སྣང་ཤུགས་ཆེན་བྱེད་རྒྱུ་ཅིས་ཀྱང་གལ་ཆེན་ཡིན་པར་མ་ཟད། ༧གོང་ས་མཆོག་ལ་མཐོང་བ་མངོན་གྱུར་གྱིས་ངོ་རྒོལ་བྱེད་མཁན་དེ་ཚོ་ངོས་ཟིན་པར་བྱས་ཏེ་ལྟ་སྟངས་ངན་པ་འཛིན་དགོས་ཀྱི་རེད། དེ་མིན་ངན་པ་སྐྱག་ལངས་ཤོར་བ་ཁ་ཅིག་གིས་ཅི་བྱེད་འདི་བྱེད་མི་འདུག །
བོད་པ་རྣམས་ཀྱིས་བླ་མ་བཀུར་བ་དང་། །
ཡི་ཤུའི་ཁ་ཆེ་དཀོན་མཆོག་གཙོ་བ་གཉིས།།
གཅིག་ལ་སྒང་ལ་ཅིག་ཤོས་འབུད་མཐོང་བས།།
བསྲེག་བཅད་རིགས་ལམ་གར་ཡོད་འདྲི་མ་ཕོད།།
ལྷ་སྡེ་གནམ་ལོ་གཡག་འདིའི་སྐད་ཆའི་གདངས་ལ་བལྟས་ན། ཁོ་རང་དོལ་རྒྱལ་བསྟེན་མཁན་ཡིན་མིན་གང་ལྟར་ཡང་། དགའ་མཁན་ཞིག་ཡིན་ས་རེད།
འདིར་ཕན་ཚུན་དམའ་མི་འབེབས་པར་སྐད་ཆ་དྲང་བཤད་བྱ་རྒྱུ་བདག་གི་རེ་བ་ཡིན། ཀློག་པ་པོ་རྣམ་པས་ཀྱང་དེ་ལུགས་ཐུགས་ལ་འཇགས་རོགས་ཞུ།
ཧ་ཧ་ཧ། ཁྱོད་མ་གཏོགས་ང་རང་དད་པ་ཡོད་མཁན་གྱི་ཁོངས་སུ་འཇོག་མཁན་བྱུང་མ་མྱོང་བས། མི་གསར་ཁའི་གཏམ་གསར་རེད།
ཁྱོད་ཀྱི་སྐད་ཆར་ང་རང་ལ་ངོས་ལེན་ཡོད་མེད་གང་ལྟར་ཡང་ཁྱོད་ལ་དོགས་པ་ཟ་བའི་ཐོབ་ཐང་ཡོད་པར་བརྩི་བཀུར་ཡོད། དེ་ག་ནང་བཞིན་རྒྱལ་བ་རིན་པོ་ཆེ་སྐུ་འཁོར་དང་ཤུགས་ལྡན་ཚོགས་པ་གང་ཡིན་ནའང་སོ་སོའི་ཕྱོགས་ཀྱི་གནས་ལུགས་རྒྱུ་མཚན་བགྲང་བའི་ཐོབ་ཐང་ཡོད་པར་ངོས་འཛིན་ཞུ་གི་ཡོད་ལ། ཕན་ཚུན་གཉིས་ཀྱི་སྐད་ཆར་ཉན་རྗེས། ཐག་གཅོད་ཡོང་ཐབས་ཤིག་བཙལ་བའི་དུས་ལ་སླེབས་ཟིན་པའི་བསམ་ཚུལ་ཤུགས་ཆེན་ཡོད། དམངས་གཙོའི་སྤྱི་ཚོགས་ཟེར་ན་དེ་འདྲ་ཞིག་མ་རེད་དམ།
རྩོད་རྙོག་འདི་ནི་རྒྱལ་བ་རིན་པོ་ཆེ་དང་དོལ་རྒྱལ་ཚོགས་པའི་བར་གྱི་འགལ་ཟླ་མིན་པར། བོད་མི་མང་དང་དོལ་རྒྱལ་བའི་འགལ་ཟླ་ཡིན། དེས་ན་ཕན་ཚུན་གཉིས་ཀའི་བསམ་ཚུལ་ཉན་མཁན་ནི་གནམ་ལོ་ཡག་དང་གནམ་ལོ་ཡག་ལྟ་བུའི་དམར་ཤོགས་པ་ཁ་ཤས་ཡོང་ན་མ་གཏོགས་གཞན་སུ་ཡོང་། ཧཧ
རེད་ཡ། རྒྱལ་བ་རིན་པོ་ཆེ་མཆོག་སྔར་དམར་ཤོག་ཚོགས་པར་ཞུགས་པའི་རེ་འདུན་ལ་ད་དུང་ཆོག་མཆན་ཡོང་ཡོད་པ་མ་རེད།
གལ་སྲིད་ཆོག་མཆན་སླེབས་སོང་བའི་ཉིན་མོར་ཁྱེད་རང་ཚོས་དམར་ཤོག་ཚོགས་པ་ནི་ཕ་མའི་ཕ་མ་ཡིན་ཚུལ་བསྒྲགས་ངེས་རེད། མི་མང་སར་ཁ་མ་སྔ་། མགར་བྱེད་སར་ལག་མ་སྔ་ཟེར་བའི་གཏམ་དཔེ་དེ་གོ་མྱོང་ངམ།
ཕལ་བའི་མྱི་ལགས་ཀྱི་ཡག་པོ་བྲིས་འདུག་མོད་དོལ་རྒྱལ་བ་གནས་ལུགས་དང་རྒྱུ་མཚན་བཤད་ས་མེད་པས་ཁྱོད་ལ་ལན་ཞིག་རེག་ཨེ་ཡོང་བསམ་པའི་རེ་བ་སྟོང་བ་དེ་འདྲ་མ་རྒྱག
དེ་ནས་གནམ་ལོ་ཡག་ཟེར་བའི་མི་འདི་རེད། ཟླ་ཤས་ཤིག་གི་ཡར་སྔོན་ནས་གང་དྲན་དྲན་ཞིག་བཤད་ཡོང་གི་འདུག་པ་འདིས་ཁོ་རང་ཉིད་རྒྱ་མའི་སྟེང་ལ་བཞག་བྱུང་། ངས་ནི་གནམ་ལོ་ཡག་ཟེར་བ་འདི་ཅུང་ཙམ་གོ་རྟོགས་ཡོད་མཁན་ཞིག་རེད་བསམ་སོང་མོད་ག་ནས་ཡིན་ཆུ་སྣ་གར་འཁྲིད་ཅིག་རེད་འདུག
རྒྱལ་བ་རིན་པོ་ཆེ་དམར་ཤོགས་ཚོགས་པའི་ནང་ལ་ཞུགས་ཀྱང་། དད་པ་མེད་པ་དང་ཕྱི་ནང་མི་ཤེས་པའི་དམར་ཤོགས་བ་ཞིག་མི་གནང་རྒྱུའི་ཁག་ཐེག དེང་སང་གི་དམར་ཤོགས་ཡིན་ཟེར་བའི་བོད་པ་ཚོ་ནི་བླ་རྒོལ་རིང་ལུག་དང་། རང་རྒོལ་རིང་ལུག་པ་ཞིག་ཆགས་འདུག་པ་འདི་ནི་དམར་ཤོགས་ཀྱི་ལྟ་གྲུབ་མ་ཤེས་པའི་སྐྱོན་མིན་ནམ། དམར་ཤོག་པ་ཚད་ལྡན་འབའ་པ་ཕུན་དབང་སོགས་ལ་མིག་དཔེ་ལྟ་ཤེས་ན་ཡག་པོ་རེད།
མཆན་༥་པའི་ནང་རྒྱལ་བ་རིན་པོ་ཆེ་སྐུ་འཁོར་དང་ཞེས་འབྲི་འདུག་པའི་ཤུག་ལྡན་གྱི་རྩོད་རྙོག་དེ་བོད་པའི་ནང་པ་སྤྱི་ཡོངས་ཀྱི་དཀའ་ངལ་ཞིག་ལས་རྒྱལ་བ་རིན་པོ་ཆེ་སྐུ་འཁོར་ཅིག་པོར་མིན། བསམ་བློ་བཏང་ནས་བྲི་རོགས།
དམར་ཤོག་ཚོགས་པར་བཟང་ངན་དང་ཡག་བཙོག་ཡོད་པ་མ་རེད། སྔར་བོད་རྒྱལ་ཁབ་འཕྲོག་ནས་བོད་མི་དམར་གསོད་གཏོང་མཁན་རེད་ལ། དེང་བོད་ལ་གཉའ་གནོན་ཚད་ལས་བརྒལ་བ་བྱས་ནས་རང་ལུས་ནེར་བསྲེག་ནས་ངོ་རྒོལ་བྱེད་དགོས་ཐུག་ཡོད་པ་རེད། དེ་བས། ཕ་ས་འཕྲོག་མཁན་དང་ཕུ་ནུ་གསོད་མཁན་ལའང་ཉིན་རྒྱུན་སྐད་ཆ་བཤད་པར་རེ་བ་རྒྱག་གི་ཡོད་པར་ལྟ་སྐབས། ནང་ཁུལ་རྩོད་རྙོག་ཅིག་འདུམ་འགྲིག་མི་ཡོང་ཟེར་དོན་གང་རེད་དམ། སངས་རྒྱས་ཆོས་ལུགས་པ་ཡིན་པའི་དམིགས་བསལ་ཁྱད་ཆོས་གང་དུ་ཐལ་བ་རེད་དམ།
ད་ཤིག་ཟེར་མཁན། གསར་བུ་འབོད་མཁན་ཚོར་རེ་བ་གཅིག་ཡོད། རྒྱལ་བ་རིན་པོ་ཆེ་ལ་དངོས་གནས་དྲང་གནས་དད་པ་ཡོད་ཅིང་རྒྱབ་བསྐྱོར་ཡོད་ན། གཟུགས་མེད་ཀྱི་སྐྱེ་བ་བླངས་ནས་མི་མ་ཡིན་གྱི་བརྟུལ་ཞུགས་མ་འཛིན་རོགས། རང་ཉིད་མི་སུ་ཡིན་གསལ་སྟོན་གནང་རོགས། དེ་མ་གཏོགས་ཁ་དད་པར་གཡར་ནས་ནང་ཁུལ་འདུམ་མི་ཆོག་ཚུལ་ལབ་སྟངས་དེ་གདོན་གཞན་ཞིག་མ་རེད་དམ།
ཨ་རོག་གནམ་ལོ་ཡག བསམ་བློ་གཏོང་ནས་སྐད་ཆ་ཤོད། ཕ་ས་འཕྲོག་མཁན་དང་ཕུ་ནུ་གསོད་མཁན་ལ་སྐད་ཆ་བཤད་པའི་རེ་བ་མ་རྒྱག་པར་གཞན་ཐབས་ཤེས་ཅི་ཞིག་འདུག ལག་ལེན་ལ་ཁེལ་བའི་ཐབས་ལམ་བཟང་པོ་གཞན་ཞིག་སྟོན་ལ་ཤོགས་དང་རྒྱལ་བ་རིན་པོ་ཆེ་ཡང་ལམ་ཁ་དེ་ལ་ཕེབས་རྒྱུ་ཡིན་པ་ཐེ་ཚོམས་མི་དགོས་པ་རེད། ཐབས་ལམ་གཞན་ཅི་ཡང་སྟོན་རྒྱུ་མེད་བཞིན་དུ་ད་དུང་ཨུ་ཚུག་རྒྱག་ནས་རྒྱ་དམར་ལ་སྐད་ཆ་བཤད་རྒྱུ་མེད་པར་བཤད་ན། དེ་ནི་བོད་མི་རིགས་འདི་རྒྱ་དམར་གྱི་འོག་ལ་རྩ་མེད་འགྲོ་བཅུག་པ་མིན་ནམ། ནང་ཁུལ་ལ་ཡང་ཞི་འཇམ་དང་བསམ་ཤེས་མ་བྱས་པ་ཅི་ཡང་མེད་ཀྱང་། ཁོང་ཚོས་ལས་ངན་སྣ་དགུ་བསགས་ཡོང་དུས་ད་ལམ་ཁ་འདི་ལས་གཞན་མེད་སོང་བ་རེད།
ལུང་རྟོགས་ལགས། གལ་ཏེ་རྒྱ་གུང་ཁྲན་དེ་འདྲའི་རྩ་ཆེན་ཞིག་ཡིན་ན། རྒྱ་གུང་ཁྲན་གྱིས་ཏཱ་ལའི་བླ་མ་ཏང་ནང་འཛུལ་ཞུགས་ཐད་སྐད་ཆ་བཤད་ཀྱི་ཡིན་ལབ་ནས་སྔོན་འགྲོའི་ཆ་རྐྱེན་དུ་དགེ་ལུགས་པ་ནང་འདུམ་སྟེ། ༡ རྒྱལ་མཚན་ནོར་བུ་ལགས་པཎ་ཆེན་རིན་པོ་ཆེ་ཡི་ཡང་སྲིད་ཡིན་པར་ངོས་ལེན་དང་། ༢ ཤུགས་ལྡན་བཀག་འགོག་མཚམས་འཇོག་བྱེད་དགོས་ཞེས་ལབ་སྐབས་གནས་ཚུལ་གང་འདྲར་འགྱུར་འདུག་གམ།
ཤུགས་ལྡན་བཀག་འགོག་མཚམས་འཇོག་གམ། ཡང་ན། གནས་ཆུང་དང་ཤུགས་ལྡན་ལ་ཡོད་པའི་སྔར་ཡོད་ཐོབ་ཐང་སོར་འཇོག་དགོས་ལབ་ན་ཞེས་བཅོས་རོགས།
དོལ་ལྟོ་དང་དགྱ་ལྟོ་ལྡག་མཁན་ཚོ་ནི། བོད་བསྟན་པ་ཆབ་སྲིད་འདི། ཟང་ཟིང་ལང་ལིང་ལ་གཏོང་མཁན་གྱི་འདྲེ་ནག་དུག་མཆུ་ཅན་ཚོ་ཡིན་པ་ཉིན་རེ་ནས་ཇེ་གསལ་སོང་བ་དང་།
དོལ་མྱི་སྨྱོན་པ་ཁ་ཤས་ཞིག་གི་ཁར་བརྒྱུགས་ནས། རང་གི་ཕ་ས་ཕ་ཡུལ། རུ་ཁ་ཁྱིམ་ཚེ་བར་དགྲ་ཆགས་སུ་འཇུག་པ་དང་བོད་སེམས་གསོད་པ་དང་དགྲ་དགའ་གཉེན་སྡུག་གི་ལས་བརྩམས་སོགས་མིག་མཐོང་བྱུང་ནས། དོལ་ཆས་ཆུ་ལ་སྐུར་བ་དང་མེ་ལ་སྲེག་པ་སོགས་བྲེལ་ཐག་གཙང་བཅད་བྱས་ནས་བོད་སེམས་ཕྱིར་ལ་རྙེད་མཁན། བོད་རིགས་སྲོག་གཅིག་བྱེད་མཁན། དགྲ་བོའི་ཁ་སྔུན་ན་མཉམ་འདུག་དང་མཉམ་འཐབ་བྱས་པའི་ན་གཞོན་གང་མང་ཡོད་པའི་གོ་ཐོས་འདུག། འདི་ཚོ་དགའ་དགོས་བ་ཞིག་མ་རེད་དམ། ཤ་ཁྲག་གཅིག་པའི་བོད་རིགས་ཚོ།
ཧཧཧ གུང་ཕྲན་རྩ་ཆེ་ནས་སྐད་ཆ་བཤད་ཀྱི་ཡོད་པ་མ་རེད། བོད་གངས་ཅན་པ་རྩ་ཆེ་ནས་སྐད་ཆ་བཤད་ཀྱི་ཡོད་པ་རེད། འདི་ཤེས་ན་འགྲིག་ག གཉིས་ནས་ཏཱ་ལིའི་བླ་མ་ཏང་ནང་འཛུལ་ཞུགས་ཆེད་ཆ་རྐྱེན་དེ་འདྲ་ཞིག་གཏོན་ཡོད་གོ་བ་དང་པོ་ཡིན། དུས་ནམ་གྱི་ཚེ། ཡུལ་གང་དུ། མི་སུ་ལ་གཏོན་པ་རེད།
མཆན་ཞིབ་མོར་ཀློག ཚོད་དཔག་དང་དོན་དངོས་མི་ནོར་བ་གནང་རོགས།
དེ་མིན་བོད་གངས་ཅན་གྱི་སྐད་ཆ་དེ་འདས་ཟིན་པ་ཞིག་རེད། ད་ལྟ་ཐ་ན་སྲིད་གཞུང་དང་སྲིད་བློན་གྱི་མཚན་བྱང་ཡང་སྔར་ནས་བརྗེ་ཟིན་པས། བོད་ཀྱི་ཚབ་མཚོན་ཐུབ་པའི་ཁྲིམས་ནུས་རང་བཞིན་གྱིས་ཡལ་ཟིན་པ་རེད་ལ། རྒྱ་གུང་ཁྲན་གཞུང་ལ་བོད་དོན་ཐད་སྐད་ཆ་བཤད་པའི་མ་རྩ་ཡོད་པ་མ་རེད། སྒེར་དོན་ཡིན་ནའང་གོང་དུ་བཀོད་པའི་ཚོད་དཔག་གི་རིམ་པ་དེ་ལས་འདའ་ཐབས་ཡོད་མེད་བཤད་ཁག་པོ་རེད།
གནས་སྟངས་འདིའི་འོག་ནས་རྒྱ་གཞུང་ལ་འབྲེལ་བ་བྱེད་མཁན་སུ་ཡིན་ནའང་ཡག་བཙོག་ཅིག་འདུག་གམ། དེ་བས། ཉུང་མཐར་ནང་འཁྲུག་ཞི་འཇགས་ཡོང་འོས་པའི་དུས་ཤིག་མ་རེད་དམ།
ང་ནི་བོད་ཀྱི་མིང་ཚིག་དག་གི་ཡི་གེ་ཐོབ་སྟངས་དག་ལ་འཆལ་འཆོལ་དུ་འགྲོ་བ་ལ་དོ་སྣང་བྱེད་པ་ལ་དུས་སྐབས་འབྱུང་བ་དེ་ཁྱད་པར་དུ་འཕགས་པ་ཡིན་པར་མཐོང་། རང་རེའི་མགོན་པོ་མཆོག་གིས་ཀྱང་ཡི་གེ་འབྲི་ན། དག་པོ་འབྲི་དགོས་ཞེས་དངོས་སུ་ལ་དྭགས་པ་ལ་གསུངས་ཀྱང་། བོད་བྱིངས་ཀྱི་ཡི་གེ་འབྲི་མཁན་ཀུན་གྱིས་ཀྱང་དེ་ལྟར་བྱེད་དགོས་པ་གལ་ཆེ། རྩོམ་ཡིག་འདི་ན་ཡོད་པའི་ད་ལན་ཞེས་པ་མཐོང་བས། ཡིད་དགའ། འདི་ལ་ད་ལམ་དང་། ད་ཐེངས། ཞེས་ཀྱང་འབྲི་བ་མཐོང་།
་
འདི་ལ་བསལ་བྱ་ཅི་ཡང་མེད།
བཞག་པར་བྱ་བ་ཅུང་ཟད་མེད།
ཡང་དག་ཉིད་ལ་ཡང་དག་བལྟ།
ཡང་དག་མཐོང་ན་རྣམ་པར་གྲོལ།།
་
ཅེས་པའི་ཚིགས་སུ་བཅད་པ་འདི་རང་ལོ་བཅོ་ངའི་སྐབས་སུ་བློ་འཛིན་བྱས། ད་ལྟ་ཡང་མ་བརྗེད་པར་ཡོད་པ་རང་གི་ཀླད་པར་ལྷད་ཤོར་ཡོད་མེད་ཀྱི་བརྟག་དཔྱད་ཕྱིར་བྲིས། འདི་ལ་མཆན་འབྲི་བ་པོ་ལ་རྒྱལ་མི་རྒྱལ་ཏེ། ལེགས་མི་ལེགས་ཀྱི་ལན་རྒྱབ་དགོས་པ་ཡོད་པ་དེ་ཐུགས་ལ་ཞོགས་ཤིག།
གནམ་ལོ་ཡག་ལགས། བསམ་བཞིག་ཡག་པོ་ཞིག་གྱིས་དང་། རྒྱ་གཞུང་དང་སྐད་ཆ་མ་བཤད་པར་བོད་དོན་སེལ་ཐབས་ཞིག་མེད་པ་ནམ་ལང་ཉི་ཤར་རེད་ལ། སྐད་ཆ་བཤད་ན་རང་བཙན་དགོས་ཤེས་སྐད་ཆ་བཤད་ས་མེད་པ་ཡང་མངོན་གསལ་རེད། དེས་ན་བོད་ལ་རང་སྲིད་རང་སྐྱོང་མིང་དོན་མཚུངས་པ་ཞིག་བྱུང་ན་མ་མཐའ་ཡང་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་སྲུང་སྐྱོབ་བྱེད་ཐུབ་ཅིང་། ད་ལྟ་ལས་ལྷག་པའི་རང་དབང་ཆེ་ཙམ་ཞིག་ཡོང་ངེས་པས། བོད་ལ་ཅི་ཡང་མ་ཐོབ་པར་རྒྱ་དམར་གྱི་འོག་ནས་ཡོད་ཚད་རྩ་མེད་སོང་བ་ལས་འདི་ཧ་ཅང་ལེགས་པ་མིན་ནམ། གཉིས་ནས་དོལ་རྒྱལ་བས་རྒྱ་གཞུང་ལ་འབྲེལ་བ་བྱེད་སྐབས་བོད་དོན་གྱི་ཆེད་དུ་སྐད་ཆ་ཚིག་ཅིག་བཤད་ཀྱི་མེད་པས་ཡག་ཙོག་མེད་དོན་ཅི་ཡིན་ནམ། ནང་འཁྲུག་མེད་ན་ལོས་དགའ་ཡང་ལན་པ་སུ་ལ་འདུག བསམ་ཤེས་སུས་བྱེད་དགོས་ཀྱི་འདུག་འདི་ཡང་ལྟ་ཤེས་དགོས་པ་རེད།
འདིར་བགྲོ་གླེང་གནང་མཁན་ཚོས་ཡིད་ལ་འཛིན་དགོས་པ་ནི། གནད་དོན་ཆུང་ཆུང་ཆེན་པོ་བཟོ་རྒྱུ་དེ་མ་ཡིན་པར་ཆེན་པོ་དེ་ཆུང་ཆུང་དང་ཆུང་ཆུང་དེ་མེད་པར་གཏོང་ཐབས་ཅི་ཡོད་སྐོར་ཡིན། དེ་བས་ཕན་ཚུན་ལ་ཚིག་མཚོན་འདེབས་རྒྱུ་བསྐྱུར་ནས། བཞུགས་མོལ་གནང་རོགས་ཞུ།
འོ་རེད། ད་རེས་གནམ་ལོ་ལགས་ལ་དྲི་བ་ཞིག་ཡོད། ༧ཏཱ་ལའི་བླ་མས་ཀྲུང་དབྱང་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གི་རང་སྐྱོང་གི་གནས་བབས་འོག་ཕེབས་འདུན་གྱིས་ཐབས་ཤེས་ཡོད་དགུ་རྩོལ་སྒྲུབ་བྱས་ཀྱང་ཀྲུང་གོས་ཁ་ཡ་མི་བྱེད་དགོས་དོན་ཅི་རེད། འོ་ན་ལྷ་འདྲེ་གདོན་བགེགས་ཚོགས་པའི་ཚོགས་མི་དེ་ཚོ་དཀའ་ངལ་ཅི་ཡང་མེད་པར་རྒྱལ་ཕྱི་རྒྱལ་ནང་ལ་ཕར་འགྲོ་ཚུར་འོང་ལ་འཁོན་འཁོན་ཐོགས་ཐོགས་མེད་པའི་རྒྱུ་མཚན་ཅི་རེད། ལྷག་པར་དུ་བཙན་བྱོལ་རང་དབང་ལུང་པར་མི་བསད་རྟ་འཁྱེར་བྱེད་མཁན་དེ་ཚོ་རྒྱལ་ནང་དུ་བདེ་བླགས་ངང་བསུ་བ་བྱེད་པའི་ལམ་ལུགས་དེ་ཅི་རེད།
ཡ་ཚང་མ་བདེ་མོ་ཡིན་ནམ།
གནམ་ལོ་ཡག་ལགས། ཁམས་བཟང་། སྐུ་ཉིད་ནས་གོང་གི་ཞོལ་གཡག་འབྲོང་རྒྱུད་ལགས་ཀྱི་དྲི་བར་ལན་དྲང་མོ་ཞིག་ཡོང་བར་སྒུག་ནས་བསྡད་ཡོད།
ངས་བསམ་ཚུལ་ཐུང་ངུ་ཞིག་ཞུ་འདོད་བྱུང། དོལ་རྒྱལ་ཕྱོགས་གཏོགས་བ་དང་ཏྭ་ལའི་ཕྱོགས་གཏོགས་བ་གཉིས་ཀྱི་བཤད་ཕྱོག་མི་འདྲ་བ་རེ་རེ་འདུག། ཡིན་ཡང་དོལ་རྒྱལ་བ་ཚོ་རྒྱ་དམར་དང་ལག་གདོང་སྦྲེལ་ནས་ནང་རོལ་པ་བྱེད་ཡ་དེ་ཡག་པོ་རྩ་བ་ནས་མ་རེད། དོལ་རྒྱལ་
གཅིག་པུ་བསྟེན་མི་ཆོག་དེ་བདུད་དང་འདྲེ་རེད་ཟེར་ན་འཛམ་གླིང་ཆོས་དད་རང་དབང་སྨྲ་མཁན་སུ་གང་གི་ཁས་ལན་ཐབས་བྲལ་བ་
ཞིག་རེད། དེ་མིན་ལྷ་འདྲེ་བསྟེན་གསོལ་འཚམས་འཇོག་བྱེད་ཀྱི་ཡོད་ན་བན་བོན་ཡོངས་ལ་ལྷ་འདྲེ་བདུད་སྲིན་མི་འདྲ་བ་རྒྱ་ཕྲ་ཁ་ཤས་འདུག། བོད་གཞུང་གི་གནས་ཆུང་དང་དཔལ་ལྡན་ལྷ་མོ་ཟེར་བ་འདི་དང་པོ་མགོ་ནས་འཚམས་འཇོག་བྱེད་དགོས། དེ་མིན་ངའི་འདྲེ་བདུད་འདི་ཚོ་ཡག་པ་དང་ཁྱོད་ཀྱི་འདྲེ་བདུད་དེ་ཚོ་སྡུག་པའི་སྡུག་རབ་བཤད་ན་དེ་སུ་གང་གི་ཁས་ལན་ཐབས་བྲལ་བ་ཞིག་རེད། ཡིན་ཡང་ལྷ་འདྲེ་དེ་ཚོ་ལ་འབྲེལ་བཤད་བྱེད་ཕྱོགས་མི་འདྲ་བ་རེ་རེ་ཡོད། དེ་དག་ནི་གང་ཟག་སྒེར་གྱི་མོས་ཕྱོགས་ཀྱི་འབྲེལ་བཤད་རེ་རེ་བྱེད་ཀྱི་ཡོད། དེ་དག་ལ་ཡག་ཉེས་འབྱེད་དགོས་ན་དངོས་ཡོད་མིག་མཐོང་ལག་ཟིན་ཡོད་པོའི་མི་མང་གི་དཀྱིལ་དུ་གནས་ཆུང་དང་དོལ་རྒྱལ་གཉིས་གདོང་གཤེར་ར་སྤྲོད་ཐོག་ཡག་ཉེས་ཐག་གཅོད་ཐུབ་ན་མ་གཏོགས། མཐོང་ཐོས་རེག་གསུམ་གང་ཡང་མེད་པའི་དངོས་མེད་ཞིག་ལ་རྨོངས་དད་ཀྱི་ལམ་ནས་ཡག་ཉེས་ཀྱི་རྩོད་པ་དེ་བོ་ནང་འཁྲུག་གི་རྒྱུ་རུ་འགྱུར་བ་མ་གཏོགས་གཞན་གང་ཡང་མེད་པ་བླུན་པོ་རྣམས་ཀྱི་ཤེས་པར་གྱིས།
བོད་ནང་་་་དག་བཅོས།
དགྱ་ཕྱོགས་ཀྱི་དྲི་བ་གོ་སྒྲིག་པ་ལྷ་སྡེ་གནམ་ལོ་འདི་སྤྱང་པ་ལ། དྲི་བ་དང་ཁས་ལེན་འདི་འདྲ་ནི་འདྲེ་སྣ་ནག་ཞིག་མིན་ན། ཡིད་ལ་དྲན་ཚུལ་ཞིག་མི་འདུག་ལ། ཁས་ལེན་བྱེད་ནི་ཞིག་ཡང་གང་ན་ཡོད། དགྱ་དམར་བ་དང་ལྷ་སྡེ་བ་ཚོས། ༧རྒྱལ་བ་མཆོག་ལ་དབུ་སྐོར་གཡོ་ཐབས་གསལ་བ་ཞིག་གིས་ལྟ་ཚུལ་འགྲོ་ཚུལ་མེད་ནི་ཞིག་བྱེད་རྩིས་ཡོད་པ་འདྲ། སྙིང་རྗེ། diplomacy ཡི་འགྲོ་ལུགས་སྡོད་ལུགས་མ་ཤེས་ན། བུ་གུའི་སྐད་ཆ་འདྲ་བོ། བུ་གུའི་དྲི་འདྲ་བོ། ཞིབ་འཇུག་ཡིན་ཟེར་བཞིན་གཉང་ན། དྲི་མ་རྫོབ་གི་ཡ། ལྟ་ཚུལ་མེད་ཀི་ཡ། ཧ་ཧ་ཧ།
༡ རྒྱལ་མཚན་ནོར་བུ་ལགས་པཎ་ཆེན་རིན་པོ་ཆེ་ཡི་ཡང་སྲིད་ཡིན་པར་ངོས་ལེན་དང་། ༢ ཤུགས་ལྡན་བཀག་འགོག་མཚམས་འཇོག་བྱེད་དགོས་ཞེས་ལབ་སྐབས་གནས་ཚུལ་གང་འདྲར་འགྱུར་འདུག་གམ།
ལར་གང་དྲན་རེ་བཤད་ནས་སྡད་འདུག་པ་ལ་ལྟོས་ན། དམིགས་བསལ་འདི་འདྲ་བཤད་ནས་ཀྱང་ཕན་ཐོགས་པོ་ཞིག་ཡོང་བཟོ་མེད་མོད། གང་ཤེས་འགྲེལ་བཤད་རེ་ཞུས་ཐུབ་ནའང་དགེ་ལས་སྐྱོན་ཅི་ཡོད། ༧ གོང་ས་མཆོག་གིས་དོལ་བསྟན་མཚམས་འཇོག་གི་བཀའ་སློབ་རྣམས་ལ་གོ་བ་ཡག་པོ་ལོན་པ་དང་རྒྱ་མཚན་ཤེས་མཁན་ཧ་ལམ་མེད་པའི་ཚོད་དུ་མཐོང་པས་ཡིད་སྐྱོ་བ་ལ་ཨང་། དོལ་རྒྱལ་དང་འབྲེལ་བའི་སྲིད་དོན་མི་གླེང་ལ། ཆོས་ལུགས་ཀྱང་མི་བཤད། བོད་པའི་སྤྱི་ཚོགས་འདི་ཆོས་དད་ཅན་གྱི་སྤྱི་ཚོགས་ཤིག་ཡིན་པ་ལ། ཤེས་ནས་དད་པ་དང་མི་ཤེས་བཞིན་དུ་དད་པའི་བོད་མི་ཅི་རིགས་རེད། གང་ལྟར་ཆོས་ལ་དད་པ་ཡོད་ཡོད་པ་བཟོ་འདྲ་བོ་རེད། ཡོད་ཕྱིན་དད་པའི་འཛིན་ཕྱོགས་དེ་ཡང་ཆོས་བརྒྱུད་གཅིག་ལ་དད་པས་གཞན་ཞིག་ལ་མི་དད་ཀྱང་རྩ་མེད་བཟོ་དགོས་དོན་མེད་པའི་འཛིན་སྟངས་ཤིག་དགོས་ངེས་པ་ལ། དོལ་འདྲེ་རྣམས་ཀྱིས་དགེ་ལུགས་ལ་དད་པས་རྙིང་མར་དད་པ་ཕར་ཟད། རྩ་མེད་བཟོ་དགོས་པར་འདོད་པ་དང་། དེ་ལྟར་འདོད་མཁན་ཞིག་གིས་ ༧ གོང་ས་མཆོག་ལྟ་བུའི་མདུན་ནས་ཆོས་ཞུས་པ་ཡིན་ནའང་། དེ་ཚོའི་དད་པ་ནི་རྙིང་མ་འགོག་འདོད་དང་གནོད་འདོད་ཀྱི་བསམ་བློའི་དྲི་མ་ཅན་ཡིན་པས། དད་ཡུལ་གྱི་བླ་མ་ཡང་ཆོས་བརྒྱུད་གཅིག་ལ་དགའ་བ་དང་གཅིག་ལ་མི་དགའ་བའི་རྣམ་པར་དོན་གྱིས་བསྒྱུར་འགྲོ་བ་མ་ཡིན་ནམ། ཡང་གཅིག་བཤད་ན། བླ་མས་ཆོས་ལུགས་རིས་མེད་དང་མཐུན་བསྒྲིལ་ཡོང་རྒྱུ་ནི་ནང་ཆོས་ཀྱི་རྩ་བར་ངོས་འཛིན་གནང་གིན་ཡོད་པ་རེད་ལ། དོན་ལའང་དེ་ལྟར་ཡིན་ཏེ། དགེ་མཐུན་པ་བདེ་བ་ཡིན་གསུངས་ཡོད་གི་མོད། རྙིང་མའི་དགེ་འདུན་དང་དགེ་ལུགས་པའི་དགེ་འདུན་མ་མཐུན་པར་བྱས་པ་ན་ཆོས་དང་འགལ་བ་མ་ཡིན་ནམ། ཆོས་དང་འགལ་བཞིན་དུ་ཆོས་ཀྱི་དོན་ཡིན་བཟོ་སྟོན་པ་ནི་གདོན་འདྲེའི་ཁྱད་ཆོས་རེད། གལ་ཏེ་དོལ་འདྲེ་རྗེས་འབྲང་བ་དག་དང་གྲོས་མོལ་བྱེད་དགོས་ཚེ་ཆོས་བརྒྱུད་ཡོངས་རྫོགས་དད་དམ་གཙང་མའི་ངང་གཞི་གཅིག་ཏུ་གནས་ཆོག་པའི་རང་དབང་ལ། འདྲེ་ངན་རྣམས་ཀྱིས་བརྩིས་བཀུར་དང་ཕྱིན་ཆད་རྙིང་མ་བ་རྣམས་གཙོ་བོ་དང་ཁྱད་པར་ཆོས་ལུགས་མཐུན་བསྒྲིལ་ལ་དགོངས་པ་བཞེས་མཁན་རྣམས་ལ་གནོད་པ་མི་བྱེད་པའི་དམ་བཅའ་བ་ཡིན་ན། གྲོས་མོལ་རྒྱུ་ཅང་མེད་པར་འགྲིག་པ་རེད་ལ། ༧ གོང་ས་མཆོག་གིས་ཀྱང་དམིགས་བསལ་བཀའ་བསྐྱོན་གནང་དགོས་འདི་ཡིན་ཟེར་རྒྱུ་མེད་པ་ཆགས་ངེས་རེད། ལོ་མང་རིང་༧ གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་གནང་བ་རྣམས་གོ་མེད་ཚོར་མེད་ངང་བཞག་པ་ཡིན་ན། དེའི་མཇུག་འབྲས་ཅི་འདྲ་ཞིག་འབྱུང་ངེས་པ་ནི་ཚོད་དཔོག་ཐིག་པ་ཞིག་སྟེ། དོན་ལ་དགེ་རྙིང་གཉིས་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་ལ་གཏད་པ་མ་ཡིན་ནམ། དོན་དངོས་ཁྱོད་ཚོས་འདི་ལ་བསམ་བློ་མ་བཏང་བ་ཡིན་ནམ་ཡང་ན་བསམ་བཞིན་ ༧ གོང་ས་མཆོག་སྐུ་སྒེར་དང་དོལ་འདྲེའི་རྙོག་དྲར་བསྒྱུར་འདོད་པ་ཡིན། ངོ་མ་མི་ཤེས་གི་ཡ། མི་ཟེར་བ་འདི་བཤད་ནས་མི་ཤེས་གི་ཡ།
དོལ་རྒྱལ་གྱི་དཀའ་རྙོག་འདི་ལོ་རྒྱུས་ཤིག་དང་འབྲེལ་བ་ཡོད་པས་སྐད་ཆ་བཤད་མཁན་ཚོས་ངས་བསམ་སོང་དང་། ཡིན་པ་འདྲ་ཟེར་རྒྱུ་མ་ཡིན་པར་ཁུངས་སྐྱེལ་བྱ་དགོས་པ་རེད།
རྩོམ་འདི་འབྲི་མཁན་ཕེབས་ནས་ཆེན་པོ་ཆུང་ཆུང་བཟོ་བ་དང་ཆུང་ཆུང་མེད་པ་བཟོ་འདུན་ཡོད་ཟེར་བ་འདི་གནད་འགག་རེད། ང་རང་གིས་སྦྱར་མཆན་འགོད་དོན་ཡང་དེ་ག་རང་རེད། དེ་ནས་ཞོལ་གཡག་འབྲོང་རྒྱུད་ཀྱི་དྲི་བ་ཆེན་པོ་དང་ཡག་པོ་རེད། འདི་རིམ་པ་གསུམ་གྱི་ལམ་ནས་བཤད་འོས་པ་འདྲ།
༡ ལོ་རྒྱུས་ཕྱི་མིག་ཅིག་ལྟོས་དང་གསལ་བོ་རེད། སྔར་ཀྲུང་གོས་ཁ་ཡ་མ་བྱས་པ་མ་རེད། དཔེར་ན། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་ནང་དང་། དུས་རབས་ཉེར་གཅིག་པའི་དུས་འགོར་སྐུ་ཚབ་ཚོགས་པ་ཐེངས་མང་ཕར་བཏང་བ་རེད། ཡིན་ནའང་། ཟམ་གདོང་རིན་པོ་ཆེ་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་ཁག་གི་བོད་འགྱུར་མ་དག་གཞིར་བཟུང་ནས་ཀྲུང་གོའི་རྩ་ཁྲིམས་འོག་གི་གདམ་ག་གཏན་འབེབས་ཀྱིས་རྒྱལ་བ་རིན་པོ་ཆེ་ཡི་བཀའ་འཁྲོལ་བརྒྱུད་ནས་བཙན་བྱོལ་གྲོས་ཚོགས་ལ་མ་བསྟན་པར་ཐད་ཀར་ཕུལ་རྒྱ་དམར་གཞུང་ལ་ཕུལ་བ་དེས་བོད་དོན་དེ་བཞིན་རྒྱལ་སྤྱིའི་གནད་དོན་ཞིག་ནས་རྒྱ་ནག་གི་ནང་སྲིད་གནད་དོན་ཞིག་ཏུ་གྱུར་བ་རེད། དཔེར་ན། དབྱིན་ཇི་གཞུང་གིས་ཕྱི་ལོ ༡༩༡༤ལོ་ནས་རྒྱ་ནག་ལ་བོད་ཐོག་མིང་ཙམ་དབང་བསྒྱུར་གྱི་ཐོབ་ཐང་ལས་མེད་ཅེས་རྒྱུན་བསྐྱངས་ཡོང་མོད། རྡ་རམ་ས་ལས་བྱ་སྤྱོད་ལ་བརྟེན་ནས་་ཕྱི་ལོ ༢༠༠༨ལོའི་ཟླ ༡༠ཚེས ༢༩ཉིན་འགྱུར་བ་བཏང་ནས་རྒྱ་གཞུང་ལ་བོད་ཐོག་བདག་དབང་ཡོད་ཚུལ་ངོས་ལེན་བྱས་པར་མ་ཟད། ངོས་ལེན་བྱེད་དོན་ཡང་ཏཱ་ལའི་བླ་མས་རྒྱ་གཞུང་ཀྲུང་དབྱང་ངམ་དབུས་སྲིད་གཞུང་ལ་ངོས་ལེན་བྱས་ཟིན་པས་ཡིན་ཚུལ་ལབ་ཡོད།
༢ སད་ཀྱི་ཁར་སེར་བའི་དཔེ་བཞིན་རྡ་རམ་ས་ལས་རང་འགུལ་གྱིས་༼བཙན་བྱོལ་བོད་གཞུང༽དང་༼སྲིད་བློན༽གྱི་མཚན་གནས་བསྒྱུར་ནས་རྒྱལ་སྤྱིའི་སྤྱི་ཚོགས་ནང་དུ་རང་ཉིད་བོད་ཀྱི་ཚབ་མཚོན་ཡིན་པའི་ཁྲིམས་མཐུན་ནུས་པ་མེད་པར་བཏང་བས། རྒྱ་དམར་གཞུང་དུས་རྒྱུན་ཞེད་ས་གཅིག་རང་ཡོད་པ་དེ་རྦད་དེ་རྨེག་མེད་བཏང་ཡོད། དེ་ནི་གཞན་མ་ཡིན་པར་༼བཙན་བྱོལ་བོད་གཞུང༽ཟེར་བའི་མཚན་གནས་འདི་ཡིན་ལ། གལ་སྲིད་སྲིད་གཞུང་ག་གེ་མོ་ཞིག་གིས་ངོས་ལེན་ཐོབ་པ་ཡིན་ན། འདི་ནི་མི་ནང་བཞིན་ཚེ་ཚད་ཡོད་པ་ཞིག་མ་ཡིན་པར་ཚེ་ཚད་ལ་མཐའ་མེད་པས། རྙོག་དྲ་རྒྱུན་གནས་ཀྱི་རྩ་བར་གྱུར་ཡོད་པས་རེད། དཔེར་ན། ལོ་ཤས་ཡར་སྔོན་ཡུ་རོབ་མཐུན་ཚོགས་ཀྱིས་༼བཙན་བྱོལ་བོད་གཞུང༽ངོས་ལེན་བྱེད་པར་བསམ་བློ་གཏོང་གི་ཡིན་བརྗོད་པ་ཙམ་གྱིས་རྒྱ་དམར་གཞུང་ཞེད་ནས་ཁ་རྡུང་གཏོང་བ་དང་རྡ་སར་འབྲེལ་བ་བྱེད་པ་དུས་མཉམ་ལག་བསྟར་བྱས་ཡོད། དེ་བས། ད་ལྟ་རྒྱ་དམར་གཞུང་ལ་གནོན་ཤུགས་སྤྲོད་བསམ་མཁན་ཡོད་ནའང་། བོད་དོན་ནི་ནང་སྲིད་ཡིན་ཚུལ་བརྗོད་ཟིན་པས། རྒྱ་དམར་གཞུང་གིས་ཐད་ཀར་དེ་དག་ལ་ཁྲིམས་ཐོག་ནས་སུན་བཙིར་དང་དཔལ་འབྱོར་གྱི་ཆ་ནས་ཆད་པ་བཅད་ཆོག་གི་རེད་ལ། འོས་འཚམས་ལྟ་བུར་གྱུར་ཟིན་པ་རེད།
༣ ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་སྲིད་དོན་འཐབ་རྩོད་ལ་བྱང་ཆ་ལྡན་ཞིང་། དེང་སྐབས་རྒྱལ་ཡོངས་དཔལ་འབྱོར་མི་འབོར་སྤྱིའི་གྲངས་ཆུང་གཉིས་ལྷག་གི་ལག་ཏུ་ཡོད་པས། ཕྱོགས་གཅིག་ནས་རྡ་སའི་མགོ་འབུལ་ལུས་འབུལ་ལ་བསྙོན་འབྱིན་དང་། ཕྱོགས་གཞན་ཞིག་ནས་རྒྱལ་སྤྱིའི་ནང་བོད་དོན་ནི་རྒྱ་ནག་གི་ནང་སྲིད་ཡིན་ཞེས་སྔར་ནས་གླེང་ཡོང་ཡོད་པས། རྡ་རམ་ས་ལའི་ཕྱོགས་ནས་ཀྱང་ངོས་ལེན་བྱས་ཟིན་པ་ལྟར་ཡིན་ཤག་བྱེད་ཀྱི་ཡོད་པ་རེད། དེ་བས། ད་ལྟ་རྒྱ་དམར་གཞུང་ལ་རྒྱལ་བ་རིན་པོ་ཆེ་ཡི་ཡང་སྲིད་ཐད་ཐེ་གཏོགས་བྱེད་འདུན་འགྲུབ་མེད་པ་མ་གཏོགས་གཞན་དག་འགྲུབ་ཟིན་པས། རྡ་རམ་ས་ལར་ཁ་བྱེད་ཀྱི་ཡོད་པ་མ་རེད།
དེ་མིན་ཤུགས་ལྡན་ཚོགས་པ་ཡིན་ནའང་འདྲ། ཕྱི་སྡོད་བོད་མི་ཡིན་ནའང་ཆོག བོད་ནང་བསྐྱོད་ཀྱིན་པ་ནི་འཐབ་ཕྱོགས་གཅིག་གྱུར་ཁང་གིས་ཕྱི་སྡོད་བོད་རིགས་སྤུན་ཟླའི་མིང་ཐོག་ནས་སྣེ་ལེན་བྱེད་ཀྱི་ཡོད་པ་རེད། ད་དུང་རྒྱ་གར་ནང་ནས་ཀྱང་མི་མང་བོ་བོད་ལ་བསྐྱོད་ཀྱིན་པ་ལྟར་རེད། རྒྱལ་བའི་སྐུ་ཚབ་ནས་སྲིད་སྐྱོང་། གཞུང་འབྲེལ་དཔོན་རིགས་ཀྱི་ནང་མི་ལ་སོགས་ལའང་སྣེ་ལེན་བྱེད་མྱོང་བ་ལྟར་རེད། ད་དུང་ཚང་མས་ཤེས་དགོས་པ་གཅིག་ནི་སྐུ་ཚབ་ཚོགས་པར་དུས་རྒྱུན་སྐད་ཆ་བཤད་མཁན་གྱི་རྒྱ་ནག་དཔོན་རིགས་དེ་ནི་༼རྒྱལ་བ་རིན་པོ་ཆེ་ནི་ཆོས་གོས་གྱོན་པའི་སྤྱང་ཀི་རེད༽ཅེས་མཚན་སྨོད་རབ་དང་རིམ་པ་བྱེད་མཁན་དེ་རེད།
ད་ཚང་མས་བསམ་བློ་ཞིག་ཐོངས་དང་། གནས་སྟངས་འདི་འདྲ་ཞིག་ལ་ཐུག་ཟིན་ནའང་། ནང་ཁུལ་འགལ་བ་སེལ་མི་ཐུབ་དོན་ཅི་རེད། སྔོན་མ་གྲུབ་མཐའ་ཕན་ཚུན་བར་དམག་བརྒྱབ་ནས་མི་གསོད་ཁྲག་སྦྱོར་བྱུང་མྱོང་མོད། དེང་སྐབས་ཞི་མཐུན་མཉམ་གནས་བྱེད་ཀྱིན་པ་མིན་ནམ། ད་དུང་བོད་རང་ལུགས་ལྟར་ན། མི་བསད་ལ་སྟོང་འཇལ་ཆོག་པའང་བསམ་བློ་གཏོང་ས་ཞིག་མ་རེད་དམ།
དོན་འགྲུབ་ལགས་ཀྱིས་གསུང་པ་བདེན། གོང་ས་མཆོག་གིས་དོལ་རྒྱལ་ལ་དམ་བསྒྲགས་གནང་དགོས་པའི་གནས་ལུགས་རྒྱུ་མཚན་ཞིབ་ཅིང་ཕྲ་བ་གནད་ལ་ཕིག་པ་ཚར་བརྒྱ་ཕྲག་གསུངས་ཡོད་ཀྱང་། ད་དུང་མི་ལ་ལས་མ་གོ་མ་ཐོས་པ་ལྟ་བུའི་འདི་གོང་ས་མཆོག་དང་དོལ་རྒྱལ་བའི་རྙོག་གྲ་ཡིན་པ་དང་། དགེ་ལུགས་ནང་ཁུལ་གྱི་རྙོག་གྲ་ཡིན་པ། ལྷ་འདྲེ་ཡོད་ཚད་གནས་བབ་གཅིག་ལ་བཞག་དགོས་པ་སོགས་དོན་མེད་ཉོག་བཤད་བྱེད་མཁན་འདི་དག་ནི། གོང་ས་མཆོག་གིས་དུས་རྟག་པར་གསུང་བའི་མགོ་གཉིས་མ་ཤེས་པ་དེ་ཡིན་ངེས།
དོལ་རྒྱལ་གྱི་རྩོད་རྙོག་འདི་ངའམ་བདག་གི་ར་བ་ལས་བརྒལ་ཐུབ་མེད་པས། བོད་སྤྱི་དོན་དང་སྐྱ་བཏབས་པ་འདི་ནོར་བ་རེད་ལ། དེ་ལས་མང་ཚོགས་ལ་ཁུར་བཀལ་བ་འདི་ཡག་པོ་མ་རེད།
སྔར་ང་ཚོར་རྒྱ་ནག་གཞུང་ཞེད་སྣང་བྱེད་ས་གཅིག་ཁོ་ན་ཡོད་པ་ནི། བོད་གཞུང་ཞེས་པ་དེ་རེད། དེ་སྒོ་བརྒྱབས་ཚར་ནས་རྒྱ་ནག་གིས་འབྲེལ་བ་ཡང་མཚམས་བཅད་ཟིན། ད་དེ་ལས་གཞན་པ་ང་ཚོར་ཐབས་ལམ་གང་ཡོད་དམ།
ད་ཐབས་ལམ་གང་ཡང་ཡོད་པ་མ་རེད། བོད་རེ་བ་ཅན་ཞེས་པ་ལྟར། དང་པོ་མའོ་འཛེ་ཏུང་ཤི་རྒྱུར་སྒུགས་པ་རེད་གཅིག་ཡོང་རྒྱུ་རེ་བ་རེད་་་་་དེ་ནི་འདས་ཟིན། དེ་ནས་ཏིང་ཤི་རྒྱུར་སྒུགས་ནས་ཏིང་ཤི་རྗེས་གནམ་ས་བླ་འོག་གི་འགྱུར་ལྡོག་འགྲོ་རྒྱུར་སྒུགས་པ་རེད་་་་་དེ་ཡང་འདས་ཟིན། དེ་ནས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་རྒྱུར་སྒུགས་ནས་་དེ་དུས་འཛམ་གླིང་དམག་ཆེན་ལངས་ནས་ནུབ་ཕྱོགས་པས་རྒྱ་ནག་ཏག་ཏག་བཟོ་རྒྱུར་སྒུགས་པ་རེད་་་་་དེ་ཡང་འདས་ཟིན། དེ་ནས་རྒྱ་ནག་དམང་གཙོར་འགྱུར་རྒྱུར་སྒུགས་ནས་དེ་ཡང་མ་བྱུང་ནས་བཙན་བྱོལ་བོད་གཞུང་སྒོ་དང་པོ་རྒྱབ། དེ་ནས་དགའ་ལྡན་ཕོ་བྲང་སྒོ་གཉིས་པ་རྒྱབ། དེ་ནས་བཙན་བྱོལ་བོད་གཞུང་གི་བཀའ་བློན་སྒོ་གསུམ་པ་རྒྱབ། དེ་ནས་ཕྱི་སྒོ་ཐམས་ཅད་རྒྱབ་ནས། ད་ནི་ནང་གི་སྒོ་རྒྱབ་རྒྱུར་འབད་པ་བྱེད་པའི་སྒང་ལ་རེད། མ་གཞི་ཇས་སྲིད་དོན་པ་ཟེར་བ་དེ་ཚོས་རང་གི་མཐར་ཐུག་གི་དམིགས་ཡུལ་དང་རང་གིས་བཤད་པའི་ཁས་བླངས་དམ་བཅའ་དེ་ཚོ་ལེགས་ལམ་དུ་མ་འགྲོ་དུས། ནང་ཁུལ་ལ་རྙོག་ཁྲ་སློང་གི་ཡོད། དེ་ནི་ཆབ་སྲིད་པའི་འགྲོ་སྟངས་ཞིག་རེད། ད་གང་ལྟར་རེ་བ་ཅི་ཞིག་བྱས་ཀྱང་གནས་སྐབས་རིང་དཀའ་སེ་རེད། གཞན་ཡང་བོད་མི་ཚོས་རྒྱ་ནག་དམང་གཙོ་ཡོང་རྒྱུར་སྒུགས་པ་ནི། བོད་ཀྱི་གཏམ་དཔེར། སངས་རྒྱས་འབྱོན་འབྱོན། བྲམ་ཟེ་རྒས། ཟེར་བ་ལྟ་བུ་རེད། རྒྱ་ནག་དམང་གཙོར་གྱུར་བ་ཙམ་གྱིས་བོད་ལ་བདེ་སྐྱིད་དང་རང་དབང་བདག་དབང་འབྱུང་རྒྱཧ་དཀའ་མོ་རེད། འཛམ་གླིང་གི་དམང་གཙོའི་རྒྱལ་ཁབ་ཆེ་ཤོས་རྒྱ་གར་ལྟ་བུས་ཀྱང། ཀ་ཤི་མིར་ལ་རང་དབང་དང་བདག་དབང་སོགས་ནམ་ཡང་སྤྲོད་རྩིས་མེད།
རྩོམ་འདིས་བཞེངས་ཤག ཡག་པོ་འདུག
གནམ་ལོ་ཡག་ལགས་ཀྱིས་གནད་འགག་གི་བཀའ་མོལ་གསུངས་འདུག། དེང་སྐབས་རྒྱ་བོད་དབར་གྱི་དཀའ་སྙོག་ཆེ་ཆེ་ཚང་མ་རྒྱལ་བ་རིན་པོ་ཆེ་དབུས་པའི་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་ནང་ཁུལ་གྱི་དཀའ་སྙོགསུ་སྒྱུར་ཟིན་པ་རེད། དེ་དང་ལྷན་དུ་བོད་ཆོལ་གསུམ་གཅིག་ཏུ་སྒྲིལ་པའི་བོད་མི་ཡོངས་རྫོགས་ཀྱི་ས་ཁུལ་རང་སྐྱོངས་ཡར་ཡར་དང་མར་མར་བཅས་བཤད་ས་སྡོད་ཡོད་མ་རེད། གལ་སྲིད་དེ་མུར་བཤད་སྡོད་ན་སྟོང་བཤད་དང་སྟོང་འཆར་ལས་ངོ་ཐོག་ལག་དུ་ཐོབ་མི་སྲིད་པས་རྒྱ་དམར་གཞུང་གིས་བྱ་སྤྱོད་དང་བོད་མིས་རང་སྟོང་བཟོས་པའི་གནས་་ཚུལ་དེ་དག་གིས་གསལ། གལ་སྲིད་བོདཆོལ་གསུམ་ཅིག་ཏུ་སྒྲིལ་པའི་རང་སྐྱོངས་ཞིག་ཡོངས་རྒྱུ་ཡོད་དབང་དུ་གཏོང་ན࿒ཡང་དེར་དགེ་མཚན་ཆེ་རྒྱུ་ཅང་མེད། འདས་པའི་ལོ་རྒྱུས་དང་ད་ལྟའི་བོད་མི་ཚོའི་ནང་ཁུལ་མཐུན་ལམ་དང་བྱ་སྤྱོད་། རྨོངས་དད་ཀྱིས་རང་ལྟ་མཆོག་འཛིན་དང་རང་ལུགས་བདེན་ལུགས། ཁས་མ་རྒན་སེམས་ཅན་ཐམས་ཅད་ཀྱི་བདེ་ཐོབ་བཤད་ཀྱང་དོན་དུ་རང་ཕྱོགས་ལ་ཐུབ་དུས་ཉེས་སྐྱོན་ཕྲམོ་ཙམ་གྱིས་ནང་ཕན་ཚུན་དགྲ་བོའི་དང་མར་འཛིན་པ། ལྷག་པར་དུ་ལྷ་གསོལ་དང་ཀླུ་གསོལ་གྱིས་དད་ཞེན་དང་འབྲེལ་བའི་སངས་རྒྱས་པའི་ཆོས་ལུགས་རྫུན་མ་འདིའི་འོག་ནས་འགྲོ་བ་མིར་འཚམས་པའི་གནད་ལུགས་ཞིག་བཤད་རྒྱུ་དང་སྟོན་རྒྱུ་མེད་བཞིན་དུ་འདི་ལྷ་རེད། དེ་འདྲེ་རེད་སོགས་རྩོད་གླེང་ས་སྟེང་གཡོལ་འགྲོ་བཞིན་པ་འདི་དག་ལ་བསམ་ན་ཆོལ་གསུམ་ཅིག་ཏུ་སྒྲིལ་པའི་རྒྱ་འོག་ནས་རང་སྐྱོངས་ཡོད་པ་ལས་མེད་པ་དགའ། རྒྱུ་མཚན་ནི། ད་ལྟའི་ནང་ཁུལ་དབར་དཀའ་ངལ་ཡོད་བཞིན་པ་དེ་ཆེ་ནས་ཆེ་རུ་འགྲོ་རྒྱུ་ལས་བོད་རིགས་ནང་ཕན་ཚུལ་བདེ་ཐབ་དང་སྐྱིད་རབས་ཞིག་ཡོངས་རྒྱུ་མེད་པར་རྒྱ་ནག་གིས་མི་རིགས་སྲིད་ཇུས་དེས་གསལ་གསལ་དག་དག་རེད། མ་གཞི་བོད་ཀྱི་ལྷ་འདྲེ་ཀླུ་ཙན་སོགས་སྟོད་སྟོད་དང་སྨད་སྨད་ཀྱི་སྤྱོད་ངན་སྤེལ་མཁན་ཐོག་མ་དེ་ནི་སློབ་དཔོན་རིན་པོ་ཆེ་རེད། གཟུགས་མེད་ལྷ་འདྲེའི་གླེང་གཞི་འདི་མེད་པ་བཟོ་དགོས་ན་བོད་ཀྱི་འགུ་ལྷ་བཅུ་གསུམ་དང་བསྟན་མ་བཅུ་གཉིས། རྒྱལ་ཆེན་བཞི་དང་རྒྱལ་པོ་དང་ཙན་སོགས་འཇིག་རྟེན་པའི་ལྷ་ཀླུ་ཡོད་དོ་ཅོག་གད་སྙིག་གི་ཕུང་པོ་ནང་དུ་རྫོངས་དགོས། དེ་དག་གིས་བོད་རྒྱལ་ཁབ་དངམི་རིགས། ཆོས་ལུགས་དང་གྲུབ་མཐའ། ཆབ་སྲིད་དང་དཔལ་འབྱོར། མདོར་ན། མི་སྒེའི་བྱ་བ་ཕྲ་མོ་ཡན་ལ་གནོད་སྐྱོན་ལས་ཕན་ཐོག་པའི་རྫུན་གཏམ་དང་ལྷ་སྒྲུང་ཀླུ་སྒྲུང་ལྟ་བུ་ལས་མེད། ད་ནས་ལྷ་འདྲེ་དག་ལ་སྟོད་སྨད་གཉིས་ཆ་མི་དགོས་པ་བྱེད་རྒྱུ་དེ་རེད།
ཚེ་རིང་ལགས་ཀྱི་བློ་འཚབ་འདི་ང་ཚོ་ཚང་མར་ཡོད་པ་ཞིག་རེད། རྡ་རམ་ས་ལའི་ཆ་ནས་བཤད་ན།
བན་དེ་བ་ལགས་ཀྱིས་བསྐྱོན་པའི་དྲིས་ལན་དེ་ག་རང་རེད། རེ་བ་མེད་པའི་བཟོ་ཐུག་ཡོད་པ་དང་ད་ནས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཙམ་གྱི་ལས་ཀའི་སྒང་སྡོད་དགོས་ཐུག་ཡོད། བོད་ནང་གི་ངོས་ནས་བཤད་ན། རྒྱ་དམར་གཞུང་གི་གཉའ་གནོན་ལ་རྒོལ་བ་དང་རང་དབང་རྩོད་ལེན་བྱེད་པའི་ལས་འགུལ་རབ་དང་རིམ་པར་བྱུང་བཞིན་པར་མ་ཟད། རང་བསྲེག་ངོ་རྒོལ་ལས་ག་དུས་ཀྱང་ཞུམ་པ་མེད་པ་དང་རང་དབང་མངོན་འགྱུར་ལ་འཐབ་རྩོད་རྒྱུན་སྐྱོང་གནང་ངེས་པ་འཛམ་གླིང་སྒང་ངོ་འཕྲོད་ཡོད་པས། བོད་ཀྱི་མ་འོངས་པ་བོད་ནང་ནས་བསྐྲུན་ངེས་རེད་ལ། བོད་པ་མི་རེ་ངོ་རེ་ཡི་འཚོ་སྡོད་གནད་དོན་གྱིས་བསྐུལ་འདེད་བྱེད་ཀྱིན་པ་ཞིག་རེད། དེ་བས། བོད་ནང་གི་ལས་འགུལ་ཆེ་མ་ཆུང་གསུམ་ལ་གཞོགས་འདེགས་མི་ཐུབ་ཀྱང་འགོག་རྐྱེན་དུ་མི་འགྱུར་བ་ཞིག་བྱེད་རྒྱུ་ནི་ཕྱི་སྡོད་བོད་པ་ཚང་མའི་འོས་འགན་ཉག་གཅིག་རེད། ང་ཚོས་སྒྲུབ་ཐུབ་པའང་འདི་ཙམ་རེད། སྒྲུབ་དགོས་པའང་འདི་རེད།
་་་་་་ ད་ཚང་མས་བསམ་བློ་ཞིག་ཐོངས་དང་། གནས་སྟངས་འདི་འདྲ་ཞིག་ལ་ཐུག་ཟིན་ནའང་། ནང་ཁུལ་འགལ་བ་སེལ་མི་ཐུབ་དོན་ཅི་རེད། སྔོན་མ་གྲུབ་མཐའ་ཕན་ཚུན་བར་དམག་བརྒྱབ་ནས་མི་གསོད་ཁྲག་སྦྱོར་བྱུང་མྱོང་མོད། དེང་སྐབས་ཞི་མཐུན་མཉམ་གནས་བྱེད་ཀྱིན་པ་མིན་ནམ། ད་དུང་བོད་རང་ལུགས་ལྟར་ན། མི་བསད་ལ་སྟོང་འཇལ་ཆོག་པའང་བསམ་བློ་གཏོང་ས་ཞིག་མ་རེད་དམ། ་་་་་་
་་་་་་ བོད་ཀྱི་མ་འོངས་པ་བོད་ནང་ནས་བསྐྲུན་ངེས་རེད་ལ། བོད་པ་མི་རེ་ངོ་རེ་ཡི་འཚོ་སྡོད་གནད་དོན་གྱིས་བསྐུལ་འདེད་བྱེད་ཀྱིན་པ་ཞིག་རེད། དེ་བས། བོད་ནང་གི་ལས་འགུལ་ཆེ་མ་ཆུང་གསུམ་ལ་གཞོགས་འདེགས་མི་ཐུབ་ཀྱང་འགོག་རྐྱེན་དུ་མི་འགྱུར་བ་ཞིག་བྱེད་རྒྱུ་ནི་ཕྱི་སྡོད་བོད་པ་ཚང་མའི་འོས་འགན་ཉག་གཅིག་རེད། ང་ཚོས་སྒྲུབ་ཐུབ་པའང་འདི་ཙམ་རེད། སྒྲུབ་དགོས་པའང་འདི་རེད། ་་་་་་
ནང་ཁུལ་མ་རྩོད།
ཆིག་སྒྲིལ་གྱིས།
གཞན་འབྲངས་མ་བྱེད།
རང་ཚུགས་བརྟན།
དགྲ་བོར་མ་འཇིགས།
རང་སྐྱོན་འཇིགས།
གཞན་སྐྱོན་མ་འཚོལ།
ཡར་རྒྱས་གཏོང་།
ཀརྡོ་གཉེར་ཕྱག་པའི་འོས་འགན་ནི་གཞན་གྱི་མཆན་མང་པོ་འདིར་བསྐྱར་བཀོད་བྱ་རྒྱུ་དེ་རེད། དེ་རྣམས་མ་བརྗེད་བྱེད་དགོས། ཧཧཧཧཧ་་་་་་སྐུ་རྩེད་ཡིན།
གཞི་རྩའི་ལྷ་སྡེ་གནམ་ལོ་ཡག་གི་ལྟ་བ་དང་ལངས་ཕྱོགས་ལ་གུས་བརྩི་ཡོད་ལ་ང་ཡང་འདིའི་ཕྱོགས་སུ་ཡོད། ཡིན་ནའི་༧ཏཱ་ལའི་བླ་མ་དང་ཤུགས་ལྡན་ཚོགས་པའི་གནད་དོན་འདིའི་ཐད་བསམ་ཚུལ་མི་མཐུན་པ་ཏོག་ཙམ་འདུག།
དེས་ན་སྐུ་ཉིད་ཀྱིས་ངའི་དྲིས་ལན་གྱི་དོན་ཚན་རེ་རེར་བསམ་ཚུལ་ཅུང་ཟད་རེ་བཤད་འདོད་སྐྱེས་སོང་། དེ་ཡང་ཉེ་རབས་ཀྱི་ལོ་རྒྱུས་བྱུང་བ་ལ་ཕྱིར་མིག་ཞིག་བལྟས་པ་ཡིན་ན་ཏིང་ཞའོ་ཧྥིང་གིས་རང་བཙན་ཕན་ལ་སྐད་ཆ་ག་རེ་ཡིན་ན་ཡང་བཤད་ཆོག་ཞེས་པ་འདི་ནས་ཀྲུང་གོས་ཁ་ཡ་བྱེད་འགོ་བཙུགས་པ་རེད་དྲན་ཡོད། དུས་དེ་ནས་བཟུངས་རྡ་ས་ནས་པེ་ཅིང་ལ་ཕར་འགྲོ་ཚུར་འགྲོ་ལན་མང་བྱུང་བ་རེད། ལྷག་པར་དུ་བོད་རྒྱ་གྲོས་མོལ་དེ་ཞི་མོལ་ལ་བསྒྱུར། ཞི་མོལ་འབྲེལ་མོལ་བསྒྱུར་བའི་ཡར་བསྒྱུར་མར་བསྒྱུར་བྱས་པའི་དུས་ཡུན་ནང་གྲུབ་འབྲས་ནི་སྒོར་ཐིག་རེད་ཟེར་ན་མི་ཆོག་མེད་པ་འདྲ། རྒྱུ་མཚན་ཀྲུང་ནན་ཧེའེ་ཡི་ཏང་ཀྲུང་དབྱང་སྲིད་གཞུང་ལ་བོད་ཀྱི་གནད་དོན་བསེལ་རྒྱུའི་འདུན་པ་ནམ་ཡང་མེད་པ་རེད་ལ། ༧ཏཱ་ལའི་བླ་མ་དང་ཁོང་དང་ཉེ་བའི་མི་ཁ་ཤས་ཀྱི་མདུན་ལམ་གྱི་གནད་དོན་ཟེར་བ་ལས་བོད་ཀྱི་གནད་དོན་ཟེར་བ་ཞིག་ནམ་ཡང་གླེང་གི་མེད་པ་དེ་རེད། དེ་ལྟ་བས་ན་ཀྲུང་གོས་ཁ་ཡ་བྱེད་སྟངས་དེ་ནི་རྒྱལ་སྤྱིའི་སྡིང་ཆའི་སྟེང་འཁྲབ་སྟོན་སྙིང་རྗེ་པོ་ཞིག་འཁྲབ་པ་རེད། ལྟད་མོར་མགོ་བརྒྱུད་བསྡད་པའི་བཙན་བྱོལ་སྲིད་གཞུང་གིས་འཁྲབ་སྟོན་གྱི་ནང་སྙིང་མ་རྟོགས་པར་དགའ་བསུའི་ཐལ་མོ་བརྡབ་རྐྱང་བྱས་པ་རེད།
དེ་དང་ཆབས་ཅིག་ཟམ་གདོང་བཀའ་ཤག་སྐབས་ལམ་དབུ་མའི་ཟིན་བྲིས་ཚོགས་ཆུང་གིས་ཀྲུང་དབྱང་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འབྲུ་འདོན་གྱི་རང་སྐྱོང་མངོན་འདོད་ཡིག་ཆ་ཟེར་བ་ཞིག་གཏན་འབེབས་ཀྱིས། ༧རྒྱལ་བ་རིན་པོ་ཆེར་བཀའ་འཁྲོལ་བརྒྱུད་གྲོས་ཚོགས་ལ་མ་བསྟན་པར་ཐད་ཀར་དབུས་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་སྤྲད་པ་བདེན་པ་རེད་ལ། དབུས་འཐབ་ཕྱོགས་གཅིག་གྱུར་པུས་ངོ་བོ་བསྒྱུར་བའི་རང་བཙན་དང་རྣམ་པ་བསྒྱུར་བའི་རང་བཙན། ཆེད་རང་བཙན་སོགས་ཀྱིས་ལྷན་པ་སྙིང་རྗེ་པོ་ཞིག་བརྒྱབས་པ་མི་ཟད། མཐའ་འཁྱོངས་དང་རྒྱུན་འཁྱོངས་སོགས་ཀྱི་ཆ་རྐྱེན་སྣ་མང་དང་བཅས་རྡ་སར་ཕྱིར་སློག་བཏང་ཟིན་པ་རེད། འོན་ཀྱང་བོད་དོན་འདི་རྒྱལ་སྤྱིའི་གནད་དོན་ནས་རྒྱ་ནག་གི་ནང་སྲིད་གནད་དོན་ཅན་དུ་གྱུར་པ་ནི་ཆིང་ཡིག་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་པའི་ཉིན་དེ་ནས་ཀྲུང་གོའི་ནང་སྲིད་ཀྱི་གནད་དོན་ཅན་དུ་གྱུར་ཟིན་པ་རེད་ལ། རྒྱལ་སྤྱི་དང་ལྷག་པར་དུ་ཨ་རི་དང་ནུབ་ཕྱོགས་པ་ཚོས་གཞུང་འབྲེལ་གྱི་བོད་ཐོག་གཏམ་བཤད་བྱེད་སྐབས་ཁ་གདངས་ཚད་ཀྱིས་བོད་ཀྲུང་གོའི་ཆ་ཤས་རེད་ཞེས་ཡོངས་བསྒྲགས་རེད། བྱས་ཙང་ངོས་ལེན་འདིས་སྐབས་རེ་ཨ་རི་དང་ནུབ་ཕྱོགས་པས་བོད་འདི་ཆབ་སྲིད་ཀྱི་དགོས་འཁོར་བེད་སྤྱོད་བྱེད་དུས་ཀྲུང་གོས་ནང་སྲིད་ལ་ཐེ་གཏོགས་བྱེད་མི་ཆོག་པའི་རྒོལ་གཏམ་ཚ་ཐག་གཅོད་གཏོང་གི་ཡོད་པ་རེད། འདི་ནི་ཆབ་སྲིད་ཀྱི་རྩེད་མོ་རྩེད་རྒྱུ་མང་སོང་བས་རེད། དེ་དེ་བཞིན་དབྱིན་ཇི་གཞུང་གིས་ཀྱང་༡༩༡༤་ལོར་ཀྲུང་གོར་བོད་ཐོག་མིང་ཙམ་གྱི་ཐོབ་ཐང་ལས་མེད་ཞེས་པའི་མིང་གི་ཐོབ་ཐང་དེ་སུས་སྤྲད་པ་རེད། མིང་ཙམ་གྱི་ཐོབ་ཐང་སྤྲད་པ་དེ་རང་གིས་ཞབས་འདྲེན་ནམ་མཁར་མི་བཤོོངས་བ་ཞུས་ཟིན་པ་རེད། དོན་དངོས་བྱས་ན་རྒྱལ་སྤྱིའི་སྟེང་བོད་ཐོག་དྲང་བདེན་གྱི་དཔང་པོ་བྱེད་ཐུབ་མཁན་དབྱིན་ཇི་ལས་ལྷག་པ་མེད་པ་རེད། རྒྱུ་མཚན་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དབྱིན་ཇིས་དབང་བསྒྱུར་བྱས་ཏེས་བོད་ཐོག་གསལ་གསལ་ཐིང་ཐིང་ཤེས་ཀྱི་ཡོད་པ་རེད་ལ་རྒྱལ་སྤྱིའི་སྟེང་དབྱིན་ཇིའི་ཤུགས་རྐྱེན་ཆེ་ཤོས་ཐེབས་ཀྱི་རེད། དེ་ལྟ་བས་ན་དབྱིན་གཞུང་གིས་༢༠༠༨་ལོར་བོད་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་བཏང་རབས་འདི་དབྱིན་ཇིའིི་སྣ་མང་རང་བཞིན་ཅན་གྱི་བཤམས་སྟོན་ཁང་གི་ཚོང་རྫས་འགྲོ་རྒྱུགས་ཆེ་ཆུང་དང་འབྲེལ་ནས་སྲིད་དོན་ཚོང་པའི་སྐད་ཆ་ཞིག་རེད་མ་གཏོགས་ཡིད་ཆེས་ཀྱི་ཡུལ་དང་བོད་ལ་ཤ་ཚ་བའི་སྐད་ཆ་ཞིག་ཅང་མ་རེད། སྐད་ཆ་འདི་ཚོའི་རིགས་ལ་བོད་པས་མགོ་འཁོར་མང་པོ་ཐེབས་མྱོང་ཡོད་པ་རེད།
རྒྱལ་སྤྱིའི་སྤྱི་ཚོགས་ནང་བཙན་བྱོལ་སྲིད་གཞུང་བོད་དང་བོད་མི་རིགས་ཀྱི་ཁྲིམས་མཐུན་གྱི་ཚབ་མཚོན་ཡིན་པ་ཁ་ཁོག་མཐུན་པའི་རྒྱལ་ཁབ་སུ་གཅིག་གིས་ཀྱང་ངོས་ལེན་བྱས་ཡོད་པ་མ་རེད་ལ། གོང་ཞུས་ལྟར་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་པའི་ཉིན་དེ་ནས་ཁྲིམས་མཐུན་གྱི་ནུས་པ་རྦད་དེས་རྩ་མེད་བཏང་ཟིན་པ་རེད། དོན་དངོས་བྱས་ན་དོན་ཚན་བཅུ་བདུན་བཙན་དབང་ཐོག་བཞག་ཡོད་པ་དག་ཐེར་བྱས་ཏེས་ཁྲིམས་མཐུན་མིན་པར་བསྒྲུབ་དགོས་ངེས་ཀྱང་། དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་རྒྱུར་ཤུགས་རྐྱེན་ཆེ་ཤོས་ཀྱི་མི་སྣ་ཕུན་དབང་གིས་ཁ་བསྒྲགས་ཡོད་པ་མ་རེད་ལ། ཁོང་གྲོངས་རྗེས་བཙན་བྱོལ་གྱི་བླ་ཆེན་མི་ཆེན་དཔོན་ཆེན་ཚོས་གཅིག་མཇུག་གཉིས་མཐུད་ཀྱིས་མྱ་ངན་བྱས་པ་མ་ངུ་གྲབས་ཀྱང་བྱས་སོང་། འདིས་ག་རེ་མཚོན་པ་རེད་ཟེར་ན་བོད་དང་བོད་མི་རིགས་ཀྱི་ཆག་ཆེ་ཉམས་ང་འདི་སྲིད་དོན་པ་ཚོས་རྩེད་ཆས་བྱས་པའི་འབྲས་རྟགས་ཡིན་པ་ར་འཕྲོད་ཡོང་གི་ཡོད་པ་རེད།
དོན་ཚན་གསུམ་པའི་ནང་དབུས་འཐབ་ཕྱོགས་གཅིག་གྱུར་པུས་ཤུགས་ལྡན་ཚོགས་པའི་མི་སྣ་དང་སྤྱིར་སྟང་གི་ཕྱི་སྡོད་བོད་རིགས་སྤུན་ཟླའི་མིང་ཐོག་ནས་སྣེ་ལེན་བྱེད་སྟངས་ཧེ་བག་ཆེན་པོ་ཡོད་པ་རེད། ཐོག་མར་ལག་འཁྱེར་རག་སྟངས་ནས་བོད་ནང་འགྲོ་སྡོད་ཐད་ཕར་འགྲོ་ཚུར་འོང་བྱེད་དཀའ་དང་བྱེད་སླ་སོགས་ཀྱི་བར་ཁྱད་ཆེན་པོ་རེད། འདི་ཚོའི་ཐོག་གནམ་ལོ་ལགས་ཀྱིས་ཞིབ་འཇུག་ཏོག་ཙམ་བགྱིས་དང་ལང་སེང་ཤེས་ཀྱི་རེད།
གནད་དོན་གཞི་རྩའི་ངས་ལྷ་དང་འདྲེ་གང་བརྟེན་གྱི་མེད་པ་རེད་ལ་དད་མེད་རིང་ལུགས་པ་ཞིག་རེད། འོན་ཀྱང་མི་རིགས་ཀྱི་ལྟ་བ་འཁུར་མཁན་ཞིག་ཡིན་པའི་ཆ་ནས་ཤུགས་ལྡན་ཚོགས་པས་༧ཏཱ་ལའི་བླ་མར་ངོ་རྒོལ་དང་མཚན་སྨོད་ཞུ་སྟངས་འདི་དབུས་འཐབ་ཕྱོགས་གཅིག་པུའི་པུའུ་ཀྲང་ཀྲུའུ་ཝེ་ཆོན་གྱི་བཤད་པ་དེ་ག་རང་སྐྱར་ཟློས་ཡང་ཟློས་བྱེད་ཀྱིན་པ་དམངས་འཁྲོད་ཁ་བརྡའི་ཐོག་གཟིགས་ཡོད་ན་ཤེས་ཚོད་རེད། འདི་དབུས་འཐབ་ཕྱོགས་གཅིག་གྱུར་པུའི་ལས་འགུལ་ནང་མཉམ་ཞུགས་བྱེད་ཀྱི་ཡོད་གསལ་པོ་ཞེ་དྲག་རེད། མ་གཞི་ཤུགས་ལྡན་ཚོགས་པ་ཆོས་ལུགས་དད་མོས་བརྩོད་མཁན་ཞིག་ཁྱོན་ནས་མ་རེད། རྒྱུ་མཚན་༧ཏཱ་ལའི་བླ་མས་ཤུགས་ལྡན་བརྟེན་མི་བརྟེན་ཐད་ལེགས་ཉེས་ཀྱི་དགོངས་ཚུལ་དང་བཀའ་སློབ་གནང་བ་ཙམ་ལས་བཀག་འགོག་ནམ་ཡང་གནང་ཡོད་པ་མ་རེད། དམངས་གཙོའི་སྤྱི་ཚོགས་ནང་བཀག་འགོག་ནམ་ཡང་གནང་ཐུབ་ཀྱི་མ་རེད་ལ་གནང་ཆོག་གི་ཡང་མ་རེད། བྱས་ཙང་ཁོ་ཚོ་རང་དབང་ངང་བརྟེན་གྱི་ཡོད་པ་རེད་ལ་༧ཏཱ་ལའི་བླ་མ་གར་ཕེབས་སར་གཞི་མེད་ཀྱིས་སྐྱག་རྫུན་མ་ཤོད་ཟེར་ངོ་རྒོལ་སྐད་འབོད་ཡང་བྱེད་ཀྱི་འདུག། སྒྲིག་འཛུགས་གཅིག་གི་འོག་འདུག་གིན་ཡོད་ན་ནི་སྒྲིག་འཛུགས་དེའི་མང་མོས་ཐོབ་དགོས་པ་རེད་དེ་ནི་དམངས་གཙོའི་འགྲོ་སྟངས་འདུག་སྟངས་དེ་རང་རེད། ༧ཏཱ་ལའི་བླ་མ་བོད་དང་བོད་མི་རིགས་ཀྱི་ལོ་སྒྱུས་རང་བཞིན་གྱིས་བཀོད་ཡོང་བའི་མི་སྣ་གལ་ཆེན་ཞིག་རེད། བྱས་ཙང་ཆེས་མ་མཐར་ཡང་གུས་ཞབས་ཅིག་ད་ངེས་པར་དུ་དགོས་ངེས་རེད། འདི་རང་དབང་དང་འདྲ་མཉམ་དམངས་གཙོའི་སྤྱི་ཚོགས་དང་ཁ་བྲལ་མྱོང་མེད་པ་རེད། དཔེར་ན་དབྱིན་ཇིའི་རྒྱལ་རྒྱུད་དང་ཌན་མག་དང་ཧོའོ་ལན་ཌི་སོགས་ཀྱི་རྒྱལ་རྒྱུད་ལ་མཚོན་ན་དུས་ད་ལྟ་ཡང་མི་དམངས་ཀྱིས་གུས་བརྩི་ཆེན་པོ་བྱས་དང་བྱེད་བཞིན་པ་རེད། གནད་དོན་འདི་ཚོར་བསམ་གཞིག་བྱས་ན་ད་གཟོད་བོད་དང་བོད་མི་རིགས་ཀྱི་རྩ་དོན་ཐད་རྡོག་གཅིག་ལ་བསྒྲིལ་འགྲོ་བ་ལས་ཁ་འཐོར་དགུ་འཐོར་ནམ་ཡང་འགྲོ་ཡི་མ་རེད།
རྣམ་པ་ཚོས་བགྲོ་གླེང་ཡག་པོ་གནང་བཞིན་ཡོད་པས་གུས་བཀུར་ཡོད། ངས་གསལ་བཤད་ཞུ་འདོད་པ་ཞིག་ལ་ཁེ་ཆི་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་འདི་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་ཡང་། ད་ལྟ་རྒྱ་ནག་གི་བཙན་འཛུལ་འོག་ཏུ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་ལོ་ངོ་ཉི་ཤུའི་རིང་ལ་ངོས་འཛིན་བྱས་བ་རེད། སྟབས་མ་ལེགས་པ་ཞིག་ལ་ཟླ་འདིའི་མགོ་སྟོད་དུ་སྲིད་ཇུས་དེ་ལ་འགྱུར་བ་ཕྱིན་ཏེ། བོོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་ཁས་ལེན་བྱེད་ཀྱིན་ཡོད་པས་བོད་ཀྱི་གྲོགས་པོ་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དག་གིས་ངོ་རྒོལ་བྱེད་བཞིན་ཡོད་ལ། ད་དུང་ཆེ་ཁིའི་མི་མང་པོ་ཞིག་གིས་བོད་དོན་ཚོང་གི་ཆེད་དུ་བཙོང་བར་བློ་ཕམ་བྱེད་ཀྱིན་འདུག
རྒྱལ་སྤྱིའི་རྒྱབ་སྐྱོར་བ་ཚོ་ནི་ཚོང་རྒྱབ་པ་ནང་བཞིན་ཁོང་ཚོའི་འདོད་འདུན་དང་། ལངས་ཕྱོགས་དང་མཐུན་ཞིང་། རྒྱབ་སྐྱོར་བྱ་ཡུལ་ལ་རེ་བ་ཡོད་པ་ཤེས་ན་རྒྱབ་སྐྱོར་གྱི་མ་རྩ་བཏང་མཁན་ཡོད་ངེས་རེད། རང་ལ་ནུས་བ་མེད་ཅིང་། ལངས་ཕྱོགས་བརྟན་པོ་མེད་ན། མ་རྩ་བཏང་ཡང་ཆུ་ཟོས་རེད་འདོད་ནས་རྒྱབ་སྐྱོར་བྱེད་མཁན་ཡང་ཁག་པོ་རེད།་
“ཕ་རྒོད་བླ་མའི་ཞལ་ལུང་” དེབ་འདི་ག་བར་རག་གིས་རེད་དམ་ ཀློག་འདོད་བྱུང་
འདིའི་ཐད་ཕྱིའི་རྒྱལ་ཁོངས་སོ་སོར་གནས་བྱས་པའི་བོད་མི་ཤེས་འཇོན་ཅན་དག་ལ་དྲན་སྐུལ་བྱ་འདོད་པ་ཞིག་ཡོད་དེ། དོལ་ཚོགས་ལ་ཁ་གཡར་ནས་སྤྱི་ཚོགས་ནང་རྒྱ་ནག་གི་སྲིད་ཇུས་གདུག་རྩུབ་ཅན་སྐྱོང་བཞིན་པ་དེར་ཚོར་བས་འཁོན་ལན་སློག་པ་ནི་ནམ་ཡང་ཐབས་ཤེས་ལེགས་པོ་ཞིག་མིན་པ་ཕར་ཟད། ཁོང་ཚོའི་བསམ་པའི་དམིགས་ཡུལ་བསྒྲུབས་པ་ཁོ་ནར་སོང་། ང་ཚོས་ནམ་ཡང་དྲ་ཐོག་སོགས་སུ་ངོ་རྒོལ་གྱི་རྣམ་པ་མཚོན་པའི་པར་རིས་འགྲེམས་འཇོག་བྱེད་པ་སོགས་མཚམས་གཞག་དགོས་ལ། དེ་ལྟར་འཇོག་མཁན་གྱི་རིགས་ལ་ཡང་དོགས་ཟོན་ནན་མོ་བྱ་དགོས། རིག་པ་དང་། དྲང་བདེན། ཁྲིམས་ལུགས་བཅས་གཞིར་བཞག་ནས་བདེན་དོན་གྱི་ལན་རྣོ་ངར་ཅན་སྤྲད་དགོས་པ་ངེས་པར་དུ་སེམས་ལ་གཞག་དགོས་པར་མཐོང་། ཁོ་བའི་བསམ་པར་གཙོ་བོ་ཨ་རིར་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་དག་དེ་གའི་ཁྲིམས་སར་བཅར་ནས། གང་ཟག་བྱེ་བྲག་པ་ཞིག་ལ་དོན་མེད་སྤྱི་ཚོགས་སུ་དམའ་ཕབ་པ་ནི་འགྲོ་བ་མིའི་རང་དབང་དང་། ཁེ་དབང་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་ལ་བརྩི་སྲུང་མེད་པའི་ནག་ཉེས་གཞིར་བཟུང་ནས་ཐག་གཅོད་ནན་མོ་བྱ་དགོས་པ་དང་། ཕྱིས་སུ་དེ་ལྟར་དོན་མེད་དམའ་འབེབ་བྱ་བའི་ལས་འགུལ་རིགས་གཏན་འགོག་བྱ་དགོས་བར་མཐོང་། དེ་ལྟར་མི་བྱ་བར་སྣང་མེད་དུ་བཏང་ན། ནམ་ཞིག་བོད་མིའི་སྤྱི་ཚོགས་སུ་མཐོང་སྣང་མ་བདེ་བ་བཟོ་ཉེན་ཡོད་པས་ཀུན་གྱིས་ཐུགས་བསམ་བཞེས་རྒྱུ་གལ་ཆེ་བར་མཐོང་།
དེང་སང་གི་དུས་ལ་༧་གོང་ས་ཏ་ལའི་བླ་མ་མཆོག་རྒྱལ་ཁབ་གང་ཞིག་ན་ཆུབ་བསྒྱུར་གནང་རྗེས་སུ་རྒྱལ་ཁབ་དེས་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་ངེས་འཛིན་གནང་མཁན་ཆགས་འགྲོ་གི་འདུག དཀོན་མཆོག་མཁྱེན།
ཨ་ནུ་ཐང་བསོད་ལགས། དེའི་སྐོར་གསལ་བོ་ཤེས་འདོད་ན་ཟམ་གདོང་རིན་པོ་ཆེར་སྐད་ཆ་འབྲི་ན་འོས། གང་ཡིན་ཟེར་ན་ཁོང་གི་ཞལ་དྲོན་མོ་ནས་བོད་འདི་ལོ་རྒྱུས་ཐོག་རང་བཙན་གཙང་མ་ཡིན་པའི་ཁུངས་སྐྱེལ་ཡོད་མ་རེད་ཅེས་རྣོ་ངར་ཆེན་པོས་གསུངས་ཟིན་པ་རེད། ཁུངས་བཙན་པོ་མེད་ཟེར་བ་ནི་ལོ་རྒྱུས་གཙང་མ་མེད་པར་གོ་དགོས། བྱས་གཙང་ཆེགྷེ་སྤྱི་མཐུན་རྒྱལ་ཁབ་ནས་དེ་སྔ་མ་ཡིན་པ་ཞིག་རེད་ཅེས་ལབ་ཙང་ད་ཆ་འགྱོད་པ་སྐྱེས་ནས་བོད་རང་བཙན་མ་རེད་ཅེས་ལབ་རྒྱུ་ཁེལ་བ་རེད། དེར་བགྲོ་གླེང་བྱས་ན་དུས་ཚོད་འཕྲོ་བརླག་མ་རེད་པས་ལགས།
ལུངས་རྟོགས་ལགས་ནས་བདེ་སྲུང་བཀའ་བློན་གྱི་གཏམ་བཤད་ལུངས་འདྲེན་ཐོག་༧གོང་ས་མཆོག་གིས་དོལ་རྒྱལ་བསྟེན་གསོལ་དམ་བསྒྲགས་གནང་བ་ལས་བཀག་འགོག་གནང་མེད་ཅེས་མགྲིན་པ་གཟེངས་སུ་བཏེགས་ནས་བརྗོད་ཀྱི་འདུག བྱས་གཙང་ཁྲིམས་ལུགས་རང་བཞིན་གྱི་བརྡར་ཤ་བཅད་ཚེ། དམ་བསྒྲགས་ཞེས་པ་དེས་སྐྱེ་བོ་སྒེར་གྱི་དད་མོས་ལ་བཙན་གནོད་བྱེད་ཀྱི་ཡོད་མེད་ལ་བསམ་ཚུལ་ཞིག་གསུངས་རོགས།
བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་དམ་བསྒྲགས་ཀྱི་གོ་དོན་ལ། ཁྲིམས་ཀྱིས་འདོམས་པའམ་དོ་དམ་བཙན་པོ་ཞེས་བྲིས་འདུག་རུང་། ལུངས་རྟོགས་ལགས་ཀྱིས་ཁོང་པ་སྒེར་གྱི་ཞེ་འདོད་ལྟར་ཉེན་བརྡ་བཏང་བར་གོ་དགོས་ཞེས་བརྗོད་ཀྱི་འདུག དེ་ལྟར་ན་འཇིག་རྟེན་སྟེང་གི་བྱ་དངོས་གང་ཞིག་ལ་གོ་རིམ་ངེས་གཏན་ཞིག་ཡོད་པ་ལྟར་དང་པོ་ཉེན་བརྡ་དང་། གཉིས་པ་བྱ་སྤྱོད་སྤེལ་ཀྱི་ཡོད་པས་གནས་སྟངས་དེར་གོ་བ་ཇི་ལྟར་ལེན་དགོས་སམ་དྲ་གྲོགས་ཚོ།
དྲང་མོ་བཤད་ན་བོད་འདི་སྔ་ནས་ད་བར་མེད་པར་བཟོ་མཁན་དགེ་ལུགས་པའི་བླ་ཆེན་མུ་ཆེན་དེ་རྣམས་ཡིན། དགེ་ལུགས་པས་སྲིད་བཟུང་ནས་ད་བར་བོད་ལ་དགེ་ཕན་ལྡན་པའི་འབྲས་བུ་འདི་རེད་ཟེར་བ་གཅིག་ཅང་མེད། གོང་ས་ལྔ་པས་སྲིད་བཟུང་དུས་རྒྱ་ནག་ལ་འགྲོ་སྐབས། ཆོས་ཕྱོགས་ནས་འབྲེལ་བ་འགའ་མ་གཏོགས་སྲིད་ཕྱོགས་ནས་འདི་བཤད་ཟེར་བ་གཅིག་ཀྱང་གཏོང་རྒྱ་མེད། དྲུག་པ་ཁྲི་བཀོད་བྱེད་རན་དུས་རྒྱ་ནག་ནས་བཀའ་ཁྲོལ་ཐུབ་མིན་ལ་ལྟ་་དགོས་པ་ཆགས་ཚར་འདུག། དགེ་ལུགས་པ་བྱས་རྗེས་ག་རེ་ཡོད་རེད་ཟེར་ན་རྙིང་མ་བཀའ་རྒྱུད་བོན་པོ་གསུམ་རྩ་མེད་བཟོས་ནས་དགའ་ལྡན་བསྟན་པ་སྤེལ་བ་དེ་རེད། དེ་ཨེ་རེད་དྲང་མོ་ཤོད་དང་ཨ་རོག་ཚོ།
ཚང་མ་ཕེབས་ནས་བསམ་ཚུལ་གསུངས་པ་ཡག་སོང་། ད་བོད་དོན་རྒྱ་དམར་གྱི་ནང་སྲིད་ཡིན་མིན་ཐད་ཏོག་ཙམ་ཞུ་དགོས་འདུག ཕྱོགས་གཅིག་ནས་ཞོལ་གཡག་གིས་གསུངས་པ་ལྟར། རྒྱ་དམར་གཞུང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་ནས་བོད་དོན་ཡིན་ཤག་གིས་ཕྱི་ལོ1959ལོའི་ཟླ ༢༨ཉིན་སྡེ་བ་གཞུང་སྒོ་བརྒྱབ་ནས་རང་སྐྱོང་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་ཚབ་བྱས་པ་ཡིན་ཞེས་འཛམ་གླིང་ལ་བསྒྲགས་པ་རེད། ཕྱོགས་གཞན་ཞིག་ནས་བཙན་བྱོལ་ལ་ཆིབས་བསྒྱུར་གནང་བཞིན་པའི་རྒྱལ་བ་རིན་པོ་ཆེ་དང་དཔོན་རིགས་ཁག་གིས་རྒྱ་དམར་གཞུང་གི་བྱེད་བབ་དེའི་ལན་དུ་ལྷུན་རྩེ་རྫོང་ནས་བོད་ཀྱི་བར་བརྒལ་སྲིད་གཞུང་བཙུགས་པ་དང་། བར་བརྒལ་སྲིད་གཞུང་གི་བསྒྲགས་གཏམ་ཕྱིར་བོད་ཁོངས་སུ་བཀྲམས་རྗེས། རྒྱ་གར་སླེབས་པ་དང་ལོ་དེའི་ཟླ 4ཚེས 18ཉིན་འཛམ་གླིང་ཡུལ་གྲུ་ཁག་ནས་བོད་ཀྱི་རྒྱལ་ཁབ་ཤོར་བ་དང་རྒྱལ་བོ་བོར་བརླག་བྱུང་བར་དོ་སྣང་ཆེན་པོས་སླེབས་པའི་གསར་འགོད་པ་བརྒྱ་ཕྲག་བརྒལ་བར་༼ཏཱ་ལའི་བླ་མའི་གསལ་བསྒྲགས༽འགྲེམས་སྤེལ་གནང་བ་དང་། དེའང་ཨ་རི་དང་རྒྱ་གར་གཙོ་བྱས་རྒྱལ་ཁབ་ཁག་གིས་རྒྱལ་བ་རིན་པོ་ཆེ་བོད་ཀྱི་དབུ་ཁྲིད་ལ་ངོས་ལེན་གནང་ཟིན་པའང་མཚོན་ཡོད། གང་ལྟར་གསལ་བསྒྲགས་དེའི་ནང་དུ་༼གྲོས་མཐུན་དོན་ཚན་བཅུ་བདུན༽བཙན་དབང་འོག་བཞག་པ་ཡིན་ཞེས་བསྙོན་འབྱིན་བྱས་ཡོད་པ་རེད་ལ། རྒྱལ་སྤྱིའི་སྒང་དེ་ལ་ངོས་ལེན་ཡོད་པའི་མཇུག་འབྲས་སུ་མཉམ་འབྲེལ་རྒྱལ་ཚོགས་ནང་སྔ་རྗེས་སུ་༼བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང༽ཡོད་པར་འབྲེལ་བའི་གྲོས་ཆོད་གསུམ་བྱུང་བ་ལྟར་རེད། སྟབས་མ་ལེགས་པར་༢༠༠༨ལོར་རྒྱ་དམར་གཞུང་ལ་རྩ་ཁྲིམས་འོག་བསྐྱོད་འདུན་ཡོད་ཚུལ་བཀོད་པའི་ཡིག་ཆ་དེར་བརྟེན་ནས་རྣམ་པ་འགྱུར་བའི་ལམ་ནས་༼གྲོས་མཐུན་དོན་ཚན་བཅུ་བདུན་༽ལ་ངོས་ལེན་བྱས་པ་ལྟ་བུ་ཆགས་ཡོད། དེ་བས། རྒྱ་དམར་གཞུང་གི་སྲིད་དོན་དཔྱད་བརྗོད་པ་ཡེ་རྡོ་ནས་ཟམ་གདོང་རིན་པོ་ཆེ་ཡི་མཁྱེན་རྒྱ་རྒྱལ་བ་རིན་པོ་ཆེ་ལས་མཐོ་ཚུལ་དཔྱད་བརྗོད་ཅིག་ནང་བཀོད་ཡོད།
རྒྱ་དམར་གཞུང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་ནས་བོད་དོན་ནང་སྲིད་ཡིན་ཤག་ཅེས་བཅོས་གནང་ཡོད་པ་ཞུ།།
ལྷ་སྡེ་གནམ་ལོ་ཡག་གིས་བར་བརྒལ་སྲིད་གཞུང་གི་ཐ་སྙད་ལ་གོ་བ་ཡག་མོ་ཞིག་ལོན་མི་འདུག བར་བརྒལ་སྲིད་གཞུང་༼caretaker cabinet, 过渡政府༽ནི་སྲིད་གཞུང་གསར་དུ་བཙུགས་པ་ཞིག་ལ་གོ་དགོས་པ་དང་། བོད་གཞུང་རྒྱ་གར་ལ་སྤོར་བའི་བརྒྱུད་རིམ་དེ་ནི་བར་བརྒལ་ཞིག་མ་ཡིན་པར་སྔར་གྱི་སྲིད་དབང་མུ་མཐུད་པའི་རང་བཞིན་ཡིན་པས་བཙན་བྱོལ་སྲིད་གཞུང་ནི་རྒྱལ་སྤྱིའི་ཁྲིམས་དང་མཐུན་པའི་ཐ་སྙད་ཡང་དག་ཡིན། བར་བརྒལ་སྲིད་གཞུང་ཞིག་དུས་ད་ལྟ་བར་དུ་བོད་ལ་བྱུང་ཡོད་པ་མ་རེད། བར་བརྒལ་སྲིད་་གཞུང་ལ་ངེས་པར་ཚང་དགོས་པའི་ཆ་རྐྱེན་གཅིག་ནི་དམངས་གཙོ་ངང་འོས་འདེམས་བྱེད་པ་དེ་ཡིན། ༧རྒྱལ་བ་རིན་པོ་ཆེས་སྲིད་ཀྱི་འགན་འཕྲལ་དུ་བཞེས་པ་དང་བཀའ་བློན་འཕོ་འགྱུར་བྱུང་བ་དེའང་སྲིད་དབང་གི་རྒྱུན་བསྲིངས་བ་མ་གཏོགས་སྲིད་གཞུང་གསར་བ་ཞིག་བཙུགས་པ་མ་རེད།
དེ་མིན་རྒྱལ་ཁབ་གཞན་གྱི་གསར་འགོད་པའི་གསལ་བསྒྲགས་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་སྐབས་ཐོག་གི་གསལ་བསྒྲགས་ཚང་མར་ཁྲིམས་ཀྱི་ནུས་པ་ཡོད་པ་མ་རེད། གསལ་སྒྲག་ཙམ་མ་གཏོགས་ཁྲིམས་ཀྱིས་བོད་རང་བཙན་ཡིན་པ་མཚོན་དགོས་ན་རྒྱལ་ཁབ་ཀྱི་གྲོས་ཚོགས་དང་རྒྱལ་སྤྱིའི་གྲོས་ཆོད་ལ་བརྒྱུད་དགོས་པས་དེ་ནི་སྐབས་དེར་བྱུང་མི་སྲིད་ལ་བྱུང་ཡང་མེད། གང་ཡིན་ཞེ་ན་སྐབས་དེའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡ་གྱལ་རྒྱ་ནག་གི་ཚབ་མཚོན་ནི་ཐེ་བན་ཡིན་པས་དྲང་དོན་གྱི་རྒྱ་གཞུང་མིན་པས་རྒྱལ་ཁབ་ལྔ་ནང་གི་གཅིག་གིས་གྲོས་ཆོད་དེ་མ་འཐད་ན་གྲོས་ཆོད་སྟོངས་བ་ཙམ་དུ་ཟད་པས་དེ་ལའང་རྒྱལ་སྤྱི་ཁྲིམས་ཀྱི་རྩ་བ་མེད། མདོར་ན་དེ་དག་ནི་སེམས་ཤུགས་བསྐྱེད་ཡ་ལ་ཕན་པ་ཙམ་མ་གཏོགས་ཁྲིམས་ཀྱི་ནུས་པ་སྤུ་ཙམ་ཡང་མེད་པའི་སྟོང་བཤད་རེད། དེའི་ཕྱིར་དུ་ད་ལྟ་བར་དུ་ལྷག་ཡོད་པའི་བཙན་བྱོལ་བོད་གཞུང་རིན་པོ་ཆེ་འདི་ལ་རང་གི་ཡ་ཐོད་ཀྱི་མིག་ལྟར་གཅེས་སྐྱོང་བྱེད་རྒྱུ་ནི་གལ་ཆེ་བ་ཡིན་པ་མ་ཟད་དོན་བཞག་རླབས་པོ་ཆེ་སྒྲུབ་པའི་གཞི་མར་ངོས་འཛིན་བྱ་རྒྱུ་གལ་ཆེའོ
རྒྱལ་བ་རིན་པོ་ཆེ་ཡིས༡༩༦༢ལོར་བརྩམས་པའི༼ངོས་ཀྱི་ཕ་ཡུལ་དང་ངོས་ཀྱི་མི་མང༽གི་རྒྱ་འགྱུར་མའི་ནང༼བར་བརྒལ་སྲིད་གཞུང༽ཞེས་བཀོད་འདུག དབྱིན་ཡིག་ནང་ག་འདྲ་བྲིས་ཡོད་མེད་མ་ཤེས། དབྱིན་དེབ་ལ་ཅིག་ལྟ་རོགས། དེབ་དེ་ཐོག་མ་དབྱིན་ཡིག་ནང་ཡིན་པས། དེ་གཞི་འཛིན་དགོས་པ་རེད།
ནོར། བཅོས།
ཆུབ་བསྒྱུར། ཆིབས་སྒྱུར།
གསལ་སྒྲག གསལ་བསྒྲགས། ཡང་ན། གསལ་སྒྲོག
# 49 Tenlay Norbu་ལགས་ཀྱིས་མཆན་བཏབ་པ།:
May 27th, 2014 at 8:04 PM
ཨ་ནུ་ཐང་བསོད་ལགས། དེའི་སྐོར་གསལ་བོ་ཤེས་འདོད་ན་ཟམ་གདོང་རིན་པོ་ཆེར་སྐད་ཆ་འབྲི་ན་འོས། གང་ཡིན་ཟེར་ན་ཁོང་གི་ཞལ་དྲོན་མོ་ནས་བོད་འདི་ལོ་རྒྱུས་ཐོག་རང་བཙན་གཙང་མ་ཡིན་པའི་ཁུངས་སྐྱེལ་ཡོད་མ་རེད་ཅེས་རྣོ་ངར་ཆེན་པོས་གསུངས་ཟིན་པ་རེད། ་་་་་་་་་་་་་་་་་་་་་
་་་་་་་་ཟམ་གདོང་རིན་པོ་ཆེར་སྐད་ཆ་འབྲི་ན་འོས། གང་ཡིན་ཟེར་ན་ཁོང་གི་ཞལ་དྲོན་མོ་ནས་བོད་འདི་ལོ་རྒྱུས་ཐོག་རང་བཙན་གཙང་མ་ཡིན་པའི་ཁུངས་སྐྱེལ་ཡོད་མ་རེད་ཅེས་རྣོ་ངར་ཆེན་པོས་གསུངས་ཟིན་པ་རེད། ་་་་་་་
་་་་་་་ཁོང་གི་ཞལ་དྲོན་མོ་ནས་བོད་འདི་ལོ་རྒྱུས་ཐོག་རང་བཙན་གཙང་མ་ཡིན་པའི་ཁུངས་སྐྱེལ་ཡོད་མ་རེད་ཅེས་རྣོ་ངར་ཆེན་པོས་གསུངས་ཟིན་པ་རེད། ་་་་་་་་
་་་་་་་་་་་བོད་འདི་ལོ་རྒྱུས་ཐོག་རང་བཙན་གཙང་མ་ཡིན་པའི་ཁུངས་སྐྱེལ་ཡོད་མ་རེད་ཅེས་རྣོ་ངར་ཆེན་པོས་གསུངས་ཟིན་པ་རེད། ་་་་་་་་་་་་
་་་་་་་་་་་་་་བོད་འདི་ལོ་རྒྱུས་ཐོག་རང་བཙན་གཙང་མ་ཡིན་པའི་ཁུངས་སྐྱེལ་ཡོད་མ་རེད་་་་་་་་་་་་་་
་་་་་་་བོད་འདི་ལོ་རྒྱུས་ཐོག་རང་བཙན་གཙང་མ་ཡིན་པ་་་་་་་་་
བོད་ནི་རང་བཙན་གྱི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱས་བ་གསལ་བོ་ཡིན་པ་མ་ཟད། དེ་ལྟར་བྱེེད་མཁན་སྲིད་འཛིན་ཟུར་བ་ཝ་ཚི་ལཱ་ཧྥི་ཧ་ཝ་རེད། ཁོང་སྲིད་འཛིན་བཞུགས་པའི་སྐབས་སུ་དེ་ལྟར་ཐག་གཅོད་གནང་བ་མ་ཟད། སྐུ་མདུན་ཡང་གཞུང་འབྲེལ་ཐོག རྒྱལ་ཁབ་ཅིག་གི་དབུ་ཁྲིད་ཡིན་པ་ཐེངས་དང་པོ་གདན་འདྲེན་ཞུ་མཁན་རེད། ཟམ་གདོང་གི་གསུངས་དེ་དག་བདེན་པ་ཚད་ལྡན་མ་རེད། མ་གཞི་ཟམ་གདོང་ཡང་དགོས་བའི་ཆེད་དུ་རྒྱབ་ལྗོངས་སྒྲིག་མཁན་ཞིག་རེད། ཟླ་འདིའི་འགོ་སྟོད་ཙམ་མ་གཏོགས་ཆེ་ཁི་གཞུང་གིས་བོད་འདི་རྒྱ་ནག་གི་ཆ་ཤས་ཡིན་པ་ཁས་ལེན་ཡོད་བ་མ་རེད།
དེའི་སྐོར་ལ་ངས་རྩོམ་ཡིག་ཅིག་ཁ་བརྡའི་ནང་དུ་བྲིས་ཟིན་ཡོད་ལགས།
ལྷ་མིན་འདྲེ་སྡེ་གནམ་ལོག་གཡག་གིས་བྲིས་པའི་མཆན་བཀོད་༣་པར་ལྟོས་དང་།
༼བོད་པ་རྣམས་ཀྱིས་བླ་མ་བཀུར་བ་དང་། །
ཡི་ཤུའི་ཁ་ཆེ་དཀོན་མཆོག་གཙོ་བ་གཉིས།།
གཅིག་ལ་སྒང་ལ་ཅིག་ཤོས་འབུད་མཐོང་བས།།
བསྲེག་བཅད་རིགས་ལམ་གར་ཡོད་འདྲི་མ་ཕོད།།༽ སྐབས་བབས་ཀྱི་བརྗོད་དོན་གཞིར་བཟུང་ན། བོད་པ་རྣམས་ཀྱིས་བཀུར་བའི་བླ་མ་དེ་༸གོང་ས་མཆོག་ལ་ཐད་ཀར་གོ་རྒྱུ་ཡིན་པ་ཐེ་ཚོམ་མེད། བོད་པ་རྣམས་ཀྱིས་༸གོང་ས་མཆོག་ལ་གུས་བཀུར་དད་གུས་ཞུ་སྟངས་དེ་ཡི་ཤུ་དང་ཁ་ཆེས་དཀོན་མཆོག་ལ་རྨོངས་དད་བྱས་པ་དང་གཅིག་མཚུངས་སུ་བཀོད་ཡོད། དེ་དགོད་མཁན་ནི་ལྷ་སྡེ་གནམ་ལོ་གཡག་ཟེར་མཁན་དེ་རེད།
དེ་སྔོན་དོལ་ཚོགས་ཀྱི་གྲྭ་གཟུགས་འགས་༸གོང་ས་མཆོག་གི་ལྷ་སྲུང་བསྟེན་ཕྱོགས་སྐོར་གྱི་བཀའ་སློབ་ཐོས་འཕྲལ། ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་རིགས་པ་རྒྱུ་མཚན་མེད་ཚུལ་བཤད་སོང་། ངས་ཟུར་ནས་གོ་ཐོས་བྱུང་།
ད་ལྟ་ལྷ་སྡེ་གནམ་ལོ་གཡག་ཁྱོད་ཀྱིས་ཀྱང་། སྐབས་བབས་བརྗོད་གཞི་དོལ་རྒྱལ་སྐོར་ལ་ཤོད་བཞིན་པའི་སྐབས་དེར་ཏག་ཏག བོད་མིས་ཚོས་༸གོང་ས་མཆོག་ལ་རྨོངས་དད་བྱས་ཚུལ་བཤད་སོང་། དཔེ་དེ་ཡང་ཁ་ཆེ་ཡི་ཤུ་པ་རྣམས་བཞག་སོང་།
དེས་ཁྱོད་རང་གི་རྒྱབ་ལྗོངས་དང་། ལྟ་བའི་འཁྱེར་སོ་བཅས་གསལ་སྟོན་བྱས་པ་མངོན་གསལ་དོད་པོ་ཆགས་ཡོད།
གནམ་ལོ་ཡག་དང་ཨ་ནུ་ཐང་སོགས་ཀྱིས་དཔེ་ཀློག་ནི་མ་བྱས། ཅིག་བཤད་ནི་འདོད་དེ་རང་གིས་གང་བཤད་ཀྱིན་པའི་རྒྱབ་རྟེན་གང་ཡིན་མི་ཤེས་པར་ལུང་བའི་འཁར་བ་ལྟ་བུའི་ཚིིག་གི་ཚོགས་དེ་དག་ས་འཛུགས་གནམ་འཛུགས་བྱེད་ཀྱི་འདུག
ཤུགས་ལྡན་གྱི་དོན་དག་ལ་ཆོས་དད་རང་མོས་ཀྱི་ཐོག་ནས་ལྟ་དགོས་ཚུལ་འདོད་མཁན་དང་། ཤུགས་ལྡན་ཚོགས་པས་རྒྱལ་བ་རིན་པོ་ཆེ་ལ་ངོ་རྒོལ་བྱས་པར་བློ་ཕམ་ཡོད་ཚུལ་བརྗོད་པ་གཉིས་ནི་ཁ་གཅིག་གི་ནང་ནི་ལྕེ་གཉིས་རེད། གནམ་ལོ་ཡག་ལ་ལྕེ་གཉིས་འདུག ཧཧཧ་ལྐུག་པ་ཞིག་ལ་ལྕེ་གཉིས་འདུག་ཧཧཧཧཧཧཧ
བོད་དོན་ག་རེ་ཡིན་རུང་མིན་རུང་བོད་དོན་བསྒྲུབ་མཁན་དེ་རྒྱལ་བ་རིན་པོ་ཆེ་དང་། བོད་ནང་གི་རྒྱ་ཆེའི་མི་མང་རེད། ཁྱེད་ཅང་སྤྲང་འཁྱམས་ལྟོ་ཡི་དོན་དུ་གང་སར་འཁྱམས་འདུག་མཁན་དག་ལ་སྐད་ཆ་བཤད་པའི་ཐོབ་ཐང་དང་འོས་བབ་གཉིས་ཀ་ཡོད་པ་མ་རེད།
དེ་བས་མི་གཡོག་ལ་རྒྱུག ཕྱི་རྒྱལ་ཞིག་ནས་སྡིག་ཤི་རྒྱོབ་ལ་རོ་ཀོག་མ་རུལ་སྔོན་ལ་ས་འོག་ཏུ་འཇུག་རིན་གྱི་དངུལ་ལོ་འགའ་ཞིག་གསོག་འཇོག་གྱིས། ཁྱེད་ཚོའི་མི་ཚེ་ཟེར་བ་དེ་འདྲ་ཞིག་རེད་། ད་མང་པོ་མི་འབྲི། ཁ་མ་ཟད་རྐུབ་ཡང་དགོད་ཁ་འཆོར་གི གནམ་ལོ་ཡག་ལྟ་བུ་ཞིག་གིས་ཀྱང་རྒྱལ་བ་རིན་པོ་ཆེ་ལ་ཟུར་ཟ་བྱེད་དགོས་ནི་ཨེ་རེད།
ཁྱེད་ཀྱི་ཤོག་ལོབ་ཕྱོགས་བསྒྲིགས་མཁར་ཞེས་པ་དེ་ངའི་ལོ་འགའ་ཞིག་གི་སྔོན་ནས་སྐྱག་ཕྱིས་བྱེད་མྱོང་། ཁྱེད་ལྟ་བུ་ཞིག་གིས་རྒྱལ་བ་རིན་པོ་དང་དེའི་དགོངས་པ་དང་མཛད་ཕྱོགས་ལ་ཟུར་ཟ་བྱེད་ཁུལ་བྱས་པ་ང་གངས་ཅན་པ་ངོ་མ་ཧཧཧཧཧཧཧཧཧད་མི་བཤད།
ཨ་ཁ། བོད་ཡིག་གིས་སྐྱག་པ་ཕྱིས་མཁན་བོད་པ་ཞིག་ཡོད་དམ། དམར་ཤོག་གི་འོག་ནས་ཡོང་མཁན་ནང་དེ་འདྲ་ཡོད་ངེས་རེད། གཅིག་བྱས་ན་བོད་ཡིག་ལ་མི་གུས་པ་འདིས་བོད་པ་ལ་བཅངས་པའི་བརྩེ་བའི་ཆེ་ཆུང་གཞལ་ཐུབ། ད་གོང་ས་མཆོག་ལ་དད་པ་ག་ཚད་ཅིག་ཡོད་ན། དར་དམར་པ་ལགས།
གནམ་ལོ་ཡག་གིས་སངས་རྒྱས་བཀྲོང་པ་ཞེས་པའི་པཎ་ཆེན་རིན་པོ་ཆེ་རྒྱ་གཞུང་གིས་བཀྲོང་ཚུལ་གྱི་དེབ་ཞིག་ཕྱོགས་སྒྲིག་བྱས་པ་དེའི་དམིགས་ཡུལ་ལ་དོག་པ་ཡོད་ཅེས་ངས་སྔར་ནས་བཤད་མྱོང་ལ་། ད་མི་འདིས་བྱེད་སྟང་ནས་ཁ་ཇེ་གསལ་རེད་འདུག
རྒྱུ་མཚན་ཅི་ཡང་མེད་པ་ཞེན་ཁོག་གིས་སྐད་ཆ་ཁྲི་ཕྲག་བཤད་པ་ལས། གནས་ལུགས་ཅན་གྱི་སྐད་ཆ་གཅིག་གི་རིན་ཐང་ཆེ། དཔེར་ན། གནམ་ལོ་ཡག་གི་གོང་དུ་བྲིས་བའི་ཚིག་གཅད་ལྟ་བུ་རེད།
༼# 57 ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས་མཆན་བཏབ་པ།:
May 27th, 2014 at 11:58 PM
རྒྱལ་བ་རིན་པོ་ཆེ་ཡིས༡༩༦༢ལོར་བརྩམས་པའི༼ངོས་ཀྱི་ཕ་ཡུལ་དང་ངོས་ཀྱི་མི་མང༽གི་རྒྱ་འགྱུར་མའི་ནང༼བར་བརྒལ་སྲིད་གཞུང༽ཞེས་བཀོད་འདུག དབྱིན་ཡིག་ནང་ག་འདྲ་བྲིས་ཡོད་མེད་མ་ཤེས། དབྱིན་དེབ་ལ་ཅིག་ལྟ་རོགས། དེབ་དེ་ཐོག་མ་དབྱིན་ཡིག་ནང་ཡིན་པས། དེ་གཞི་འཛིན་དགོས་པ་རེད།༽
གནམ་ལོ་ཡག་ལགས། དེབ་དེའི་མིང་ལ my land and my people ཞེས་བོད་ཡིག་དང་དོན་མཐུན་བྲིས་ཡོད་པས། རྒྱ་ཡིག་གི་འགྱུར་དེ་དག་མ་ཡིན་ས་མ་རེད།
# 57 ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས་མཆན་བཏབ་པ།:
May 27th, 2014 at 11:58 PM
རྒྱལ་བ་རིན་པོ་ཆེ་ཡིས༡༩༦༢ལོར་བརྩམས་པའི༼ངོས་ཀྱི་ཕ་ཡུལ་དང་ངོས་ཀྱི་མི་མང༽གི་རྒྱ་འགྱུར་མའི་ནང༼བར་བརྒལ་སྲིད་གཞུང༽ཞེས་བཀོད་འདུག དབྱིན་ཡིག་ནང་ག་འདྲ་བྲིས་ཡོད་མེད་མ་ཤེས། དབྱིན་དེབ་ལ་ཅིག་ལྟ་རོགས། དེབ་དེ་ཐོག་མ་དབྱིན་ཡིག་ནང་ཡིན་པས། དེ་གཞི་འཛིན་དགོས་པ་རེད།
# 57 ལྷ་སྡེ་གནམ་ལོ་ཡག་ལགས་ཀྱིས་མཆན་བཏབ་པ།:
May 27th, 2014 at 11:58 PM
རྒྱལ་བ་རིན་པོ་ཆེ་ཡིས༡༩༦༢ལོར་བརྩམས་པའི༼ངོས་ཀྱི་ཕ་ཡུལ་དང་ངོས་ཀྱི་མི་མང༽གི་རྒྱ་འགྱུར་མའི་ནང༼བར་བརྒལ་སྲིད་གཞུང༽ཞེས་བཀོད་འདུག དབྱིན་ཡིག་ནང་ག་འདྲ་བྲིས་ཡོད་མེད་མ་ཤེས། དབྱིན་དེབ་ལ་ཅིག་ལྟ་རོགས། དེབ་དེ་ཐོག་མ་དབྱིན་ཡིག་ནང་ཡིན་པས། དེ་གཞི་འཛིན་དགོས་པ་རེད།
ཁ་ཤས་ཀྱིས་དད་པ་ཡོད་མདོག་གིས་སྤྲེལ་ལད་བྱེད་ཀྱིན་འདུག་ག ཁག་མི་འདུག བསམ་ཤེས་བཏང་ཐུབ་ཀི་འདུག
ངས་བལྟས་ན། གནམ་ལོ་ཡག་ནོར་གྱི་འདུག ཤུགས་ལྡན་བསྟེན་མཁན་དང་བོད་པ་བྱིངས་གཉིས་དབར་ལ་སྐད་ཆ་ཤོད་པ་ལས་རྒྱལ་བ་རིན་པོ་ཆེ་དང་སྐད་ཆ་ཤོད་དགོས་མིན་འདུག བོད་མི་དམངས་ཀྱི་ཚབ་ནི་བཙན་བྱོལ་བོད་གཞུང་ལས་གཞན་སྐུ་ཚབ་མེད། མ་མཐར་ཡང་བཀའ་ཁྲི་དེ་འདེམས་ཤོག་བླུགས་ནས་ཐོན་པ་རེད།
ཤུགས་ལྡན་མཚམས་འཇོག་དགོས་དོན་ནི་འདི་ལྟར། གནམ་ལོ་ཉོན་ཨ། རྒྱུ་མཚན་ཉོན་ཨ།
༡༽ཤུགས་ལྡན་མ་བསྟེན་མཁན་རྣམས་ ༼དེ་བོད་པ་མང་ཆེ་བ་རེད།༽ཀྱི་ཆོས་ལུགས་རང་དབང་ལ་ཤུགས་ལྡན་གྱིས་ཐེ་གཏོགས་བྱས་པ་རེད། དཔེར་ན། གུ་རུ་རིན་པོ་ཆེ་གསོལ་ན་ཤུགས་ལྡན་གྱིས་ཨེ་བཙིར་གྱི་རེད་ཟེར་བ། གུ་རུ་རིན་པོ་ཆེར་དད་པ་ཡོད་མཁན་བོད་པ་མང་ཆེ་བ་རེད་པཱ། གུ་རུ་རིན་པོ་ཆེའི་སྐུ་དགོན་པ་ནས་བཏོན་པ།
༢༽ཤུགས་ལྡན་མ་བསྟེན་མཁན་གྱི་མི་དམངས་ལ་ཤུགས་ལྡན་བསྟེན་མཁན་གྱིས་རྙོག་ཁྲ་བཤད་པ་རེད། ཕ་རྒོད་བླ་མའི་ཞལ་ལུང་བྲིས་ནས་ཤུགས་ལྡན་གྱིས་བོད་མིའི་དབུ་ཁྲིད་རྒྱལ་བ་སྐུ་ཕྲེང་༡༣པ་བཀྲོངས་ཚུལ། རྙིང་མའི་བླ་མ་མི་ཉུང་བ་བཀྲོངས་པ། དེ་བཞིན་ཤུགས་ལྡན་པ་ཚོས་རྙིང་ཆོས་དེ་ཁུངས་མ་དག་པ་བསྒྲུབས་པ།
༣༽ ཤུགས་ལྡན་བསྟེན་མཁན་གྱི་འགོ་པ་ཚོས་རྒྱལ་བ་རིན་པོ་ཆེ་འདི་པ་རྫུན་མ་རེད་ཟེར་བ་སོགས། ཤུགས་ལྡན་པ་ཁོང་ཚོ་བོད་པའི་སྤྱི་ཚོགས་ནང་ལ་འགྲོ་ས་མེད་པ་བཟོས་སོང་།
རྒྱལ་བ་རིན་པོ་ཆེས་ཤུགས་ལྡན་བསྟེན་ན་འགྲིགས་ཟེར་ན། བོད་པ་མ་བསྟེན་མཁན་དང་ཤུགས་ལྡན་གྱི་ཐུབ་ཚོད་འཁུར་མི་ཐུབ་མཁན་རྣམས་ལངས་ཡོང་གི་རེད། འདི་རྒྱལ་བ་རིན་པོ་ཆེ་དང་ཐད་ཀར་འབྲེལ་བ་ཡོད་པ་མ་རེད། བོད་མི་དམངས་དང་འབྲེལ་བ་ཡོད།
བྱས་ཙང་སྐད་ཆ་འདི་ཤུགས་ལྡན་བསྟེན་མཁན་དང་བོད་མི་བྱིངས་དབར་ལ་ཤོད་དགོས། སེར་འབྲས་དགའ་གསུམ་དང་ཤོད་དགོས། རྙིང་མའི་མ་དགོན་བུ་དགོན་རྣམས་དང་ཤོད་དགོས། ཤུགས་ལྡན་ལ་གསོལ་མཁན་གྱི་གུ་རུ་རིན་པོ་ཆེར་གསོལ་བ་འདེབས་མཁན་རྣམས་དང་ཤོད་དགོས།
ལྷག་པར་དུ། དང་པོ་ཁྱེད་ཀྱིས་ཤུགས་ལྡན་བསྟེན་མཁན་ཚོར་ཕར་སྐད་ཆ་རྒྱག་པར་རྒྱུག་དང་། རྙོག་ཁྲ་ཁོང་ཚོས་ཤོད་ཀྱི་འདུག ཤུགས་ལྡན་གྱི་སློབ་མ་དེ་ཚོར་སློབ་གསོ་ཞིག་རྒྱོབས་ཤིག
ཡག་ཤོས་བྱུང་ན་ཁྱེད་ཀྱི་དམངས་ཁྲོད་ཁ་བརྡ་བ་ཚོ་མཉམ་དུ་ཞུགས་ནས་ཁོང་ཚོར་སློབ་གསོ་ཞིག་ཐོངས་དང་།
འདིར་ཡོང་ནས་ང་ཚོར་ཉིན་ལྟར་སློབ་གསོ་བརྒྱབ། ཕ་རོལ་པོའི་ཀུན་སྤྱོད་ལ་མིག་ཙམ་མི་ལྟ་བ་འདིས་ཁྱེད་གཟུ་བོར་གནས་ཐུབ་མ་སོང་།
ང་ཟུར་ལ་བསྡད་ཡོད། ངས་འདི་ལྟར་མཐོང་གི་འདུག
བོད་མིའི་མདུན་ལམ་ཆབ་སྲིད་ལ།
ཁ་གསལ་གཏིང་གསལ་གནམ་ལོ་ཡག
བོད་མིའི་ཆབ་སྲིད་རང་དབང་སླད།
སྲོག་ཀྱང་འབུལ་མཁན་གནམ་ལོ་ཡག ༼ཆབ་སྲིད་བཙོན་པ།༽
དབུ་མ་རང་བཙན་ལྟ་བ་ལ།
ཕུགས་རྒྱང་རིང་ལུགས་གནམ་ལོ་ཡག ༼དཔྱད་གཏམ་པ།༽
ཕྱི་ནང་ཆབ་སྲིད་གནས་མཁྱེན་པ།
ཞིབ་འཇུག་པ་ནི་གནམ་ལོ་ཡག ༼ICT ཞིབ་འཇུག་པ།༽
རྒྱ་བོད་ལོ་རྒྱུས་ཤེས་བྱ་ལ།
ཕྱི་ནང་ཚོར་བ་གནམ་ལོ་ཡག
ནང་གི་བོད་མིའི་མཐུན་སྒྲིལ་ལ།
གཟུ་བོར་གནས་པ་གནམ་ལོ་ཡག ༼བོད་རྒྱའི་གླེང་གཏམ་པ།༽
རྒྱལ་བ་མཆོག་དང་ཤུགས་ལྡན་དབར།
བདེན་རྫུན་དབྱེ་བར་གནམ་ལོ་ཞན།
བོད་མིའི་དོན་དང་སྒེར་གྱི་དོན།
གནད་འགག་མི་མཁྱེན་གནམ་ལོ་ཞན།
༧གོང་ས་མཆོག་དང་་་ཤུགས་ལྡན་པའི་བར་སྐད་ཆ་ཤོད་རྒྱུ་དང་་་་གྲོས་མོལ་ཟེར་བ་བྱེད་རྒྱུ་ཅི་གང་ལྷག་མེད།
གོང་ས་མཆོག་གིས་འདྲེ་བསྟེན་ཚོར་་་་བསྟེན་མི་ཆོག་རབས་ཚིག་གཅིག་ཙམ་གསུངས་མྱོང་མེད་པ། འདྲེ་དེའི་བྱེད་ལས་དང་བྱུང་རབས་ངོ་མ་གསལ་བྱེད་གནང་བ་ལས་་བསྟེན་མི་ཆོག་གང་ན་གསུངས་འདུག འདྲེ་དེར་བསྟེན་མཁན་ཚོ་་ཁོང་གི་གསུང་ཆོས་ལ་མ་ཞུགས་རོགས་གསུངས་མྱོང་བ་འདིས་་ཆོས་ལུགས་རང་དབང་བཀག་སོང་ནི་ཨེ་རེད།
ཚང་མ་ཕེབས་ནས་བསམ་ཚུལ་གསུངས་པ་ལ་དགའ་བསུ་ཡོད། ང་རང་ལ་བསྟོད་སྨད་གཉིས་ཀ་གནང་མཁན་ཚང་མར་བཀའ་དྲིན་ཆེ། བསྟོད་པ་བསྐུལ་འདེད་ཡིན་པ་གང་ཞིག་ལ་སྨད་པའང་བསྐུལ་འདེད་གཞན་ཞིག་ཡིན། ཉུང་མཐར་ང་རང་ལ་དེ་ལྟར་རེད། ད་རྣོན་པོ་འབོད་མཁན་ནས་རང་ཉིད་སུ་ཡིན་པ་བཤད་ཐུབ་ན། བོད་ཀྱི་ལོ་རྒྱུས་སྟེང་གི་དེབ་ངན་སྐྱག་ཕྱིས་གནང་མཁན་ཐོག་མ་དེ་ཆགས་འདུག ཡག་བཙོག་ལ་མ་ལྟོས་པའི་དོན་དག་གསར་བ་ཞིག་རེད། གོ་སྐབས་དེ་འཛིན་མིན་སྙིང་སྟོབས་ཡོད་མེད་ལ་ཐུག་ཡོད།
དེ་མིན་ཤུགས་ལྡན་སྐོར་ནས་བཤད་ན། ངས་ད་དུང་ཡང་གནད་དོན་འདི་འདུམ་འགྲིག་བྱེད་ཡུལ་ཞིག་ལས་མཐོང་གི་མི་འདུག རྒྱུ་མཚན་ནི་གཅིག་དེ་རྒྱ་མིའི་རྩ་ཁྲིམས་འོག་ལ་འགྲོ་མཁན་རེད། ཅིག་ཤོས་དེ་རྒྱ་གཞུང་ལ་དགའ་བསུ་ཡོད་ས་རེད། འདི་གཉིས་ཀྱི་ནང་དུ་འདིས་བོད་ལ་གནོད་ཀྱི་རེད་དང་། གཞན་དེས་གནོད་ཀྱི་མ་རེད་ཟེར་བ་ཞིག་བརྙེད་ཀྱི་མི་འདུག ཡང་ཅིག་བཤད་ན། རྒྱལ་བ་རིན་པོ་ཆེ་རི་བོ་རྩེ་ལྔ་ཕེབས་པའི་འགོག་རྐྱེན་ཞིག་ཏུའང་འགྱུར་སྲིད། ཕྱིའི་ཐེ་ཇུས་འོག་གཉའ་ཞུམ་པ་ལས་ནང་ཁུལ་འདུམ་འགྲིག་ནི་ཡག་ཤོས་ཤིག་མ་རེད་དམ།
ལྷ་སྡེ་གནམ་ལོ་གཡག་ཟེར་བ་ཐེངས་འགའ་རེ་ཐོས་བྱུང་། ལམ་དབུ་མ་པ་དང་དོལ་ཚོགས་གཉིས་གཅིག་པ་བརྩི་མཁན་ཞིག་ཡིན་པ་དེ་རིང་ཤེས་སོང་། ༸རྒྱལ་བ་རིན་པོ་ཆེ་དང་དོལ་ཚོགས་གཉིས་ཀྱིས་བོད་ལ་གནོད་པ་གནོད་མཉམ་ཡིན་པའང་ཁྱོད་ཀྱིས་བཤད་སོང་།
༼ལྷ་སྡེ་གནམ་ལོ་གཡག་གིས་བྲིས་པ། ཿཿརྒྱུ་མཚན་ནི་གཅིག་དེ་རྒྱ་མིའི་རྩ་ཁྲིམས་འོག་ལ་འགྲོ་མཁན་རེད། ཅིག་ཤོས་དེ་རྒྱ་གཞུང་ལ་དགའ་བསུ་ཡོད་ས་རེད། འདི་གཉིས་ཀྱི་ནང་དུ་འདིས་བོད་ལ་གནོད་ཀྱི་རེད་དང་། གཞན་དེས་གནོད་ཀྱི་མ་རེད་ཟེར་བ་ཞིག་བརྙེད་ཀྱི་མི་འདུགཿཿ༽
གནམ་ལོ་ཡག་ལགས། ཧམ་པ་རི་ཙམ་བཤད་ནས་བདེན་པ་གཡག་ཙམ་ཐོབ་ཐབས་མ་བྱེད། དབུ་མའི་ལམ་གྱིས་རང་སྲིད་རང་སྐྱོང་གི་ཐོབ་ཐང་རྩོད་ཀྱི་ཡོད་པ་དང་ཤུགས་ལྡན་ཚོགས་པས་རྒྱ་གཞུང་ལ་མགོ་འབུལ་ལུས་འབུལ་བྱེད་པ་གཉིས་ཅིག་པ་རེད་ཟེར་ན། མགོ་ནང་ལ་ཀླད་པ་ཡོད་པའི་མི་སུ་གང་གི་རྣ་ལ་འགྲོ་མི་སྲིད།
གླག་རྒོད་ཀྱི་བསམ་ཚུལ་ལྟར། ངས་ཀྱང་༧གོང་ས་མཆོག་གིས་དོལ་རྒྱལ་བསྟེན་སྲོལ་ལ་བཀག་འགོག་དང་དམ་བསྒྲགས་གང་ཡང་གནང་མེད། རྒྱུ་མཚན་ཡོད་དེ། ༧གང་གི་ཞལ་སྔ་ནས། ཁ་ཆེ་ཕ་ལུའི་སྙིང་གཏམ་བཤད་ཡོད་དོ།། ཉན་དང་མི་ཉན་སོ་སོའི་འདོད་པ་རེད།། ཅེས་ནན་བརྗོད་གནང་གི་འདུག གལ་སྲིད་དམ་བསྒྲགས་གནང་འདོད་ཚེ། ཁ་ཆེ་ཕ་ལུས་སྙིང་གཏམ་བཤད་ཡོད་པས། ཉན་དང་མི་ཉན་རང་དབང་ཡོད་མིན་ནོ།། ཞེས་ཐ་ཚིག་སྒྲོག་གནང་ངེས་རེད། འོན་ཀྱང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་བྲེལ་ཡིག་ཆའི་ནང་དམ་བསྒྲགས་ཞེས་པའི་སྒྲ་བརྗིད་བོ་དེ་བཀོད་ཟིན་སྟབས་ད་ནི་རིམ་པས་ཐ་ཚིག་དང་། བཀག་འགོག བཙན་བཀག་སོགས་ཀྱི་གོ་རིམ་ལ་སྙེགས་ངེས་སོ།
སྐུ་ངོ་ལུང་རྟོགས་ལགས། གནད་དོན་སེལ་དགོས་ཀྱི་འདུག་ལབ་ན་ཧམ་པ་རེད་དམ། ཁྱེད་ལྟར་ན་བོད་དོན་སེལ་དགོས་ཀྱི་འདུག་ལབ་ནའང་ཧམ་པར་འགྱུར་ཟིན་པ་མ་རེད་དམ། ཡིན་ནའང་། ངས་བསམ་ན་གནད་དོན་གང་ཡང་རུང་བ་མཐའ་དག་གི་འབྱུང་ཁུངས་མི་རེད་ལ། གནད་དོན་དེ་དག་སེལ་མཁན་ཡང་མི་རེད། དེ་བས། གྲོས་མོལ་དང་ཞི་འགྲིག་ལ་སོགས་པའི་ཐ་སྙད་དག་བྱུང་བ་རེད། དེ་མ་གཏོགས་མིའི་རིགས་ཀྱི་སྤྱི་ཚོགས་འདིའང་རྟག་ཏུ་ཁྱོད་ཤི་ང་གསོན་ཁྲོད་སྡོད་ངེས་རེད།
གལ་སྲིད་སངས་རྒྱས་ཆོས་ལུགས་ལ་དད་པ་ཡོད་མཁན་ཞིག་ཡིན་ན། ད་དུང་ཟུར་ལྟ་བྱེད་ཡུལ་གྱི་སྒྲུང་ཞིག་ཀྱང་འདུག་སྟེ། སྟོན་པ་ཤཀྱཱ་ཐུབ་པར་དུག་དྲངས་མཁན་དེའང་རྗེས་སུ་སངས་རྒྱས་སུ་བཅུག་པ་ལྟ་བུ་རེད།
དེ་འདྲ་ཡིན་ན་དབུ་མའི་ལམ་ནས་རྒྱ་བོད་གྲོས་མོལ་བྱེད་པ་ལ་རྟག་ཏུ་མ་རང་བའི་རྣམ་འགྱུར་སྟོན་དགོས་དོན་ཅི་ཡིན་ནམ། འདི་ཡང་གནད་དོན་སེལ་ཐབས་ཤིག་མིན་ནམ། དོལ་རྒྱལ་ཚོགས་པ་དང་གྲོས་མོལ་གྱི་ལམ་ནས་གནད་དོན་སེལ་རུང་ཞིང་རྒྱ་ནག་དང་གྲོས་མོལ་གྱི་ལམ་ནས་སེལ་མི་རུང་བའི་རྒྱུ་མཚན་ཅི་ཡིན་ནམ།