སྤྱན་ཆེན་པོ།
ཞི་འཇམ་གྱིས་བཞུད་པའི་ཉི་ཟེར་སེར་པོས
ས་ཆེན་པོའི་པང་ལ་མགོ་བོ་བཞག་ནས
ཅི་ཡང་མ་ཐོབ་པའི་ལག་ཟུང་ཕྱིར་བསྐུམས་དུས
མུན་པས་ཟོས་པའི་བར་སྣང་གི་གཤོག་པ་འདི་ནི
མཛའ་མོས་ང་ལ་སྐྱེས་སུ་ཕུལ་བའི་སྙན་ངག་དེ་ཡིན
བྲེད་ཤ་ལངས་པའི་མཚན་མོ་འདིའི་ཕ་མཐའ་རིང་མོ
སུ་ཞིག་གིས་དྲན་པའི་རྟེན་དུ་བཞག་པའི་མེ་ལོང་དེ་ཡིན་ན་ཡང
མེ་ལོང་ལ་ཐོགས་པའི་སྒྱུ་འཕྲུལ་གྱི་རྟོགས་བརྗོད་རིང་མོ
རབ་རིབ་ཀྱི་དབྱིངས་སུ་དཔྱངས་པའི་ཆགས་སྡང་རིང་མོ་ཞིག་རེད
མཐའ་འཁོར་གྱི་མལ་ཁང་དག་ན་གྲག་བཞིན་པའི་སྔུར་སྒྲ་དང
མཚན་མོ་གྲངས་མེད་ཀྱི་ཆར་བའི་ཤག་སྒྲའི་ཁྲོད་ནས
སེམས་པ་དམར་བོ་ཞིག་གིས་དོ་ནུབ་ཀྱི་ནམ་ཟླ་ལ་གློ་བ་གླན་བཞིན
རང་ཉིད་ཀྱི་དུར་ས་སྐྱ་བོ་དེ་བཙལ་དུས
ཞིག་རལ་དུ་གྱུར་བའི་འཁུན་སྒྲའི་ཕོ་བྲང་ཞིག་ལས
རང་ཉིད་ལ་དབང་བའི་གནས་མལ་དེ་ཡེ་ནས་མི་འདུག
༢༠༡༤-༥-༡༢མཚན་མོར་བྲིས།
ཁ་སང་གི་ཀུ་སྒྲ
དེ་རིང་གི་དངན་པ
སང་ཉིན་གང་ལ་འགྲོ
སུ་ཡིས་ཁ་ལོ་བྱེད
འཁུན་སྒྲའི་ཕོ་བྲང་དེ་ནི་མཛའ་མོ་དེས་ཁྱོད་ལ་བྱིན་པའི་ན་ཟུག་ཡིན།