བོད། ལྷ་ཀླུ་གཉན་གསུམ་ནས།
ག་ལེར་འགྲོ་དུས་སུ ཕྱི་རོལ་རླུང་བུ་འཚུབ་མོ་ཞིག་གིས
སེམས་ཁ་རལ་བར་གཏོང་དུས
མི་རིགས་ཤིག་གི་གནའ་བོའི་དབྱངས་རྟ་ཞིག
ག་ལེར་ཁུར་ནས་འགྲོ་བ་མཐོང་ཐེངས་རེར
ལྷོད་ལྷོད་ཀྱི་སེམས་གཤིས་ཤིག ནམ་ཡང་རྒྱུད་ལ་འཇག་ཐབས་མེད་པར
རླུང་བུ་གྲང་མོ་ཞིག་སྒུམ་ནས འཇིག་རྟེན་གཞན་ཞིག་གི་རྨི་ལམ་རྨིས་པའི་ང་ཚོ
འགྱུར་བག་གི་ལྷག་རླུང་གི་ཁྲོད་དུ ར་བཟི་ཁྱུ་ཞིག་དང་འདྲ་བར
ག་ལེར་ག་ལེར ཕལ་ཆེ་བ་རྫོགས་འགྲོ་ངེས་ཡིན་ནམ་ཅི
ག་ལེར་འགྲོ་དུས་སུ ཆེས་ཡིད་འོང་གི་སྐད་འབོད
འཛམ་གླིང་གི་མཐོ་སར་བསྒྲགས་ཀྱང་
རྣ་བ་འོན་ཟིན་པའི་ཕར་ཕྱོགས་ཀྱི་གསན་མཁན་དེ་ཚོས
འུ་ཅག་གི་ག་ལེར་སྤོ་བཞིན་པའི་གོམ་སྒྲ་ཐོས་མྱོང་མེད་ལ
དུས་གཏན་ནས་སྣང་བ་ཡང་བཞག་མེད་དུས
ད་དུང་ འུ་ཅག་གི་མགྲོན་པོ་དེ་ཚོར་ག་ལེར་ག་ལེར
ཆེས་ཐག་རིང་གི་ལམ་ཕྲན་ཞིག་གི་སྣེ་མོ་ཙམ་ཡང་ཟིན་མེད་པར
རང་རློམ་གྱི་ལྕིབས་ཁུགས་ཞིག་དུ་ངལ་གསོ་བྱེད་དོན་ཅི་ཡིན
ཚིག་ཉམས་ལ་བལྟས་ན་སེམས་ཁོང་ནས་ལྷོད་ཀྱིས་བཞུར་ཡོང་ནའི་རྣམ་པ་ཐོན་འདུག
ཐུགས་རྗེ་ཆེ་གྲོགས་པོ་ལགས།