ཀླུ་སྨྱོན།
ས་ག་ཟླ་བའི་ནང་དུ་དགེ་སྡིག་གང་བྱས་འབུམ་འགྱུར་ཡིན་པ་ཡོངས་གྲགས་རེད། ཡིན་ན་ཡང་ང་ལ་དོགས་པ་ཞིག་ཡོད་པ་ནི། ལྷ་སའི་རྩི་ལུགས་ཀྱི་ས་ག་ཟླ་བ་དང་ཨ་མདོའི་རྩི་ལུགས་ཀྱི་ས་ག་ཟླ་བ་གཉིས་སྔ་ཕྱི་བྱས་ནས་ཡོང་གི་ཡོད་པས། ཨ་མདོའི་ས་ག་ཟླ་བའི་ནང་ལྷ་སར་སྡོད་པའི་མི་ཞིག་གིས་དགེ་སྡིག་གང་བྱས་འབུམ་འགྱུར་ཡིན་ནམ།
གལ་སྲིད་མིན་ན། ཨ་མདོའི་ས་ག་ཟླ་བའི་ནང་ཨ་མདོའི་མི་ཞིག་ལྷ་སར་སོང་ན་དེས་དགེ་སྡིག་གང་བྱས་འབུམ་འགྱུར་ཡིན་ནམ། དེ་བཞིན་སྐབས་རེར་ཟླ་ཤོལ་འབྱུང་གི་ཡོད་པས་གལ་སྲིད་ས་ག་ཟླ་བའམ་བོད་ཟླ་བཞི་པ་གཉིས་ཡོད་ན་ཟླ་བ་ཉིས་ཆར་དགེ་སྡིག་འབུམ་འགྱུར་ཡིན་ནམ་ཡང་ན་ཟླ་བ་གཅིག་གི་རིང་ལ་འབུམ་འགྱུར་ཡིན། ཡང་ས་ག་ཟླ་བའི་འབུམ་འགྱུར་འདི་བོད་ཡུལ་གཅིག་པོ་ཡིན་ནམ་ཤར་ཕྱོགས་ཡིན། ཡང་ན་སའི་གོ་ལ་ཧྲིལ་བོར་ཡིན། འབུམ་འགྱུར་འདི་འགྲོ་བ་མི་གཅིག་པོར་ཡིན་ནམ་ས་སྟེང་གི་སྲོག་ཆགས་ཚང་མར་ཡིན།
སྐབས་འདིའི་དགེ་སྡིག་འབུམ་འགྱུར་འདི་ནང་པ་གཅིག་པོར་ཡིན་ནམ་ཆོས་དད་པ་གཞན་དག་ཚོར་ཡང་ཁྱབ་ཡོད་དམ། ས་ག་ཟླ་བ་དང་དགེ་སྡིག་གི་འཕེལ་འགྲིབ་ལ་འབྲེལ་བ་གང་ཡོད་དམ། དགེ་སྡིག་འཕེལ་འགྲིབ་དང་ཕྱི་རོལ་གྱི་གཟའ་སྐར་ལ་འབྲེལ་བ་ག་རེ་ཡོད་དམ། དགེ་སྡིག་གི་འཕེལ་འགྲིབ་དང་གང་ཟག་རང་རང་གི་ལུས་ཀྱི་རྩ་རླུང་བར་འབྲེལ་བ་ག་རེ་ཡོད་དམ། དགེ་སྡིག་ཞེས་པ་འདི་ངའི་ལུས་ཀྱི་གསེང་ན་ཡོད་དམ། ཡང་ན་སེམས་ཀྱི་སྟེང་ན་ཡོད་དམ། ཡོད་ན་ཡོད་ལུགས་ཇི་ལྟར་ཡིན། དགེ་སྡིག་གི་ཟད་སྟངས་ག་འདྲ་ཡིན། དགེ་སྡིག་འཕེལ་སྟངས་ག་འདྲ་ཡིན། དགེ་སྡིག་ཅེས་པ་ནི་འོད་ལྟ་བུ་ཞིག་ཡིན་ནམ། ཡང་ན་རླུང་ལྟ་བུ་ཞིག་ཡིན། ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་དུ་དགེ་སྡིག་བག་ཆགས་ཕོར་བའི་ནང་དུ་ཆུ་བླུགས་པ་བཞིན་ཡོད་དམ།
རྒྱུ་མཚན་མ་འདྲི། དད་པ་བྱོས། རྒྱུ་མཚན་ལ་བརྟེན་པའི་དད་པ་དད་པ་མིན། དད་པ་ངོ་མ་ནི་རྒྱུ་མཚན་ལ་མི་སྐྲག ཚན་རིག་ལ་མི་སྐྲག
ཨ་ཁུ་ཀླུ་སྨྱོན་གྱི་དཔྱད་རྩོམ་ལས་སྒྲུང་དང་སྙན་རྩོམ་ལ་དགའ་ཀི ཁོང་གི་སྙན་རྩོམ་གྱི་འཆར་ཡན་དང་རྣམ་པར་རྟོག་པའི་འགྱུ་བ་ནི་རྣམ་པར་དཔྱོད་པའི་རྟགས་རིགས་ལ་མཆོག་ཏུ་གྱུར་རོ།
བརྒྱ་འགྱུར་འབུམ་འགྱུར་ནི་སྔོན་གྱི་ཤེས་ཡོན་པ་དག་གི་ཐོད་བརྒལ་དང་འུར་བསྟོད་ཀྱི་བརྗོད་ལུགས་ཙམ་ཡིན་པ་མ་གཏོགས་རྒྱུ་འབྲས་བསླུ་མེད་ཀྱི་བརྗོད་ལུགས་མིན་ཏེ། བློ་ངན་པ་རྣམས་བློ་བཟང་བོས་ཆོས་ལ་འགུག་ཐབས་ཀྱི་ཐབས་ཤེས་ཏེ་དེང་གི་ཚོང་རྫས་ཀྱི་ཁྱབ་སྒྲག་དང་འདྲའོ། དེ་རིགས་མེད་ན་སངས་ཆོས་ལ་བྲོ་བ་མི་འདུག
# 42 ཀརྡོ་གཉེར་ཕྱག་པ་་ལགས་ཀྱིས་མཆན་བཏབ་པ།:
May 29th, 2014 at 11:44 PM
དགེ་བ་ལན་གཅིག་གིས། དགེ་བ་བརྒྱ་འགྱུར་དང་། འབུམ་འགྱུར་འགྲོ་བ་ཡོད་དགོས་ཏེ། ཞིང་གི་མཐུ་བརྟེན་པ་དང་། གནས་ཁྱད་པར་ཅན་དང་།དུས་ཁྱད་པར་ཅན་དང་། ཆོས་ཁྱད་པར་ཅན་དང་། ཆོས་འཆད་མཁན་དང་ཉན་མཁན་ནམ། ཆོས་བྱེད་མཁན་གང་ཟག་ཁྱད་པར་ཅན་གྱིས། དགེ་བའམ། ཕྱག་ལན་གཅིག་བཙལ་བའམ། གཟུངས་སྔགས་ལན་གཅིག་བཏོན་པས། དེ་བརྒྱ་འགྱུར་དང་། འབུམ་འགྱུར་གྱི་གྲངས་ཚད་དུ་འགྲོ་བ་ལོས་དགོས་སྙམ་མོ།། །།
# 43 ཀརྡོ་གཉེར་ཕྱག་པ་་ལགས་ཀྱིས་མཆན་བཏབ་པ།:
May 29th, 2014 at 11:49 PM
ཀླུ་སྨྱོན་གྱི་དྭོགས་པའི་ལན་དུ་ནི། ལོ་གཅིག་གི་ནང་ལ། ལྷ་ས་དང་། ཨ་མདོ་གཉིས་པོའི་ཟླ་བ་མི་གཅིག་པ་སོ་སོར། ་ས་ག་ཟླ་བའི་ཕན་ཡོན་གཉིས་ཀ་ལ་ཐོབ་པ་ཡོད་ཀྱང་། འོནད་ཀྱང་། ལོ་གཅིག་ལ་ས་ག་ཟླ་བ་གཉིས་ཡོད་མི་དགོས།
# 44 ཀརྡོ་གཉེར་ཕྱག་པ་་ལགས་ཀྱིས་མཆན་བཏབ་པ།:
May 29th, 2014 at 11:50 PM
འབྲི་ས་ནོར་འདུག དགོངས་དག
ཞིང་གིས་མཐུ་ལ་བརྟེན་པ་འགའ་རེ་མ་གཏོགས། གསུངས་པ་དང་། སྔོན་འབུ་སྦྲང་མ་ཅིག ཆུས་འཁྱེར་ནས་སངས་རྒྱས་རིང་བསྲེལ་ཡོད་སའི་མཆོད་རྟེན་ཅིག་ལ་བསྐོར་བ་ཐེབས་ནས། ཕྱིས་སུ་སངས་རྒྱས་ཤྰཀྱ་ཐུབ་པའི་སྐབས་སུ་ཁྱིམ་བདག་རྒད་པོའི་རྒྱུད་ལ་ཐར་པ་ཆ་མཐུན་གྱི་དགེ་རྩ་ཡོད་པར་གསུངས་པ་སོགས་ནི། ཐེག་དམན་དང་། བྱང་སེམས་ཙམ་གྱིས་དབང་དུ་བྱས་པ་ལ། དེ་ལྟར་ཡོད་ཆོག་ན། སངས་སྔགས་ཉམས་ལེན་པ་ལ། དགེ་བ་བརྒྱ་འགྱུར་དང་འབུམ་འགྱུར་ནི་སྨྲོས་མ་དགོས་པ་མིན་ནམ། ལགས།
འགྱུར་སྔགས་དང་། ཕྲེང་སྔགས་དང་། རྐང་མཐིལ་སྔགས། ངག་བྱིན་རླབས། ཕྱག་འཚལ་སྔགས། ཤ་སྔགས་དང་། དཔེ་ཆའི་སྟེང་མི་འགྲོ་ཀ་༼ཁག་༽མེད་བྱུང་ན་སྔགས་སོགས་ཤིན་ཏུ་མང་ང་ོ།། །།
ཀླུ་འབུམ་པས་བྲིས་པ་དེ་དག་གི་སྐོར་ནི། གནའ་དེང་གི་མཁས་གྲུབ་ཚོས་གཙུག་ལག་རྩིས་དང་། མདོ་རྒྱུད་བསྟན་བཅོས་གཞན་རྣམས་སུ་ལེགས་པར་བཀྲལ་ཟིན་པ་འབའ་ཞིག་རེད་འདུག་པས། འདིར་ཡོངས་སུ་གླེང་བར་དགོས་པ་ཆུང་ཞིང་བརྗོད་ཚད་ཀྱང་མེད་པར་བརྟེན། དེ་དག་གི་སྐོར་ལ་ཕྲན་རང་གི་བསམ་ཚུལ་མདོར་བསྡུས་ཙམ་ཞིག་ཞུ་ན། སྤྱིར། གཙུག་ལག་རྩིས་ཀྱི་བསྟན་པ་ལའང་ ཕྱི་དང་། ནང་དང་། གསང་བ་བསམ་མི་ཁྱབ་པ་སྟེ། གསུམ་དུ་ངེས་པ་ལས། དང་པོའི་དོན་ནི། འཇིག་རྟེན་ཕལ་བའི་ཁམས་མོས་དང་བསྟུན་པར་འདུ། གཉིས་པའི་དོན་ནི། ནང་ལུས་ཁམས་ཀྱི་རྩ་དང། རླུང་དང་། ཐིག་ལེ་རྣམས་དང་། དེ་དག་ཕྱི་རོལ་ཀྱི་ནམ་མཁའི་རྣམ་པར་སྣང་བ་ཡི་ ཉི་ཟླ་གཟའ་སྐར་དང་། ས་ཆུ་མེ་རླུང་སོགས་དང་འབྲེལ་ཚུལ་ལ་འདུ། གསུམ་པའི་དོན་ནི། བརྩི་བྱ་དང་རྩི་བྱེད་གཉིས་སུ་མེད་པ་སྟེ། དག་མཉམ་དུ་བརྡལ་བའི་དོན་ལ་འདུ་བར་འཁུམས་སོ།། ད་རེས་དེ་ཙམ་ཡིན། རྗེས་སུ་དྲ་རྒྱའི་འཛུལ་སྒོ་ཡངས་པ་དང་། ངལ་གསོའི་གོ་སྐབས་འདྲ་ཤར་སོང་ན། མུ་མཐུད་ནས་དེ་ཚོའི་སྐོར་ལ་ཕྲན་རང་གི་བསམ་ཚུལ་ཉུང་བསྡུས་ཙམ་རེ་འབུལ་ཆོག་པ་ཞུའོ།།
རྒན་ལགས་ཚང་མ་དད་པ་དང་ཡིད་ཆེས་ལ་རག་ལུས་ཡོད་མ་རེད་དམ་
ཀླུ་སྨྱོན་ལགས། གོ་རྒྱུ་ཡོད་པའི་དོགས་སློང་ཞིག་རེད་ཡ། སྤྱིར་སྟངས་བཅོས་དཀའ་བའི་ལོ་རྒྱུས་སྨྲ་བའི་ནོར་འཁྲུལ་ཚབས་ཆེན་ཞིག་རེད། འོན་ཀྱང་གོ་དོན་རགས་པ་ཞིག་བྱེད་ན། དུས་ཀྱི་དགེ་བ་འཕེལ་འགྱུར་ཕྱིན་པ་ཕྱིའི་གཟའ་སྐར་དང་། བཅུད་ཀྱི་འདུ་ཤེས་གཉིས་ཀྱི་ཐོགས་ནས་ཤུགས་རྐྱེན་ཐེབས་པ་མིན་དྲོ། དཔེར་ན། དུས་བཞིའི་གྱུར་བས་ང་ཚོར་འཆམ་ནད་སོགས་ཀྱི་ལུས་སེམས་ལ་གྱུར་ལྡོག་ཡོང་བ་དང་། འདུ་ཤེས་བཟང་ངན་ལས་ལུས་ཀྱི་ན་ཚ་ལྕི་ཡངས་སུ་སོང་བ། སྙིགས་མ་ལྔའི་དུས་ཟེར་བ་ལྟ་བུ་རེད། ཡང་སྐར་མ་སྨིན་དྲུག་འཕོག་པའི་ཆུ་ལ་ལུས་ཁྲུས་ན་ནད་མི་ཡོང་བ་སོགས་འཇིག་རྟེན་ཁ་དཔེར་འདུག །མིས་དགེ་བ་བསགས་དང་། བསོད་ནམས་བསགས་ཟེར་བ་རྒྱུ་རྐྱེན་གང་ལ་བརྟེན་ནས་རང་ཉིད་ཀྱི་ཀུན་སྤྱོད་དང་། བསམ་པའི་འདུ་ཤེས་བཟང་ཕྱོགས་སུ་སོང་བ་ལྟ་བུ་ཞིག་ལ་གོ་བ་ལེན་བཞིན་ཡོད། དེ་ལྟར་བཟང་ཕྱོགས་སུ་སོང་བར་ཕྱིའི་རྟེན་འབྲེལ་མང་པོ་ཚང་བ་ལའང་ལག་ལུས། ངས་བསམ་ན་སྟོན་པའི་མཛད་པ་ཙམ་ལས་དུས་ཇི་བཟང་དུ་སོང་བ་མ་ཡིན་པར། དུས་སྐར་བཟང་བའི་སྐབས་འདིར་སྟོན་པས་མཛད་པ་མཛད་པ་ཡིན་སྙམ།
དགེ་བ་འབུམ་འགྱུར་དུ་སོང་མིན་གྱི་གནད་དོན་འདི་ང་ཚོར་ཤིན་ལྐོག་ཡིན་སྙམ། ཞལ་བྱ་ཤིན་ལྐོག་དང་དད་པ་དམ་ཚིགས་དབར་འབྲེལ་བ་ཤུགས་ཆེན་ཡོད། གང་ལ་མོས་པ་གཙོ་ཆེ་བ། །དེ་ཡི་མདུན་དུ་ཐུབ་པ་ཞུགས།། གསུངས་པ་དང་། ཁྱི་སོ་ལས་རིང་སྲེལ་འཁྲུངས་པའི་ལོ་རྒྱུས། རྣམ་རྟོག་ལས་ནད་བྱུང་ལུགས་སོགས་ལྟར་ན། ལྷ་ས་བ་དང་ཨ་མདོ། ཐེག་དམན་པ་དང་ཐེག་ཆེན་སོ་སོའི་མོས་པ་གང་ལ་ཡོད་པ་དེ་ལས་འགྱུར་ལྡོག་སོང་བ་ཡིན་སྙམ། འདི་ཨ་ཁུ་ཀླུ་སྨྱོན་ལགས་མགོ་སེར་བ་ཚོར་འགྲེལ་བཤད་གནང་རྒྱུར་ཕན་སྲིད། ཧིཧི་ སྐུ་རྩེད་ཡིན།
གང་ལྟར་ང་ནི་ཉེ་འཆར་རྒྱ་གར་དུ་སངས་རྒྱས་ཀྱི་སྐུ་རུས་རྙེད་ནས་ཚན་རིག་པས་ཞིབ་འཇུག་བྱེད་བཞིན་པའི་གྲུབ་འབྲས་ལ་བསྒུག་ནས་ཡོད་དོ།
བོད་ལུགས་ཀྱི་ས་ག་ཟླ་བ་བརྩི་ཚུལ་ནོར་འདུག ས་ག་ཟླ་བ་ངོ་མ་ནི་ ཡོངས་གྲགས་སུ་Vaisak ཟླ་བ་རེད། དགེ་བ་འབུམ་འགྱུར་འགྲོ་ཚུལ་ནི་མདོ་རྒྱུད་རྣམས་ཀྱ་ི་ལུང་ལ་ཡིད་ཆེས་བྱ་རྒྱུ་རེད།
བོད་ལུགས་ཀྱི་ས་ག་ཟླ་བ་བརྩི་ཚུལ་ནོར་འདུག ས་ག་ཟླ་བ་ངོ་མ་ནི་ ཡོངས་གྲགས་སུ་Vaisak ཟླ་བ་རེད།
ས་ག་ཟླ་བ་གཅིག་པུ་མ་ཡིན་པར་ཉ་སྟོང་ཚེས་བརྒྱད་དང་བཅུ་སོགས་ལ་དགེ་བ་འགྱུར་ཆེ་བ་ཡོད་ཚུལ་ག་རེ་ཡིན་ནམ།
དངོས་ནས་ལས་ཞིག་ཡོད་ན་དང་པོ་མྱལ་བ་འགྲོ་མཁན་བོད་པ་ཡིན་དེའི་ནང་ང་དང་པོ་འགྲོ་དགོས།
ངས་བསྡོམས་རྩིས་རྒྱབ་ན་ཉིན་རེ་ལ་གཟའ་མིག་དམར་ཕུད་ར་ལུག་བཅུ་རེ་རྡ་རིན་ས་ལའི་བོད་པའི་ཁ་ནང་ལ་འགྲོ་བཞིན་ཡོད།
ལོ་རེ་ཉུང་རྩིས་བྱས་ན་ར་ལུག་སུམ་སྟོང་ཉི་བརྒྱ་རེ་ཚེ་སྲོག་འཕྲོག་གིན་ཡོད་། བོད་མིའི་ས་ལ་དྲུག་ཡོད་ཟེར་།དུད་འགྲོ་ས་ཡ་དེའི་ཚེ་སྲོག་འཕྲོག་ཡོད་དམ། བོད་པའི་ཐོག་ལ་དྲི་བ་མང་པོ་ཞིག་སླེབ་བཞིན་ཡོད། དེའི་ནང་ནས་བླ་མ་དང་གྲྭ་བ་ཚོ་ལ་འགན་འཁྲི་ཡོད།
འདིའི་སྐོར་ལ་གནད་དོན་གཉིས་འདུག
གཅིག ས་ག་ཟླ་བའི་དུས་ཚོད་གཏན་འཁེལ་མེད་པ་སྟེ། སྐར་རྩིས་དང་ཕྱི་རྩིས་ཀྱི་ཁྱད་པར། དེ་བཞིན་ཡུལ་གྲུ་སོ་སོའི་ཁྱད་པར་སོགས་རེད།
གཉིས། འབུམ་འགྱུར་འགྲོ་སྟངས་ཀྱི་སྐོར་རེད།
དང་པོ་དེ་གཙོ་བོ་རྒྱ་གར་གྱི་དུས་ཚོད་ལ་གཞི་འཛིན་དགོས། སྟོན་པ་སངས་རྒྱས་པའི་ཟླ་བ་དེ་ལ་ས་ག་ཟླ་བ་ལ་ངོས་འཛིན་པ་དང་། དེ་བོད་དང་ཡུལ་གྲུ་གཞན་ལ་ཟླ་བ་ཇི་འཁེལ་ལ་ཁྱད་པར་མེད། གཞི་དེ་རྒྱ་གར་གྱི་ཟླ་བ་བཞི་པ་དེར་ངོས་འཛིན་དགོས།
གཉིས་པ་དེ་ལ་ཞིབ་འཇུག་བྱེད་དགོས་འདུག
སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། དགེ་བ་མེད། སྡིག་པ་མེད། དགེ་མི་དགེ་གཉིས་ཀྱི་མཚམས་མེད། མཚམས་མེད་པའང་མེད་པས། ག་རེ་བཤད་བཤད་རེད་དོ། ཧ་ཧ་ཧ་ཧ
བསམ་ཤེས་ལགས། ་རྒྱ་གར་གྱི་ཟླ་བ་བཞི་པ་མ་རེད། རྒྱ་གར་དང་བལ་པོའི་ཟླ་བ་དང་པོ་Vaisak རེད།
བླ་རྒན་རྒས་རུ་རྒས་རུ།
དྲི་བ་མང་རུ་མང་རུ།
འཆི་ཁར་བླ་མར་གཏུགས་ནོ།
བླ་རྒན་དམྱལ་བའི་ཡུལ་རེད།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ས་ཏོ། ས་ཏོ། ཧ་ཧ་ཧ།
ནུབ་ཕྱོགས་གངས་ཕྲུག་ལགས།
ཐུགས་རྗེ་ཆེ། རྒྱ་གར་ཟླ་བ་དེ་ངོ་མ་ངས་མི་ཤེས། མུ་མཐུད་སྦྱང་གི་ཡིན།
ཨ་མདོའི་ས་ག་ཟླ་བ་ཟེར་བ་ཞིག་ཡོད་པ་གོ་མ་མྱོང་། དེ་མ་པུའུ་ཧྥང་གི་སྐྱེས་སྐར་འདྲ་ཞིག་ཡིན་ནམ།
ཐེག་དམན་པ་འགས། VAISAK ཞེས་པའི་སྟོན་པའི་དུས་ཆེན་སྲུང་བརྩི་བྱས་པར། རང་ལུགས་ས་ག་ཟླ་བའི་དུས་ཆེན་ཉམས་ལེན་ལེན་འདི། ཁུངས་མེད་དུ་བཤད་པ་འདི་ཡང་བདེན་པ་མ་རེད་དོ།། །།
བོད་བརྒྱུད་ནང་བསྟན་པའི་ཚད་ལྡན་རྩིས་རིག་སྨྲ་བ་ཚོས་ཞག་གསུམ་གྱི་རྣམ་བཞག་བཅས་ཀྱི་སྒོ་ནས་ལོ་ཟླ་ཞག་ཟ་སོགས་གཏན་ལ་འབེབ་ཚུལ་གྱི་ལམ་ནས་བལྟས་ཚེ། བོད་ཡུལ་མདོ་དབུས་ཁམས་གསུམ་གྱི་གནམ་རིག་པ་ཕལ་མོ་ཆེ་རྩ་བའི་ཁུངས་གཞི་ཆེན་པོ་གསུམ་སྟེ། ཕུག་ལྷུན་ཡབ་སྲས་ཀྱི་གསུང་དང། སྡེ་སྲིད་བཻ་དཀར། ལོ་ཆེན་པའི་རྩིས་གཞུང་ཉིན་སྣང་གསུམ་ལ་གཏུགས་ཡོད་པས་འགལ་བ་གང་ཡང་མེད་ཚུལ་ནི། འཇམ་མགོན་མི་ཕམ་རྒྱ་མཚོའི་སྐར་རྩིས་ཀྱི་འགྲེལ་བ་དང་། མདོ་སྨད་ཡུལ་བྱོནད་བློ་བཟང་ཆོས་ཀྱི་ཉི་མ་དང་། ཉེ་དུས་ཀྱི་ཞིང་གཤེགས་དམ་པ་ཨ་ཁུ་བསམ་འགྲུབ་རྒྱ་མཚོའི་འགྲེལ་བ་རྣམས་སུ་ལེགས་པར་གཟིགས་ན་ཤེས་པར་ངེས་པས། དེ་དག་ཏུ་གཟིགས་རོགས། འོ་ན། དབུས་གཙང་དང །མདོ་ཁམས་ཀྱི་ཡུལ་མི་ཚོས་ས་ག་ཟླ་བ་ངོས་འཛིན་ཚུལ་གྱི་བར་ལ་སྔ་ཕྱིའི་ཁྱད་དེ་ཙམ་ཞིག་ཕྱིན་པ་ཅི་ནམ་ཞེ་ན། དེ་ནི་བོད་ཡུལ་ལུང་འགའ་་ན་བརྩི་ལུགས་རྣམ་པ་གཉིས་ཏེ། སྐར་རྩིས་པ་དག་གི་བཞེད་ཚུལ་ལ་བསྟུན་པ་དང་། བསྟུན་མི་ཤེས་པའི་་བརྩི་ལུགས་གཉིས་ཡོད་པ་ལ་བརྟེན་ནས་བྱུང་བར་མངོན། དེ་ཡང་གསལ་བོར་བཤད་ན། མདོ་ཁམས་གཉིས་ཀྱི་ཡུལ་དུའང་གོང་དུ་བརྗོད་པ་ཙམ་མ་ཡིན་པར། དེ་ལས་གཞན་ཡང་། གཙུག་ལག་རྣམ་གཉིས་ཀྱི་དོན་ལ་མཁས་པའི་ཡང་རྩེར་སོན་པ་དུ་མ་ཞིག་བྱོན་དང་བཞུགས་བཞིན་ཡོད་པ་ནི་ཞུ་མ་དགོས་མོད། འོན་ཀྱང་། དམངས་ཁྲོད་དུ་ལོ་ཐོ་སོགས་སྤེལ་སྲོལ་ཉུང་བ་དང་། དེའི་དབང་གིས་ཨ་མདོ་དང་། ཁམས་པའི་ཡུལ་ལུང་རྣམས་སུ་ ལོ་རེའི་གཏན་ཕབས་ལོ་ཐོའི་ངོས་བཀོད་ལྟར་བགྲང་བ་དང་། ཚེས་གྲངས་ཆད་ལྷག་དང་ཟླ་བཤོལ་ཡོད་མེད་ལ་དོ་སྣང་མི་བགྱི་བར་ནར་ཚུགས་སུ་རྩི་བའི་རིགས་གཉིས་མཆིས་པ་ལས། སྔ་མ་ནི་ལུགས་དང་མཐུན་ལ། ཕྱི་མའི་རིགས་ཀྱིས་བརྩི་ཚུལ་གྱི་དབང་དུ་སོང་ཚེ། བོད་ལུགས་སྐར་རྩིས་ཀྱི་རྣམ་བཞག་དང་འགལ་བ་ནི་སྨོས་མ་དགོས། འོན་ཀྱང་། དགེ་སྡིག་འཕེལ་འགྲིབ་་ཀྱི་ཚད་ལ་ཁྱད་མེད་པར་འདོད་དེ། ཆོས་རྣམས་ཐམས་ཅད་སེམས་ཡིན་ཏེ།།འདུན་པའི་རྩེ་ལ་རབ་ཏུ་གནས།།ཞེས་གསུངས་པའི་དོན་ལ་དགོངས་འཆར་གནང་བར་ཞུའོ།། དགོངས་དག་ཆུ་ཚོད་རྫོགས་ཚར་བཞག་ རྗེས་མ་ཡང་བསྐྱར་མཇལ་འོང་།
གཞོན་ནུ་དོན་གྲུབ་ལྷུམས་སུ་བཞུགས། །
གཞོན་ནུ་དོན་གྲུབ་ཁྱིམ་ནས་ཐོན། །
གཞོན་ནུ་དོན་གྲུབ་ལོ་དྲུག་བསྒོམས། །
གཞོན་ནུ་དོན་གྲུབ་ས་གར་མཁྱེན། །
སྤྱིར་བཏང་འདི་འདྲའི་རིགས་ལ་ཧ་ལས་དགོས་པ་ཅང་མེད། བོད་ཀྱི་ཆོས་ལུགས་ཆོས་བརྒྱུད་བར་འདི་རིགས་གང་བསྡད་ཡོད། རང་ཕྱོགས་ཡང་དག་དང་དག་སྣང་གི་ཞིང་ཁམས་ཤིག་ཏུ་སྒྲུབ་རྒྱུར་དགའ་བས་འདི་རིགས་རྒྱུན་མི་ཆད། འདི་རིགས་ཐག་ཆོད་དགོས་ན་སངས་རྒྱས་དངོས་སུ་ཕེབས་ན་མ་གཏོགས་དཀའ། འགལ་འདུ་ཙམ་ལས་སྙིང་པོ་ཡོད་པ་ཞིག་གཏན་ནས་མིན། སྙིང་པོ་ཡོད་ན་རང་བཞིན་དེ་ལས་མ་འདས་པ་དགོས་ཕྱོགས་གཅིག་ལ་ཡོད་ཀྱང་གཅིག་ལ་མེད་པ་ལྟ་བུ་གཏན་ནས་མིན་དགོས། དེས་ན་གཙོ་བོ་དུས་ཆེན་བརྩི་སྲུང་བྱེད་མི་བྱེད་གང་ཟག་རང་ལ་ཐུག་ཡོད།
༡༽ འབུམ་འགྱུར་ཞེས་པ་དགེ་བ་སྟོབས་ཆེན་འགྲུབ་པ་ལ་གོ་དགོས་པ་ལས་ཁྱེད་ཀྱི་མ་ཎི་ཚིག་གཅིག་ཀློག་པ་དེ་དབྱིངས་ན་བཞུགས་པའི་སངས་རྒྱས་ཀྱིས་མཁྱེན་ནས་འབུམ་དུ་བཟོས་བཞག་པ་ཞིག་ཡིན་རྒྱུ་མ་རེད་དྲན། དུས་ཀྱི་འདོད་ཚུལ་ཙམ་མ་འདྲ་བ་ལ་ཧ་ལས་དགོས་པ་ཅང་མེད། དཔེར་ན་འཁྲུངས་སྐར་དུས་ཆེན་ཉིན་ཨ་རི་དང་རྒྱ་གར་ཉིན་མཚན་ལྡོག་པ་བཞིན་ནོ།
༢༽ འདི་ནི་གང་ཟག་གི་དགེ་སེམས་དང་འབྲེལ་བ་ཡོད་དུས་ཆོས་ལུགས་ཀྱི་བྱེད་སྒོ་ཙམ་ལས་འཛམ་གླིང་ཡོངས་དང་འབུ་གྲོག་མ་སོགས་ལ་དེ་འདྲ་ཡིན་རྒྱུ་མ་རེད་དྲན། ཀུན་ལ་ཡིན་ན་སྐབས་འདིར་འཛམ་གླིང་དུ་ཤི་བསད་གཏུབ་བཞིན་པ་རྣམས་ཕལ་ཆེར་སངས་རྒྱས་ཚོད་ཡིན།
༣༽ ཁྱེད་ཀྱིས་ཕྱིའི་ཉི་ཟླ་བཟའ་སྐར་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་སོགས་ལ་གནས་པའི་སེམས་ཅན་ཡོད་པ་ཁས་ལེན་གྱི་ཡོད་ན་དེ་དང་འབྲེལ་བའི་དགེ་སྡིག་འཕེལ་འགྲིབ་ཡོད་སྲིད།
༤༽ གང་ཟག་རང་གི་ལུས་ཀྱི་རྩ་ལུང་སོགས་དང་འབྲེལ་བ་ཡོད་མེད་དེ་གཙོ་བོ་རང་གི་ཉམས་ལེན་ལ་ཐུག་ཡོད། ཉམས་ལེན་གྱི་གནད་མ་ཕུག་ན་དོན་མེད་ཐེ་ཚོམ་གྱི་དྲ་བར་ཚུད་པ་དང་ཡང་ན་ལོག་ལྟ་སྐྱེ་བ་སོགས་འབྱུང་སྙམ།
༥༽ ཁྱེད་ལ་དྲི་བ། ཁྱེད་ཀྱི་སེམས་ཁམས་སམ་རིག་པ་དེ་འོད་འདྲ་བོ་ཞིག་འདུག་གམ་ཡང་ན་རླུང་འདྲ་བོ་ཞིག་འདུག དང་པོ་འདི་ཐག་ཆོད་ན་ད་གཟོད་དགེ་སྡིག་འོད་རླུང་གང་འདྲ་ཐག་ཆོད་དོ། ཨ་ཁུ་ཀླུ་སྨྱོན་བཀའ་དྲིན་ཆེ།
ས་ག་ཞེས་པ་འདི་་བོད་ཀྱི་འདོད་རྒྱལ་གྱི་སྒྲ་ཡིན་ནམ། ཡང་ན། རྒྱ་གར་གྱི་སྒྲ་ཟུར་ཆག་པ་ཞིག་ཡིན། སྔར་ནས་དྲིས་ཀྱང་ལན་གསལ་ཞིག་མ་བྱུང་། དོན་མཐུན་གི་ལན་ཞིག་མེད་པ་ཡིན་ངེས།
ཡར་བཤད་མར་བཤད་གང་བྱས་ཀྱང་ཀླུ་སྨྱོན་གྱི་དྲི་བར་ལན་མི་འདུག་ལ་དེ་བཞིན་ཁོང་གི་དོག་པ་ཡང་སེལ་ཐུབ་མ་སོང།
བོད་ཀྱི་ཚིག་མཛོད་ཆེན་མོ་ལས།
ས་ག་ཟླ་བ། རྒྱུ་སྐར་ས་ག་འཆར་བའི་བོད་ཟླ་བཞི་པ་འདིའི་ཚེས་པ་བཅོ་ལྔ་ལ་སངས་རྒྱས་ཤྰཀྱ་ཐུབ་པ་སྐུ་བལྟམས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པའི་དུས་ཆེནགསུམ་འཛོམས་ཡིན་པར་འདོད་ལ། ཟླ་བ་འདིའི་ནང་ཆོས་སྤྱོད་ཀྱི་བྱ་ཤིན་ཏུ་མང་།
ཞེས་གསུངས་པ་ལྟར་ན། རྒྱ་གར་སྐད་ཀྱི་ཟུར་ཆག་པ་ཅིག་ཡིན་པར་ངེས་སོ་སྙམ་ལགས།
༢༠༡༤།༠༧།༠༦འདི་ཡང་བོད་ལུགས་སྲོལ་རྒྱུན་ལྟར་ན། ༸གོང་ས་མཆོག་གི་འཁྲུངས་སྐར་མིན་ན་ཡང་། འཁྲུངས་སྐར་གྱི་གོ་ཆོད་པ་ལྟར། བོད་པས་བརྩིས་པའི་ཚེས་བཅོ་ལྔ་གང་ཞིག་རྒྱ་གར་གྱི་ས་ག་དངོས་དང་མ་མཚུངས་ན་ཡང་། ས་གས་གོ་ཆོད་པར་ངས་འདོད་དོ། ཀླུ་སྨྱོན་དང་། བན་དེ་གཉིས་ལ། ད་དུང་ཐུགས་དོགས་ཡོད་ན་གསུང་ཅིག་ཀྱེ།
་་་་་་་ དགེ་སྡིག་ཅེས་པ་ནི་འོད་ལྟ་བུ་ཞིག་ཡིན་ནམ། ཡང་ན་རླུང་ལྟ་བུ་ཞིག་ཡིན། ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་དུ་དགེ་སྡིག་བག་ཆགས་ཕོར་བའི་ནང་དུ་ཆུ་བླུགས་པ་བཞིན་ཡོད་དམ། ་་་་་་་
ལས་སྐད་ཅིག་གཉིས་པར། ལས་ཞིག་པའི་ངོ་བོར་འགྱུར་བ་དང་། ལས་ཞིག་པ་ལས། ཞིག་པ་དང་། དེ་ཞིག་པ་ལས་ཞིག་གཞན་སོགས་ལས་ཀྱི་འབྲས་བུ་མ་སྨིན་པར། ཞིག་པའི་ངོ་བོར་གནས་པ་ལས། རྣམ་ཤེས་ཕོར་པའི་སྟེང་དུ། ལས་ཀྱི་ཆུ་བླུགས་པ་ནང་བཞིན་ཅིག་ག་ལ་ཡོད་སྙམ་མོ།། །།ད་དུང་དཔྱད་པར་འཚལ།། །།
འབུམ་འགྱུར་ཟླ་བ།
ས་ག་དང་པོ་ཉིད་ནས་ཟླ་བར་འགྱུར། །
ས་ག་ཟླ་བ་འབུམ་འགྱུར་རྐྱེན་གྱིས་འགྱུར། །
ས་ག་ཟླ་བར་དོན་གྲུབ་བརྩོན་པས་འགྱུར། །
ས་ག་ཟླ་བར་དད་བརྩོན་འབུངས་པས་འགྱུར། །
གཞོན་ནུའི་དོན་གྲུབ་ས་ཟླ་ནི། །
ས་གའི་ཉ་ལ་ལྷུམས་སུ་བཞུགས། །
ས་གའི་ཉ་ལ་སངས་རྒྱས་ལ། །
ས་གའི་ཉ་ལ་མྱ་ངན་འདས། །
ས་གའི་བདུན་ལ་སྐུ་བལྟམས་སོ། །
གསུངས་པ་དག་གི་ཁུངས་འཚོལ་ཅིག །
ས་ག་ཟླ་འདིར་དགེ་སྡིག་གང་བྱེད་ཀྱང་འབུམ་འགྱུར་འགྲོ་བས་ཁུངས་དང་ལུང་ག་རེ་ཡོད་