ཨ་ནུ་ཐང་བསོད་ནམས།
ཨ་རིའི་དམག་མི་གཅིག་དྲ་ལི་བྷན་གྱིས་བཙན་བཟུང་བྱས་པ་ནས་ལོ་ལྔ་ཡི་རྗེས་སུ་དྲ་ལི་བྷན་གྱི་ཆེས་གལ་གནད་ཆེ་བའི་མགོ་ཁྲིད་ལྔ་དང་ལྷན་༢༠༡༤ ལོའི་ཟླ་༦ ཚེས་༡ ཉིིན་བརྗེ་སྤོ་བརྒྱབས་འདུག དམག་མི་གཅིག་གི་ཚེ་སྲོག་སྐྱོབ་རྒྱུའི་ཆེད་དུ་མི་ལྔ་གློད་གྲོལ་བཏང་བ་འདི་དྲ་ལི་བྷན་ལ་མཚོན་ན་ཧ་ཅང་གི་ཚོང་ཡག་པོ་ཞིག་ཡིན་པས། ཆབ་སྲིད་བཙོན་མ་གློད་གྲོལ་གྱི་དགའ་སྟོན་གྱི་མཛད་སྒོ་ཚོགས་འདུག མཛད་སྒོའི་སྟེང་དམག་འཁྲུག་གི་དུས་ཡུན་ནང་ཚང་དུ་ཡིབ་པའི་དྲ་ལི་བྷན་གྱི་ཆོས་དཔོན་མོ་ཧ་མོ་སྒྲུ་ཨོ་མཱ་ཡང་མཉམ་ཞུགས་བྱས་འདུག
དམག་མི་ཆབ་སྲིད་བཙོན་མ་དང་བརྗེ་སྤོ་བྱེད་རྒྱུ་དང་། གཏའ་མ་ཉར་རྒྱུ་འདི་དག་ནི་གནའ་ནས་ད་བར་དུ་འཐབ་འཁྲུག་སྐབས་ཕན་ཚུན་ལ་བེད་སྤྱོད་གཏོང་བའི་ལུགས་སྲོལ་ཡོད་ན་མེད་ན་གཅིག་ཡིན་ལ། ཐེངས་འདིར་ཐབས་ཤེས་འདིས་དྲ་ལི་བྷན་གྱི་མགོ་ཁྲིད་དུ་མའི་ཚེ་སྲོག་བསྐྱབས་ཡོད། དེ་བཞིན་ལོ་ཁ་ཤས་ཀྱི་སྔོན་དུ་ཨེ་གསི་རལ་གྱི་དམག་མི་གཅིག་གི་ཚེ་སྲོག་སྐྱོབ་ཆེད་དུ་ཕ་ལི་སི་ཐན་གྱི་ཆབ་སྲིད་བཙོན་མ་དུ་མ་དང་བརྗེ་སྤོ་བརྒྱབས་པའི་གནས་ཚུལ་དང་གཅིག་མཚུངས་རེད་ལ། གློ་བ་དམག་སྒར་རྩ་གཏོར་འགྲོ་ཆེད་བལ་ཡུལ་གཞུང་གིས་ཀྱང་ཐབས་ལམ་འདི་བེད་སྤྱོད་བཏང་ཡོད།
ཁ་ཆེ་འདི་ཚོ་ལས་སླ་བོ་མ་རེད། བཙན་རྒྱལ་གྱི་སྲིད་གཞུང་དག་ལ་བྱ་སྤྱོད་འདི་འདྲ་ཞིག་མ་སྤེལ་བར་ཞི་འབོད་ཁོ་ནས་ཁོ་ཚོས་འཛིན་བཟུང་བྱས་པའི་གནད་ཡོད་ཀྱི་ཆབ་སྲིད་བཙོན་མ་ཚོ་ནམ་ཡང་གློད་གྲོལ་བཏང་དཀའ་ལ། དེ་ལས་ལྡོག་སྟེ་ཁ་གཏད་ལ་འཇིགས་སྣང་བསྐུལ་ཆེད། ཞི་འབོད་བྱེད་མཁན་གྱི་གནད་ཡོད་ཀྱི་མི་སྣ་དག་བཙོན་འཇུག་བྱེད་སྲིད། དེ་ནི་ར་གསད་དེ་ལུག་འདར་དུ་བཅུག་པའི་གཏམ་དཔེ་ལྟར་རེད་ལ། ཕྱིན་ཆད་གནས་ཚུལ་དེ་བཞིན་མི་ཡོང་སླད་རེད། ཡིན་ཡང་། སྐབས་རེ་བཙན་གནོན་གྱིས་དྲག་སྤྱོད་བྱེད་ཡ་མང་དྲགས་ཤིང་། དེ་ལ་ཁ་གཏད་གཅོག་མཁན་གྱི་སྣེ་ཁྲིད་དྲ་ལི་བྷན་གྱི་མགོ་གཙོ་དང་ལྷ་ཨ་རི་ཁའི་མགོ་བདག པ་ལི་སི་ཐན་གྱི་སྟོབས་ཤུགས་ལྟར་ཡག་པོ་ཞིག་ཡོད་ཚེ། དྲག་གནོན་ག་ཚོད་བྱས་པ་དེ་དག་གཉའ་གནོན་མྱོང་མཁན་གྱི་སེམས་ཤུགས་ཆག་བྱེད་དུ་མི་འགྱུར་བར། དེ་ལས་ལྡོག་སྟེ་དྲག་གནོན་ག་ཚོད་བྱས་པ་དེ་ཚོད་ཀྱིས་མི་རྣམས་དཔའ་སྟོབས་རྒྱས་པའི་གསོས་སུ་འགྱུར་བཞིན་ཡོད། དེ་ལྟར་གྱུར་བ་གོང་གི་གནས་ཚུལ་དེ་དག་གིས་བདེན་དཔང་བྱས་ཡོད།
ད་ཐེངས་ཨ་རིས་དྲ་ལི་བྷན་གྱི་གནད་ཡོད་ཀྱི་ཆབ་སྲིད་བཙོན་མ་འདི་དག་གློད་གྲོལ་བཏང་བ་ནི། དམག་མི་གཅིག་གི་ཚེ་སྲོག་སྐྱོབ་ཆེད་ཁོ་ན་རུ་མིན་པར། ད་དུང་ཡང་དྲ་ལི་བྟན་ལ་ཞི་འགྲིག་བྱེད་པའི་རེ་བ་སྟོན་གྱི་ཡོད། དང་པོ་ཨ་རིས་ནུབ་ཕྱོགས་གཙོ་བོ་གྱུར་པའི་རྒྱལ་སྤྱིའི་དམག་དཔུང་གི་སྣེ་ཁྲིད་དེ་དྲ་ལི་བྷན་མགྱོགས་པོར་རྩ་མེད་བཟོ་རྒྱུའི་འཆར་གཞི་འཐེན་པ་མ་ཟད། དེ་ལྟར་ཡོང་བ་ཨ་རིའི་སྲིད་འཛིན་སྔ་ཕྱི་གཉིས་ཀས་ཨ་རིའི་མི་མང་། ཨ་རིའི་མཐུན་ཕྱོགས་ཀྱི་རྒྱལ་ཁབ་ཀུན་ལ་ཁས་ལེན་བྱས་ཡོད་ཀྱང་། དྲ་ལི་བྷན་གྱིས་དེ་ལ་ངར་ཤུགས་ཆེ་བའི་ཁ་གཏད་འཇལ་ཞིང་མགོ་བོ་མ་སྒུར་བས་ཁས་ལེན་དེ་དག་དོན་ལ་གནས་ཐུབ་མེེད། གནས་ཚུལ་དེས་ཨ་རི་རྒྱལ་སྤྱིའི་མདུན་དུ་ངོ་ཚ་ཁ་སྐྱེངས་སུ་བཟོས་ཡོད་ལ། འུ་ཐུག་ཅིང་རྒྱལ་སྤྱིའི་ཁྲིམས་དང་འགལ་ནས་མི་མེད་གནམ་གྲུས་དྲ་ལི་བྷན་ལ་ཁ་གཏད་འཇལ་ཡོོད། འོན་ཀྱང་། གྲུབ་འབྲས་དེ་ཙམ་མ་ཐོན་པས། ༢༠༡༡ ལོ་ཙམ་ནས་དྲ་ལི་བྷན་དང་ཞི་འགྲིག་བྱེད་རྒྱུའི་རེ་བ་བཅངས་ཡོད།
གནས་ཚུལ་དེས་ཕ་ཁི་སི་ཐན་དང་ཨ་ཧྥ་རྒན་གྱི་སྲིད་གཞུང་འཇིགས་སྐྲག་ལངས་སུ་བཅུག་ཅིང་། ཕྱོགས་གསུམ་མཉམ་འབྲེལ་གྱི་སྒོ་ནས་དྲ་ལི་བྷན་ལ་ཁ་གཏད་བཅག་ཞོར་དུ་ཕན་ཚུན་ལ་ཡིད་ཆེས་མེད་པའི་དཀའ་ངལ་འཕྲད་ཅིང་། ཕྱོགས་གསུམ་གྱིས་ཁ་གཏད་འཇལ་ཞོར་དུ་སོ་སོའི་ས་ནས་དྲ་ལི་བྷན་ལ་ཞི་མོལ་བྱེད་པའི་རེ་བ་བཅང་བཞིན་ཡོད། ཞི་མོལ་བྱེད་ཆེད་དུ་ཨ་རིས་མངོན་གསལ་དང་། མངོན་གསལ་མ་ཡིན་པའི་གསང་བའི་ཐོག་ནས་ཐེངས་དུ་མར་དྲ་ལི་བྷན་གྱི་སྐུ་ཚབ་དང་ལྷན་འཛོམས་ཀྱང་། ཕན་ཚུན་གཉིས་མོས་ཀྱི་ལམ་ཞིག་མ་རྙེད་པས་གྲོས་མོལ་ལ་གྲུབ་འབྲས་ཐོན་མེད། ཡིན་ཡང་། ད་དུང་ཨ་རིས་དྲ་ལི་བྷན་དང་ཞི་མོལ་བྱེད་རྒྱུའི་རེ་བ་བཅང་བཞིན་ཡོད།
དེ་བཞིན་ཨ་རྒན་སྲིད་གཞུང་གིས་ཀྱང་རེ་བ་བྱེད་བཞིན་ཡོད་ལ། ཞི་མོལ་བྱེད་ཆེད་དུ་དེ་སྔོན་ཕ་ཁི་སི་ཐན་གྱིས་འཛིན་བཟུང་བྱས་པའི་དྲ་ལི་བྷན་གྱི་མགོ་གཙོ་ཞིག་གློད་གྲོལ་ཡོང་བའི་རེ་བ་ཞུས་ཡོད། རྒྱུ་མཚན་ནི། ཨ་རྒན་གཞུང་སྲིད་གཞུང་གིས་ཨ་རི་དང་ནེ་གྲོའི་དཔུང་དམག་ལ་རེ་བ་ཁོ་ན་བཅོལ་ནས་གླེན་པ་ཨུ་ཚུགས་བྱས་ནས་བསྡད་པ་ཡིན་ན། ཨ་རི་དང་དྲ་ལི་བྷན་གཉིས་ཞི་འགྲིག་ཡོང་བའི་ཉིན་མོར་ཨ་རྒན་གཞུང་ལ་དཀའ་ངལ་འཕྲད་པས་རེད། དེར་བརྟེན། ཨ་རྒན་གཞུང་གིས་ཀྱང་དེ་ལྟར་ཞི་འགྲིག་བྱེད་པར་མི་འབད་གཏོལ་མེད་རེད་ལ། ཕ་ཁི་སི་ཐན་ཡང་དེ་བཞིན་རེད།
རང་ལ་ནུས་པ་ཡོད་ན་གཞན་ལ་གྲོས་མོལ་བྱེད་དགོས་ཞེས་ནས་རེ་བ་རྒྱག་མི་དགོས་པར། ཁོང་ཚོས་ཁྱེད་ལ་ཞི་མོལ་བྱེད་ངེས་ཡིན་ཞེས་ནས་ཨི་ཕ་རྒན་གསུམ་གྱིས་དྲ་ལི་བྷན་ལ་གྲོས་མོལ་བྱེད་རྒྱུའི་རེ་བ་ཞུས་པ་བཞིན་རྒྱག་ངེས་རེད། རྒྱུ་མཚན་ནི། ཁོང་ཚོའི་ཁེ་ཕན་གྱི་ཆེད་དུ་རེད། རང་ལ་ནུས་པ་མེད་ན། གཞན་ལ་གྲོས་མོལ་བྱེད་དགོས་ཞེས་ནས་རེ་བ་བརྒྱབ་ཀྱང་། སྤྲང་བོས་དངུལ་སློང་བ་ལྟར་ཚད་ལྡན་གྱི་ཞི་མོལ་ཞིག་བྱེད་མི་སྲིད་ལ། ག་རེ་བྱས་ནས་བྱེད་དགོས་ཤིང་སེམས་ཀྱི་གཏིང་ནས་གད་མོ་ཤོར་ངེས་རེད།
གལ་སྲིད་དགོས་དབང་གིས་བྱས་ཀྱང་ཟློས་གར་ལྟར་མགོ་སྐོར་གཏོང་བྱེད་ལས་དོན་དམ་གྱི་གྲོས་མོལ་ཞིག་ཡོད་མི་སྲིད། ཡིན་ཏེ། ཁྱེད་ལ་དགྲ་བོ་ལ་གནོད་པ་གཏོང་བའི་ནུས་པ་མེད་ན། དགྲ་བོའི་ནམ་ཡང་ཁྱེད་དང་གྲོས་མོལ་ལམ་འདུམ་འགྲིག་བྱེད་མི་སྲིད་པས་རེད། རྒྱུ་མཚན་ནི། དགྲ་བོས་ག་རེ་བྱས་ནས་ཁྱེད་ལ་ཁོང་ཚོས་དཀའ་ལས་དང་ཐབས་ཤེས་ཀྱིས་ཐོབ་པའི་ཁེ་ཕན་བགོ་འགྲེམ་བྱེད་དགོས་རེད། ནམ་ཡང་བྱེད་སྲིད་ཀྱི་མ་རེད།།
བདེན་པ་རེད། ༢༠༠༨ལོར་རྒྱ་མིས་གཞུང་གིས་བཙན་བྱོལ་བོད་མིའི་དབུ་ཁྲིད་ལྷན་རྒྱས་དབུ་བསྐོར་ག་འདྲ་བཏང་སོང་། བོད་ནང་དུ་ཚེ་སྲོག་བློས་བཏང་གི་ལས་འགུལ་གྱི་འབྲས་བུ་སྐུ་ཚབ་ཟེར་མཁན་ཚོ་པེ་ཅིན་ལ་འགྲོ་ཐེངས་གཅིག་གིས་ཆུ་ནང་གཡུགས་པ་རེད།
ད་དུང་བསམ་ཤེས་རྐང་གཅིག་གནང་མི་ཐུབ་པར་བོད་མི་ས་ཡ་དྲུག་གི་ཚབ་སུས་མཚོན་མིན་རྒྱལ་སྤྱིའི་གསར་ལམ་དུ་བསྒྲགས་ནས་རྩོད་པ་བྱས་པ་རེད། རྒྱ་མིའི་ལ་གད་མོ་ཤོར་འདུག་ལབ་སོང་།
གནས་ཚུལ་དེ་འདྲ་ལ་ཇུས་འཁྲི་མང་པོ་བྱ་འདོད་མེད་། མི་དྲུག་བཙོན་ལས་ཐར་བ་ལེགས་དེ་ལ་ཚོང་དོན་དང་འབྲེལ་མི་ཉན། གཅིག་དང་གཉིས་གསུམ་ཟེར་བ་དེ་རྒྱུ་ནོར་མིན་པ་ཚེ་སྲོག་རེད། ཚེ་སྲོག་ཟེར་བ་དེ་གཅིག་དང་བརྒྱ་ལ་ཁྱད་མེད་གང་ལྟར་རིན་ཐང་གཞལ་དུ་མེད།
མི་མང་གི་སེམས་ཉོ་ཐུབ་ན། འདི་ལས་ལྷག་པའི་ཆབ་སྲིད་པ་ཞིག་གང་ན་ཡོད། ཨོ་བྷ་མ། ཨ་མའི་བུ་ཟེར་ན་ཁྱོད་རེད། ཆབ་སྲིད་ཟེར་་བ་འདི་བརྩེ་ཤེས་ན། རང་ཕྱོགས་ལ་ཐུག་དུས་གཅིག་ལ་ལྔས་འཚབ་ཐུབ་པ་འདི་རེད། བོད་ཕྲུག་རྩ་མི་ཚང་བ་ཚོ་ཡང་ཁ་ནང་ལ་སྐོར་ན། འདི་འདྲ་ཞིག་ཡིན་ན་ཅི་མ་རུང་།
དཔྱད་ཞིབ་ཡག་པོ་འདུག གོང་གི་གནས་ཚུལ་དེ་དག་སྟེང་ལ་གཤམ་གསལ་གྱི་རྒྱུ་རྐྱེན་རྣམས་ལ་བསམ་གཞིགས་བྱེད་དགོས་པ་འདུག་ཏེ།
༡༽ དམག་མི་རྒྱབ་ལ་འཇོག་མི་ཉན།
ཨ་རིའི་དམག་འཁྲུག་དང་དམག་མིའི་དམ་བཅའི་ནང་ལ་No soldier leaves behindཟེར་བའི་ཁས་ལེན་ཞིག་ཡོད། འདི་ནི་དམག་འཁྲུག་ཚར་བའི་རྗེས་ལ། དགྲ་བོའི་ལག་ལ་དམག་མི་ལུས་མི་ཉན་པའི་ཁས་ལེན་ཞིག་ཡོད་པ་དང་། ཨོ་སྦ་མས་ད་ལོ་དང་དུས་སང་ལ་ཨ་རིའི་དམག་མི་ཚང་མ་ཨ་རྒན་ནས་ཕྱིར་ཐེན་བྱ་རྒྱུར་ཐག་གཅོད་བྱས་པ་དང་། གལ་ཏེ་དགྲ་བོའི་ལག་ན་དམག་མི་ལུས་ཡོད་ན། དམག་འཁྲུག་ཚར་བ་ཟེར་བའི་སྐད་ཆ་དེ་ཤོད་མི་ཐུབ་ལ། དེ་བས་དམག་མཇུག་སྒྲིལ་བའི་འགྲེལ་བཤད་རྒྱག་ཐུབ་ཀྱི་མེད། དགྲ་བོའི་ལག་ལ་དམག་མི་ལྷག་བཞིན་དུ་དམག་མཇུག་སྒྲིལ་བ་ཟེར་བ་ཨ་རིའི་གྲོས་ཚོགས་ནང་ལ་ཡོང་མི་ཤེས་སྟབས། ཁོ་པར་འདི་ལྟར་མ་བྱེད་དཀའ་མེད་རེད། ངས་བལྟས་ན། ད་རེས་ཀྱི་ཐག་གཅོད་འདི་ཕྱི་རོལ་གྱི་ཤུགས་རྐྱེན་མིན་པར་གཙོ་བོ་ནང་གི་ཆབ་སྲིད་དང་བསྟུན་ནས་ལག་བསྟར་བྱ་དགོས་བྱུང་ཡོད། དེ་གཅིག་རེད།
༢༽སྲིད་འཛིན་རྗེས་མའི་གྲ་སྒྲིག
ཨ་རིའི་དམག་མི་དེ་དགྲ་ལག་ཏུ་ཤོར་སྐབས། ཨོ་སྦ་མ་སྲིད་འཛིན་དང་། ལྕམ་ཧེ་བླ་རི་ཕྱི་སྲིད་བློན་ཆེན་རེད། ཐེངས་རྗེས་མའི་སྲིད་འཛིན་འོས་མིའི་གྲས་ལ་ལྕམ་ཧེ་བླ་རི་ཡོད་པ་དང་། དམག་མི་དགྲ་ལག་ཏུ་ལུས་པ་དེས་ཁོ་མོའི་སྲིད་འཛིན་འོས་འདེམས་ལ་ནག་ཐིག་ཆེན་པོ་ཞིག་བསླེབ་རྒྱུ་ཡིན་པ་ཤེས་རྗེས། ཨོ་སྦ་མས་རང་གི་ལག་གི་སྒོར་མོ་ཡོད་དོ་ཅོག་བཏང་ནས་མིང་ཤད་མེད་པ་བཟོས་པ་དེ་རེད། དཔེར་ན། སྤྱི་མཐུན་ཚོགས་པ་སྟེ། ཨོ་སྦ་མའི་ཁ་གཏད་ཆབ་སྲིད་ཚོགས་པའི་མི་ཞིག་གིས་བཤད་རྒྱུར། ཨོ་སྦ་མས་ང་ཚོའི་ནོར་༼Assets༽ཚང་མ་བཀོལ་ནས་ཁོའི་ནག་ཉེས་བཀྲུས་སོང་ཟེར་བ་ལྟ་བུ་རེད།
༣༽རྟ་བོང་ཚོང་རྒྱག་པ།
ཨ་རྒན་གྱི་གཞུང་གི་བློན་ཆེན་བཞི་པོ་རྣམས་དམག་དང་འབྲེལ་བ་མེད་ལ་དམག་མིན་པའི་གཞུང་གི་གོ་གནས་ཤ་སྟག་འཛིན་ཡོད་སྟབས། བོང་བུའི་རིན་པ་སྟེ། ཁོང་ཚོ་སྔོན་མ་ནས་ཨ་རིའི་ཁྲིམས་ཐོག་ནས་ཐག་གཅོད་མི་ཐུབ་པ་དང་། ཨ་རིའི་བརྙན་འཕྲིན་ཐོག་གཞུང་གི་ཁྲིམས་སྟོན་པ་ཞིག་གིས་བཤད་རྒྱུར། རྟ་ལེན་པན་གྱི་ཆབ་སྲིད་འགོ་པ་དེ་ཚོ་ཐད་ཀར་ཨ་རིར་རྒོལ་བའི་དམག་འཁྲུག་ལ་ཞུགས་མེད་པས། ཁོང་ཚོ་ཁྲིམས་ལ་སྦྱོར་རྩིས་བྱས་ཀྱང་ད་བར་འབྲས་བུ་མེད་ལ། གལ་ཏེ་དངོས་སུ་ཁྱབ་བསྒྲགས་བྱས་ནས་ཁྲིམས་ལ་སྦྱར་ན། ཁྲིམས་ཁང་ནས་ཁོང་ཚོ་ནག་མེད་ལ་རྩིས་ནས་དེ་ཉིན་རང་ལ་གློད་འགྲོལ་གཏོང་ཤས་ཆེ་བས་ད་བར་ཁྲིམས་ལ་སྦྱོར་ཐུབ་མེད། དེར་བརྟེན། ཨ་རིའི་གཞུང་གིས་ཁོང་ཚོའི་ལག་ན་ཡོད་པའི་མི་བཞི་པོ་དེ་ལ་ཁྲིམས་ཐོག་ནས་དཔང་པོ་འཕེར་བའི་ཉེས་པ་གཏོང་མི་ཐུབ་སྟབས་བོང་བུ་ཡིན་པས། ཁོང་ཚོ་བེད་སྤྱད་ནས་ཨ་རིའི་དམག་མིའི་སྲོག་བསྐྱབས་པ་རེད་ཟེར། དེ་ལྟར་ཡིན་ན་འགྲིགས་འདུག
༤༽བག་ཆགས་ཟབ་མོ། ཨ་རིའི་མི་གསོད་མི་ཉན་ལ་འཕྲོག་མི་ཉན།
ཨ་རིས་ད་དུང་ད་རེབ་ཀྱི་བརྗེ་ལེན་འདི་བརྒྱུད་ནས་འཛམ་གླིང་ལ་རྣམ་པ་ཞིག་བསྟན་ཡོད་པ་ནི། ང་ཚོའི་དམག་མི་དཀྱུས་མ་གཅིག་གི་རིན་ཐང་དེ་རྒྱལ་ཁབ་གཞན་གྱི་བློན་ཆེན་བཞི་ལ་བདོ་ཐུབ་ཟེར་བ་འདི་རེད། ཨ་རིའི་མི་དམངས་དང་དམག་མིར་མཐོང་ཆེན་བྱེད་པ་འདི་ང་རང་གི་སྐྱེ་བ་འདི་རུ་མངོན་གསུམ་དུ་ཉམས་མྱོང་ཡོད། ཨ་རིའི་གཞུང་གི་མི་སེར་པ་སེ་དེ་ཐོབ་རྗེས་རྒྱལ་ཁབ་གཞན་གང་དུ་ཕྱིན་ཡང་། མི་ཚང་མས་གུས་ཞབས་དང་མཐོང་མི་འདྲ། ཐེ་ལེན་ཌར་ཆུ་ཡོམས་ཆེན་པོ་དེ་རྒྱག་སྐབས་ངའི་གྲོགས་པོ་ཞིག་དེར་ཡོད་པ་དང་། ཁོང་ཨ་རིའི་མི་སེར་རེད། ཨ་རིས་གནོད་ཚེ་ཡོང་སར་ཨ་རིའི་དམག་མི་བཏང་ནས་དང་པོ་རང་ལ་ཨ་རིའི་མི་སེར་རྣམས་ལེན་སོང་། བརྙན་འཕྲིན་ནས་ཤེས་པར། ཨ་རིའི་སྲིད་འཛིན་ལ་ཆུ་ཚོད་ཆུ་ཚོད་མཐུད་ནས་ཐེ་ལན་ཌིའི་གནོད་ཚེའི་གནས་ཚུལ་སྙན་གསེང་ཞུ་བ་དང་། དེར་ཡོད་པའི་ཨ་རིའི་མི་སེར་ཚོའི་གནས་བབ་ལ་སེམས་འཁུར་བྱས་སོང་། ད་རེས་ཨ་རིས་ཡང་བསྐྱར་དགྲ་བོ་རྣམས་ལ་ཨ་རིའི་མི་དམངས་ཀྱི་རིན་ཐང་ཇི་ཙམ་ཡིན་མིན་བཤད་སོང་།
ཁྱེད་རྒྱ་ནག་གི་དྲ་རྒྱའི་ནང་གི་གླེང་བསྟེགས་ལ་གཟིགས་དང་། རྒྱ་མི་ཚང་མས་ཨ་རིའི་སྲིད་འཛིན་གྱིས་ངོ་མ་མི་དམངས་ལ་ཞབས་འདེགས་ཞུ་གི་འདུག་ཟེར་ནས་ད་རེབ་ཀྱི་གནས་ཚུལ་འཇུས་ནས་རྒྱ་གཞུང་ལ་ཁོང་ཁྲོའི་རྣམས་པ་ཤུགས་ཆེ་བསྟན་ནས། གླེང་བསྟེགས་གཉིས་སྒོ་བརྒྱབ་སོང་། དེ་ཚོ་ཅིའི་ཕྱིར་བོད་པ་ཚང་གི་གསར་འགྱུར་ནང་ལ་ཡོང་གི་མེད་པ་རས།
ལྟས་ངན་ང་ཚོ་ག་དུས་ཡིན་རུང་སྙན་ངག་ཐན་ཐུན་ལ་མགོ་འཁོར་ནས་གལ་ཆེའི་གནས་ཚུལ་དེ་ཚོར་དོ་སྣང་མི་བྱེད་ལ། ཚགས་པར་ཁག་གིས་ཀྱང་དེ་ལྟར་དོ་སྣང་མི་བྱེད།
རྒྱ་ཧུའུ་ལགས་ཀྱིས་མཆན།
“ཨ་ཁུ་བསམ་ལགས་ཀྱིས། ༼ཨ་རིའི་གཞུང་།༽དམག་མི་གཅིག་ལ་བློན་ཆེན་ལྔ་བཙོངས་ནས་ཉོས་སོང་། ང་ཚོའི་དམག་མིའི་རིན་ཐང་ལ་ཉ་ཞོང་པ་གང་མི་འཁུག ” ༼སྔོན་མ་ཝེ་ཏི་ནམ་གྱིས་རྒྱ་མིའི་དམག་མི་བཟུང་ནས་ཁོང་ཚོའི་ཉ་འཛིན་བྱེད་ཀྱི་གྲུ་གཟིངས་ཕྱིར་སློག་བྱེད་དགོས་ཟེར་སྐབས། རྒྱ་གཞུང་གིས་ཁས་ལེན་བྱས་མེད།༽
དགོངས་པ་བཞེས་དང་།
དཔྱད་བརྗོད་འདིའི་རིགས་ནི་གཞན་དཔེ་རང་ལ་སྤྱོད་པའི་ལམ་ཁ་འཚོལ་སྟངས་ཤིག་ཡིན་པས། མི་མང་བོ་ཞིག་ལ་བློ་སྒོ་འབྱེད་ཐུབ་ངེས་རེད། དྲ་ལི་བྷན་གྱི་དར་རྒུད་ཞིབ་འཇུག་ནི་བོད་དང་ཡུ་གུར་སོགས་ལའང་ཟུར་ལྟ་བྱེད་ས་མང་བོ་ཡོད། གཙོ་བོ་ཞི་དྲག་གང་ཡིན་ནའང་། ཐོག་མར་ངེས་པར་དུ་ཐབས་དང་དུས་ཚོད་གཉིས་ཏག་ཏག་མཉམ་བགྲོད་བྱེད་ཐུབ་མིན་ཤེས་དགོས། འདི་ལའང་མུ་བཞི་འཇོག་ཆོག
༡ ཐབས་དུས་གཉིས་ཀ་སྨིན་པ། ད་རེས་ཀྱི་དྲ་ལི་བྷན་གྱི་ཚོང་ལྟ་བུ།
༢ ཐབས་་དུས་གཉིས་ཀ་མ་སྨིན་པ། རྡ་སས་པེ་ཅིན་ལ་ཕུལ་བའི་དགེ་འདུན་ལྟ་བུ།
༣ ཐབས་སྨིན་ལ་དུས་མ་སྨིན་པ། ཡུ་གུར་བས་རང་ཐག་རང་གཅོད་རྩོད་ལེན།
༤ ཐབས་མ་སྨིན་ལ་དུས་སྨིན་པ། ཐེ་ཝན་རང་བཙན་གྱི་ལས་འགུལ་ལྟ་བུ།
ཨ་ནུ་ཐང་བསོད་དེས། བརྩམས་པ་དོན་ཟབ། དཔྱད་པ་རིན་ཆེ། གླེང་བ་གནད་འཕིགས།
རྣམ་པ་ཚོས་དགོངས་ཚུལ་མང་པོ་གསུངས་འདུག ཐུགས་རྗེ་ཡོད། བསམ་ཤེས་གསུངས་བ་ལྟར་དམག་མི་གྲོད་གྲོལ་གྱི་རྒྱབ་ལྗོངས་ལས་དཔྱད་པ་བྱེད་རྒྱུ་གལ་ཆེ་ལ། དམག་འཁྲུག་གི་རྗེས་སུ་གཅིག་ཀྱང་རྗེས་སུ་འཇོག་གི་མིན་ཞེས་བའི་སྡོམ་ཚིག་འདི་ལ་ཨོ་བྷ་མ་སྲིད་གཞུང་གིས་རྒྱུ་མཚན་གཙོ་བོར་བགྲང་གི་ཡོད་པ་ནི་བདེན་པ་རེད། དེ་ལྟར་བྱེད་དགོས་དོན་ཡང་། དམག་འཁྲུག་འདི་ལས་སླ་བོ་འཇུག་སྒྲིལ་ཆོག་ཆོག་ཅིག་མིན་ཡང་དུས་ཡུན་ལྟར་འཇུག་སྒྲིལ་རྒྱུའི་འབད་བརྩོད་བྱེད་བཞིན་ཡོད་པས། དྲ་ལི་བྷན་ཞི་འགྲིག་ཏུ་བཀུག་ཆེད་དུ་དམག་མི་དེ་དང་བརྗེ་སྤོ་རྒྱབ་ཚུལ་ཉམས་ཞིབ་པ་མང་པོས་གླེང་བཞིན་འདུག་ལ། དེ་ནི་བདེན་པར་མཐོང་། གཉིིས་སྟོང་བཅུ་གཉིས་ལོོ་ནས་དྲ་ལི་བྷན་གྱིས་ཨ་རི་དང་གྲོས་མོལ་བྱེད་སྐབས་ཆ་རྐྱེན་དུ་གོང་གི་མགོ་གཙོ་ལྔ་བོ་མིང་གཅིག་མཚུངས་བཏོན་ཏེ། གློད་གྲོལ་བཏང་དགོས་ཚུལ་བརྗོད་ཀྱང་། ཨ་རིས་དེ་དག་གློད་རྒྱུ་ནི་ཆེས་ཉེན་ཁ་ཆེ་བ་ཡིན་ཚུལ་འདོད་ནས་ངོས་ལེན་བྱས་མེེད། ད་ཐེངས་དེ་ལྟར་བྱེད་དགོས་དོན་ནི་ཨ་རི་དོན་དམ་གྱིས་ཨ་རྒན་དམག་འཁྲུག་ལ་ཨ་ཐང་ཆད་ཅིང་། དེ་ལས་རྒྱལ་ཁ་ཐོབ་ཡ་མེད་པ་གསལ་བོ་ཤེས་ཤིང་། དུས་ཚོད་ལྟར་དམག་འཁྲུག་མཚམས་འཇོག་ཡོོང་སླད། དྲ་ལི་བྷན་ཞི་མོལ་དུ་འགུག་ཆེད་རེད། དེ་བཞིན་ཨ་རྒན་དང་ཕ་ཁི་སི་ཐན་གཉིས་ཀྱང་དྲ་ལི་བྷན་ལ་ཞི་འགྲིག་ཡོང་རྒྱུའི་རེ་བ་བཏོན་གྱི་འདུག དེ་ནི་རྒྱུ་མཚན་གཙོ་བོ་མཐོང་བ་ལས་གཞན་གྱི་སྒྲུབ་བྱེད་ཆུང་ཚག་དེ་དག་ནི་གནས་བབ་དང་སྟུན་ནས་མཐུན་ཕྱོགས་བསྒྲིགས་པ་ལས་རྒྱུ་མཚན་གཙོ་བོ་རུ་མ་མཐོང་།
མི་དེ་དག་གློད་གྲོལ་བཏང་བའི་གནས་ཚུལ་ལ་ཨ་རིའི་ཆབ་སྲིད་པའི་ཁྲོད་དུ་ནང་ཁ་མི་མཐུན་པའིི་འགལ་བ་དུ་མ་ཞིག་ལྷག་འདུག ཡིན་ཏེ། གནས་ཚུལ་གཅིག་ལམ་ལྷོང་དེ་ཙམ་མ་ཡོང་ན་ནང་ནས་རྙོག་དྲ་ཡོང་བ་ཆོས་ཉིད་རེད།
གང་ལྟར་བོད་མི་རྣམས་ཀྱིས་རྒྱལ་སྤྱི་དང་བོད་ཀྱི་ཉེར་འཁོར་དུ་བྱུང་བའི་གནས་ཚུལ་འདི་དག་ལངས་ཕྱོགས་གང་ཞིག་ཡིན་ཡང་། སྣང་མེད་དུ་མི་བཏང་བ་ཞིབ་འཇུག་དང་བགློ་གླེང་བྱེད་རྒྱུ་གནད་དུ་མཐོང་། རྣམ་པ་ཚོས་གསུངས་བ་ལ་རྒྱབ་སྐྱོར་ཡོད།
ཨ་རིས་Talibanལ་གཡུལ་འགྱེད་པ་ནི་དེ་རྣམས་ཡོད་ཚད་རྩ་མེད་བཟོས་ཆེད་མ་རེད་ལ་སུ་གང་གིས་
རྩ་མེད་བཟོས་དགོས་ཟེར་མེད་། ལོ་རྒྱུས་གང་ཞིག་ལ་ལྟས་ན་མི་རིགས་སམ་ཆོས་ལུགས་གང་ཤིག་གི་རྗེས་འཇུག་བ་ཚོན་ཁ་ལས་རྩ་མེད་བཟོས་བ་ཞིག་བྱུང་ཡོད་པ་མ་རེད་། ཡིན་ཡང་ཤེས་དགོས་བ་ཞིག་ལ་ཨ་རིའི་གཞུང་གིས་Bin Laden་དང་དེའི་རྗེས་འཇུག་པར་འཡུལ་འགྱེད་དེ་Bin Laden དང་ཁོའི་སྲིད་གཞུང་རྩ་མེད་བྱེད་ཀྱི་ཡིན་ཟེར་བ་
ཡིན་ཟེར་བ་རེད་ལ་དེའང་བྱས་ཚར་བ་ཡིན་པས་། དེའི་རྗེས་ཞི་མོལ་ལམ་ནས་གྲོགས་བྱ་བའི་ཐབས་ལམ་ནི་ཨ་རིའི་ཆབ་སྲིད་རིག་པའི་འགྲོ་སྟངས་ཤིག་ཡིན་པ་ནི་Japen དང་Germany གཉིས་ལྟར་ཡིན་།
ནུས་པ་ཡིན་ན་གཞན་ལ་གནོད་པ་གཏོང་ནུས་པའི་དྲག་པོའི་ནུས་པ་ཞིག་ཡིན་མི་དགོས། ཞི་བ་དང་བདེན་པའི་ནུས་པ་ཡང་ཡོད་པ་རེད། གང་ལྟར་བོད་དོན་འདིས་རྒྱ་ནག་གཞུང་ལྷམ་གོག་ནང་ལ་རྡོ་འཛུལ་བ་བཞིན་དུ་ནམ་ཡིན་རུང་མ་བདེ་ཤིག་གེར་འགྲོ་དགོས་པ་ཞིག་བཟོ་ཐུབ་ཀྱི་ཡོད། དེ་ཡིན་པ་ཡང་ཁོ་ཚོས་བཙན་བྱོལ་སྒྲིག་འཛུགས་ལ་ཁ་གཏད་གཅོག་སྟངས་དང་། བོད་ནང་ལ་དམ་བསྒྲགས་བྱེད་སྟངས་ནས་ཤེས་ཐུབ། རྒྱུ་མཚན་དེས་ན་བཙན་བྱོལ་བ་ཚོས་རྟག་པར་མདུང་རྩེ་ནང་ལ་གཏད་ནས་མ་སྡད་པར། རྡོལ་རྩ་ཅིག་སྒྲིལ་གྱིས་ཁ་ཕྱི་ལ་སྐོར་ནས་ལས་འགུལ་ཞིག་སྤེལ་ཐུབ་ན་གྲོས་མོལ་ཡོང་མི་སྲིད་པ་མིན་ཡང་། ངོ་མ་བཤད་ན་བཙན་བྱོལ་བ་ཚོས་དེ་ཙམ་འཇོན་གྱི་མེད་པའམ་བྱེད་ཀྱི་མེད་པ་གསལ་པོ་རེད། རྒྱ་གཞུང་གིས་ད་བར་དུ་ཨུ་ཚུག་མཐའ་སྐྱེལ་གྱིས་བོད་དོན་ལ་ཡ་མེད་བཏང་བཞིན་པ་འདི་ནི་བོད་དོན་གྱིས་ཁོ་ཚོ་ལ་གནོད་ཐུབ་ཀྱི་མེད་པས་མིན་པར། གོང་ས་མཆོག་དགོངས་པ་རྫོགས་རྒྱུའི་རེ་ངན་ཞིག་བཅང་ནས་ཡོད་པ་རེད་ལ། དེ་ལྟར་བྱུང་ན་བོད་པ་ཚོའི་བྱེད་སྟངས་ནས་བོད་དོན་འཐབ་རྩོད་ཀྱི་ནུས་པ་ཉམ་ཉེས་འགྲོ་རྒྱུའི་རེ་བ་ཞིག་མཐོང་གི་ཡོད་པ་རེད།
ཨ་རིས་དྲ་ལི་བྷན་རྩ་མེད་བཟོ་ཆེད་དང་དེ་ལས་རྣམ་པ་རྒྱལ་ཆེད་ཀྱི་གཏམ་བཤད་དུ་མ་སྤེལ་མཁན་ཨ་རིའི་ཆབ་སྲིད་མི་སྣ་ཙམ་མ་ཟད། སྲིད་འཛིན་སྔ་ཕྱི་གཉིས་ཀྱིས་གསུངས་བཤད་དུ་མ་གནང་ཡོད། ཁྱེད་དད་པ་རིང་ལུགས་པ་རྩ་མེད་དུ་མ་ཕྱིན་བར་དུ་གནས་ལུགས་ལ་འགྲེལ་ལོག་ཁོ་ན་རྒྱབ་ནས་བོད་ཀྱི་འགྱེལ་ས་ནས་ལངས་མི་ཐུབ་པ་མ་ཟད། རྩ་མེད་འགྲོ་བའི་ཉེ་རྒྱུ་རྐྱེན་བྱེད་རྒྱུ་ཡིན་པ་ནི་སྨོས་མ་དགོས་བ་ཞིག་རེད།
ཞི་བ་ཡིན་ཡང་ཞི་བ་སྒང་ནས་གཞན་ལ་འཇིགས་སྣང་སྐུལ་ནས་ཞི་འགྲིག་ཡོང་ཐབས་འབད་པ་རེད། དེ་མིན་ཞི་བ་ལ་གྲུབ་འབྲས་ཐོན་པའི་གནས་མེད། དེ་ལྟར་ཡིན་པ་ཆབ་སྲིད་ཀྱི་གོ་བ་ཅུང་ཡོད་མཁན་ཞིག་ཡིན་ན་གསལ་བོ་ཤེས་ངེས་རེད། རྒྱ་གར་གྱིས་ཞི་བའི་འཐབ་རྩོད་དང་མཉམ་དུ་དྲག་པོས་དབྱིན་གཞུང་ལ་འཇིགས་སྣང་སྐུལ་བ་དང་། དེ་བཞིན་མན་དྲལ་ལས་ཀྱང་ཞི་བ་གླེང་ཞོར་དུ་ངོས་སུ་དྲག་འཐབ་རྩ་་བ་ནས་བློ་བཏང་བྱས་ཡོད་བ་མ་རེད། ཐ་ན་བཙོན་ཁང་དུ་ཡོད་དུས་ཀྱང་། སྲིད་གཞུང་གིས་དྲག་ཐབས་བློས་བཏང་མ་བྱས་ན་ཁོས་དེ་ལྟར་བྱ་རྒྱུ་མིན་པ་ཨུ་ཚུགས་མཐའ་སྐྱེལ་བྱས་བ་དེས་གསལ་བཤད་བྱས་ཡོད། གནས་ལུགས་ལ་འགྲེལ་ལོག་བྱེད་མཁན་ནི་དོན་དངོས་ཀྱི་ལོག་ལྟ་ཅན་ཡིན་པས་ལམ་རིམ་ཆེན་པོ་གསུངས་ཡོད། ཁྱེད་དད་པ་ཅན་ཚོས་ཁས་ལེན་ཡོད་ན་དེ་ལྟར་རེད།
གོང་གི་ཚིག་དེ་དག་ཅུང་བཙན་དྲགས་པུས་ཐུགས་ལ་ཕོགས་ན་དགོངས་དག་ཡོད།
དད་པ་རིང་ལུག་པ་ལ་དགའ་རུང་མ་དགའ་རུང་ས་ཡི་གོ་ལ་འདི་ནམ་གནས་བར་དུ་དད་པ་རིང་ལུག་པ་གནས་ཀྱི་རེད་ལ། སྤྱི་ཚོགས་ཡར་རྒྱས་སོང་བ་དང་མཉམ་དུ་དད་པ་རིང་ལུག་པ་ཇེ་མང་ལས་ཇེ་ཉུང་འགྲོ་ཡི་མེད་པ་འདི་དངོས་ཡོད་གནས་ཚུལ་ཡིན་པས་ཐབས་ཤེས་མེད་པ་རེད། སྤྱིར་འདིེ་ལ་དད་པ་བཤད་པའི་སྐབས་མ་ཡིན་པས་རྟ་བཤད་སར་བོང་བུ་བཤད་དགོས་དོན་ཅང་མི་འདུག ཞི་བའི་སྒོ་ནས་གཞན་ལ་འཇིག་སྣང་སྐུལ་ཚུལ་ཞིག་ཨེ་ཡོད་མི་ཤེས་ཀྱང་། ཞི་བའི་ངོ་རྒོལ་བྱེད་སྲོལ་ཡོད་པ་ནི་དངོས་ཡོད་རེད་ལ། ང་ཚོའི་ངོས་ནས་ཀྱང་བྱས་དང་བྱེད་བཞིན་པ་རེད། གནས་ལུགས་ལ་འགྲེལ་ལོག་བྱེད་མཁན་སུ་ཡིན་མིན་ནི་གཟུ་བོར་གནས་པའི་སྐྱེས་བུ་ཚོས་གཟིགས་རྒྱུ་ཞིག་ཡིན་པ་ལས། ཁྱེད་དང་ང་ལྟ་བའི་མིག་ཡ་གཅིག་བཙུམ་ནས་འགྲོ་མཁན་ཚོས་ཐག་གཅོད་རྒྱུ་ཞིག་མ་རེད་འདོད།
བྱ་བའི་དབང་གིས་འབྲི་མཚམས་ནས་ཁོམ་པ་མ་བྱུང་བས་ཚན་པ་གཅིག་ཆད་སོང་བས་འདི་རུ་བཀོད་རྒྱུ་ཡིན།
མདོར་ན་ཞི་དྲག་གཉིས་ཀྱི་གང་ཞིག་ཡིན་ཡང་དགྲ་བོ་དང་ཁ་གཏད་ལ་གནོད་ཤུགས་དང་འཇིགས་སྐུལ། གནོད་སྐྱོན་བཟོས་ཏེ་གྲོས་མོལ་མི་བྱེད་ཐབས་མེད་བཟོ་དགོས་བ་ལས། སྦྱིན་བདག་བཙལ་བ་བཞིན་ངོ་བསྟོད་དང་སྤྲེའུ་ལད། གཅམ་བུ་དང་ཁ་གསག་གིས་ཕ་རོལ་ནམ་ཡང་གྲོས་མོལ་དུ་འགུག་མི་ཐུབ། དེ་འདྲིའི་གཡོག་འོག་ཏུ་མི་ཚུད་རྒྱུའི་རྣམ་དཔྱོད་བཙན་གནོན་མཁན་གྱི་སྲིད་གཞུང་ཀུན་ལ་ཡོད་པ་མ་ཟད། རང་གིས་དཀའ་ལས་རྒྱབ་པའི་གྲུབ་འབྲས་དེ་དག་མི་བཟང་ཞེས་བའི་མིང་སྟོང་ལ་མི་བརྗེ་རྒྱུའི་གནམ་དཔྱོད་ཁོ་ཚོར་ཡོད་བ་རེད། གལ་སྲིད་མི་བཟང་དང་བཟོད་སྒོམ། ཡ་རབས་ཞེས་བ་ཞིག་ཁོང་ཚོས་གཙོ་འཛིན་བྱེད་སྲིད་ན། ཁོང་ཚོས་གཞན་ལ་སྙིང་ནད་དེ་ཙམ་མི་རྩོད་ལ། ལྷག་པར་དུ་བཙན་འཛུལ་བྱེེད་མི་སྲིད། བཙན་འཛུལ་དང་གཉའ་གནོན་བྱེད་མཁན་ཞིག་ལ་ཞུ་འབོད་དང་རེ་བཅོལ། ངོ་བསྟོད་བྱས་ལ་རྟེན་ནས་ཁོང་ཚོའི་རང་གི་ཁེ་ཕན་བློས་བཏང་མི་སྲིད།
ལོ་རྒྱུས་ཐོག་ལོ་ངོ་མང་པོས་རིང་ལ་དད་པ་རིང་ལུགས་པས་འཛམ་གླིང་དབང་སྒྱུར་བྱས་ནས་མིའི་རང་དབང་དང་ཐོབ་ཐང་བཀག་ནས་བཀྲ་མི་ཤིས་བའི་གནད་དོན་མང་དུ་བྱུང་ཡོད་ཀྱང་། ཡར་རྒྱས་ལྡན་པའི་སྤྱི་ཚོགས་སུ་དད་པ་རིང་ལུགས་པར་ཕམ་ཉེས་ཆེན་པོ་བྱུང་བཞིན་ཡོད། དེ་བཞིན་འཛམ་གླིང་གང་སར་མང་ཉུང་ལ་མ་ལྟོས་བ་མི་རྣམས་གོ་རྟོགས་སད་བཞིན་ཡོད་པས་དེ་ལྟར་ཡིན།
དེ་སྔོན་ཡིན་ན་ཆེས་དད་པ་ཆེ་བའི་ཁ་ཆེའི་བོད་ཀྱི་སྤྱི་ཚོགས་ནང་དད་པ་མེད་མཁན་མེད་ཀྱང་། བྱུང་བ་ཡིན་ན་བཀྲ་མི་ཤིས་བ་བརྩི་ནས་རྡོ་རྡུང་དང་དམར་གསོད། སྤྱི་ཚོགས་ཀྱིས་གནོད་ཤུགས་སྣ་ཚོགས་ཡོད་པས་ཡོང་ཐབས་མེད་ཀྱང་། བདེན་པ་ནི་སུས་ཀྱང་བཀག་མི་ནུས་ཤིང་། རང་དབང་ནི་སུས་ཀྱང་གཞོམ་མི་ནུས་བས་དད་ཞེན་ཆེས་ཆེ་བའི་བོད་དང་ཁ་ཆེའི་སྤྱི་ཚོགས་ཁྲོད་ནས་དད་མེད་རིང་ལུགས་པ་བྱུང་བཞིན་ཡོད། དེ་བརྟེན། དད་པ་རིང་ལུགས་པས་མང་ནས་མང་དུ་བྱུང་ཚུལ་ནི་ཧམ་བཤད་དང་སྙོན་བཤད་ལས། བདེན་པ་མ་རེད་ལ། མ་འོངས་བ་ལའང་མི་རྣམས་གོ་རྟོགས་སྔ་ལས་སད་དེ་དད་མེད་རིང་ལུགས་པ་སྔ་ལས་བོད་དང་ཁ་ཆེའི་སྤྱི་ཚོགས་ཁྲོད་ཡོང་ངེས་རེད། ནུབ་ཕྱོགས་དང་ཡར་རྒྱས་ཀྱི་ལུང་པ། ཡར་རྒྱས་འགྲོ་བཞིན་པའི་ལུང་པ་ཚོ་ནི་དེ་བས་སྨོས་ཅི་དགོས། གསར་འགོད་པས་འཇར་མན་དུ་གཅར་འདྲི་བྱེད་སྐབས་དད་པ་ཡོད་མཁན་ཞིག་ལོ་ཉེར་བརྒྱད་མན་གྱི་མི་ཚོའི་གྲས་ནས་གཅིག་ཀྱང་རེག་མེད་པའི་གནས་ཚུལ་བ་དེས་གསལ་བཤད་བྱ་ཐུབ།
དད་མེད་རིང་ལུག་པ་མང་དུ་འགྲོ་ཡི་ཡོད་པའི་སྐད་ཆ་འདི་ནི་བདེན་པ་གཏན་ནས་མ་རེད། དེ་མིན་པ་ཡང་འཇིག་རྟེན་འདིར་ཆོས་ལུགས་བྱུང་ནས་ལོ་ངོ་སྟོང་ཕྲག་མང་པོ་འགྲོ་ཡི་ཡོད་ཅིང་། དེའི་བར་ལ་དར་རྒུད་སྣ་ཚོགས་ཤིག་བྱུང་ཡོད་ལ། ལྷག་པར་དུས་རབས་བཅུ་དགུ་དང་ཉི་ཤུའི་འགོ་སྟོད་ལ་དམར་ཤོགས་རིང་ལུགས་ཤུག་ཆེར་དར་ནས་ཆོས་ལུགས་ལ་ཉམ་རྒུད་ཚབ་ཆེན་བྱུང་ཡོད་ཀྱང་། ཡར་རྒྱས་ཀྱི་རྩེ་མོར་སོན་པའི་དུས་རབས་ཉེར་ཅིག་པ་འདིས་ནང་ལ་ཡང་འཛམ་གླིང་སྟེང་གི་མི་འབོར་གྱི་བརྒྱ་ཆ་དགུ་བཅུ་ཆོས་དད་ཡོད་མཁན་ཡིན་པའི་གནད་དོན་འདིས་གསལ་པོ་སྟན་ཡོད། དེ་བཞིན་འབྲེལ་ཡོད་ཀྱི་ཆ་ནས་བཤད་ན་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་དྲུག་བཅུའི་ནང་ལ། རྒྱ་ནག་དམར་ཤོག་གི་བསྟན་པ་ཆེར་དར་ནས་རྒྱ་ནག་དང་བོད་ནང་ལ་ཆོས་ལུགས་ཧ་ལམ་རྩ་མེད་ལྟ་བུ་བཟོས་ཡོད་ཀྱང་། དེང་སང་ནང་ཆོས་བྱེད་མཁན་རྒྱ་མི་ས་ཡ་བཞི་བརྒྱ་ནས་ལྔ་བརྒྱའི་བར་དང་། ཡེ་ཤུའི་ཆོས་བྱེད་མཁན་ས་ཡ་བརྒྱ་ཙམ་ཡོད་པར་བཤད་ཀྱི་ཡོད་པ་འདིས་དད་པ་རིང་ལུགས་པ་ཇེ་མང་ལ་འགྲོ་ཡི་ཡོད་པ་སྟན་ཡོད། དེ་བཞིན་བོད་ནང་ལ་མཚོན་ན་ཡང་རིག་གནས་གསར་རྗེ་སོགས་ཀྱི་སྐབས་སུ་ལྷ་མགོ་རྡུང་མཁན་དང་དགོན་རྐུབ་ཕེད་མཁན་མང་པོ་བྱུང་ཡོད་ཀྱང་། ཕྱིས་སུ་དེ་དག་ནི་ཆོས་ལ་དད་པ་བྱེད་མཁན་ཨང་དང་པོ་ལྟ་བུ་ཆགས་ཡོད་ལ། བར་སྐབས་བོད་ནང་གི་ན་གཞོན་མང་པོ་ཞིག་ལ་རྒྱ་དམར་གྱི་དམར་པོའི་སློབ་གསོའི་འོག་ནས་ཤུགས་རྐྱེན་ངན་པ་ཐེབ་སྟེ། ཆོས་ལུགས་ལ་དགག་རྒྱག་བྱེད་མཁན་ཁག་ཅིག་བྱུང་ཡོད་ཀྱང་། བར་སྐབས་ཉིང་སྟོང་བརྒྱད་ནས་བཟུང་སོ་སོའི་ཆོས་དང་རིག་གཞུང་གི་དོན་སྙིང་རྟོགས་ཏེ་དེང་སང་འཇམ་ཐིང་ངེར་གྱུར་ཡོད་པ་འདི་རེད།
དེས་ན་བཙན་བྱོལ་ནང་གི་ཞོགས་དུང་རྗེས་འབྲང་པ་ཡིན་ཞེས་ཆོས་དང་དད་པ་དགག་ཁུལ་བྱེད་མཁན་ཁྱེད་ཚོ་ཅིག་ལྟ་རུ་སོང་དང་། ཅིག་བྱས་ན་ཁྱེད་ཚོའི་དགེ་རྒན་ཁོང་གིས་སོ་སོའི་ཁང་པའི་སྦུག་ལ་མཆོད་ཁང་ཞིག་བཞེངས་ནས་ཕྱག་འཚལ་གྱི་ཡོད་མི་སྲིད་པ་མ་རེད།
སྐུ་ཞབས་ལུང་རྟོགས་འདི་ཁ་ཇེ་བདེ་དང་རྒྱུ་མཚན་ལ་འཇུ་སྟངས་ཇེ་ངར་འདྲ་ཞིག་རེད། བཟང་གི། ཤུགས་རྒྱོབས།
བརྒྱ་ཆ་དགུབཅུ་ཞེས་བ་འདི་ནི་སྤྱི་སྡོམ་ཙམ་ཞིག་རེད། འདིའི་ནང་དུ་ཡར་མེད་ཅིང་མི་འབོར་གྲངས་འབོར་མང་བའི་རྒྱལ་ཁབ་སྟེ་ཨ་ཧྥུ་རི་ཁ་དང་ལ་དྲན་ཨ་རི། རྒྱ་གར་སོགས་གཙོ་བོ་ཐེ་བའི་རྒྱུ་མཚན་གྱིས་རེད། དུས་རབས་ཉེར་ཤི་བའི་དཀྱུལ་དུ་ཡོ་རོབ་ཀྱི་རྒྱལ་ཁབ་མི་འབོར་གྱི་མང་ཤོས་ཆོད་དད་པ་ཡིན་ཡང་། འཇུག་ཏུ་ཡོ་རོབ་སྣ་མཐུན་གྱི་རྒྱལ་ཁབ་དང་། ལྷག་པར་དུ་ཡང་རྩེའི་ཡོ་རོབ་ཀྱི་རྒྱལ་ཁབ་ཚོས་ནང་དུ་དད་པ་ཡོད་མཁན་ལས་མེད་མཁན་གྱི་གྲངས་འབོར་མཐོ་ཤོས་ཆགས་པ་རེད། ད་ལྟ་འཛམ་གླིང་གི་ཆོས་ལུགས་ཀུན་གྱི་འཕེལ་ཚད་ལས་དད་མེད་རིང་ལུགས་པའི་འཕེལ་ཚད་མགྱོགས་པས། ད་ནས་བཟུང་ལོ་བརྒྱ་ཡི་ནང་ཁ་ན་དྲ་སོགས་ཐེ་བའི་ཡར་རྒྱས་ལྡན་པའི་རྒྱལ་ཁབ་བཅུ་གཅིག་ནང་ཆོས་ལུགས་རྩ་མེད་འགྲོ་ཚུལ་cnnnཆོས་ལུགས་ཉམས་ཞིབ་པས་འགྲེལ་བརྗོད་གནང་ཡོད།
རིག་གསར་སྐབས་ཀྱི་གནས་ཚུལ་དེ་དག་བོད་པ་རྩ་མ་ཚང་བ་དང་ཁེ་ཕན་རིང་ལུགས་པ་ཁག་ཅིག་གིས་དེ་ལྟར་བྱེད་པ་ལས་དོན་དངོས་ཀྱི་ཁོང་ཚོ་ལ་དད་པ་གཏོར་བའི་བསམ་བློའི་གནས་ཚད་མེད་པས་རེད། དེ་དང་གནས་ལུགས་ཀྱིས་དད་རྒོལ་རིང་ལུགས་པ་འདྲ་མི་འདྲ། གཅིག་གིས་གནས་ལུགས་རྗེས་སུ་འབྲང་བ་རེད། གཅིག་གིས་ཁེ་ཕན་དང་ངོམས་གསོ་རྗེས་སུ་འབྲང་བས་དེ་གཉིས་མི་འདྲ་ལ། མི་འདྲ་བཞིན་དུ་བསྡུར་བ་འདི་རྒྱབ་ལྗོངས་མ་རྙེད་པ་འུ་ཐུག་པའི་དན་རྟགས་ལས་ཅི་ཡང་མི་འདུག གནས་ལུགས་ཀྱི་རྗེས་འབྲང་བ་དག་གིས་སྨྱོན་པ་བཞིན་ལྷ་རྫས་དང་དད་རྫས་གཏོར་ཤུགས་མི་བཏང་། རྒྱུ་མཚན་ནི། ཁོང་ཚོས་དད་པ་ཡོད་མཁན་དང་མེད་མཁན། ཁ་ཕྱོགས་འཚོལ་མཁན་ཀུན་ལ་གཅིག་མཚུངས་ཀྱིས་གུས་བཀུར་བྱེད་པས་རེད། གུས་བཀུར་བྱེད་མཁན་ཞིག་གིས་གཞན་གྱི་དངོས་རྫས་གཏོར་སྐྱོན་དང་འཕྲོག་གཅོམ་དེ་བས་མི་བྱེད། གནས་ལུགས་དང་ཚུལ་མཐུན། དྲང་བདེན་གྱི་སྒོ་ནས་ཁ་གཏད་འཇལ་བ་ལས། རྩ་མི་ཚང་བའི་ལས་དོན་དེ་བས་བྱེད། རྒྱུ་མཚན་ནི། ཁོང་ཚོ་གནས་ལུགས་དང་རྒྱུ་མཚན། བདེན་པ་ཁོ་ནའི་རྗེས་སུ་འབྲང་མཁན་ཡིན་པས་རེད།་
གང་ཟག་སྒེར་གྱི་གནད་དོན་ཐད་དད་པར་ཤི་འཐམ་རོ་འཐམ་བྱེད་ཀྱི་ཡོད་ཀྱང་རང་དབང་རེད་ལ་ཡོད་ཚད་དད་པར་བརྟེན་གཏོང་བྱེད་ཀྱང་རང་མོས་གཙང་མ་རེད། འོན་ཀྱང་རྒྱལ་ཁབ་གཅིག་གི་བདག་དབང་དང་མངའ་ཐང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་གཅིག་གི་རྩ་དོན་འཐབ་རྩོད་དང་མི་རིགས་འཕེལ་རྒྱས་ཐད་ཆོས་ལུགས་དད་པའི་སྟ་རེ་འཕྱར་ཡོང་ན་འགྲིག་གི་མ་རེད་ལ། འདིས་མིའི་བསམ་བློའི་རང་དབང་ལ་ཚོད་འཛིན་བྱེད་པ་མ་ཟད་དུས་རབས་གསར་པའི་བསམ་པའི་དཔལ་ཡོན་བཞད་པར་འགོག་རྐྱེན་འཕྲད་ཀྱི་ཡོད་པ་རེད། རྒྱུ་མཚན་ནང་པ་སངས་རྒྱས་ཀྱི་དད་ཡུལ་གྱི་སྟོན་པ་བཅོམ་ལྡན་འདས་ཁོ་རང་གིས་རྒྱལ་སྲིད་བྱ་བ་ལས་བྲོལ་བྱོལ་དུ་ཕེབས་པ་འདིས་ཆོས་སྲིད་མཉམ་གནས་མི་ཐུབ་པ་གསལ་སྟོན་བྱས་པ་རེད་ལ། སངས་རྒྱས་ནས་ཀྱང་ཐར་ལམ་གྱི་རྣམ་གཞག་ཁོ་ན་ལས་མི་ཆོས་རིང་ལུགས་སྐྱོངས་སྟངས་སྣེ་གཅིག་ཀྱང་གསུངས་མེད་པ་རེད། མ་ཟད་ཐམས་ཅད་མཁྱེན་ཡོད་ཀྱང་གོ་ལ་རིལ་རིལ་ཡིན་པ་མཁྱེན་མེད་པ་འདྲ། ལྷག་པར་དུ་མ་དམིགས་པའི་གླིང་ཆེན་དང་གླིང་ཕྲན་མང་པོ་ཞིག་གསུངས་འདུག་པ་མ་གཏོག་མངོན་སུམ་དུ་དམིགས་པའི་གླིང་ཆེན་ལྔ་དེ་གསལ་པོ་བྱས་ནས་གསུངས་མི་འདུག། ད་འདི་ཚོ་ཁྱད་པར་ཅང་མི་འདུག།
འོན་ཀྱང་ཡར་རྒྱས་ཀྱི་རྩེ་མོར་སོན་པའི་དུས་རབས་ཉེར་གཅིག་པའི་ནང་གོ་ལའི་མི་འབོར་བརྒྱ་ཆ་དགུ་བཅུ་ཆོས་དད་ཡོད་མཁན་ཡིན་རབས་བཤད་པ་དེ། རྨོངས་དད་རིང་ལུགས་པ་དང་མདོར་ན་གློ་པའི་ཆོས་ལུགས་ཡར་རྩིས་པའི་སྤྱི་སྡོམ་ཙམ་ཞིག་ལས་གནས་ལུགས་དང་རྒྱུ་མཚན་རང་བཞིན་ལྡན་པའི་དད་པ་ཡོད་མཁན་གོ་ལའི་མི་འབོར་བརྒྱ་ཆ་གཅིག་ཀྱང་ཡོད་རྒྱུ་མ་རེད། དེས་ན་རྨོངས་དད་ལ་ཤི་འཐམ་རོ་འཐམ་རིང་ལུགས་པས་གོ་ལ་ཧྲིལ་པོའི་ནང་རྙོག་དྲ་བསླངས་དང་སློང་བཞིན་པ་རེད། དཔེར་ན་ཁ་ཆེ་དང་ཤུགས་ལྡན་རིང་ལུགས་པ་ལྟ་བུའོ།
ཡར་རྒྱས་ཀྱི་རྩེ་མོར་སོན་པའི་དུས་རབས་འདིའི་ནང་འཚར་ལོངས་བྱུང་བའི་དེང་རབས་ཀྱི་ཤེས་ཡོན་གྱིས་རྟོགས་སད་མི་རབས་གསར་པ་ཚོས་སོ་སོའི་ཕ་མེས་ཀྱི་ཆོས་ལུགས་ལ་དད་མོས་བྱེད་ཀྱི་མི་འདུག་ལ་དཔེར་ན་ཡེ་ཤུའི་ཆོས་ལུགས་པས་རེས་གཟའ་ཉི་མའི་ཞོགས་པ་སྔ་པོ་དྲིལ་བརྡ་གཏོང་བ་ལ་ཡང་ངོ་རྒོལ་གྱིས་ག་ལེར་མེད་པར་བཟོ་ངེས་པ་རེད། ནང་ཆོས་ལ་དོ་སྣང་བྱེད་མཁན་ཏོག་ཙམ་ཡོད་ཀྱང་དེ་ནི་ནང་ཆོས་ནང་བསྟན་པའི་སེམས་ཀྱི་རྣམ་གཞག་ཁོ་ནར་དོ་སྣང་བྱེད་པ་ལས་ནང་ཆོས་ཧྲིལ་པོར་དད་པ་བྱེད་མཁན་ཧ་ཅང་གིས་ཉུང་ཉུང་རེད། དཔེར་ན་༧རྒྱལ་བ་རིན་པོ་ཆེ་ནུབ་ཕྱོགས་སོགས་སུ་ཕེབས་སྐབས་གསུང་ཆོས་ཞུ་མཁན་ཕལ་ཆེ་བ་ཁོང་གིས་ཞི་བདེ་དང་ནང་ཆོས་ལས་འཕྲོས་པའི་སེམས་ཀྱི་ཞི་བདེའི་བསྐོར་ལ་ཉན་མཁན་ཕལ་ཆེ་བ་རེད།
བརྒྱ་ཆ་དགུ་བཅུ་དེ་སྤྱི་སྡོམ་ཡིན་པའི་དབང་དུ་བཏང་ཡང་དེའི་སྟེང་ནས་མཐོང་ཐུབ་པ་ནི་འཛམ་གླིང་སྟེང་དད་པ་མེད་མཁན་ལས་ཡོད་མཁན་ཧ་ཅང་མང་བ་དེ་སྟན་ཡོད་པ་རེད། སྤྱིར་དད་པའི་རྣམ་བཞག་ཡག་པོ་ཞིག་ཤེས་ན་འཇིག་རྟེན་འདིར་དད་པ་གཏན་ནས་མེད་པའི་མི་ཞིག་མི་སྲིད་པ་རེད། དེ་ཡང་དད་པ་ལ་དང་བའི་དད་པ་དང་འདོད་པའི་དད་པ་ཡིད་ཆེས་པའི་དད་པ་བཅས་ཡོད་པ་རེད། དེའི་ནང་ནས་འདོད་པའི་དད་པ་ལྟ་བུ་ཞིག་ལ་ཆ་བཞག་ན་རང་གི་དགའ་རོག་ལྟ་བུ་ཞིག་ལ་དགའ་ཞིང་ཆགས་པ་ལྟ་བུ་རེད་ལ། དང་བའི་དད་པ་ཞེས་པ་ཡང་ཡོན་ཏན་ཅན་ལྟ་བུའི་ཡུལ་ཁྱད་པར་ཅན་ཞིག་མཐོང་སྐབས་ཡུལ་དེ་ལ་དགའ་བ་དང་སྨོན་པའི་ཚོར་བས་སེམས་དང་སེང་ངེར་འགྲོ་བ་དེ་རེད། དེས་ན་འདི་ལྟ་བུ་ནི་མི་ཚང་མ་ལ་ཡོད་པས་དད་པ་སྤྱི་སྡོག་ནས་བཀག་ཁུལ་བྱེད་པ་ནི་གད་མོའི་གནས་རེད། རྨོངས་དད་བྱས་པ་དེ་འགྲིག་གི་མི་འདུག་ཟེར་བ་ཡིན་ན་ནི་བསམ་ཚུལ་མ་མཐུན་པ་གང་ཡང་མི་འདུག་པས་རྩོད་དགོས་དོན་མི་འདུག
ཞོལ་འབྲོང་ལགས། སངས་རྒྱས་ཀྱིས་ཆོས་གསུང་པ་ནི་ནང་སེམས་འདུལ་ཐབས་ལས་ཕྱི་དངོས་པོའི་ཆེད་དུ་མ་རེད་ལ། ལྷག་པར་དུ་མིའི་ཁམས་དང་མོས་པ་ལ་བཏུན་ནས་གསུང་བ་ལས་རང་གིས་གང་གཟིགས་པ་དེ་ཨུ་ཚུག་གིས་གསུང་གི་མེད་པ་རེད། རྒྱུ་མཚན་ཡང་། སངས་རྒྱས་ཀྱིས་ཆོས་གསུང་པ་དེ་མི་ལ་ཕན་པའི་ཆེད་དུ་གསུང་བ་རེད་ལ། མི་ལ་ཕན་དགོས་ན་མིའི་བསམ་པ་དང་བཏུན་ནས་གང་ལ་གང་འཚམ་པ་ཞིག་བཤད་དགོས་པ་དེ་གནས་ལུགས་ཀྱི་ཆོས་ཉིད་རེད། དེས་ན་ནང་ཆོས་ལས་གོ་ལ་རིལ་རིལ་དང་ལེབ་ལེབ་གང་གསུང་ཡོད་ཀྱང་དེ་ནི་ནང་ཆོས་ཀྱི་རྩ་བའི་སྒྲུབ་བྱའི་དམིགས་ཡུལ་མ་ཡིན་པས། སྐབས་དེའི་མིའི་བསམ་པ་དང་བཏུན་ནས་གསུང་པ་ཡིན་སྲིད་པ་རེད། ནང་ཆོས་ཀྱི་སྒྲུབ་བྱ་མཐར་ཐུག་ནི་མིའི་སེམས་ལ་ཞི་བདེ་དང་བདེ་སྐྱིད་དཀྲུན་རྒྱུ་དེ་ཡིན་པས། སེམས་ཀྱི་རྣམ་བཞག་ལ་དོ་སྣང་བྱེད་པ་ནི་ནང་ཆོས་ལ་དོ་སྣང་བྱས་པ་ཞིག་ཅི་ལ་མིན། དེས་ན་ནང་ཆོས་ནས་སྟན་པའི་སེམས་ཀྱི་རྣམ་བཞག་ལ་དོ་སྣང་བྱེད་པ་ལས་ནང་ཆོས་ལ་དོ་སྣང་བྱེད་མཁན་མེད་ཟེར་ན་དེ་ནི་གད་མོ་ཤོར་བའི་སྐད་ཆ་ཞིག་རེད།
ང་ཚོས་གླེང་བཞིན་པའི་དད་པ་ནི་ཆོས་ལུགས་གཞི་བཟུང་གིས་བཤད་བཞིན་ཡོད་པ་ལས་གཞན་དུ་མ་རེད། དགའ་རོགས་ལྟ་བུ་ལས་ཡིད་ཆེས་དང་དྭངས་བ་༡༠༠%བྱས་བའང་ནོར་འཁྲུལ་རེད། རྒྱུ་མཚན་དེས་བརྩེ་དུང་ནི་ཞ་ར་ཡིན་ཞེས་བ་གསལ་བཤད་བྱས། དེ་བརྟེན། དད་པ་ནི་ཞ་ར་རེད་ལ། དད་པ་བྱེད་མཁན་ནི་མིག་མེད་ཀྱི་དོ་བདག་རེད་ཅེས་ནས་བརྗོད་ཆོག
དད་མེད་རིང་ལུགས་བརྒྱ་ཆ་དགུ་བཅུ་གླེང་སྐབས་ཆོས་ལུགས་ཀྱི་གནད་དོན་ལས་གཞན་བརྩེ་དུང་སོགས་བརྗོད་བྱ་མིན་་པ་ཉིད་ཀྱིས་མཁྱེན་གསལ་རེད་ལ། དེ་ལྟར་ཡིན་པ་སྨོས་དགོས་དོན་མི་འདུག ལོ་ངོ་གཉིས་བརྒྱ་དང་སུམ་བརྒྱུའི་སྔོན་ལ་དད་པ་མེད་མཁན་གྱི་བརྒྱ་ཆ་བརྩི་ཡ་ལྟ་ཅི་མི་རེ་ཟུང་ལས་བགྲང་ཡ་དཀོན་ལ། ཡོད་པ་དག་ཀྱང་གསོན་བསྲེགས་བྱས་བའི་ལོ་རྒྱུས་ཡོད། ད་ལྟ་འཛམ་གླིང་གི་མི་འབོར་གྱི་བརྒྱ་ཆ་བཅུ་ལྷག་ཟིན་པ་རེེད། དེ་དག་གི་གཙོ་བོ་ནི་ཡར་རྒྱས་ཆེ་བའི་མི་རིགས་དག་ཡིན་པ་ལས་ཡར་རྒྱས་མེད་པའི་མི་རིགས་དང་རྒྱལ་ཁབ་དག་དེ་ཙམ་མིན། ད་དུང་ཡང་དད་མེད་རིང་ལུགས་ཀྱི་མི་འབོར་མང་དུ་འཕེལ་ངེས་རེད། དད་པ་ཡོད་མཁན་གྱི་བརྒྱ་ཆ་དགུ་བཅུ་བོ་ཆོས་ལུགས་སོ་སོར་ལ་བགོ་འགྲེམ་བྱས་བ་ཡིན་ན། དད་མེད་རིང་ལུགས་པའི་གྲངས་འབོར་ཉུང་ཉུང་མ་རེད། སངས་རྒྱས་ཆོས་བྱེེད་པའི་གྲངས་འབོར་ལས་རྡབ་དུ་མ་ལས་བརྒལ་ཡོད།
ལགས་སོ། ད་མང་པོ་བཤད་དགོས་པ་ཅང་མི་འདུག ཆོས་ལུགས་ལ་དད་པ་ཡོད་མེད་ཀྱི་ཐད་ནས་བཤད་པ་ཡིན་ན་ཡང་ཁྱེད་ཀྱིས་གསུང་པ་དེ་ལ་གནས་ལུགས་དེ་ཙམ་མ་མཐོང་། རྒྱུ་མཚན་ནི། ངས་གོང་དུ་ཡང་བཤད་ཡོད་པ་ལྟར་ལོ་ངོ་བརྒྱ་ཕྲག་གི་གོང་ལ་འཛམ་གླིང་འདིར་དམར་ཤོགས་རིང་ལུགས་དར་ཁྱབ་ཤུགས་ཆེར་བྱུང་ཡོད་པ་དངོས་ཡོད་གནས་ཚུལ་རེད་ལ། དམར་ཤོགས་པས་ཆོས་དད ཁས་མི་ལེན་པ་ཡང་བཤད་མི་དགོས་པའི་གནད་དོན་ཞིག་རེད། དེས་ན་དེའི་སྐབས་སུ་འཛམ་གླིང་གི་མི་འབོར་གྱི་བརྒྱ་ཆ་དགུ་བཅུ་ཆོས་དད་པ་མིན་པ་ནི་ཚོད་དཔག་ཐུབ་པ་ཞིག་རེད། འདི་ལྟར་ལྟས་ན་ད་སྐབས་ཆོས་དད་པ་ཇེ་མང་ལས་ཇེ་ཉུང་སོང་མེད་པ་ཤེས་ཐུབ་པ་ཞིག་རེད། གཉིས་ནས་དད་མེད་པ་ཕལ་ཆེ་བ་ཡར་རྒྱས་ལྡན་པའི་རྒྱལ་ཁབ་ནང་ལ་ཡོད་པའི་སྐད་ཆ་འདི་ཡང་བདེན་པ་མིན་པ་འདྲ། དེ་ཡང་སྔོན་མ་ཨ་རིའི་སྲིད་འཛིན་བྷུ་ཤི་རྒྱ་ནག་ལ་ཕེབས་ནས་སློབ་གྲྭ་ཆེན་མོ་ཞིག་གི་ནང་ལ་གསུང་བཤད་གནང་སྐབས། ཁོང་གིས་ཨ་རིའི་མི་མང་བརྒྱ་ཆ་དགུ་བཅུ་ཡེ་ཤུས་ཆོས་དད་པ་ཡིན་ལ་ཁོ་རང་ཡང་དཀོན་མཆོག་ལ་དད་པ་བྱེད་མཁན་ཞིག་ཡིན་ཞེས་བཤད་པ་དྲན་སོས་ཀྱི་འདུག
དད་པ་མེད་མཁན་ཞེས་བཅོས།
ཞི་བ་ཡིན་ན་དད་པ་ཅན་ཡིན་དགོས་བའི་ངེས་བ་མེད་ལ་། ཨ་རིའི་སྲིད་འཛིན་གཉིས་ཀྱིས་དྲག་སྤྱོད་པ་ཡོད་ཚད་རྩ་མེད་བཟོས་ཀི་ཡིན་ཟེར་གཏམ་བཤད་བྱས་ཡོད་ན་ཁུངས་ལུང་གསལ་བོ་གསུངས་རོགས་གནང་།
རེད་ཡ། བཅོམ་ལྡན་འདས་ཀྱིས་གང་གསུངས་པ་ནང་སེམས་འདུལ་བའི་ཐབས་སུ་ཡིན་པ་བདེན་དུ་ཆུག་ཀྱང་། སེམས་ཅན་མོས་ཁམས་དང་བསྟུན་ནས་གསུངས་པ་ལས་གང་གཟིགས་པ་ཨུ་ཚུག་གིས་གསུངས་མེད་པ་རེད་ཟེར་ན། འདུལ་བའི་བཅའ་ཁྲིམས་དེ་ཚོ་སེམས་ཅན་མོས་བློ་དང་ཡོངས་སུ་མཐུན་པ་ཞིག་ཨེ་ཡིན། དཔེར་ན་དེང་གི་དགེ་ཚུལ་སློང་ལ་གཅིག་གཟིགས་དང་ཁོ་ཚོའི་མོས་བློ་དང་ཕལ་ཆེར་མཐུན་མི་འདུག། ལྷག་པར་དུ་གང་གི་གཟིགས་པའི་ཟབ་ཅིང་སྤྲོས་བྲལ་འོད་ཟེར་འདུས་མ་བྱས་ཀྱི་ཆོས་དེ་ཨུ་ཚུག་གིས་གསུངས་བ་་ལས་ཕྱི་རོལ་པའི་སེམས་ཅན་གྱི་མོས་བློ་དང་ཡོངས་སུ་མཐུན་པ་ཞིག་ཁྱོོན་ནས་གསུངས་མེད་པ་རེད། དེས་ན་སྤྱོད་འཇུག་ལས། སེམས་ཅན་མོས་པ་སྣ་ཚོགས་པ། རྒྱལ་བས་ཀྱང་ནི་མི་མགུ་ན། ཞེས་སེམས་ཅན་གྱི་མོས་བློ་ཡོངས་སུ་རྫོགས་པ་ཞིག་གསུངས་ཐུབ་མེད་པ་རེད། སངས་རྒྱས་ཀྱིས་གང་གསུངས་པ་དེ་མི་ལ་ཕན་པའི་ཆེད་དུ་གསུངས་ཀྱང་མི་སྡུག་པ་སྒོམ་ནས་དགེ་སློང་མི་ཉུང་བ་ཞིག་རང་ཤི་བརྒྱབས་པའི་ལོ་སྒྱུས་གོ་མྱོང་། བདེན་མིན་མི་ཤེས། དེས་ན་སེམས་ཅན་གྱི་མོས་ཁམས་དང་འཚམ་པའི་གང་ལ་གང་བསྟན་གྱིས་འཇིག་རྟེན་གྱི་རྣམ་གཞག་བསྟན་སྐབས་ཀུན་རྫོབ་བདེན་པ་ག་པར་ཕྱིན་པ་ཡིན་ནམ།
མ་གཞི་ནང་ཆོས་མིའི་སེམས་ཁམས་ལ་ཞི་བདེ་དང་བདེ་སྐྱིད་བསྐྲུན་ཆེད་ཡིན་ཡང་ནང་ཆོས་ལ་ཞུགས་པའི་བླ་མ་དང་གྲྭ་བཙུན་དེ་ཚོའི་བསམ་བློའི་ནང་ཨ་སྒོར་དང་ཡུ་སྒོར་ལ་རྔམས་བཞིན་པ་དེ་ཅི་བྱས་སོང་བ་ཡིན་ནམ།
ནང་ཆོས་ནས་བསྟན་པའི་སེམས་ཀྱི་རྣམ་གཞག་ཁོ་ན་དེ་དངོས་གཙོ་རིང་ལུགས་པས་དོ་སྣང་སླེབས་པ་ནི་དངོས་གཙོ་སྨྲ་བའི་སེམས་ཁམས་རིག་པའི་གཞུང་ལུགས་ལ་ཕན་ཐོག་ངེས་ཅན་ལྡན་འདུག་སྙམ་པའི་འཚོར་བ་སྐྱེན་པོ་ཞིག་སླེབས་པ་དེས་བྱས་པ་ལས་ནང་ཆོས་ཉམས་ལེན་བྱེད་ཀྱི་མེད་པ་དེ་རེད། འདི་ནི་ནུབ་ཕྱོགས་ཀྱི་སྤྱི་ཚོགས་ནང་ཕྲད་དང་འཕྲད་བཞིན་པའི་དཀའ་ངལ་འཕར་མ་དེར་གདོང་ལེན་བྱ་ཆེད་རེད་མ་གཏོག་ཐར་ལམ་གྱི་སྒོ་འཕང་ལ་བསམ་བློ་གཏོང་གི་མེད་པ་དེ་རེད། འདིས་ནང་ཆོས་ལ་དོ་སྣང་བྱས་པ་ཞིག་ནམ་ཡང་མཚོན་མི་ཐུབ།
ཞོལ་གཡག་ལགས། འདུལ་ཁྲིམས་སེམས་ཅན་གྱི་མོས་བློ་དང་མཐུན་མི་འདུག་ཟེར་ན་དེ་ཡང་བསམ་བློ་ལེགས་པར་མ་བཏང་བའི་སྐད་ཆ་རེད། ཁྱེད་ཀྱིས་མོས་བློ་དང་མི་མཐུན་པའི་རྒྱུ་མཚན་དེང་གི་དགེ་ཚུལ་སློང་ཚོའི་བྱ་སྤྱོད་བཀོད་འདུག་ཀྱང་དེ་ནི་རྒྱུ་མཚན་ཡང་དག་ཅིག་མ་རེད། གང་ཡིན་ཟེར་ན། དེང་གི་གྲྭ་བཙུན་ཕལ་ཆེ་བ་ནི་ཟང་ཟིང་འཁྲུག་ཆ་ཆེ་བའི་སྤྱི་ཚོགས་ནང་དུ་དངོས་པའི་དཔལ་ཡོན་ལ་མགོ་འཁོར་ནས། ཆོས་ཚུལ་བཞིན་ཉན་ལེན་བྱེད་མཁན་དཀོན་པས་མང་པོ་ཞིག་གི་བློ་ལ་མི་བབ་པ་བདེན་ཡང་། ཆོས་ཚུལ་བཞིན་ཉམ་ལེན་བྱེད་མཁན་ཚོའི་བློ་ལ་ཧ་ཅང་འཚམས་པ་དངོས་ཡོད་རེད། དཔེར་ན་གོང་ས་མཆོག་གིས་ནམ་ཡིན་རུང་ཁོང་དགེ་སློང་ཞིག་ཡིན་པའི་སྤོབས་པ་ཆེན་པོ་ཡོད་ཅེས་གསུངས་ཀྱི་ཡོད་པ་ལྟ་བུ་རེད། གཞན་ཡང་སངས་རྒྱས་ཀྱིས་འདུལ་བ་གསུང་དུས་ནི་ལོ་ཉིང་སྟོང་གི་གོང་ལ་ཡིན་པས། དེའི་སྐབས་ཀྱི་མིའི་མོས་བློ་དང་མི་མཐུན་པ་ཁྱེད་ཀྱིས་ཇི་ལྟར་བཤད་ཐུབ།
གཉིས་ནས་ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས་ཀྱི་ཆོས་དེ་ཕྱི་རོལ་པའི་བློ་དང་མི་འཐུན་པའི་རྒྱུ་མཚན་གྱིས། སེམས་ཅན་གྱི་མོས་བློ་དང་མི་མཐུན་པས་བཤད་པ་ནི་རྒྱུ་མཚན་ཡང་དག་བཤད་རྒྱུ་མ་རྙེད་པའི་ཉོག་བཤད་རེད། ཕྱི་རོལ་པ་ཞེས་པ་ནི་སེམས་ཅན་གྱི་བྱེ་བྲག་ཆུང་ཆུང་ཞིག་ཡིན་པས། དེ་ཚོའི་མོས་བློ་དང་མ་མཐུན་པ་ཙམ་གྱིས་སེམས་ཅན་གྱི་མོས་བློ་དང་མི་མཐུན་པ་ཇི་ལྟར་སྒྲུབ། ཕྱི་རོལ་པ་མིན་པའི་སེམས་ཅན་གྲང་ལས་འདས་པ་ཞིག་ཡོད་པ་རེད།
དགེ་སློང་ཁག་ཅིག་གིས་མི་སྡུག་པ་སྒོམ་ནས་རང་ཤི་རྒྱབ་པ་ཙམ་གྱིས་སངས་ཆོས་ཀྱིས་མི་ལ་མི་ཕན་པ་སྒྲུབ་མི་ཐུབ་སྟེ། སྡུག་བསྔལ་ཆེན་པོས་གཟིར་བ་དེ་དག་གིས་ཤི་བ་དེ་ཡང་བདེ་སྐྱིད་ལ་བརྩི་ཡི་ཡོད་པ་ང་ཚོས་མཐོང་ཆོས་རེད། ལྷག་པར་དུ་ཚེ་འདི་ཁོ་ན་ལས་ཚེ་ཕྱི་མ་དང་ཐར་པའི་བདེ་སྐྱིད་འཁོར་བའི་སྡུག་བསྔལ་སོགས་ཁས་མི་ལེན་པའི་མི་ཁྱེད་ཚོའི་བློ་ལ་འདི་དག་འགྲོ་མི་སྲིད་ཀྱང་། དེ་དག་ཁས་ལེན་མཁན་ཞིག་གིས་ལྟས་ན་འདི་ལ་ཡང་རྒྱུ་མཚན་ཡོད་པ་རེད།
ནང་ཆོས་ནས་གསུང་པའི་འཇིག་རྟེན་གྱི་རྣམ་བཞག་ནི་ཞོར་འཕྲོས་ཙམ་ལས་གཙོ་བོ་གང་ཡང་མིན་པས། དེ་འཇིག་རྟེན་གྱི་མཐོང་ཚུལ་དང་མི་འཐུན་པ་ཙམ་གྱིས་ནང་ཆོས་ཡང་དག་མ་ཡིན་པ་ནམ་ཡང་སྒྲུབ་མི་ཐུབ།
ནང་ཆོས་ལ་ཞུགས་པའི་གྲྭ་བཙུན་མང་པོ་ཞིག་ཨ་སྒོར་དང་ཡུ་སྒོར་ལ་རྔམ་པ་ནི་དེ་ཚོས་ལུས་ལ་ཆོས་གོས་གྱོན་ཡང་སེམས་པ་ཆོས་ལ་འཁོར་མ་ཐུབ་པའི་རྐྱེན་གྱིས་ཡིན་པ་ལས། ནང་ཆོས་ཚུལ་བཞིན་དུ་ཉམ་ལེན་བྱས་པའི་འབྲས་བུ་མིན་པ་ཤེས་སོང་ན། འདི་ནང་ཆོས་ཡང་དག་མ་ཡིན་པའི་སྒྲུབ་བྱེད་ལ་མི་འགྲོ་བ་ཤེས་ཡོང་།
ཚན་རིག་པས་ནང་པ་དང་མཉམ་དུ་བགྲོ་གླེང་བྱེད་པ་དེ་ཁྱེད་རང་གིས་བཤད་པ་ལྟར་ཡིན་དུ་ཆུག འོན་ཀྱང་ནང་ཆོས་ལ་ཞུགས་པའི་ནུབ་ཕྱོགས་པ་ཚང་མ་དེ་ལྟར་ཡིན་པ་བཤད་ན་དངོས་ཡོད་ལ་སྙོན་གྱི་ཡོད་པ་གསལ་པོ་རེད། ནུབ་ཕྱོགས་སུ་ཡོད་པའི་བོད་རྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་ནང་ལ། ཚེ་འདི་བློས་བཏང་གིས་ཆོས་ཁོ་ན་ཉམ་ལེན་བྱེད་མཁན་གྱི་ནུབ་ཕྱོགས་པ་མི་ཉུང་བ་ཞིག་མཐོང་རྒྱུ་ཡོད་པ་རེད། གཉིས་ནས་ནང་པ་སངས་རྒྱས་པའི་ཆོས་ནི་སེམས་འདུལ་ཐབས་གཙོ་བོར་དམིགས་ནས་གསུང་པ་ཞིག་ཡིན་པས། ནང་ཆོས་ནས་གསུང་པའི་སེམས་འདུལ་ཐབས་ཀྱི་ཐམས་ལམ་དེ་དག་ལག་བསྟར་བྱས་ན་དེ་ནི་ནང་ཆོས་ཉམ་ལེན་བྱས་པ་ཞིག་ཅི་ལ་མིན། ཐར་པ་ཐོབ་པའི་ཆེད་དུ་མ་ཡིན་ན་ནང་ཆོས་ཉམ་ལེན་བྱེད་ཀྱི་མེད་པའི་ཁྱབ་པ་མེད་དེ། དཔེར་ན་ཐེག་ཆེན་ནས་གསུངས་པའི་བྱང་ཆུབ་ཀྱི་སེམས་ལྟ་བུར་ཆ་བཞག་ན། སྤྱོད་འཇུག་ལས། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན། །སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད།། ཅེས་གཞན་ཕན་གྱི་བསམ་པ་མེད་ན་སངས་རྒྱས་མི་ཐོབ་མ་ཟད་འཁོར་ན་གནས་པའི་སྐབས་སུ་ཡང་བདེ་བ་མེད་པར་གསུང་ཡོད་པ་ལྟ་བུའི་མཚོན་ནུས།
ལུང་རྟོགས། ལུང་རྟོགས། ལུང་རྟོགས། ཤུགས་རྒྱོབས། ཤུགས་རྒྱོབས། ཤུགས་རྒྱོབས། ལུང་རྟོགས་ནི་འགྲན་ཟླ་མེད།
ནང་ཆོས་ནས་གསུངས་པའི་འཇིག་རྟེན་ཆགས་ཚུལ་འདི་ལ་ཚན་རིག་གི་འཇིག་རྟེན་ལྟ་ཚུལ་གྱི་འཕེལ་རིམ་ལ་བསམ་ན་དགག་པ་རྒྱག་འོས་པ་ལས་ལྡོག་སྟེ་རྗེས་སུ་ཡི་རང་དང་ངོ་མཚར་སྐྱེས་དགོས་པ་ཞིག་རེད། བསམ་བློ་ཞིག་ཐོངས་དང་། མི་ལོ་ཉིས་སྟོང་ལྔ་བརྒྱའི་གོང་དུ་མི་ཞིག་གིས་མཐའ་མེད་པའི་འཇིག་རྟེན་ཁམས་ཆེན་མོའི་གྲུབ་སྟངས་ལ་བསམ་གཞིག་དང་འཆར་སྣང་གིས་བློས་བླངས་བཞེངས་བཀོད་བྱས་པསའགྲོ་བ་མིའི་རིགས་ལ་འཚོལ་སྙེགས་དང་། ལྟ་ཞིབ། དབང་ཤེས་ཀྱི་ནུས་པའི་བཀག་རྒྱ་ལས་གྲོལ་ཏེ་མཐའ་མེད་པའི་འཇིག་རྟེན་ཆེན་པོར་རྟོག་ཞིབ་བྱེད་པའི་ལམ་ཁ་ཞིག་བཏིང་བ་རེད། སྐུལ་སློང་ཞིག་བྱས་པ་རེད།
རྗེ་གུང་ཐང་པས།
གདོལ་སྤྱོད་ཁྱིམ་པའི་རྗེས་འཇུག་གཡོ་ཁྲམ་མཁན།།
ཆོས་མིན་སྤྱོད་པའི་ཐན་སྙེ་མགོ་འཕང་མཐོ།།
ཞེས་གསུངས་ཡོད་པ་དེར་ང་ཚོས་ཀྱང་ཚོད་དཔག་བྱེད་ཐུབ་དགོས། མ་གཞི་ནས་སྐུ་ཞབས་ལུང་རྟོགས་ལགས་ནི་བཙན་བྱོལ་སྒྲིག་འཛུགས་ལ་དུངས་ཞེན་ཧ་ཅང་ཟབ་པའི་མི་ཞིག་ཡིན་སྟབས། བཙན་བྱོལ་གྱི་གནས་སྟངས་སྤྱི་དང་། བྱེ་བྲག་བོད་ཀྱི་རིག་གཞུང་གི་སྲོག་རྩ་བདག་ཉར་བྱེད་སའི་དགོན་པ་གྲ་ཚང་ལ་དེ་བས་ཀྱང་རྒྱུས་མངའ་ཆེན་པོ་ཡོད་ངེས་རེད། དྲ་གྲོགས་ཚོས་ཁོང་ལ་བན་དེ་སྐྱ་མིན་སེར་མིན་གྱི་གསང་རྣམ་འདྲ་འདྲིས་ན་ག་འདྲ་འདུག དཔེར་ན་ད་དུང་ཡང་བཙན་བྱོལ་ནང་གི་དམ་ཚིག་སྨོན་ལམ་༼ཕོ་རྒྱོ༽སྐོར་དེ་དབྱིན་ཇི་བ་རེ་གཉིས་ཀྱིས་མ་གཏོགས་བསམ་ཚུལ་ངོ་མ་དང་གནས་ཚུལ་ངོ་མ་བརྗོད་ཐུབ་ཀྱི་མེད། བྱས་གཙང་གླེང་གཞི་དེ་ནས་འགོ་བཙུགས་ཏེ་བསམ་བློ་གསར་པ་དང་། རྩོད་གླེང་གསར་པ། གོ་རིམ་གསར་པ་ཞིག་ལ་སྙེགས་ན་གང་འདྲ་འདུག
འཇིག་རྟེན་ཆགས་རིམ་གྱི་ལྟ་གྲུབ་མཁན་གཙོ་བོ་ཞིག་ནང་པའི་མཁས་པ་གྲགས་ཅན་སློབ་དཔོན་དབྱིག་གཉེན་རེད། ཁོང་གིས་འཇིག་རྟེན་རིལ་མོ་ཡིན་པའི་ཚོད་དཔག་བྱས་པ་དེར་ཚན་རིག་མཁས་ཅན་ཚོས་རྡུང་རྡེག་ཚ་ནན་བཏང་བར་བརྟེན། ༧རྒྱལ་བ་རིན་པོ་ཆེ་ཡང་གསུང་སྐད་ཤོར་ནས་གནད་དོན་དེ་སློབ་དཔོན་དབྱིག་གཉེན་ལ་དགོངས་པ་མ་ཚོམ་ཞུ་རྒྱུ་རེད་འདུག་ཅེས། ཚན་རིག་མཁན་པོ་དང་ལག་གདང་དཔུང་སྦྲེལ་ངང་ཕེབས་དགོས་བྱུང་བའི་སྐོར་ཞིག་གོ་རྒྱུ་ཡོད། དེས་མ་ཚད་རིའི་རྒྱལ་པོ་རི་རབ་དང་། ཤིང་གི་བཙུན་མོ་སྤ་སངས་སྒྲོལ་མའི་༼དཔག་བསམ་ལྗོན་ཤིང་།༽འགྱོད་གཞི་ཞིག་ཀྱང་ཐོན་ཡོད།།
དོན་དངོས་ཐོག་འཇིག་རྟེན་གྱི་ཆགས་དབྱིབས་ནི། གོང་གཟུགས་རེད། དེའི་སྐོར་ཕལ་ཆེར་བོན་པོ་ཚོས་བརྗོད་པའི་འཇིག་རྟེན་ཆགས་རིམ་དེ་ཁུངས་བཙན་པ་ཡོད་བསམ་སོང་བས་དཔྱད་པར་ཚལ།
ལུང་རྟོགས་ལགས། ད་མང་པོ་བཤད་ན་རྩོད་པ་རྒྱག་འདོད་མེད། དམག་ཆེན་དང་པོའི་འཇུག་དང་གཉིས་པའི་མགོ་འཇུག་བར་གསུམ་དུ་དམར་བོའི་ལྟ་བ་མང་པོ་ཞིག་ཁྱབ་པ་བདེན་པ་རེད་ལ། དེ་དག་གིས་དབང་སྒྱུར་བྱས་བའི་མི་རིགས་ཀུན་དང་ལུང་པ་ཀུན་དད་མེད་རིང་ལུགས་པར་ཞིབ་འཇུག་པས་ངོས་འཛིན་བྱེད་ཀྱིན་མེད། རྒྱུ་མཚན་ནི། དེ་དག་བཙན་དབང་གིས་ཡིན་པ་ལས་ཚན་རིག་དང་བདེན་པ་མ་ཡིན་པས་རེད། དེ་བརྟེན། དམར་ཕྱོགས་ཀྱིས་བཙན་དབང་གིས་ཁོང་ཆོས་ལུང་པ་དད་མེད་མཁན་དང་། ཆོས་རྒོལ་རིང་ལུགས་པ་ཡིན་ཞེས་ཀྱང་། ཉམས་ཞིབ་པས་གནས་དེའི་མི་ཚང་མ་དེ་ལྟར་མིན་པ་གསལ་བོ་ཤེས་བས་ངོས་ལེན་མེད། དཔེར་ན། དམར་ཕྱོགས་ཀྱིས་དབང་སྒྱུར་རྒྱུན་རིང་དང་ཤུགས་ཆེ་བྱེད་ཡུལ་གྱི་ར་ཤི་ཡའི་མི་འབོར་༧༤ཙམ%ད་ལྟ་དད་པ་རིང་ལུགས་པ་རེད་ལ། ཁ་ཇེ་གསལ་དོད་ན་ཆོས་དད་པ་རེད། དམར་ཕྱོགས་དེ་ཙམ་སླེབས་མྱོང་མེད་པའི་འཛམ་གླིང་གི་རྩེ་ཏོག་རྒྱལ་ཁབ་ནོར་ཝེ་༦༩%དང་སྒྲན་མ༧༢%། ཧྥེ་ལན་དྲི༦༧% གསུམ་གྱི་མི་འབོར་འདི་དག་དད་མེད་པ་ཡིན་ལ། དེ་དག་ལས་མི་ཉུང་བ་ཞིག་ནི་ཆོས་ལུགས་དགྲ་འཛིན་པ་ཡིན། དེ་བཞིན་འཇར་མན་དང་ཧྥ་རན་སི། དབྱིན་ཇིས་དང་ཆེ་ཁི་སོགས་ནི་དད་མེད་རིང་ལུགས་པ་དད་པ་ཡོད་མཁན་ལས་གྲངས་འབོར་མང་པ་ཡོད། དབྱིན་ཇིས་ལྟ་བུ་ཡིན་ན་ཉམས་ཞིབ་པས༡༩༧༠ལོར་ཡི་ཤུའི་ཆོས་ལུགས་པ་༧༠%ཡོད་ཀྱང་། ༢༠༡༠ལོར་དཀོན་མཆོག་ཡོད་པ་འདོད་མཁན༣༧%ལས་རྙེད་མེེད། དེ་དག་ལས་མང་ཆེ་ཤོས་དད་མེད་པ་དང་། ཉུང་ཤས་ཤིག་ཆོས་ལུགས་གཞན་དུ་གྱུར་བ་རེད། ཡིན་ཡང་། ཨ་ཧྥུ་རི་ཁ་སོགས་ཡར་རྒྱས་མེད་པའི་རྒྱལ་ཁབ་དང་། ཡི་ཆོས་མེད་པའི་ས་ཕྱོགས་སུ་ཡི་ཤུ་ཆོས་ལུགས་སྔ་ལས་དར་བཞིན་ཡོད། དེ་ནི་སངས་ཆོས་དང་གཅིག་མཚུངས་རེད། སངས་ཆོས་ཀྱང་རང་ཡུལ་དུ་ཉུང་དུ་འགྲོ་བཞིན་ཡོད་ཀྱང་། གཞན་ཡུལ་དུ་གང་མཚམས་ཞིག་དར་བཞིན་ཡོད། ཡིན་ཏེ། དེ་ནི་གོ་ལ་གཅིག་གྱུར་གྱི་ཁྱད་ཆོས་ཡིན་པ་ལས་སངས་ཆོས་ཀྱི་དགེ་ེམཚན་ཁོ་ན་མིན། རྒྱུ་མཚན་ནི། གཞན་ཡུལ་དུ་དར་མཁན་ནི་མང་ཉུང་ལ་མ་ལྟོས་བར་ཆོས་ལུགས་ཀུན་ཡིན་པ་ལས་སངས་ཆོས་གཅིག་བུ་མིན། བོན་ཆོས་དང་ཧིན་ཆོས། གཅེར་བུ་བའི་ཆོས་ལུགས་སོགས་གཞན་ཡུལ་དང་། ལྷག་པར་དུ་ནུབ་ཕྱོགས་སོགས་ཡར་རྒྱས་དང་རང་དབང་ཆེ་བའི་ལུང་པ་ཁག་ཏུ་དར་བཞིན་ཡོད། དེ་ཡང་ལུང་པ་དེ་དག་ལ་རང་དབང་ཆེ་བས་གང་ཞིག་དར་ཡང་བཀག་འགོག་མེད་པས། མིའི་ཁམས་དང་མོས་བ་མ་འདྲ་བས་གང་དུ་ཕྱིན་ཡང་གྲོགས་དང་འཕྲད་ངེས་རེད། གྲོགས་དང་འཕྲད་པའང་ཧ་དགོས་དོན་མེད། ཡིན་ཏེ། རྐུན་མ་བྱས་ཀྱང་བྱེད་་རོགས་རྙེད་ལ། བཙན་གཡེམ་བྱས་ཀྱང་བྱེད་རོགས་རྙེད། དུག་ནག་འཐེན་ཡང་འཐེན་རོགས་རྙེད་ལ་འཕྲོག་གཅོམ་བྱས་ཀྱང་བྱེད་རོགས་རྙེད་པས་རེད། དེ་ལ་དགའ་བ་དང་སྤོབས་པ་སྐྱེས་གཞི་མ་རེད། གཙོ་བོའི་དོན་དངོས་ཀྱི་རིན་ཐང་ལ་ལྟ་དགོས།
ཚོས་དཔོན་ཚོས་ག་དུས་ཡིན་ཡང་སངས་ཆོས་འཛམ་གླིང་དུ་ཆུ་བཞིན་བརྡོལ་ཞིང་སངས་ཆོས་ལ་འཇིག་རྟེན་གྱི་དགའ་བསུ་ཐོབ་པ་མ་ཟད། ལྷག་པར་དུ་ཕུལ་བྱུང་གི་ཡར་རྒྱས་ཀྱི་ལུང་པ་ཚོའི་ནང་དུ་སངས་ཆོས་ཀྱི་རྗེས་འབྲང་ཅི་འདོད་དུ་རྒྱས་ཚུལ་གླེང་ནས་བོད་པ་རྣམས་ལ་མགོ་སྐོར་བཏང་བཞིན་ཡོད། གཅིག་བྱས་ན་ཁོང་ཚོ་ཕྱི་རྒྱལ་དུ་ཕེབས་སྐབས་བོད་དང་སངས་ཆོས་ལ་དགའ་མོས་དང་དོ་སྣང་བྱེད་མཁན་ཁོ་ནར་ཐུག་འཕྲད་བྱུང་བས་ཡིན་སྲིད། དོན་དངོས་ཡར་རྒྱས་ཀྱི་ལུང་པ་ཚོའི་ནང་དུ་སངས་ཆོས་ལ་དད་པ་བཤད་མཁན་བརྒྱ་ཆའི་གཉིས་གསུམ་ཟིན་དཀའ། ཡིན་ཡང་། ཆོས་དཔོན་ཚོས་གདུལ་བྱའི་ཁམས་དང་མོས་བ། ཐབས་ལ་རྟེན་དགོས་གསུངས་བཞིན་སོ་སོའི་ཆོས་ལུགས་དར་སྤེལ་ཆེད་ལས་འགུལ་འདྲ་མིན་སྣ་ཚོགས་དང་། གཡོ་ཐབས་སྣ་ཚོགས་སྤེལ་ནས་ཆ་རྒྱུས་མེད་མཁན་དང་ཆོས་ལུགས་ཀྱི་གནས་ཚད་མེད་མཁན། ཤེས་ཡོན་གྱི་ཁ་ཕྱོགས་ཡག་པོ་མ་རྙེད་པ། སེམས་ཁམས་ཐང་ཐང་མེད་ཅིང་དོན་མེད་དུ་སྡུག་སྣང་ཤར་མཁན། འགྲན་རྩོད་ལས་ཕམ་ཉེས་བྱུང་མཁན་སོགས་ཀྱི་མི་མང་པོ་ཞིག་གཡོ་འགུག་བྱེད་བཞིན་ཡོད། གཡོ་འགུག་བྱེད་མང་དྲགས་ན་རྫུན་མ་རྟོགས་མཁན་ཇེ་མང་དུ་འགྲོ་བས་ཆོས་ལུགས་དར་སྤེལ་མཁན་གྱི་ཁྲོམ་ས་ཕུགས་རྒྱང་རིང་པོར་ཇེ་ཆུང་དུ་འགྲོ་བཞིན་ཡོད། ཡིན་ཡང་། ཆོས་བྱེད་པ་སེམས་ཁམས་སྨན་པའམ། སེམས་གསོ་བཏང་མཁན་ཞིག་ཏུ་འགྱུར་སྲིད། ད་ནས་བཟུང་ནུབ་ཕྱོགས་སུ་འགྱུར་འགོ་ཚུགས་བཞིན་ཡོད། ཁག་ཅིག་གིས་ང་སྐྱིད་པོ་མི་འདུག ངའི་སེམས་ཁམས་བདེ་བོ་མི་འདུག སྐྱིད་པོ་ཡོང་བ་ལ་དངུལ་དངོས་མ་ཡིན་པའི་ཐབས་ཤེས་ག་འདྲ་འདུག་ཅེས་བ་སོགས་སྐྱག་ལངས་ཤོར་བའི་བྱིས་བ་འམ། འུ་ཐུག་ནས་ཆོས་དཔོན་ཚོར་འདྲི་མཁན་མང་བོ་ཡོད། ཆོས་དཔོན་ཚོས་ཀྱང་མི་དག་གི་སེམས་ཁམས་སྐྱིད་ཐབས་སུ་འགྲེལ་བཤད་སྣ་ཚོགས་སྐྱོན་བཞིན་ཡོད་ལ། མང་པོ་ཞིག་སེམས་གསོ་རུ་འགྱུར་བཞིན་ཡོད།
མ་གཞི་ཆོས་ལུགས་འདི་དག་གཞན་ཡུལ་དུ་སྤེལ་ཐུབ་དགོས་དོན་ཡང་། རང་དབང་དང་དད་མེད་ཕྱོགས་ཁག་གི་སྟོབས་ཤུགས་ཡིན་པ་ལས་ཆོས་ལུགས་ཀྱི་སྟོབས་ཤུགས་མིན། ཆོས་ལུགས་ཀྱི་སྟོབས་ཤུགས་ཡོད་ན། ཆོས་བྱེད་པས་ཆོས་ལུགས་གཞན་ལ་བཟོད་སྒོམ་བྱེད་མི་ཐུབ་པས་ཆོས་ལུགས་གཞན་སྤེལ་མཁན་ལ་དགའ་བོ་བྱེད་མི་སྲིད་ལ། སྤེལ་ཐབས་ཀྱང་ཁག་པོ་རེད། དད་མེད་རིང་ལུགས་པས་གང་ལའང་ཕྱོགས་རིས་མི་འཛིན་པ་མོས་བ་ཡོད་ན་ཐམས་ཅད་ཤེས་ཡོན་ཏུ་འདོད་ནས་ལེན་རྐྱང་ལས་བཀག་འགོག་མེད་ཅིང་། ལྷག་པར་དུ་དད་པ་ཡོད་མཁན་ལའང་བཟོད་སྒོམ་དང་བསམ་ཤེས་བཏང་ཐུབ་པས་རེད། རྒྱུ་མཚན་ནི། ཁོང་ཚོས་མིའི་རང་དབང་ལ་མཐའ་གཅིག་ཏུ་གུས་བཀུར་བྱེད་པས་རེད། དེ་བརྟེན། དད་མེད་རིང་ལུགས་པ་ནི་ཆོས་རྒོལ་རིང་ལུགས་པ་དང་མི་འདྲ། ཡར་རྒྱས་དང་རང་དབང་ཆེ་བའི་རྒྱལ་ཁབ་ཚོའི་ནང་དུ་དད་མེད་རིང་ལུགས་པའི་སྟོབས་ཤུགས་རྒྱས་བས། དད་པ་ཡོད་མཁན་དང་མེད་མཁན། ཆོས་ལུགས་གང་དང་ལྟ་གྲུབ་གང་ཞིག་སྤེལ་ཡང་དགག་བྱ་མེད་པས་གསར་བཏོད་མཁ་དང་། ཕྱི་རྒྱལ་ཆོས་སྤེལ་བ་ཚོ་ལ་སོ་སོའི་ཆོས་ལུགས་སྤེལ་བའི་གར་སྟེགས་ཡག་པོ་ཞིག་རེག་པ་རེད། དེ་ནི་འཇོན་ཐང་ཡོད་ན། ཐམས་ཅད་ལ་འགྲན་ས་དང་དར་ས་ཡོད་པའི་ཁོར་ཡུག་ཅིག་སྐྲུན་པས་རེད། བོད་ཀྱི་ཆོོས་དཔོན་ཚོ་ཡང་དེ་ལྟར་རེག་པ་རེད། དེ་ལྟར་མིན་པ་བོད་དང་ཁ་ཆེའི་སྤྱི་ཚོགས་ལྟར་ཆོས་ལུགས་ཀྱི་དད་སྟོབས་ཆེ་སའི་ལུང་པ་ཁག་ཡིན་ན། གསར་བཏོད་མཁན་དང་ཕྱི་ཆོས་སྤེལ་མཁན་ཚོ་ལ་དེ་ལྟར་ཁོར་ཡུག་ཡག་པོ་ཞིག་ཡོད་མི་སྲིད་ལ། གང་བྱུང་སྤེལ་བར་དངོས་ཤུགས་རྒྱུད་གསུམ་ནས་བཀག་རྒྱ་ཡོད་བ་རེད།
ཁ་ཐུག་གིས་བྲིས་ཞུ་དག་བཏང་མེད་པས་ཡིག་ནོར་དང་ཆད་ལྷག་ཀུན་ལ་དགོངས་དག་ཡོད།
སྒོང་གཟུགས་ལ་བཅོས་རོགས།
ཨ་རིས་དང་པོར་དྲ་ལི་བྷན་ཙམ་མ་ཟད་འཇིགས་སྐུལ་དྲག་སྤྱོད་པ་མེད་བཏང་ཀི་ཡིན་ཞེས་སྤོབས་གཏམ་བཤད་ཡོད། མ་ཟད་འཇིགས་སྐུལ་དྲག་སྤྱོད་པ་དང་གྲོས་མོལ་བྱེད་ཀི་མིན་ཞེས་ནས་ད་དུང་ཡང་ཨ་རིའི་ཆབ་སྲིད་པ་ཚོའི་གྲས་ནས་ལྟ་བ་མཁྲེགས་པོ་འཛིན་མཁན་འདུག གྲོས་མོལ་བྱེད་ཀྱིན་ཡོད་ཀྱང་མེད་ཅེས་ནས་འགྲེལ་བཤད་སྣ་ཚོགས་རྒྱག་མཁན་འདུག ཡིན་ཡང་། ངས་དེ་ཐམས་ཅད་ཀ་ཁ་བཞིན་ངོ་སྤྲོད་ཞུ་ཚོད་མི་འདུག་པས་དགོངས་འགལ་མེད་པ་ཞུ། མ་འོངས་བར་ཁོམ་པ་ཡོད་ཅིང་། དགོས་བ་དང་འབྲི་འདོད་ཡོད་ན་དེའི་སྐོར་གསལ་བོ་ཞིག་འབྲི་ཨེ་ཐུབ་ལྟ་དགོས། ཐུགས་རྗེ་ཆེ། དགོངས་ཚུལ་དང་བགྲོ་གླེང་གནང་བར་ཡག་བྱུང་།
ཧ་ཧ།
བསོད་ནམས་ལགས། ངས་ཀྱང་རྩོད་པ་རྒྱག་འདོད་མེད་མོད། འོན་ཀྱང་ལེན་ཞིག་མ་བྲིས་ན་གཏམ་གཏམ་ལེན་མེད་ན་ལྐུགས་པའི་དཔེ་རུ་འགྱུར་སྲིད་པས་ཚིག་གཉིས་བཤད་རྒྱུ་ཡིན། གང་ལྟར་དད་པ་ཞེས་པ་དེ་ནི་འགྲོ་བ་མིའི་དགའ་ཕྱོགས་ཀྱི་སེམས་ཚོར་ཞིག་ཡིན་པས་སུས་ཀྱང་བཀག་ཐབས་མེད་པ་རེད། ཁྱེད་རང་གིས་གསུང་པ་ལྟར་ན་དམར་ཤོགས་དར་ཁྱབ་ཧ་ཅང་ཆེ་བའི་སྐབས་སུ་ཡང་དད་ལྡན་པ་མང་པོ་ཡོད་ཚོད་རེད་ལ། དེས་དད་པ་ཞེས་པའི་མིའི་སེམས་བྱུང་དེ་ནི་མེ་མདས་ཀྱང་བཀག་མི་ཐུབ་པ་ཞིག་ཡིན་པ་སྟན་འདུག དད་པ་ལ་འདི་ལྟར་དགའ་ཞེན་བྱེད་དགོས་དོན་ནི་དད་པས་འགྲོ་བ་མིའི་སེམས་ལ་ཕན་ཐོག་ཡོད་པས་རེད། དེས་ན་དད་ལྡན་ཇེ་ཉུང་ལ་འགྲོ་བ་ཞེས་པ་དེ་ཡང་མི་བདེན་ཏེ། དམར་ཤོག་ཀྱི་བཙན་གནོན་འོག་ནས་ཀྱང་དད་པ་མཚམས་མ་བཞག་པ་དེས་རང་དབང་ཡོད་ན་དེ་བས་ཀྱང་དད་པ་མེད་པ་ཆགས་མི་སྲིད་པ་སྟན་ཡོད།
ཡེ་ཤུའི་ཆོས་ལུགས་པ་དཀོན་མཆོག་ཡོད་པར་འདོད་མཁན་ཇེ་ཉུང་ལ་སོང་བ་དེ་ནི། ཡེ་ཤུ་བས་དཀོན་མཆོག་ལ་དད་པ་བྱེད་དགོས་པ་ལས་རྟག་དཔྱད་བྱེད་མི་རུང་བའི་ལྟ་གྲུབ་དེ་ལ། མིའི་རྣམ་དཔྱོད་ཡར་རྒྱས་སོང་ནས་འདོད་བློ་མ་ཁེང་པར་གནས་ཚུལ་འདི་ལྟར་བྱུང་བ་རེད། འོན་ཀྱང་ནང་ཆོས་ནི་དེ་ལས་ལྡོག་སྟེ་ཡིད་ཆེས་གཙོ་བོར་མི་འཛིན་པར། དཔྱད་པ་གཙོ་བོར་འཛིན་པའི་ཆོས་ལུགས་ཤིག་ཡིན་པས་ཡེ་ཤུ་དང་མི་འདྲ་ཞིང་། ནང་བསྟན་ནུབ་ཕྱོགས་སུ་དར་ཁྱབ་ཇེ་ཆེར་འགྲོ་བའི་རྒྱུ་མཚན་ཡང་འདི་ལ་ཐུག་ཡོད་པ་རེད། དེས་ན་ཡེ་ཤུའི་ཆོས་དད་པ་ཇེ་ཉུང་ལ་སོང་ཡང་ནང་པའི་ཆོས་དད་པ་ཇེ་མང་འགྲོ་བཞིན་ཡོད་པས། དད་མེད་རུང་ལུགས་པ་ཇེ་མང་ལ་འགྲོ་བའི་རེ་བ་མེད་པ་རེད།
དེ་བཞི་ཨ་ཧྥི་རི་ཁ་སོགས་ཡར་རྒྱས་མེད་པའི་རྒྱལ་ཁབ་ནང་ལ་ཡེ་ཤུ་དར་ཁྱབ་འགྲོ་བཞིན་པ་དང་། ཨ་མེ་རི་ཁ་སོགས་ཡར་རྒྱས་ལྡན་པའི་རྒྱལ་ཁབ་ནང་སངས་ཆོས་དར་ཁྱབ་ཆེ་རུ་འགྲོ་བཞིན་པ་འདིས་དད་པ་རིང་ལུགས་པ་ཇེ་མང་ཡིན་པ་གསལ་པོ་སྟན་འདུག་ལ། མ་འོང་པར་ལུང་པ་ཡར་རྒྱས་ཇེ་ཆེར་སོང་བ་དང་བཏུན་སངས་ཆོས་ཇེ་དར་ལ་འགྲོ་བའི་སྔ་ལྟས་ཀྱང་གྲུབ་འདུག་པས་དད་མེད་རིང་ལུག་པ་ཚོར་རེ་བ་ཇེ་ཆུང་ལས་ཇེ་ཆེ་འགྲོ་ཡི་མེད་པ་གསལ་པོ་རེད།
སངས་ཆོས་རང་ཡུལ་དུ་ཉུང་དུ་འགྲོ་བཞིན་ཡོད་པའི་སྐད་ཆ་འདི་ཡང་བདེན་པ་གཏན་ནས་མིན་སྟེ། བོད་རྒྱུད་ནང་བསྟན་ལ་མཚོན་ན་སྔོན་མ་རིག་གནས་གསར་རྗེའི་སྐབས་སུ། བོད་མི་ཆོས་དད་མེད་མཁན་བླ་མ་རྡུང་མཁན་དང་དགོན་པ་གཏོར་མཁན་མང་དུ་བྱུང་ཡོད་ཀྱང་། དེང་སང་ནི་ཞོགས་དུང་ལ་སོགས་དམར་ཤོགས་ཀྱི་སློབ་གསོའི་འོག་ནས་འཚར་ལོང་བྱུང་བའི་གཞོན་སྐྱེས་ཁ་ཤས་ཤིག་ལས་གོ་རྒྱུ་མེད།
སྤྱིར་ཆོས་ལུགས་སུ་དང་སུ་ཡིན་ཡང་མང་ཉུང་ལ་མ་གཏོས་པར་ས་ཆ་གཞན་ལ་དར་ཁྱབ་འགྲོ་ཡི་ཡོད་པ་བདེན་ཡང་། སངས་ཆོས་ཀྱི་ཁྱབ་ཚད་ནི་ཆོས་ལུགས་གཞན་དང་མི་འདྲ་སྟེ། དཔེར་ན་ཡེ་ཤུ་དང་ཁ་ཆེ་གཉིས་སྔོན་མ་ནས་ཆོས་དད་པ་དུང་ཕྱུར་བཅུ་རེ་ཡོད་པར་བཤད་ཀྱི་ཡོད་ལ་ད་ལྟ་ཡང་དེ་བཞིན་རེད། སངས་ཆོས་ལ་མཚོན་ན་སྔོན་མ་དུང་ཕྱུར་གཉིས་གསུམ་གྱི་སྐད་ཆ་ཡིན་ཡང་། དེང་སྐབས་རྒྱ་ནག་ཅིག་པུའི་ནང་ལ་དུང་ཕྱུར་བཞི་ནས་ལྔ་བར་གྱི་སྐད་ཆ་རེད། སངས་ཆོས་འཛམ་གླིང་སྟེང་ཡར་རྒྱས་འགྲོ་ཡི་ཡོད་མེད་ཀྱང་འདི་ནས་མཐོང་ཐུབ་པ་ཞིག་ཡིན་པས་བླ་མ་ཚོས་རྫུན་གསུང་མི་གསུང་གི་དཔྱད་པ་བྱེད་དགོས་པ་མི་འདུག
དེ་བཞིན་སངས་ཆོས་ལ་དོ་སྣང་བྱེད་མཁན་ནི་ཚན་རིག་པ་དང་ཤེས་ཡོན་པ་རྣམས་ཡིན་པ་ཡོངས་གྲགས་ཡིན་པས། སངས་ཆོས་ལ་དོ་སྣང་བྱེད་མཁན་རྣམས་ཤེས་ཡོན་གྱི་ཁ་ཕྱོགས་མ་བརྙེད་པ་དང་། སེམས་ཁམས་ཐང་ཐང་མེད་མཁན་སོགས་རེད་ཅེས་བརྒྱ་བཤད་སྟོང་བཤད་བྱས་ཀྱང་ཡིད ཆེས་མཁན་ཞིག་རྙེད་དཀའ་ཚོད་རེད།
སེམས་ཁམས་གསོ་བའི་ཆེད་དུ་ཆོས་ལ་དོ་སྣང་བྱེད་པ་འདིས་མིའི་བདེ་སྐྱིད་ནི་ཕྱི་དངོས་པོ་ཅིག་པུས་སྒྲུབ་ཐུབ་པ་ཞིག་མིན་པ། གཙོ་བོ་ནང་སེམས་ཐོག་ནས་སྒྲུབ་དགོས་པ་གསལ་པོ་སྟན་པ་རེད་ལ། སེམས་ཀྱི་བདེ་སྐྱིད་སྒྲུབ་ཐབས་ཀྱང་ཆོས་ལུགས་ནས་གསུང་ཡོད་པས་ཆོས་ལ་དོ་སྣང་སླེབས་ཀྱི་ཡོད་པ་རེད། འདིས་སྟེང་ནས་མཐོང་ཐུབ་པ་ནི་མིའི་སེམས་ཀྱི་སྡུག་བསྔལ་མེད་པ་མ་གྱུར་གྱི་བར་དུ། ཆོས་ལ་དོ་སྣང་དེ་ཡང་མེད་པ་འགྱུར་མི་སྲིད་པ་འདི་རེད།
ཆོས་ལུགས་གཞན་ཡུལ་དུ་སྤེལ་ཐུབ་པ་དེ་རང་དབང་དང་དད་མེད་ཀྱི་སྟོབས་ཤུགས་ལས་ཆོས་ལུགས་ཀྱི་སྟོབས་ཤུགས་མིན་ཟེར་བ་ནི་གད་མོ་རང་དབང་མེད་པར་ཤོར་བའི་སྐད་ཆ་རེད། ཆོས་ལུགས་ལ་རིན་ཐང་མེད་ན་དེ་ལ་དོ་སྣང་བྱེད་མཁན་ཡོང་མི་སྲིད་པ་རེད་ལ། དོ་སྣང་བྱེད་མཁན་མེད་ན་ཆོས་ལུགས་དར་སྤེལ་ཞེས་པ་དེ་ཡང་ཡོང་མི་སྲིད་པ་རེད། དེ་བཞིན་དད་པ་མེད་ན་ཆོས་ལ་ཞུགས་པའི་སྒོ་རྒྱབ་ཚར་བ་ཡིན་པས་དད་མེད་ཀྱི་སྟོབས་ཤུགས་ལས་ཆོས་ལུགས་དར་སྤེལ་བྱུང་བར་བཤད་པ་ནི་འགལ་བ་ལྟག་སྤྲོད་ཀྱི་སྐད་ཆ་རེད། དད་མེད་རིང་ལུགས་པ་ཁག་ཅིག་གིས་ཆོས་ལ་ཤེས་ཡོན་གྱི་འདུ་ཤེས་བཟུང་ནས་སྦྱང་སྲིད་ཀྱང་། དེས་ཆོས་ལུགས་དར་སྤེལ་ལ་ཕན་ཐོག་གང་ཡང་སྒྲུབ་མེད་དེ། ཁོང་ཚོ་ཆོས་ལ་ཞུགས་མེད་པས་སོ།
ཁོང་ཚོས་མིའི་རང་དབང་ལ་མཐའ་ཅིག་ཏུ་གུས་སྐུར་བྱེད་པ་རེད་ཟེར་བ་དེ་ཡང་མི་བདེན་ཏེ། དད་མེད་རིང་ལུགས་པ་གཙོ་བོ་ནི་དམར་ཤོགས་སུ་ལེན་དང་། ནར་རྩིའི་འཇར་མན། རྒྱག་ནག་སོགས་ཀྱི་མགོ་ཁྲིད་སི་ཏ་ལིན་དང་། ཧི་ཊི་ལི། མའོ་སོགས་ཡིན་ལ། དེ་ཚོ་ནི་འགྲོ་བ་མིའི་ལོ་རྒྱུས་ནང་མིའི་རང་དབང་ལ་རྡོག་རོལ་གཏོང་མཁན་སྡུག་ཤོས་དག་རེད།
ཡར་རྒྱས་དང་རང་དབང་ལྡན་པའི་རྒྱལ་ཁབ་ཁག་ནང་ལ་ཆོས་ལུགས་དང་ལྟ་གྲུབ་ཅི་འདྲ་ཞིག་སྤེལ་ཡང་སྤེལ་ཆོག་པ་དེ་ནི། རང་དབང་ཡོད་པའི་དབང་གིས་ཡིན་པ་ལས་དད་པ་མེད་པའི་དབང་གིས་མིན་པ་འདི་ཤེས་དགོས། དེ་བཞིན་ལུང་པ་དེ་དག་གི་ནང་ལ་དད་མེད་རིང་ལུག་པའི་སྟོབས་ཤུགས་རྒྱས་པ་འདི་ཡང་མི་བདེན་ཏེ། ངས་གོང་དུ་དྲངས་པའི་ཨ་རིའི་སྲིད་འཛིན་སྔོན་མ་བྷུ་ཤིའི་ལུང་དེས་གྲུབ་ཡོད།
ཧ་ཧ། ཨ་ཁུ་སྤོབས་པ། ཨ་ཁུ་སྤོབས་པ། ཁྱོད་ཐེག་ཆེན་གྱི་མཐུན་མོང་མ་ཡིན་པའི་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལུགས་ལ་ངེས་ཤེས་མ་བརྙེད་པར་ཡིད་ཆེས་མེད་པར། མི་ལོ་ཉིས་སྟོང་ལྔ་བརྒྱའི་གོང་གི་མི་ཞིག་གིས་མངོན་སུམ་གྱི་དམིགས་པའི་གོ་ལ
གོང་བུ་འདིའི་སྟེང་གི་གླིང་ཆེན་ལྔ་མ་བརྙེད་པར། མངོན་སུམ་གྱི་གཞལ་བྱ་ལས་འདས་པའམ་མངོན་སུམ་ཚད་མས་མ་དམིགས་པའི་རྟོགས་བཏགས་ཀྱིས། མཐའ་མེད་པའི་འཇིག་རྟེན་གྱི་ཁམས་ཆེན་མོ་འཆར་སྣང་དང་བློས་བླངས་ཀྱིས་བཞེངས་བཀོད་ལ་འཚོལ་བརྙེག་བྱེད་པའི་ལམ་ལུགས་ལ་ཁྱོད་ཇི་ལྟར་ཡིད་ཆེས་དང་ངེས་ཤེས་བརྙེད་སོང་ངམ། ཡ་མཚན་དང་ངོ་མཚར་རེད། རྒྱུ་མཚན་མངོན་སུམ་ཚད་མས་དམིགས་པའི་གོ་ལ་གོང་བུ་དང་འདིའི་སྟེང་གི་གླིང་ཆེན་ལྔ་ཡང་མ་བརྙེད་ན་མངོན་སུམ་ཚད་མས་མ་དམིགས་པའི་མཐའ་མེད་པའི་འཇིག་རྟེན་གྱི་ཁམས་ཆེན་མོ་ཇི་ལྟར་འཚོལ་བསྙེག་བྱེད་ཐུབ་བམ། དགོད་སྤྱད་མ་རེད་པས།
མཐའ་མེད་པའི་འཇིག་རྟེན་གྱི་ཁམས་ཆེན་མོ་ནི་མཚན་མོ་ནམ་མཁའ་ལ་ལྟས་ན་མཐོང་ཐུབ་བཞིན་དུ་མངོན་སུམ་ཚད་མས་མ་དམིགས་པ་ཇི་ལྟར་ཡིན། ཧཧཧ ད་རྩོད་པ་མི་རྒྱག་ཡ།
བླ་མའི་ཆོས་ལུགས་ཆོས་ཅན། སངས་རྒྱས་ཆོས་ལུགས་མ་ཡིན་པར་ཐལ། བླ་མ་ལ་བསྲེག་བཅད་བརྡར་གསུམ་བྱེད་མ་ཆོག་པའི་ཕྱིར། དེར་ཐལ། དེའི་ཕྱིར། དཀོན་ཅོག་དང་བླ་མ་ནི་དོན་གཅིག་མིང་གི་རྣམ་གྲངས་སོ།
འདི་ན་ཡང་མང་བོ་ཞིག་གིས་དད་པ་རྩོད་ཀྱིན་འདུག དད་པ་རྒྱུད་ལྡན་གྱི་མིའི་གྲངས་ཀ་རྩོད་ཀྱིན་འདུག གནས་ལུགས་ཀྱིས་དབུལ་ཞིང་ཨུ་ཚུགས་མཐར་སྐྱེལ་གྱིས་དད་པའི་ཆེ་བ་བརྗོད་ཀྱིན་འདུག ཕྱོགས་རིས་ཀྱི་ལྟ་ཚུལ་ཙམ་གཙོ་བཟུང་ཐོག་རང་ཉིད་ཀྱིས་བཤད་ཚད་གནས་ལུགས་དང་རྒྱུ་མཚན་ཡོད་པ་ཞིག་དང་། དེ་ལས་ལྡོག་ན་རྫུན་པ་དང་གནས་ལུགས་མེད་པར་ངོས་འཛིན་བྱེད་པའི་ཆེས་འཇིགས་སུ་རུང་བའི་ཐལ་སྤྱོད་པ་དག་གི་རྩོད་པ་བྱེད་སྟངས་རྒྱུན་སྐྱོང་གིན་འདུག དད་པ་ནི་སྤྱི་ཚོགས་ཤིག་གི་དགོས་མཁོ་བསྐོང་ཆེད་དུ་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག་པའི་གནས་ལུགས་དང་རིང་དུ་གྱུར་ཏེ། གཅིག་ཏུ་སྤྱི་ཚོགས་ཧྲིལ་བོའི་ནང་གཅིག་ཏུ་ཡོད་དགོས་པ་དང་། ངེས་པར་དུ་མེད་མི་ཆོག་པའི་རྒྱུ་མཚན་ལྟར་སྣང་དང་སྒྲུབ་བྱེད་ལྟར་སྣང་འགོད་པ་ལ་བརྩོན་གྱིན་གདའ། ཁོ་ཚོ་ལའང་ཁག་ཡེ་ནས་མེད་དེ། ཆུང་བྱིས་པའི་དུས་ནས་བཟུང་དུས་ད་ལྟའི་བར་དུ་དད་པའི་ཡོན་ཏན་དང་། དད་པའི་ཆེ་བ། དད་པའི་དགེ་མཚན་རྐྱང་རྐྱང་གིས་བསམ་བློ་བཙོ་སྦྱང་བྱས་ཡོད་པས། གློ་ལྡེག་ལ་དེའི་ལྡོག་ཕྱོགས་ཀྱི་གནས་ཚུལ་རྣམས་ཕྲ་ཞིང་ཞིབ་པས་བརྗོད་སྐབས་རྣ་བས་ཉན་མི་བཟོད་ཅིང་། བློ་ངོར་འཆར་དཀའ་བ་ཞིག་ཡིན་ངེས། འཛམ་གླིང་སྟེང་ཆོས་ལུགས་གྲུབ་མཐའ་འདྲ་མིན་ལས་བྱུང་བའི་དད་པ་དང་དད་པའི་བག་ཆགས་ཀྱིས་བཞག་པའི་ཤུགས་རྐྱེན་དང་། སྤྱི་ཚོགས་འདྲ་མིན་ནང་ཐེབས་པའི་རྡབ་གསིགས་ཀྱི་གྲངས་ཀ་ནི་བརྗོད་ཀྱིས་མི་ལང་ཞིང་། ཧོན་འཐོར་དགོས་པ་མང་དུ་བྱུང་ཡོད། དེར་བརྟེན་དེང་སང་འཛམ་གླིང་ཤར་ནུབ་ཀྱི་མི་བུ་མང་བོ་ཞིག་གིས་དད་པ་ནི་སྤྱི་ཚོགས་ཡར་རྒྱས་ཀྱི་གེགས་རྡོ་ལྟ་བུ་ཞིག་ཏུ་ངེས་འཛིན་བྱེད་པའང་མཐའ་གཅིག་ཏུ་རྒྱུ་མཚན་མེད་པ་དང་། གནས་ལུགས་མེད་པ་ཞིག་གཏན་ནས་མིན། ལྷག་པར་དུ་ཚན་རིག་ལྟ་གྲུབ་དང་ཚན་རིག་ལག་རྩལ་དར་བའི་དེང་གི་དུས་འདིར་མི་མང་བོ་ཞིག་གིས་གནས་ཚུལ་གང་ཡིན་ཡང་དེའི་དགེ་སྐྱོན་ལ་བརྟགས་ཤིང་དགོས་མཁོ་ཡོད་མེད་ལ་ལྟ་བ་ལས་བླུན་པོ་ཆུ་སྣ་གར་ཁྲིད་བྱེད་ཆོག་པའི་རིགས་ཉུང་ནས་ཉུང་དུ་འགྲོ་བཞིན་གདའ།
སྦ་རེ་སྦུ་རེ མང་པོ་བཤད་ནས་མཁས་ཉམ་སྟན་འདོད་མེད། དོན་དག་རྡོག་རྡོག་རྡོག་བཤད་ན། འཛམ་གླིང་ནང་དད་ལྡན་པས་སྤྱི་ཚོགས་ལ་རྡབ་གསིགས་བཏང་བ་ལས་དད་མེད་རིང་ལུག་པས་སྤྱི་ཚོགས་ལ་རྡབ་གསིགས་བཏང་བ་ཧ་ཅང་རྒྱ་ཆེ་ཞིང་ཚབ་ཆེ། འཛམ་གླིང་གི་ལོ་རྒྱུས་ནང་ལ་མི་ས་ཡ་མང་པོ་སྡེབ་གསོད་གཏོང་མཁན་ནི་དད་མེད་དམར་ཤོག་རིང་ལུག་པའི་འགོ་གཙོ་དག་ཡིན། འདི་ནི་མཐར་བཏུག་ན་དད་པ་མེད་པའི་རྐྱེན་གྱིས་ཡིན། གཉིས་ནས་དད་པ་བྱེད་ཚད་དེ་བླུན་པོ་ཆུ་སྣ་གར་ཁྲིད་ཡིན་པར་འདོད་པ་ནི་དད་པའི་རྣམ་བཞག་ལ་རྨོངས་པའི་རྟགས་རེད། རྒྱུ་མཚན་ཤེས་པའི་དད་པ་ནི་དུས་ནམ་ཡང་སྟོབས་ཤུགས་ཤིག་ཡིན་ལ་བློ་རྩ་བརྟན་པོར་གནས་པའི་ཉེ་རྒྱུ་ངོ་མ་དེ་ཡིན། དད་པ་མེད་པའམ་རྨོངས་དད་ཅན་གྱི་མི་བུ་དག་ནི་བློ་འགྱུར་ཆོག་ཆོག་ཡིན་པས་བླུན་པོ་ཆུ་སྣ་གར་ཁྲིད་ངོ་མ་ནི་དེ་ཚོ་ཡིན།
ཨ་རིའི་གཞུང་གིས་རྒྱལ་སྲུང་དམག་མི་གཅིག་གི་ཚེ་སྲོག་སྐྱོབ་ཆེད་དྲ་ལི་བྷན་གྱི་འགོ་གཙོ་ལྔ་གློད་གྲོལ་བཏང་བའི་གནས་ཚུལ་འདི་གསར་འགྱུར་བརྒྱུད་ལམ་ཁག་ནས་འཛམ་གླིང་སྟེང་ས་བསྒྲགས་གནམ་བསྒྲགས་བྱས་པ་དང་། དེའི་སྐོར་གྱི་གནས་ཚུལ་མང་བོ་ཞིག་ད་དུང་ཡང་བརྒྱུད་སྒྲོག་བྱས་དང་བྱེད་མུས་སུ་ཡོད། འཛམ་གླིང་རྒྱལ་སྤྱི་དང་འཛམ་གླིང་མི་དམངས་ཀྱི་ངོས་ནས་ཨ་རིའི་རྒྱལ་ཁབ་ལ་ལྟ་སྟངས་གསར་བ་ཞིག་དང་། ངོས་འཛིན་གསར་བ་ཞིག་མི་བྱེད་ཐབས་མེད་ཆགས་ཡོད།
ཨ་རིའི་གཞུང་གིས་ད་རེས་ཀྱི་གོ་སྐབས་འདི་བརྒྱུད་ནས་ཨ་རིའི་སྲིད་གཞུང་ནི་མི་དམངས་ཀྱི་བདེ་སྡུག་ལས་འགན་ཨང་དང་བོར་བརྩི་མཁན་གྱི་ཡང་དག་པའི་སྲིད་གཞུང་ཞིག་དང་། མི་དམངས་ཀྱི་མངོན་འདོད་གཙིགས་སུ་འཛིན་པའི་རང་དབང་མང་གཙོའི་སྲིད་གཞུང་ཚད་ལྡན་ཞིག་ཡིན་པར་གསལ་སྟོན་བྱས་ཡོད་ལ། དེ་ལས་ལྡོག་ཏེ་ཉེས་མེད་མི་སེར་ས་ཡ་མང་བོ་ཅི་མི་སྙམ་པར་དམར་གསོད་གཏོང་མཁན་གྱི་དམར་པོའི་སྲིད་གཞུང་ཁག་དང་། ཆོས་ལུགས་ཀྱི་ལྟ་གྲུབ་མཁྲེགས་བཟུང་གིས་ཉེས་མེད་མི་སེར་མང་བོར་སྡུག་གྱོང་མནར་གཅོད་གཏོང་བའི་ཁ་ཆེ་རྒྱལ་ཁབ་ཁག་གི་སྲིད་གཞུང་ཁག་ངོ་ཚ་ཁ་སྐྱེངས་དགོས་པར་བཟོས་ཤིང་། དེ་དག་གི་བྱས་ཉེས་ཚང་མ་མི་དམངས་ཀྱི་མདུན་སར་ར་སྤྲོད་གསལ་བོ་ཞིག་བྱས་ཡོད།
ཨ་རིའི་གཞུང་གིས་ནུས་ཤུགས་རྩལ་འདོན་གྱིས་རྒྱལ་སྲུང་དམག་མི་དཀྱུས་མ་ཞིག་གི་ཚེ་སྲོག་བསྐྱབས་པའི་རླབས་ཆེན་གྱི་བྱ་བཞག་འདིས་ཨ་རིའི་རྒྱལ་སྲུང་དམག་མི་ཡོད་དོ་ཅོག་ལ་སྔ་ན་མེད་པའི་སེམས་ཤུགས་དང་། ཡིད་ཆེས་བློ་འགུག་བྱས་ཡོད་པར་མ་ཟད། ཨ་རིའི་རྒྱལ་ཡོངས་ཀྱི་དམངས་སེམས་བློ་འགུག་དང་གཞུང་དམངས་ཀྱི་བར་ཐག་ཉེ་རུ་བཏང་ཡོད། ད་དུང་འཛམ་གླིང་གི་མི་དམངས་དུང་ཕྱུར་བདུན་ཅུ་ལྷག་ལ་ཨ་རིའི་རྒྱལ་ཁབ་ཀྱི་ཆེས་རིན་ཐང་ལྡན་པའི་གཟི་བརྗིད་ངོམ་ཡོད་པར་མ་ཟད། དོན་དམ་པའི་མང་གཙོའི་སྲིད་གཞུང་ཞིག་གིས་དམངས་དོན་ལེགས་པར་བསྒྲུབས་པའི་མིག་དཔེ་བཟང་བོ་ཞིག་ཀྱང་བསྟན་ཡོད། ང་ཚོ་བོད་པས་བཤད་སྟངས་ལྟར་ན་ད་རེས་ཀྱི་གོ་སྐབས་འདི་བརྒྱུད་ནས་ཨ་རིའི་རྒྱལ་ཁབ་ཀྱི་མཚན་སྙན་དང་ཁ་ལུས་རླུང་རྟ་ནི་འཛམ་གླིང་གི་ཡང་རྩེ་ལས་བརྒལ་ཡོད་ལ། དོན་དངོས་སུའང་དེ་ལྟར་བརྒལ་ཆོག་པ་ཞིག་ཀྱང་རེད།
ཡིན་ཡང་། ཨ་རིའི་སྲིད་གཞུང་དང་དྲ་ལི་བྷན་དྲག་སྤྱོད་ཚོགས་པའི་བར་ཞི་འགྲིག་འབྲེལ་ལམ་བྱུང་བར་ཕྱོགས་འགལ་ཚོགས་པ་གཙོས་སྐྱོན་བརྗོད་བྱེད་མི་རེ་གཉིས་བྱུང་ཡོད་མོད། སྒྲུབ་ཕྱོགས་ཀྱི་ལས་དོན་བྱེད་ཕྱོགས་རིགས་མང་ཆེ་བར་ལྡོག་ཕྱོགས་ཀྱི་བསམ་ཚུལ་ཞིག་འོང་བ་ནི་མང་གཙོའི་སྤྱི་ཚོགས་ཀྱི་འགྲོ་སྟངས་ཡིན་པས་དེ་ནི་ཚབས་ཆེ་བའི་སྣང་ཚུལ་ཞིག་མིན། ཨོ་བྷ་མ་སྲིད་གཞུང་གིས་དྲ་ལི་བྷན་དང་ཞི་འགྲིག་གི་འབྲེལ་ལམ་འཛིན་བཞིན་པ་ནི་བར་སྐབས་ཀྱི་སྲིད་ཇུས་འཛིན་སྟངས་ཤིག་ལས། གནད་དོན་འདིས་ཨ་རིའི་སྲིད་གཞུང་ལ་ཕམ་ཁ་རག་ཡོད་པར་ངོས་འཛིན་བྱས་ན་འོས་འཚམས་ཤིག་མིན། དྲ་ལི་བྷན་དྲག་སྤྱོད་ཤོག་ཁག་རྩ་མེད་བཟོ་སྟངས་ཀྱི་ཐད་ནས་ཨ་རིའི་གཞུང་གིས་ཐོག་མའི་དམིགས་ཡུལ་ལྟར་ལས་དོན་མང་བོ་ཞིག་ལེགས་གྲུབ་བྱུང་ཡོད་ཅེས་བརྗོད་ཆོག་ལ། རྒྱ་ནག་གོང་མ་དག་གིས་ཕ་ཚན་མ་ཚན་གྱི་རབས་བཅོ་བརྒྱད་གཅོད་པའི་དྲག་སྤྱོད་ཀྱི་ལས་བྱེད་སྟངས་དེ་འདྲ་ནི་ཨ་རིའི་གཞུང་གིས་དུས་ནམ་ཡང་བྱེད་མི་སྲིད་པས་དཔེ་མཚོན་འདི་གཅིག་པུས་ཀྱང་ཨ་རིའི་གཞུང་དང་དྲ་ལི་བྷན་ཤོག་ཁག་བར་ལ་སྡོམ་ཞིག་བརྒྱབ་ན་འགྲིག་སྙམ།
ལུང་རྟོགས་ལགས། གོང་དུ་བསམ་ཚུལ་བརྗོད་པར་དགའ་བོ་བྱུང་། ཡིན་ཡང་། ཁྱོད་ཀྱིས་སྤྱི་ཚོགས་ནང་རྡབ་གསིགས་བཏང་བ་ཚབས་ཆེ་མིན་དང་། ཉེས་མེད་མི་སེར་བསད་པའི་གྲངས་ཀ་མི་ཉུང་ཙམ་གྱིས་ཆོས་ལུགས་དང་ལྟ་གྲུབ་གང་ཞིག་ཡང་དག་ཡིན་མིན་གྱི་ཁྱད་འབྱེད་པ་འདི་གནས་ལུགས་དང་མཐུན་པ་དང་གཟུར་གནས་ཀྱི་ལྟ་ཚུལ་ཞིག་གཏན་ནས་མིན། རྒྱུ་མཚན་ནི། ཞི་མི་དཀར་ནག་གང་ཡིན་ཀྱང་ཙི་ཙི་གསོད་མཁན་གྱི་ལག་དམར་བ་ཡིན་པ་གཅིག་མཚུངས་ཡིན་པས་སོ།། ང་ཚོས་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་བཤད་ནའང་། དམར་ཤོག་རང་ལུགས་པ་དང་། ད་ལྟའི་ཁ་ཆེའི་དྲག་སྤྱོད་པ་གཉིས་ཀྱིས་འགྲོ་བ་མིའི་སྤྱི་ཚོགས་ནང་ཡ་ང་སྙིང་རྗེ་མེད་པའི་གོད་ཆགས་འབྱུང་དུ་བཅུག་པའི་བྱས་ཉེས་ཀྱི་ཐད་ནས་དང་། གྲངས་འབོར་གྱི་ཐད་ནས་བལྟས་ན། ཁ་ཆེ་དྲག་སྤྱོད་པ་དག་གི་གནོད་ཚབས་ཁྱབ་ཆུང་བ་དང་། གྲངས་འབོར་ཀྱང་ཉུང་ཉུང་ཡིན་པ་མངོན་གསལ་རེད། ཡིན་ཡང་། རྒྱུ་མཚན་འདི་ཙམ་གྱིས་ཁ་ཆེ་དྲག་སྤྱོད་པ་ནི་ཡང་དག་པ་ཡིན་པ་དང་། ཡག་པོ་ཡོད་རབས་བརྗོད་འདོད་པ་ནི་འགྲོ་བ་མིའི་རིགས་ལ་ཞེད་སྣང་བསྐུལ་བའི་རྒྱུ་ཙམ་ལས་མ་འདས། ཡང་། ཁོ་བོས་དད་པ་ནི་མཐའ་གཅིག་ཏུ་དོར་བྱ་རུ་མི་འཛིན་ལ། ཡོད་ཚད་དད་པའི་དབང་ཤོར་དུ་འཇུག་དགོས་པར་ཡང་མི་འདོད། དད་པ་ནི་འདས་པའི་དུས་ཡུན་ནང་བླུན་པོ་ཆུ་སྣ་གར་ཁྲིད་བྱེད་པའི་ལག་ཆ་ཡག་ཤོས་ཤིག་ཏུ་བེད་སྤྱོད་བཏང་ཡོད་པ་དངོས་འབྲེལ་རེད། རྒྱུ་མཚན་ཤེས་ནས་ཐོབ་པའི་དད་པ་ཞེས་ཁ་ལ་འཁྱེར་བདེ་བོ་དང་རྣ་བས་ཉན་སྤྲོ་བོ་ཞིག་ཡོད་ཀྱང་དོན་དངོས་སུ་དངོས་ཡོད་འཚོ་བ་དང་བར་ཐག་རིང་བོར་གནས་ཡོད། ཁྱོད་དང་འུ་གཉིས་ཀྱི་རྒྱུད་ཀྱི་དད་པ་ནས་ཆོས་ལུགས་པ་ས་ཡ་མང་བོའི་རྒྱུད་ཀྱི་དད་པའི་བར་ཡོད་ཚད་རྨོངས་དད་དང་། ལམ་དང་ལུགས་སྲོལ་ལྟ་བུ་ལས་དོན་དམ་པའི་ཤེས་ནས་ཐོབ་པའི་དད་པ་སྐྱེས་ཡོད་མཁན་མེད་ཅེས་བརྗོད་མི་སྤོབས་མོད་ཆེས་ཉུང་ཉུང་ཡིན་པ་ཧ་ཅང་གསལ་བོ་ཡིན། དེས་ན། དད་པ་བྱེད་མཁན་གྱི་མིའི་གྲངས་འབོར་ལ་བལྟོས་ཏེ་ཆོས་ལུགས་གང་ཞིག་ཡང་དག་པ་ཡིན་པར་བསྒྲུབས་འདོད་པ་ནི་སྒོ་ཟོག་གི་གྲངས་ཀའི་མང་ཉུང་ལ་ལྟོས་ཏེ་རྫི་བོ་གང་ཞིག་མི་སེམས་བཟང་གཤིས་འཇམ་ཞིག་ཡིན་པར་དཔོག་པ་དང་གཅིག་མཚུངས་རེད།
༼འཛམ་གླིང་གི་ལོ་རྒྱུས་ནང་ལ་མི་ས་ཡ་མང་པོ་སྡེབ་གསོད་གཏོང་མཁན་ནི་དད་མེད་དམར་ཤོག་རིང་ལུག་པའི་འགོ་གཙོ་དག་ཡིན༽ཞེས་དང་། ཡང་སྐབས་གཞན་དུ་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་ཀྱང་དམར་ཤོག་ནང་བཞུགས་རྒྱུའི་དགོངས་པ་བཞེས་ཡོང་ཞེས་ལོ་རྒྱུས་བགྲང་གི་ཡོད། གང་ལྟར། དམར་ཤོག་གི་འགོ་གཙོ་ཡིན་ནའང་འདྲ། དམར་ཤོག་གི་དམངས་དཀྱུས་ཡིན་ནའང་འདྲ་རྩ་དོན་གཅིག་ནི། ཆོས་ལུགས་དང་རྨོངས་དད་ཁས་ལེན་མི་རུང་བ་དེ་རེད། དེ་བཞིན་ནང་པའི་བླ་ཆེན་ཡིན་ནའང་འདྲ་ཁྱིམ་པ་ཕལ་པ་ཡིན་ནའང་འདྲ་རྩ་དོན་ནི་སྐྱབས་འགྲོའི་སླབ་བྱ་ལ་ཁས་ལེན་བྱེད་རྒྱུ་དེ་རེད། ཡང་སྙིང་དམར་ཤོག་ནང་བཞུགས་རྒྱུའི་འདོད་པ་ཡོད་པ་རེད་དམ། ཡང་ན་ཤཀྱའི་རིང་ལུགས་པ་ཞིག་གནང་འདོད་ཡོད་པ་རེད་དམ། དེ་མིན་ན་གང་དྲན་དྲན་དེ་འདྲ་ཨེ་ཡིན་ནམ་སྐུ་ཞབས་ལུང་རྟོགས་ལགས། ངའི་བསམ་པར་དེ་སྔ་མའོ་ལ་ཁོང་ཉིད་དམར་ཤོག་ལ་བཞུགས་འདུན་ཡོད་སྐོར་གསུངས་པ་དེ་ནི་ཐབས་མཁས་ཙམ་ཏེ་དམར་ཤོག་ལ་ལྟ་སྟངས་ངན་པ་མེད་པའི་རྣམ་འགྱུར་ཙམ་སྟོན་ཆེད་དགག་དགོས་ཀྱི་དབང་དུ་རེད། དེ་མིན་དམར་ཤོག་གི་ཡང་སྙིང་ཐད་ཁོང་གི་མཛད་རྣམ་ནང་དམར་ཤོག་གི་དར་ཆའི་མཚོན་དོན་ལ་གནད་ལ་འཕིགས་པའི་འགྲེལ་བཤད་ཅིག་སྐྱོན་ཡོད་པ་དེས་ཁྱོད་ལ་གོ་རིག་ཅུང་ཟད་ཅིག་ཐོབ་པར་ངེས་སོ། དཔེར་ན་ལོ་རྒྱུས་སྟེང་ས་པཎ་གྱིས་སོག་པོའི་དབང་འོག་ཏུ་སྡོད་རྒྱུར་ཐག་གཅོད་གནང་བའི་རྒྱུ་མཚན་ནི། དུས་སྐབས་དེར་བོད་དེ་སོག་པོའི་གཙང་མ་གསུམ་གྱི་སྲིད་ཇུས་གཡོལ་ཐབས་ཁོ་ན་ཙམ་དུ་ཟད། གཏམ་དཔེར། སེམས་དགའ་བའི་ཞབས་བྲོ་མ་རེད། རྐང་མཐིལ་མེ་ཡིས་འཚིག་པའི་འཕག་མཆོང་རེད་ཟེར་བ་དེ་རེད།
༼ཕྱི་རོལ་པ་མིན་པའི་སེམས་ཅན་གྲང་ལས་འདས་པ་ཞིག་ཡོད་པ་རེད།༽ཅེས་ཟེར། ཕྱི་རོལ་པ་མིན་པའི་སེམས་ཅན་གྲངས་ལས་འདས་པ་དེ་ཚོ་ཁྱི་དང་ཕག་པ། བྱ་དེ་ལ་སོགས་པ་འཇོག་དགོས་པ་ཡིན་ནམ།
མཆན་༤༨ ༼ གྲངས་ཀ་་མང་ཉུང་ཙམ་གྱིས་༽ ཞེས་ཆོས།
དགོངས་དག མཆན ༤༧
ས་ལེ་སྦྲམ་ལགས། སྐད་ཆའི་གོ་དོན་རྟོག་པ་གྱིས། ངས་སྤྱི་ཚོགས་ནང་རྡབ་གསིགས་བཏང་བ་ཚབས ཆེ་མིན་དང་། ཉེས་མེད་མི་སེར་གསད་པའི་གྲངས་ཀ་མང་ཉུང་གིས་ཆོས་ལུགས་དང་ལྟ་གྲུབ་གང་ཞིག་ཡང་དག་ཡིན་མིན་བཤད་ཀྱི་མེད། ཁྱེད་རང་གིས་གོང་དུ་ཆོས་ལུགས་འདྲ་མིན་ལས་ལས་བྱུང་བའི་དད་པ་དང་དད་པའི་བག་ཆགས་ཀྱིས་སྤྱི་ཚོགས་ནང་རྡབ་གསིགས་བཏང་བ་དེ་བརྗོད་ཀྱི་མི་ལང་ཞིང་ཧང་སང་དགོས་པ་ཞིག་ཡི་པར་གསུངས་འདུག་པས། དམར་ཤོགས་པས་སྤྱི་ཚོགས་ནང་རྡབ་གསིགས་བཏང་བ་དང་སྡུར་ན་ཆོས་ལུགས་པས་རྡབ་གསིགས་བཏང་བ་དེ་ཧང་སང་དགོས་པ་ཞིག་མིན་ཟེར་བ་ཡིན། སྤྱིར་ཆོས་ལུགས་པས་སྤྱི་ཚོགས་ནང་རྡབ་གསིགས་བཏང་བའི་གནས་ཚུལ་བྱུང་ཡོད་ཀྱང་། ཕན་ཐོག་སྒྲུབ་པ་ཡང་དེ་ལས་ལྷག་པ་ཞིག་ལས་ཞན་པ་ཞིག་མིན་པ་ནི་ལོ་ངོ་སྟོང་ཕྲག་མང་པོར་འཇིག་རྟེན་སྟེང་གནས་ཐུབ་པ་འདིས་བདེན་དཔང་བྱས་ཡོད། སྤྱི་ཚོགས་ནང་ལ་རྡབ་གསིགས་ཅུང་ཟད་བཏང་མྱོང་བ་ཙམ་གྱིས་དེ་འདོར་བྱ་ཡིན་ན་འདོར་བྱ་མ་ཡིན་པ་གཅིག་ཀྱང་མི་བརྙེད་དེ། དེང་སང་མི་ཚང་མས་དགའ་ཞེན་བྱེད་སའི་ཚན་རིག་ཀྱང་སྤྱི་ཚོགས་ལ་ཕན་ཐོག་སྒྲུབ་པ་མང་པོ་ཡོད་ཀྱང་། གནོད་སྐྱོན་བཏང་བ་ཡང་ཧ་ཅང་ཚབ་ཆེན་ཡིན་པས་འདི་ཡང་འདོར་བྱར་ཅི་ལ་མི་འགྱུར། འདི་ནི་དཔེ་མཚོན་ཙམ་ཡིན་ལ་འདི་དང་འདི་ལྟ་བུ་གང་ཞིག་ཡིན་ཡང་དགེ་སྐྱོན་གཉིས་ཀ་མེད་མཁན་ཞིག་རྙེད་དུ་མེད། གཉིས་ནས་ངས་ཀྱང་དད་པ་ཡོད་ཚད་བླང་བྱ་ཡིན་པ་ཞིག་གང་དུ་ཡང་བཤད་མེད་པས། ཁྱེད་ཀྱིས་དགག་པ་བྱས་པ་དེ་ཡང་འབེན་མེད་སར་མདའ་འཕང་པ་ཞིག་ཅི་ལ་མིན། གང་ལྟར་རྒྱུ་མཚན་ཤེས་པའི་དད་པ་ཞེས་པ་དེ་ནི་མང་ན་འདྲ་ཉུང་ན་འདྲ་ཡོད་དགོས་པ་ཞིག་རེད་ལ། རྨོངས་དད་ཅེས་པ་དེ་ནི་མང་ན་འདྲ་ཉུང་ན་འདྲ་མི་དགོས་པ་ཞིག་རེད། འདི་ནི་ངའི་ལྟ་ཚུལ་ཡིན། དེ་བཞིན་དད་པ་བྱེད་མཁན་མང་ཉུང་གིས་ཆོས་ལུགས་གང་ཞིག་ཡང་དག་ཡིན་པ་ཡང་སྒྲུབ་པ་མེད་པས་དགག་པའི་མདའ་མོ་དེ་སྟོང་འཕེན་རེད།
དབྱིན་མིང་ཅན་ལགས། དམར་ཤོག་ནང་ལ་ཞུགས་ཚར་ན་ཆོས་ཀྱི་དམ་ཚིགས་སྲུང་བ་བཞིན་དུ་དེའི་ནང་གི་ལྟ་གྲུབ་ཚང་མ་ལག་བསྟར་བྱེད་དགོས་པ་ཞིག་ཅང་ཨེ་ཡིན། དེ་སྔོན་ཡང་དམར་ཤོག་ནང་ལ་ཞུགས་ནས་ཆོས་ལ་དད་པ་བྱེད་མཁན་མང་པོ་བྱུང་བ་རེད་ལ། ད་ལྟ་ཡང་དེ་འདྲ་བས་བོད་དང་རྒྱ་ནག་ནང་ལ་ཁེང་ནས་ཡོད་པ་རེད།
ཆོས་ལུགས་ཀྱི་བརྡབ་གསིག་བོད་ལའང་བརྗོད་ཀྱིས་མི་ལང་བ་བྱུང་ཡོད། གྲུབ་མཐའ་ཕན་ཚུན་བར་དམག་བརྒྱབ་ནས་ཆོས་གཞིས་དང་འབངས་མི་འཕྲོག་རྩོད་བྱས་པ་གྲངས་ཀ་མེད་པ་དང་། དགེ་ལུགས་པས་དབང་བསྒྱུར་བ་ནས་བཀའ་བརྒྱུད་གཙོས་པའི་གྲུབ་མཐའ་གཞན་པར་བརྡབ་གསིག་བཏང་པས། འབྲུག་དང་འབྲས་ལྗོངས་སོགས་བོད་ཁོངས་ནས་ཤོར་ཡོད། དེའི་ཁར་བོན་པོར་བརྡབ་གསིག ཇོ་ནངས་པར་བརྡབ་གསིག་བཏང་འདུག་པ་དག་ནི་དད་པ་རྩེད་ཆས་བྱས་པའི་ནག་ཉེས་ཡིན།
ལུང་རྟོགས་ལགས། ཉིད་ཀྱིས་བསམ་ཚུལ་གསུངས་བ་ཡག་བྱུང་། དེ་ལྟར་ཡིན་ཚེ་ངས་ཀྱང་ཁྱེད་ཀྱིས་གསུངས་བའི་གནད་དོན་དེ་དག་གི་སྐོར་ལ་བསམ་ཚུལ་ཁག་ཅིག་ཞུ་འདོད་བྱུང་།
དམར་ཕྱོགས་ཚོགས་པ་དར་ཡུལ་གཙོ་བོ་ནི་ཤར་ཡོ་རོབ་དང་རྒྱ་ནག བྱང་གོ་རི་ཡ ལའོ་སི། ཝེ་ཐི་ནམ། ཁམ་པོ་དྲི་ཡ་སོགས་ཡིན་ཡང་། ཤར་ཡོ་རོབ་ཀྱི་དམར་ཕྱོགས་ཚོགས་པ་མགོ་རྟིང་སློག་ཟིན་པས་ད་ལྟ་དམར་ཕྱོགས་སམ། གུང་ཁྲན་ཡིན་ཟེར་མཁན་ཞིག་གོང་གི་ཨེ་ཤར་ཡའི་རྒྱལ་ཁབ་ལྔ་བོ་ལས་ལྷག་མེད། ཤར་ཡོ་རོབ་ཀྱི་རྒྱལ་ཁབ་དེ་དག་ལ་དམར་ཕྱོགས་ཚོགས་པ་དར་ཡོད་ཀྱང་། རྒྱལ་ཁབ་དེ་དག་གི་ཆོས་དད་པའི་གྲངས་འབོར་ཡོ་རོབ་ཀྱི་མང་གཙོའི་རྒྱལ་ཁབ་ཕལ་ཆེར་ལས་མང་བ་ཡོད། གོང་དུ་དཔེར་མཚོན་དུ་ར་ཤི་ཡ་བཀོད་པ་བཞིན་རེད།
དམར་ཕྱོགས་ཀྱི་སྲིད་གཞུང་དག་གིས་མི་མང་གི་ཆོས་དད་ལ་དེ་སྔོན་ལོ་ངོ་ཉི་ཤུ་ནས་སུམ་བཅུ། སུམ་བཅུ་ནས་བཞི་བཅུའི་བར་དུ་རྒོལ་ཡོད་ཀྱང་། རིམ་བཞིན་དམར་ཕྱོགས་ཀྱི་དབང་འཛིན་པ་དག་སྲིད་དབང་ལ་དུང་བ་ལས་ལྟ་གྲུབ་ལ་མི་དུང་བ་ཕྱིན་ཏེ། ཆོས་དད་དེ་དམར་ཕྱོགས་ཀྱི་སྲིད་དབང་སྲུང་སྐྱོབ་བྱེད་པ་གལ་ཆེན་དུ་མཐོང་ནས་ཆོས་དད་ཀྱི་སྒོ་མོ་ཕྱེ་བ་རེད། སྒོ་མོ་ཕྱེ་བ་དེ་ཆོས་དད་པའི་གྲངས་འབོར་རྒྱས་བ་ལ་རློམས་མི་ཉན་ཏེ། བཙོན་གྲོལ་ལྟར་ཆོས་དད་རང་དབང་གི་སྒོ་མོ་ཕྱེ་མོ་བ་ལས་ཆོས་དད་པའི་གྲངས་འབོར་འཕེལ་མེད། དེ་ལས་ལྡོག་སྟེ་མི་མང་པོ་ཞིག་དད་པ་དོགས་འཛིན་པ་དང་དད་མེད་པ། དམར་ཕྱོགས་ལ་བརྩེ་གཅིག་ཏུ་ཞུགས་ཡོད། དེ་ཡི་བདེན་དཔང་དུ་ཁ་ཞེ་གཉིས་མེད་ཀྱིས་གུང་ཁྲན་ལ་དུང་བའི་བོད་ཀྱི་ཏང་ཡོན་དག་རེད། ལོ་བརྒྱ་དང་གཉིས་བརྒྱ་གོང་དུ་བོད་ལ་ཆོས་དད་མེད་མཁན་གྱི་མི་གཅིག་ཡོངས་གྲགས་ཀྱིས་ངོས་འཛིན་བྱེད་རྒྱུ་དཀའ་ལས་ཁག་པོ་རེད། ད་ལྟ་དེ་ལས་ལྡོག་སྟེ། དད་པ་མེད་མཁན་གངས་སར་ཡོད་པ་མ་ཟད། དངོས་སུ་སྤྱི་ཚོགས་སུ་ཐོན་ནས་དད་པ་སྐྱོན་བརྗོད་བྱེད་མཁན་དང་། དད་པ་མེད་མཁན་གངས་སར་མཐོང་རྒྱུ་ཡོད་པ་དེ་རེད། དེ་ནི་བོད་ཀྱི་དད་པ་རིང་ལུགས་པ་ཉུང་དུ་ཕྱིན་པའི་དན་རྟགས་རེད། ཡོ་རོབ་ཏུ་ཡིན་ཡང་རྒན་རྒོན་མང་ཆེ་བ་ལ་སྐད་ཆ་དྲིས་ཚེ་ཆོས་དད་པ་རེད། ཡིན་ཡང་། གཞོན་སྐྱེས་ཚོར་དྲིས་ཚེ་དད་པ་ཡོད་མཁན་རེག་རྒྱུ་ཁག་པོ་རེད།
ཨ་ཧྥུ་རི་ཁ་སོགས་ཀྱི་ཡི་ཤུ་འཕེལ་དོན་ནི་དད་མེད་པ་དད་པ་ཅན་དུ་འགྱུར་བ་མ་ཡིན་པ། ཁ་ཆེ་སོགས་ཆོས་ལུགས་གཞན་ལས་ཡི་ཤུ་ལ་འགྱུར་བ་རེད། དེ་ནི་ཀོ་རི་ཡ་དང་། རྒྱ་ནག བོད་ཀྱི་ནང་པ་སོགས་ཡི་ཤུ་བ་གྱུར་བཞིན་རེད། དེ་བརྟེན་གནད་དོན་དེ་དད་པ་རིང་ལུགས་པ་འཕེལ་རྟགས་སུ་བགྲང་མི་ནུས། ཡང་གཅིག་བྱེད་མཁན་བོད་ཀྱི་ཆོས་རྒྱུད་གཞན་དག་དགེ་ལུགས་པ་འགྱུར་བ་བཞིན་རེད། དེ་ནི་དགེ་ལུགས་པ་འཕེལ་བའི་རྟགས་མཚན་ལས་དད་པ་ཅན་འཕེལ་བའི་རྟགས་མཚན་མིན་པ་བཞིན་རེད།
མ་གཞི་རྒྱ་ནག་གཙོ་བོ་གྱུར་བའི་དད་མེད་པ་ཁག་ཅིག་དད་པ་ཅན་དུ་གྱུར་ཞིན་འགྱུར་བཞིན་ཡོད་པ་བདེན་པ་རེད། ཡིན་ཡང་། དད་པ་ཅན་དད་མེད་པར་གྱུར་བའི་གྲངས་འབོར་དང་བསྡུར་ན་ཧ་ཅང་གི་ཉུང་ཏེ། ཉུང་བ་ཡིན་པ་འཛམ་གླིང་གི་ཆེས་འཕེལ་ཚད་མྱུར་ཤོས་ནི་དད་མེད་པ་ཡིན་པ་དེས་བདེན་དཔང་བྱས་ཡོད། ༼གསལ་བཤད། དད་མེད་པའི་འཕེལ་ཚད་མྱུར་ཤོས་ལས་དད་རྒོལ་ལམ་ཆོས་རྒོལ་བ་མིན། དད་མེད་པ་དང་ཆོས་རྒོལ་བ་གཉིས་ཐ་དད་ཡིན༽
དད་པ་རྩ་མེད་བཟོ་ཐུབ་དང་མི་ཐུབ་ནི་མ་འོངས་བར་དུས་ཚོད་རིང་པོ་ནང་ལྟ་རྒྱུ་ལས་ད་ལྟ་ངེད་གཉིས་ལ་དེའི་སྐོར་གྱི་ཚད་ལྡན་གྱི་བདེན་དཔང་རེག་ཡ་ཁག་པོ་རེད། ལྷག་པར་དུ་དད་ཅན་པ་སྐྲུན་ཐུབ་ན་དད་མེད་མཁན་སྐྲུན་མི་ཐུབ་པའི་སྒྲུབ་བྱེད་ཁག་པོ་རེད། ལྷག་པར་དུ་ཐམས་ཅད་མི་རྟག་པའི་ཆོས་ཅན་ཡིན་པའི་ཆ་ནས་བཤད་ན། དད་པ་ནི་རྟག་བརྟན་ཐེར་ཟུག་ཏུ་ཡིན་པ་དེ་བས་ཁས་ལེན་མི་ཐུབ། ཡིན་ཡང་། གློ་བུར་དུ་དད་པ་རྩ་མེད་བཏང་ཞེས་ན་ཡོང་ཐབས་དཀའ་བ་ངོས་འབྲེལ་རེད། མོས་མཐུན་ཡོད།
སངས་ཆོས་འདི་ཆོས་ལུགས་གཞན་ལས་རྒྱུ་མཚན་དང་སྒྲུབ་བྱེད་མང་པ་བདེན་པ་ཡིན་ཡང་། དད་པ་ནི་མོས་བ་གཙོ་བཟུང་གིས་འགྲོ་བཞིན་ཡོད་དུས་ཆོས་བྱེད་པ་གཞན་གྱི་བསམ་བློ་སྒྱུར་དེ་ལྟར་ཆོག་ཆོག་ཅིག་ག་ལ་ཡིན། དེ་ལྟར་མིན་པ་བོད་ཀྱི་བླ་མའི་ཆོས་ལུགས་ཀྱི་བདེན་དཔང་བྱས་ཡོད། བླ་མ་དང་སྤྲུལ་སྐུ་ལ་དེ་ལྟར་གུས་ཞབས་བྱེད་མཁན་དགོས་བའི་རྒྱུ་མཚན་ཚད་ལྡན་མེད་པ་མ་ཟད། སྤྲུལ་སྐུ་ལ་དོགས་སློང་བྱ་མི་ཆོག་པ་ནི་དེ་བས་ཚན་རིག་དང་བདེན་པའི་ལྡོག་ཕྱོགས་རེད། ཡིན་ཡང་། བོད་ཀྱི་སྤྲུལ་དད་མཁན་ཚོོས་ག་དུས་ཡིན་ཡང་ངའི་རྩ་བའི་བླ་མ་ཞེས་ནས་སྤྲུལ་སྐུ་ལ་སྐྱབས་སུ་འགྲོ་བ་མ་ཟད། ཁོང་ཚོ་དད་སའི་སྤྲུལ་སྐུ་ལ་སུས་ཁ་བཏང་ན། གནས་ལུགས་ཡོད་མེད་ལ་མི་ལྟ་མི་ངན་ལ་བརྩིས་ནས་སྡུག་ས་ནས་ཁ་བཏང་མཁན་ལ་སྙིང་ནད་རྩོད་ཅིང་། མ་མཐའ་ཡང་རྒོལ་ལེན་སློག་པ་དེས་གསལ་བྱེད་བྱས་ཡོད། དེ་བརྟེན། བོད་ཀྱི་སངས་ཆོས་ནི་ཤཱཀྱ་ཐུབ་པས་གསུངས་བའི་སངས་ཆོས་ཀྱི་གདོང་འབག་གྱོན་མཁན་ལས། དེ་དང་བར་ཐག་རིང་པ་གསལ་བོ་རེད། དེ་བརྟེན། སངས་ཆོས་ལ་དུང་མཁན་རྣལ་མ་ཞིག་ཡིན་ན་བོད་ཀྱི་བླ་ཆོས་དང་སངས་ཆོས་གཉིས་ཐ་དད་དུ་འབྱེད་དགོས་བ་ཧ་ཅང་གི་གལ་གནད་དུ་མཐོང་ངོ་། དེ་ལྟར་མིན་ན་མི་རེ་ཟུང་གི་ཁེ་ཕན་སྒྲུབ་བྱེད་ཡིན་ན་གནས་ཚུལ་ཐ་དད་རེད།
ལགས་སོ། ད་ནི་མང་པོ་བཤད་དགོས་པ་ཆེར་མི་འདུག་ལ། བཤད་ཚོད་ཀྱང་མི་འདུག བཤད་ནས་དོན་སྙིང་ཀྱང་ཅང་མི་འདུག མདོར་སྡུས་ཤིག་བཤད་ན་དམར་ཤོགས་པས་ཆོས་དད་རང་དབང་གི་སྒོ་མོ་ཕྱེས་པ་ལ་རྟེན་ནས་ཆོས་དད་པའི་གྲང་འབོར་འཕེལ་ཡོད་མེད་ནི་རྒྱ་ནག་ལ་ལྟས་ན་ཤེས། བོས་ཀྱི་ཏང་ཡོན་ཁྲོད་ན་ཡང་སེམས་གཏིང་ནས་ཆོས་དད་མེད་མཁན་ཞིག་དཀོན་ཚོད་རེད། དེ་ཡང་བོད་ལ་ཆོས་སྒོ་ཕྱེས་པ་ནས་བོད་ཀྱི་ཏང་ཡོན་མང་པོ་ཞིག་ཆོས་པ་ཨང་དང་པོར་གྱུར་ཡོད་པས་ཤེས། ཡོ་རོབ་ཏུ་ཇི་ལྟར་ཡིན་མིན་ཡང་དོག་གཞི་ཙམ་ལས་གནས་ལུགས་རྒྱུ་མཚན་ཅང་མཐོང་མ་སོང་། རྒྱ་ནག་སོགས་དད་པ་ཅན་ལ་འགྱུར་བཞིན་ཡོད་ཀྱང་དད་པ་ཅན་དད་མེད་ལ་འགྱུར་བའི་གྲངས་འབོར་དང་སྡུར་ན་ཧ་ཅང་ཉུང་ཟེར་བ་ནི་འུག་པའི་རྫུན་དྲུག་ལྟ་བུ་རེད། རྒྱ་ནག་གི་མི་འབོར་ནི་ཡོ་རོབ་རྒྱལ་ཁབ་ཡོངས་རྫིགས་ཀྱིི་མི་འབོར་དང་ཧ་ལམ་འདྲ་མཚུངས་ལྟ་བུ་ཡོད་བཞིན་དུ་དད་མེད་པ་ཇི་ལྟར་མང་སོང་བ་རེད། མི་རྟག་པ་ཡིན་པའི་རྒྱུ་མཚན་བཀོད་ན་དད་མེད་ཡང་རྟག་བརྟན་ཐེར་ཟུག་ཅིག་མིན་པ་ཅིག་མཚུངས་ཡིན་པས་དད་མེད་པ་རྣམས་དད་ལྡན་པར་ཡང་ཅི་ལ་འགྱུར་མི་སྲིད། བོད་ཀྱི་ནང་ཆོས་དེ་ཤཱཀྱ་ཐུབ་པའི་ཆོས་ལུགས་ཡིན་མིན་དང་དེ་ལ་རིན་ཐང་ཡོད་མེད་སོགས་ནི་འཛམ་གླིང་འདིས་སྒང་ལ། ནམ་ལང་ལང་ཉི་མ་ཤར་ཤར་ཡིན་པས་དོག་དཔྱོད་བྱེད་དགོས་པ་ཅི་ཡང་མི་འདུག དྲང་པོ་ཞུས་ན་ད་ནི་ཁྱེད་ལ་ཡང་ཨུ་ཚུག་ཙམ་ལས་རྒྱུ་མཚན་ཡང་དག་གང་ཡང་བཤད་རྒྱུ་མི་འདུག་པས་ངེད་གཉིས་ཀྱི་བགྲོ་གླེང་འདི་ནས་མཚམས་འཇོག་བྱས་པ་ཡིན།
རྒྱ་པ་ཁག་ཅིག་ཆོས་དད་པ་འགྱུར་བ་ཙམ་གྱིས་རྒྱ་ནག་ཚང་མ་ཆོས་དད་པ་འགྱུར་བ་མིན་པས། རྒྱ་ནག་གི་མི་འབོར་དང་ཡོ་རོབ་བསྡུར་བ་ནི་ཞྭ་དཔེ་ལྷམ་རེད་ལ། རྒྱ་ནག་ནི་འཛམ་གླིང་སྟེང་ཆོས་དད་མེད་མཁན་གྱི་མི་འབོར་མཐོ་ཤོས་གྲས་རེད། ཀླད་མེད་ཀྱི་ཏང་ཡོན་པ་ཁག་ཅིག་གིས་ཆོས་དད་བྱས་ཙམ་གྱིས་ཆོས་ལུགས་ལ་མོས་ཡོད་མཁན་མང་དུ་སྨྲ་བ་ནི་སྒྲུབ་བྱེད་ཡང་དག་ཅིག་མིན་ཏེ། དེ་དག་ནི་ཁེ་ཕན་རིང་ལུགས་པའི་ཆོས་བྱེད་པའི་ཏང་ཡོན་ཡིན་པ་ལས་ཏང་ཡོན་རྣམས་དག་མིན། ཁོང་ཚོ་ཁེ་ཕན་གྱི་ཆེད་དུ་ཏང་དུ་ཞུགས་པ་ལས་དོན་དངོས་ཁོང་ཚོ་དད་པ་རིང་ལུགས་པ་རེད། མི་དེ་དག་གིས་ཏང་མིའི་ཚབ་བྱེད་མི་ཐུབ།
གཞན་ཡང་སངས་ཆོས་ནི་ཁྱེད་ཀྱིས་གསུངས་བ་བཞིན་ཡང་དག་ཅིག་མིན། སངས་ཆོས་ཀྱིས་མི་རྣམས་ཀླད་གྱོང་དང་སྐྱ་སྟོང་། གཞན་གཡོག་དང་རིགས་ཞེན་མེད་པ་བཟོ་མ་ཟད། དཔལ་འབྱོར་དང་མི་འབོར། དམག་ཤུགས་ལ་གནོད་ཁར། གཡོག་ཅན་ལ་གོ་སྐབས་འཕྲད་པས་དགེ་མཚན་ཁོ་ན་མིན་ནོ། དེ་དག་ནི་སངས་ཆོས་ཀྱི་ཞེན་ཆ་མ་རེད་ཅེས་ལབ་ས་མི་འགྲོ། གཞན་གཡོག་བྱེད་འདོད་མེད་མཁན་གྱི་མི་རྣམས་ཀྱིས་ནམ་ཡང་སངས་ཆོས་དང་རིང་དུ་འདུག་ངེས་རེད།
ཉིད་ཀྱིས་གཞན་ཡུལ་དུ་ཕྱི་ཆོས་སྤེལ་ཐུབ་སའི་གོ་སྟོབས་རེག་པ་དེ་དད་མེད་པའི་སྟོབས་ཤུགས་མིན་པ་རློམས་ན། ཁ་ཆེའི་ཡུལ་དུ་ཕེབས་ཤིང་སངས་ཆོས་གསུངས་དང་། དེ་ནས་ཧ་གོ་གི་རེད། ཡིན་ཡང་། དད་མེད་ཀྱི་སྤྱི་ཚོགས་ནང་དུ་དེ་ལས་ལྡོག་སྟེ་ཆོས་ལུགས་གང་ཞིག་སྤེལ་ཡང་བཀག་འགོག་མེད།
ལུང་རྟོགས་ལགས། ཐོག་མར་རང་ཉིད་ཀྱིས་སྐད་ཆ་ཅི་ཞིག་བཤད་ཡོད་མེད་དང་། ཞེ་འདོད་གང་ཞིག་བསྒྲུབས་ཡོད་མེད་སེམས་ལ་གསལ་བོར་ངེས་སུ་ཆུགས། ཆོས་ལུགས་པས་འགྲོ་བ་མིའི་སྤྱི་ཚོགས་ནང་རྡབ་གསིགས་ཅུང་ཟད་ལས་བཏང་མེད་པ་དང་དམར་ཤོག་རང་ལུགས་པས་རྡབ་གསིགས་ཕོན་ཆེན་བཏང་ཡོད་རབས་བརྗོད་དེ་ཆོས་ལུགས་པའི་ཉེས་པ་དག་སེལ་དང་སྐྱོན་མཚང་འགེབ་སྲུང་བྱས་པ་འདིས་ཀྱང་དོན་དམ་པར་ཁྱོད་རང་ཉིད་ཀྱིས་ཅི་ཞིག་བསྒྲུབས་ཡོད་མེད་ནི་ནམ་ལངས་ཉི་མ་རང་ཤར་གྱི་ཚུལ་དུ་ཡོད་པས་བརྗོད་པའི་ངལ་བ་མ་མཆིས། དེ་ཡང་། ཡེ་ཤུའི་ཆོས་ལུགས་སོགས་ཆོས་ལུགས་གཞན་ལ་དད་པ་བྱེད་མཁན་ཇེ་ཉུང་དང་ནང་ཆོས་ལ་དད་པ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པས་སྤྱིར་དད་ལྡན་པ་ཇེ་མང་དུ་སོང་བ་མཚོན་ཞིང་། སྒོས་སུ་ནང་ཆོས་ལ་དད་པ་བྱེད་མཁན་གྱི་གྲངས་འབོར་ཇེ་མང་དུ་སོང་ཡོད་རབས་དང་། དེང་གི་དུས་སུའང་ནང་ཆོས་ལ་དོ་སྣང་བྱེད་མཁན་ཚན་རིག་པ་དང་ཤེས་ལྡན་པ། གྲགས་ཅན་མི་སྣ་སོགས་མང་དུ་བྱུང་མུས་དང་། ལྷག་པར་དུ་དད་པ་བྱེད་མཁན་གྱི་གྲངས་འབོར་ནི་འཛམ་གླིང་ཁྱོན་ཡོངས་ནས་འཕར་གྱིན་ཡོད་པ་སོགས་རྒྱུ་མཚན་སྣ་མང་བསྙད་དེ་ཆོས་ཀྱི་ཆེ་བ་ངོམ་པ་དང་ཆོས་ཀྱི་རིན་ཐང་བརྗོད་པ་ནི་དོན་དངོས་སུ་ཆོས་ལུགས་གང་ཞིག་ཡང་དག་པར་བསྒྲུབས་པ་མིན་ན་ཅི། འདི་དག་ནི་ཁྱོད་རང་ཉིད་ཀྱིས་གོང་དུ་བཤད་པའི་སྐད་ཆ་དག་གུང་བསྒྲིགས་པ་ཡིན་པས་རྣར་མི་འགྲོ་ན་ཡང་བསྐྱར་ཞིབ་བལྟ་བྱེད་རོགས། དེར་བརྟེན་ངས་ཀྱང་ཆོས་ལུགས་གང་ཞིག་ཡང་དག་ཡིན་མིན་ནི། ཆོས་ཀྱི་གཞུང་ལུགས་དང་། ཆོས་ཀྱི་ངོ་བོ་དང་། ཆོས་ཀྱི་བྱེད་ལས་ཀྱི་ཆ་ནས་དཔོག་དགོས་པ་ཞིག་ལས་དད་ལྡན་པའི་གྲངས་འབོར་ཙམ་གྱིས་དཔོག་མི་ཐུབ་པར་བསྙད་པ་ཡིན། གལ་སྲིད་དད་ལྡན་པའི་གྲངས་འབོར་ཙམ་གྱིས་དཔོག་ན་ནི། སྒོ་ཟོག་སེམས་ཅན་གྱི་གྲངས་ཀའི་མང་ཉུང་ལ་ལྟོས་ཏེ། རྫི་བོ་སེམས་བཟང་གཤིས་འཇམ་ཡིན་མིན་དཔོག་པ་དང་གཅིག་མཚུངས་རེད་ཅེས་བརྗོད་དགོས་བྱུང་། དེའི་ཕྱིར་ཁོ་བོས་གོང་དུ་བརྗོད་པ་དག་ནི་མདའ་མོ་སྟོང་འཕེན་བྱས་པ་མིན་པར་དམིགས་བྱའི་འབེན་ལ་གཟས་ཡོད་པར་མ་ཟད། འབེན་གྱི་དཀྱིལ་སྙིང་ལ་ཕོག་ཡོད་པའང་གོ་བར་གྱིས། ངས་ནི་ཁྱོད་ཀྱིས་དད་པ་ཡོད་ཚད་གཅིག་ཏུ་བླང་བྱ་རེད་ཅེས་བཤད་འདུག་ཟེར་མ་མྱོང་ལ། དེ་ལྟར་ཁས་བླངས་པར་དགག་པ་ཡང་བཏང་མེད་པས་འབེན་མེད་སར་མདའ་འཕངས་པ་རེད་ཅེས་ལབ་པ་ནི་ཚིག་ལ་ཉན་མ་ཤེས་པར་བརྡ་གོ་ལོག་གོ་བ་ཙམ་དུ་ཟད་དོ། འདིའི་སྐོར་ལ་རང་གི་བསམ་ཚུལ་ཐུང་ཙམ་བརྗོད་ཡོད་པ་ནི། དད་པ་ཟེར་བ་འདི་འདས་པའི་དུས་ཡུན་ནང་བླུན་པོ་ཆུ་སྣ་གར་བྱེད་པའི་ལག་ཆར་བེད་སྤྱོད་བཏང་ཡོད་པ་དངོས་འབྲེལ་ཡིན་ཞེས་བརྗོད་པ་ཡིན།
ལུང་རྟོགས་ལགས། ཡང་བསྐྱར་ཚིག་ཁ་ཤས་བཤད་འདོད་བྱུང་། རྨོངས་དད་ནི་གཅིག་ཏུ་དོར་བྱ་ཡིན་པ་དང་། སྤྱི་ཚོགས་ཡར་རྒྱས་ཀྱི་གེགས་རྡོ་ཡིན་པ་ཁྱོད་རང་ཉིད་ཀྱང་འདོད་ལ། རྨོངས་དད་བྱེད་མཁན་ནི་མང་ན་འདྲ་ཉུང་ན་འདྲ་མི་དགོས་པ་ཞིག་ཡིན་པར་ལན་མང་དུ་སྨོས་སྐད། འོ་ན། ཤར་ནུབ་ཀྱི་ཡུལ་གྲུ་མང་བོར་ནང་ཆོས་ལ་རྨོངས་དད་བྱེད་མཁན་ཇེ་མང་དུ་སོང་བ་འདིས། ནང་ཆོས་ཡར་རྒྱས་འགྲོ་བཞིན་ཡོད་པ་དང་ནང་ཆོས་དར་ཁྱབ་ཆེ་རུ་འགྲོ་བཞིན་ཡོད་པ་ཇི་ལྟར་མཚོན་ནུས་སམ། དེ་ལས་ལྡོག་སྟེ་ནང་ཆོས་ཀྱི་རིན་ཐང་ཉམས་དམས་སུ་གཏོང་བ་དང་། ནང་ཆོས་ཀྱི་དགོངས་པ་ཕྱིན་ཅི་ལོག་ཏུ་བཀྲལ་ཏེ་གོ་འཛོལ་ཚབས་ཆེན་འབྱུང་བར་མི་དགོངས་སམ།
རྨོངས་དད་པ་ཅི་ཙམ་མང་བ་དེའི་ཚོད་ཀྱིས་ནང་ཆོས་ཀྱི་རིན་ཐང་ངོམ་མི་ཐུབ་པ་དང་། ནང་ཆོས་ཡར་རྒྱས་གཏོང་མི་ཐུབ་པ་མངོན་གསལ་ཡིན་པས། ནང་ཆོས་ཡར་རྒྱས་ཀྱི་ཚབ་མཚོན་མི་ཐུབ་པ་ནི་ཧ་ཅང་གསལ། དེས་ན། དོན་དངོས་སུ་ནང་ཆོས་ལ་རྨོངས་དད་བྱེད་པ་ནི་ནང་ཆོས་ལ་དད་པ་བྱས་པའི་ཁོངས་སུ་བགྲང་ངམ་མི་བགྲངས། རོབ་བརྩིས་བྱས་ན་འཛམ་གླིང་སྟེང་མི་གྲངས་དུང་ཕྱུར་དྲུག་ལྷག་ནང་ཆོས་བྱེད་མཁན་ཡིན་པར་བརྗོད་ཀྱི་ཡོད་ལ། མི་གྲངས་དེ་དག་གི་ཁྲོད་དུ་ནང་ཆོས་ལ་ཤེས་ནས་དད་པ་ཐོབ་པའི་མི་ག་ཚོད་ཅིག་དང་།རྨོངས་དད་བྱེད་མཁན་ཡང་ག་ཚོད་ཅིག་ཡོད་དམ། དད་པ་མེད་པའམ་རྨོངས་དད་བྱེད་མཁན་ཀྱི་མི་བུ་དག་ནི་བློ་ལ་ངེས་བརྟན་ཅི་ཡང་པར་གང་དུ་ཡང་འགྱུར་ཆོག་ཆོག་ཡིན་པས། བླུན་པོ་ཆུ་སྣ་གར་ཁྲིད་ངོ་མ་དེ་ཡིན་ཞེས་ཁྱོད་རང་ཉིད་ཀྱིས་བཤད་པ་མིན་ནམ། དེས་ན་རྨོངས་དད་ཀྱི་གྲངས་ཀ་ཅི་ཙམ་འཕེལ་རུང་ནང་ཆོས་ཡར་རྒྱས་ཀྱི་དཔེ་མཚོན་མི་ནུས་པ་དོན་ལ་ཁྱོད་ཀྱིས་ཀྱང་ཁས་བླངས་ཡོད་པ་འདྲ།
མི་རིགས་དང་རྒྱལ་ཁབ་ཀྱི་བླ་བཙོང་མཁན། མགོ་བདེ་དྲན་འཕྲུལ་བྱེད་མཁན་གྱི་གཏེ་བོ། རིག་གནས་གསར་རྗེའི་སྐབས་ཁ་ནང་ལ་བསྐོར་ནས་རྡུང་རྡེག་འཕྲོག་བཅོམ་བྱེད་ཕོད་པའི་རིག་གསར་དཔའ་བོའམ། བོད་མི་ཏང་ཡོན་པ་དག་ནི་ཆོས་པ་རྣལ་མ་ཞིག་ནམ་ཡང་མིན་ལ། ཏང་ཡོན་པ་ངོ་མ་ཞིག་ཀྱང་གཏན་ནས་མིན། ཁེ་བཟང་རང་ལུགས་པ་འདི་དག་ལ་ཆོས་པ་ཨང་དང་བོའི་ཆོ་ལོ་གནང་མཁན་ནི་སྐུ་ཞབས་ལུངས་རྟོགས་ཁྱེད་རང་མ་གཏོགས་རིག་ཀྱང་མ་མྱོང་ལ་གོ་ཡང་མ་མྱོང་། གདན་ས་གྲྭ་ཚང་ཁག་ན་ཐོས་བསམ་ཚུལ་བཞིན་བྱས་ཤིང་། ཐོས་དོན་རྒྱུད་ལ་སྦྱོར་མཁན་གྱི་དགེ་བའི་བཤེས་རྣམས་སྣང་མེད་དུ་བསྐྱུར་ནས། ཆོས་པ་ཨ་དང་བོ་ཞིག་རྒྱ་ནག་དམར་ཤོག་ཏང་ཡོན་ཚོགས་པའི་ནང་བཙལ་དགོས་བྱུང་བ་ནི་ཅི་འདྲའི་ངོ་ཚ་ཁ་སྐྱེངས་དགོས་པའི་སྣང་ཚུལ་ཞིག་རེད་ཨང་།
ནུབ་ཕྱོགས་ཡུལ་གྲུ་ཁག་ལ་མཚོན་ནས་བཤད་ན་ནང་ཆོས་ནི་ཁོང་ཚོས་རིག་མ་མྱོང་བའི་ཅ་དངོས་གསར་བ་ལྟ་བུ་ཞིག་ཡིན་པས། འདི་ལ་དོ་སྣང་བྱེད་མཁན་དང་ཨ་གསར་བྱེད་མཁན་མང་བོ་བྱུང་དང་འབྱུང་མུས་སུ་ཡོད་མོད། ཡ་མཚན་དགོས་དོན་ཅི་ཡང་མེད། འདི་ནི་ཁོང་ཚོའི་གོམས་གཤིས་སམ། ལུགས་སྲོལ་ལྟ་བུ་ཞིག་ཡིན་པས་ཆ་འཇོག་བྱེད་རན་ཅི་ཡང་མེད། ཡིད་མི་ཆེས་ན་ལུང་རྟོགས་ཁྱེད་རང་གིས་ཀྱང་ཆ་ལུགས་ཡ་མ་ཟུང་ཞིག་སྤྲས་ཏེ་ནུབ་ཕྱོགས་སུ་བསྐྱོད་དང་ཁྱེད་ལ་དོ་སྣང་བྱེད་མཁན་དང་རྗེས་འདེད་གཏོང་མཁན་ནི་མང་དག་ཅིག་འོང་ངེས། ཡིན་ཡང་། ང་ཚོས་རྒྱུ་མཚན་འདི་ཙམ་ལ་བརྟེན་ནས་ནུབ་ཕྱོགས་པས་ནང་ཆོས་ལ་གདེངས་འཇོག་གང་འདྲ་བྱེད་ཀྱི་ཡོད་མེད་ཀྱི་ཐད་ལ་ཐག་གཅོད་བྱེད་པ་སྔ་མི་རུང་།
ཁོང་ཚོས་ད་སྔ་ནང་ཆོས་རིན་ཐང་ཅན་དུ་བརྩིས་ནས་མཐོང་སྤྲོད་ཀྱིན་འདུག་གམ། ཡང་ན་གཏིང་ཞིབ་མོས་ཞིབ་འཇུག་བྱེད་ཀྱི་འདུག ཁོང་ཚོ་ནང་ཆོས་ཞིབ་འཇུག་གི་ལམ་ཁར་སྐྱོད་བཞིན་པའི་སྐབས་སུ་མཐའ་མའི་མཇུག་སྡོམ་གང་འདྲ་ཞིག་འཇོག་མིན་དེ་ང་ཚོ་སུ་ཞིག་གི་བློ་ཡུལ་དུའང་འཆར་དཀའ། རིག་གཞུང་ཞིག་ལ་ཞིབ་འཇུག་བྱེད་པ་ནི། མི་ཞིག་ལ་འབྲེལ་འདྲིས་བྱས་ཏེ་རྒྱུས་ལོན་བྱེད་པ་ལྟ་བུའི་སླ་ཆོས་ཤིག་མིན་པར་དུས་ཡུན་རིང་མོ་ཞིག་ལ་ཉམས་ཞིབ་གཏིང་ཟབ་ཅིག་བྱེད་དགོས་པ་ནི་བཤད་མ་དགོས་པ་ཞིག་རེད། དེས་ན། ང་ཚོས་ངེས་པར་དུ་ནང་ཆོས་ཀྱི་སྙིང་བོ་གང་ཡིན་ཁོང་ཚོར་ར་གསལ་བོ་ཞིག་འཕྲོད་དུ་འཇུག་རྒྱུ་ནི་ཁ་ཚ་དགོས་གཏུགས་ཡིན་ལ། ནང་ཆོས་ཀྱི་གཞུང་ལུགས་ནས་གསུང་བའི་ཡང་དག་པའི་གནས་ལུགས་མང་བོ་ཞིག་ཐབས་ལམ་གསར་བ་དང་འགྲེལ་བཤད་གསར་བའི་ལམ་ནས་དེང་རབས་ཀྱི་མིའི་བློ་ཁ་དང་འཚམས་པར་གསལ་སྟོན་གནང་རྒྱུ་དང་། དེ་ཡང་མཚན་ཉིད་རིག་པའི་རིགས་ལམ་ནས་བདེན་པ་ཆོས་ཉིད་ལ་ཁུངས་བཅོལ་རྒྱུ་ནི་ཅིས་ཀྱང་གལ་འགངས་ཆེ།