ས་འཛིན་དཀར་པོ།
མགོན་མཆོག་སྟོན་པ་མཉམ་མེད་བུ་རམ་བཞིན།།
མི་མཆོག་བྱམས་པའི་སྙིང་རྗེ་རང་གཟུགས་ཅན།།
ལམ་མཆོག་འཚེ་མེད་སྟོན་པའི་དེད་དཔོན་ཉིད།།
སྐྱབས་མཆོག་མགོན་པོ་དེ་ཉིད་རྣམ་ཀུན་འདུད།།
ཞལ་རས་འཛུམ་དཀར་འཁྱུད་པའི་ཕ་མ་བཞིན།།
མགོ་ནག་བོད་ལ་བྱམས་པའི་སྤྱན་རས་གཟིགས།།
མཐོ་སྒང་མཚན་སྙན་འཇོག་པའི་སྐྱེས་མཆོག་ཉིད།།
འཛམ་གླིང་དབུ་ཁྲིད་ཡོངས་ཀྱིས་ཁྱོད་ལ་དགའ།།
ལེགས་ཉེས་རྣམ་ཀུན་འབྱེད་པའི་མེ་ལོང་ལྟར།།
ཆོལ་གསུམ་བོད་པའི་བདེ་སྡུག་ཉིད་ཀྱིས་སེལ།།
རིས་མེད་གྲུབ་མཐའ་ཀུན་གྱིས་སྤྱི་བོར་སྟེགས།།
མ་བཅོས་དྲང་སྲོང་རྣལ་འབྱོར་ཁྱོད་ཉིད་རྒྱལ།།
རིག་དཔྱོད་རྣམ་པར་གྲོལ་བའི་ཤེས་རབ་ལྟར།།
མཐོ་སྒང་མི་རིགས་སྨིན་པའི་གསུང་སྙན་སྒྲོག།
ཡབ་མེས་རུས་བཟང་ཅན་པའི་ཕུ་ནུ་རྣམས།།
དྲིན་ཆེན་བླ་མའི་གསུང་ཀུན་ཡང་ཡང་ཉོན།།
ཉེས་གསུམ་ཀུན་ལས་སྒྲོལ་བའི་སྨན་རྒྱལ་ལྟར།།
ཆོལ་གསུམ་མ་རིག་རྨོངས་པའི་སྒྲོལ་ལ་བརྩོན།།
དུག་གསུམ་ལས་ཀྱིས་བཙིར་བའི་ཝ་ཚོགས་ལ།།
དུས་གསུམ་འཚེ་མེད་ཞི་བའི་འཛུམ་གྱིས་མངོན།།
རྒྱལ་བས་འགྲོ་ལ་སྨིན་པའི་བརྩེ་བསྐྱངས་ལྟར།།
ཁྱོད་ཀྱིས་བྱམས་པའི་བརྩེ་བས་ལམ་ཞིག་སྟོན།།
མ་ལུས་སེམས་ཅན་ཡོངས་ལ་བདེ་སྟེར་མཆོག།
རྟག་ཏུ་མ་བཅོས་དད་པའི་རང་གཤིས་བཞུར།།
མགོན་མཆོག་བརྙན་རིས་འོག་ཏུ་ཡིབ་གྱུར་ནས།།
ནང་དམེའི་ཁྲག་གིས་མི་བསྐོར་དམ་བཅའ་ཡོད།།
ལེགས་ཉེས་ཅི་འདྲ་དགོས་ཀྱང་རང་གདོང་ཞིག།
རྣམ་ཀུན་བཅོས་མེད་རང་གཤིས་སྟོན་རྒྱུ་ཡིན།།
07-06-2014
འཛམ་གླིང་དབུ་ཁྲིད་ཡོངས་(ཀྱིས)་ཁྱོད་ལ་དགའ།། འདིས་བརྡ་ཡག་པོ་ཞིག་སྤྲོད་མི་ཐུབ་པ་འདྲ།
(ཞི་བའི་ལྷ་བྱ་དཀར་པོ། བདེ་བའི་ལྷ་བྱ་དཀར་པོ། ཞི་བདེའི་ལྷ་བྱ་དཀར་པོ།) གོ་རྒྱུ་ཞིག་ཡོད་ནི་འདྲ་འདྲ། མེད་ནི་འདྲ་འདྲ། ཅི་བརྫོ་ཡི་ཡོད་པ་ཡག་པོ་ཞིག་གོ་མ་སོང་། འགྲེལ་བ་ཞིག་གནོངས་དང་། ཐུགས་རྗེ་ཆེ།
ཞི་བདེའི་ལྷ་བྱ་དཀར་པོ་འདི་སྔོན་མ་མཁན་ཆེན་བླ་མ་ཟེར་བས་བཏགས་པ་རེད་འདུག ། http://www.tibetcy.com/shownews.asp?news_id=1396 དེ་ནས་བཟུང་ངེད་ཚོས་བོད་ནས་ཞི་བདེ་གླིང་པ་དང་བྱ་ཏེ་དེ་བེད་སྤྱོད་ཀྱིན་ཡོད། ད་ལྟ་དུས་དཔལ་མཇེ་ཁོ་སྨྱོ་ཚར་འདུག ཨ་ཕོ་ལྷ་བྱ་དཀར་པོ་བཏགས་ན་བཟང་སོང་། གང་ལྟར་ད་ཡིན་ན་དྲ་ཐོག་བཏང་ཚར་སོང་།
༸གོང་ས་མཆོག་ཁྱེད་ནི།
ཟས་གཙང་སྲས་པོ་སྔར་དུས་ཕེབས། །
སངས་རྒྱས་གཉིས་པ་ཁྱེད་དིང་འཁྲུངས། །
འཁྲུངས་ཚེས་སྔ་ཕྱིའི་ཁྱད་པར་ཙམ། །
བླ་མ་ཙོང་ཁ་ཙོང་ཁར་འཁྲུངས། །
ཁྱེད་ཀྱང་ཨ་མདོ་སྟག་ཚེར་འཁྲུངས། །
འཁྲུངས་ཡུལ་ཡར་མར་ཁྱད་པར་ཙམ། །
སློབ་དཔོན་པདྨ་རྫུས་ལ་སྐྱེས་ལས། །
ཁྱེད་ནི་བོད་མོའི་མངལ་ལས་སྐྱེས། །
རྫུས་མངལ་གཉིས་ཀྱི་ཁྱད་ཙམ་ལས། །
རྫུ་འཕྲུལ་ཆེ་ཆུང་ཁྱད་མི་འདུག །
ཤྰཀྱ་ཐུབ་པས་རྒྱལ་སྲིད་སྤོངས།།
གུ་རུས་གསང་སྔགས་བསྟན་པ་སྤེལ།།
གོང་ས་མཆོག་གིས་བོད་སྲིད་སྐྱོང་།།
རླབས་ཆེན་ཞི་བདེའི་དེད་དཔོན་རེད།།
ཉིད་ཀྱི་དུས་གསུམ་ལོངས་སྤྱོད་ལ་སོགས་པ།
རྟག་ཏུ་དམན་པའི་སླད་དུ་གཏོང་བར་མཛད།
ཁྱེད་ཀྱི་དྲིན་གྱིས་འཚོ་བ་ཉུང་ཉུང་མིན།
སྦྱིན་པའི་ཕར་ཕྱིན་རྫོགས་ལ་གསོལ་བ་འདེབས།
སོ་ཐར་བྱངས་སེམས་གསང་སྔགས་སྲུང་སྒོ་ཀུན།
མིག་གི་ཏོག་བཞིན་སྲུང་བའི་དགེ་སློང་ཁྱེད།
རྟག་ཏུ་བྱང་ཆུབ་སེམས་ཀྱིས་བརླན་པ་ཡིས།
ཚུལ་ཁྲིམས་འགྲོ་ལ་བསྔོ་བར་གསོལ་བ་འདེབས།
ལྷ་མི་འདྲེ་དང་བཅས་པའི་སྡིག་ཚོགས་ཀྱིས།
གཅེས་པའི་སྲོག་ལ་ཕྱྭ་བ་ཉུང་ཉུང་མིན།
གང་གིས་བཟོད་པ་ཐུགས་བརྩེའི་ཕན་སེམས་ཀྱིས།
རྟག་ཏུ་ཕན་པ་མཛད་པས་བཟོད་པ་རྫོགས།
ཀ་རྡོ་ལགག། འདི་ནས་མར་ཕྲིས་རོགས། དུས་ཚོད་མིན་འདུག
གངས་རི་ར་བའི་སྐོར་བའི་ཞིང་ཁམས་འདིར།
ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།
སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་་ཡི།
སྐུ་ཚེ་མི་ཤིག་སྐལ་བརྒྱར་རབ་བརྟེན་ཤོག།
ཤོག་ཤོག་ཤོག་ཤོག་ཤོག་ཤོག་ཤོག་ཤོག་
ཤོག་ཤོག་ཤོག་ཤོག་ཤོག་ཤོག་ཤོག་ཤོག་
ཤོག་ཤོག་ཤོག་ཤོག་ཤོག་ཤོག་ཤོག་ཤོག་
ཤོག་ཤོག་ཤོག་ཤོག་ཤོག་ཤོག་ཤོག་ཤོག
ང་ལ་མཚོན་ན་རྩོམ་ནི་ཡག་པོ་ཞིག་མི་ཤེས་མཁན་ཞིག་ཡིན། ཚང་མ་ཀློ་ཁུལ་བྱས་བ་ཡིན། རྒྱལ་བ་རིན་པོ་ཆེ་ལ་སྟོད་པ་བྱས་བ་ཞིག་ཡིན་པ་གོ་ཙམ་བྱུང་། འདིའི་ནང་ལ་ཚིག་གཅིག་ཡོད་པ༼འཛམ་གླིང་དབུ་ཁྲིད་ཡོངས་ཀྱིས་ཁྱེད་ལ་དགའ་།༽ ཟེར་བ་དེ་ངོས་ཡོད་མ་རེད་བསམ་སོང་། རྒྱ་ནག་གི་དབུ་ཁྲིད་ཚོ་ཁོང་རིམ་པོ་ཆེ་ལ་དེ་ཙམ་དགའ་མིན་དྲི་བ་རེད། རྒྱ་ནག་གི་དབུ་ཁྲིད་ཚོ་འཛམ་གླིང་གི་དབུ་ཁྲིད་མ་རེད་ཟེར་ན་གཏམ་འདི་ཕྱིར་སྡུ་ཆོག འོན་ཀྱང་རྒྱ་ནག་པ་ནི་འཛམ་གླིང་གི་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཞིག་ཡིན་སྟབས་གང་འདྲ་ངོས་འཛིན་དགོས་རེད།
ཨ་ཁ་འདི་འདྲས་གོང་འོག་ནང་འགལ་གྱིས་ཚིག་ནག་གིས་གོང་ས་མཆོག་ལ་བསྟོད་པ་ནི་གཞི་མེད་སྒྲོ་འདོགས་བྱེད་པ་རེད། ཡིག་ནོར་དོན་ནོར་ཤིན་ཏུ་མང་པོ་འདུག དཔེར་མཚོན་ཙམ་ཞུས་ན་ལེགས་ཉེས་རྣམ་ཀུན་འབྱེད་པའི་མེ་ལོང་ལྟར།།ཞེས་པ་འདིས་དགེ་ལུགས་དོལ་ཚོགས་དགའ་ཡིག་ལ་གོ་རུང་ཙམ་ཡིན་ན་ཡང་། ཆོལ་གསུམ་བོད་པའི་བདེ་སྡུག་ཉིད་ཀྱིས་སེལ།། ཟེར་བ་འདིས་གོང་ས་མཆོག་གིས་བདེ་སྐྱིད་མེད་པར་བཟོས་པ་རེད་ཟེར། བདེ་བ་ཉིད་ཀྱིས་སེལ་ཟེར་དང་སྡུག་བསྔལ་ཉིད་ཀྱིས་སེལ་ཟེར་བ་འདིས་ཚིག་དོན་ལ་བསམ་བློ་མ་གཏོང་བར་དེ་གར་རྡོ་ཆག་ལྷུ་སྒྲིག་ལྟ་བུས་སྐད་ཡིག་ལ་ཞབས་འདྲེན་ལས་ཁ་ཁོག་མ་མཚུངས་པའི་འཆལ་བྲིས་ཤིག་ཏུ་ཁུམས་སོ།། ཧ ཧ ད་དུང་་་་ངོ་མ་བྲུན་འཛིན་དཀར་པོ་འདིས་དོལ་འདྲེ་མཆོད་མཁན་ཡིན་པར་གསལ་བོ་རེད། ད་མི་བཤད་དོ།
བརྩོན་འགྲུས།
ང་ནི་སློབ་ཕྲུག་ལེ་ལོ་ཅན་ཞིག་ཡིན། །
ངས་ནི་རྟ་ལྕག་སེར་པོར་ཞེད་ནས་སྦྱངས། །
སྐད་རིགས་འགའ་ཤས་ལས་ཀའི་ཞོར་དུ་སྦྱངས། །
གཞུང་བརྒྱ་ཐ་དག་ཐུགས་འཛིན་མཛད་ལ་འདུད། །
བསམ་གཏན།
༸སྐུ་ཕྲེང་གོང་མའི་དྲན་དང་ཤེས་བཞིན་ཐོག །
བྱིང་རྒོད་ཕྲ་མོའང་འབུར་ཐོན་མ་ཐུབ་པར། །
ཉིན་མཚན་ཀུན་ཏུ་བསྐྱེད་རྫོགས་ཏིང་འཛིན་ལ། །
བསམ་གཏན་བདེ་མྱོང་མཛད་ལ་གུས་ཕྱག་འཚལ། །
ཤེས་རབ།
ཆུང་ངུའི་དུས་ནས་སྔ་དགོངས་ངེས་མེད་ལ། །
ཨ་ར་པ་ཙའི་གཟུངས་སྔགས་འདོན་གསོག་གིས། །
ད་ལྟའི་དུས་སུ་ཆོས་སྲིད་ཕྱི་ནང་ཆོས། །
ཀུན་གཟིགས་ཀུན་མཁྱེན་ཐམས་ཅད་མཁྱེན་ལ་འདུད། །
# 6 བསམ་ཤེས་ལགས་སོགས་ལ་འབུལ་ལོ།། །།