ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ།
དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་ལས་གཞི་དབུ་འབྱེད་གནང་རྒྱུ།
བོད་མི་ཚོས་འཚེ་མེད་ཞི་བའི་ལམ་ནས་རང་དབང་བསྐྱར་གསོའི་ལས་འགུལ་སྤེལ་བཞིན་ཡོད་པ་དེ་དག་རྒྱལ་སྤྱིའི་སྟེང་གོ་རྟོགས་རྒྱ་ཆེ་སྤེལ་ཐབས་སུ་དབུས་བོད་མིའི་སྒྲིག་འཛུགས༌ཀྱིས་དབུ་མའི་ལམ་གྱི་ལས་འགུལ་དང་འབྲེལ་བའི་ཡིག་ཆ་ཁག་ཅིག་དང་སྐར་མ་ ༧ ཅན་གྱི་གློག་བརྙན། དེ་བཞིན་དབུ་མའི་ལམ་གྱི་དྲ་རྒྱ་གསར་པ་བཅས་དབུ་འབྱེད་གནང་གཏན་འཁེལ་ཡོད། དེ་ཡང་ཕྱི་ལོ་༢༠༡༤ ཟླ་༦ ཚེས་༥ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡།༣༠ ཐོག་རྡ་སྟེང་བོད་ཁྱིམ་ཚོགས་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སློབ་ཕྲུག་རྣམས་ལ་ནང་ཆོས་ངོ་སྤྲོད་མཛད་རྒྱུའི་སྐབས་དང་བསྟུན། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གོང་འཁོད་ཡིག་ཆ་དེ་དག་སྤྱན་བསྟར་ཞུ་བ་དང་སྦྲགས། དབུ་མའི་ལམ་གྱི་དྲ་རྒྱ་དབུ་འབྱེད་གནང་རྒྱུ་ཡིན་འདུག
དབུ་མ་འོ་མ་འདྲ་བོ། འཐུང་རྒྱུ་བྱུང་ན་བསམ་གི
རློན་པ་བཏུང་ན་གཉང་ཡོང་། ཁོལ་མ་བཏུང་ན་གང་འདྲ།
ད་དབུ་མ་དབུ་མ་རང་ལབ་ནས་མགོ་འཁོར་མ་སྡོད། དབུ་མ་མ་རེད། དབུ་མེད་རེད། བོད་ལམ་དབུ་མས་སྐྱེལ་ཚར་བ་རེད། དེ་མགོ་བསྐོར་བྱེད་རེད། རི་བོར་རྭ་རང་རེད།
བྱེ་མ་བཙིར་ནས་སྣུམ་མི་འཐོབ་པ་དང་གཅིག་པ་རེད། ད་ཐུགས་རྗེ་གཟིགས་མི་དམངས་མགོ་མ་བསྐོར་རོགས།
དབུ་མ་བྱངས་སེམས་ཅན་པོ།། དགྲ་ལ་བྲིན་པ་མི་འདུག། བདག་གཞན་བཏུལ་བའི་ལམ་ཞིག། སུ་ལ་གསུངས་ཡ་མིའདུག།
དབུ་མ་བདུད་རྩིའི་རོ་མཆོག། ལྷ་ལ་བྲིན་པ་མེད་ན།། འདྲེ་ལ་བྲིན་ཐུབ་མེད་པས།། འུ་ཚུགས་བསྐྱོན་པ་མ་གནོངས།།
དབུ་མ་བསམ་བརྒྱ་ཅན་པོ། སེམས་པའི་ཚོར་བ་ཙམ་ལས། རྒྱ་དང་བོད་ཀྱི་བར་ན། སྟོང་པ་ཉིད་ལས་མ་འདས།
དབུས་མ་ཨ་མའི་འོ་མ་འདྲ། །
རང་བཙན་དཔའ་པོའི་ལག་རྩལ་འདྲ། །
དབུས་བཞུགས་བསམ་ཡོད་དྲང་བདེན་རེད། །
རང་བཙན་མ་ནིང་རྒྱོ་འདོད་འདྲ། །
ཧ་ཧ་ཀུ་རེ་ཡིན་ནོ་ཀྱེ། །
དབུ་མ་འདི་དབྱིན་ཇི་བར་ངོ་མ་འཕྲོད་པར་ཡོད་པ་ཡིན་ནམ།
གོང་གི་པར་ལ་བལྟས་ན་རྒྱ་ཡིག་གི་ངོ་སྤྲོད་མིན་པ་འདྲ།
བོད་ཡིག་ཁྱོན་ནས་མེད་པ་འདྲ།
༄། དབུ་མ་རང་སྟོང་ཡིན་ནམ་།
དབུ་མ་གཞན་སྟོང་ཡིན་ནམ།
དབུ་མ་ཆད་མཐའ་མིན་ནམ།
དབུ་མ་རྟོགས་པ་ཡོད་དམ།
སེང་གེ་གང་ལ་བཞུགས་དུས།
སེང་གེ་གཡུ་རལ་རྒྱས་པ།
སེང་གེ་སྲིད་སྐྱོང་འཁོད་དུས།
ཁྱི་རྒན་རྒྱ་བོ་འདྲ་སོང།
སེང་གེས་གོ་ས་རེ་ནས།
དབུ་ལམ་དྲ་བརྒྱར་འབྱེད་སོང།
འཛམ་གླིང་དབུ་མར་གོ་ཀྱང།
རྒྱ་དམར་བདེན་པར་་གྲུབ་པ།
དོན་ཚན་བཅུ་བདུན་བཞག་སོང།
དོན་ཚན་བཅུ་གཉིས་བཞག་སོང།
དོན་ཚན་ལྔ་པ་སྤྲད་སོང།
རྒྱ་རོས་མགོ་སྐོར་གཏང་སོང།
བྷོ་ཊ་རེ་བ་ཆེ་ལ་།
རྒྱ་འདྲེ་དོགས་པ་ཚ་ལ་།
ཁྱི་རྒན་རྒྱ་རོའི་འོག་ནས།
དབུ་ལམ་ག་ལ་ཡོད་དམ།
དབུ་ལམ་དང་པོ་གོ་དུས།
གང་ཅན་རེ་བ་ཆེ་སོང་།
རྟག་ཆད་གཉིས་དང་བྲལ་བས།
འཛམ་གླིང་ཡིད་དབང་འཕྲོག་སོང།
བར་དུ་འབྲེལ་བྱེད་མང་བས།
དབུ་མ་ཆད་མཐའ་ལྷུང་སོང།
མཐའ་མར་ཟམ་གདོང་བླ་མས་།
ཙི་ཙིའི་རྔ་ལྟར་བཅོས་སོང།
དབུ་མ་བདུད་རྩི་འདྲ་པོས།།
འཆི་ཁའི་ནད་འདི་གསོ་ཡོང་།།
རང་བཙན་དགྲ་སྟ་འདྲ་པོ།།
བཙན་པོའི་བྲག་ལ་མི་འགྲོ།།
དབུ་མ་ཉི་མ་འདྲ་པོ།།
མྱུར་དུ་ཤར་ན་མ་གཏོགས།།
རེ་བའི་རེ་སྒུག་ཁྲོད་ནས།།
ཤི་གསོན་སྐྱེ་བ་འདགས་ཐལ།།
སྲིད་སྐྱོང་ཉི་མ་འདྲ་པོ།།
བལྟས་ན་རྫུག་ཉམས་ཆེ་ཡང་།།
ཤར་ན་ནུས་པ་མེད་པ།།
གྲང་ངར་ཁྲོད་ཀྱི་ཉི་ཟེར།།
བདེན་སྟོང་བལྟ་བའི་ཞིང་ཁམས་ན། དབུ་མའིའཇའ་ལམ་གོང་ན་མེད། འཇིག་རྟེན་སྲིད་ཀྱི་གཡུལ་ས་ན། དབུ་མ་འཇུག་པའི་ཆོས་ར་མེད།
དབུ་ལམ་དབུ་ལམ་སྒྲོག་བཞིན་དུ།།
བོད་དགྱ་འབྲེལ་མོལ་གང་དུ་ཕྱིན།།
ལོ་རྒན་སོ་ལྔར་མགོ་བཏགས་འབྲས།།
ས་བོན་མེས་འཚིགས་ཇི་བཞིན་ནོ།།
དགྱ་དཔོན་མའོ་ཡི་བསམ་སྤྱོད་བཞིན།།
དགྱ་དཔོན་ཕྱི་མ་རྣམས་ཀྱིས་ཀྱང་།།
གཅིག་ལས་གཅིག་ལྷག་ལྟ་བུའི་ངང་།།
བོད་ནི་མིང་གི་ལྷག་མར་བསྒྱུར།།
དགོས་དོན་ཆེར་མེད་གཞུང་མིང་བསྡུས།།
སྒྲིག་འཛུགས་ཤིག་ལ་སྲིད་སྐྱོང་བསྐོས།།
རང་གི་སྐད་ཡིག་ཕལ་བར་བཞག །
ལོ་རྒྱུས་བདེན་དོན་རང་གིས་བསུབས།།
སྔ་ཕྱིར་ཁས་ལེན་སྣ་ཚོགས་བྱས།།
ལོ་རེར་ལ་ནི་མིང་རེ་བསྒྲགས།།
གཙོ་བོའི་སྐབས་དོན་གཅིག་མ་འགྲུབ།།
ད་དུང་དབུ་ལམ་འགྲེལ་ནས་བཞུགས།།
དབུ་མ་རྒྱ་ཡིས་མི་འདོད། དབུ་མ་བོད་ཀྱིས་མི་གུས། དབུ་མ་རྒྱ་བོད་བར་ན། དབུ་མ་སྟོང་པ་གྱུར་སོང་།། དབུ་མ་རྒྱ་ཡིས་མི་ཤེས། དབུ་མ་བོད་ཀྱིས་མི་གོ། དབུ་མ་རྒྱ་བོད་བར་ན། དབུ་མས་དབུ་འཁོར་བཟོས་སོང་།། དབུ་མ་ལྟ་གྲུབ་ཡོད་འདོག། དབུ་མ་ལག་ལེན་བདེ་འདོག། དབུ་མའི་ལྟ་གྲུབ་རུས་སོང་། དབུ་མའི་ལག་ལེན་ནོར་སོང་།།
དབུ་མ་ཞེས་པ་མཐའ་གཉིས་སྤངས། །
མཉའ་གཉིས་སྤངས་པས་རང་གཞན་བདེ། །
རང་གཞན་བདེ་བས་མཐུན་ལམ་འོངས། །
མཐུན་ལམ་ཡོད་པས་ཞི་བདེར་གནས། །