གནས་ཚུལ་གཏོང་མཁན། དོན་འགྲུབ་བཀྲ་ཤིས།
ཡུལ་ཤུལ་གནམ་གྲུ་ཐང་གིས་ཉིན་རེར་ཟི་ལིང་ནས་ཡུལ་ཤུལ་ལ་འཕུར་བའི་གནམ་གྲུ་ཐེངས་གཉིས་ལ་གཏོང་རྒྱུ་བཀོད་སྒྲིག་བྱེད་རྒྱུ་རེད།
གསར་འགོད་པས་མཚོ་སྔོན་གནམ་གྲུ་ཐང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཤར་ཕྱོགས་མཁའ་འགྲུལ་ཀུང་ཟིས་ཡུལ་ཤུལ་གནམ་གྲུ་གཏོང་ཐེངས་ལ་བཀོད་སྒྲིག་བྱས་པ་ལྟར། ཟླ་དྲུག་པའི་ཚེས་ལྔ་ཉིན་ནས་བཟུང་། ཡུལ་ཤུལ་གནམ་གྲུ་ཐང་གིས་ཉིན་རེར་ཟི་ལིང་ནས་ཡུལ་ཤུལ་ལ་གནམ་གྲུ་ཐེངས་གཉིས་ལ་གཏོང་རྒྱུར་བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དང་། འཕུར་བའི་གནམ་གྲུའི་གཏོང་ཐེངས་ཐེངས་གཉིས་བཀོད་སྒྲིག་བྱེད་རྒྱུ་རེད།
གནོད་ཐེབས་རྗེས་ཀྱི་ཡུལ་ཤུལ་ཡུལ་སྐོར་ལྗོངས་རྒྱུའི་ལས་སྒོ་བདེ་ལེགས་ངང་སྤེལ་བ་དང་། ཡུལ་ཤུལ་ཡུལ་སྐོར་བའི་འགྲོ་འདུག་སྤྱོད་གསུམ་ལ་སྟབས་བདེ་བསྐྲུན་ཆེད། མཚོ་སྔོན་མཁའ་འགྲུལ་ཀུང་ཟིས་གནམ་གྲུའི་འཕུར་སྐྱོད་ཕྱོགས་ལ་ཤུགས་ཆེན་པོ་བཏོན་ནས། ཉིན་རེར་ཡུལ་ཤུལ་ནས་ཟི་ལིང་བར་ཕར་འགྲོ་ཚུར་འོང་བྱེད་ཐེངས་གཅིག་རེ་བསྣན་པ་རེད། ཐེངས་འདིའི་གནམ་གྲུའི་ལན་གྲངས་ནི་MU2365/14 ཡིན་ལ། འཕུར་སྐྱོད་བྱེད་པའི་དུས་ཚོད་ནི། ཉིན་གུང་གི་དུས་ཚོད་གཅིག་དང་སྐར་མ་ཉེར་ལྔའི་ཐོག་ཟི་ལིང་ནས་འཕུར་ཏེ་ཕྱི་དྲོའི་དུས་ཚོད་གཉིས་དང་སྐར་མ་བཞི་ཅུའི་སྟེང་ཡུལ་ཤུལ་ལ་ཐོན་པ་དང་། དེ་ནས་ཡང་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་ཉི་ཤུའི་སྟེང་ཡུལ་ཤུལ་ནས་འཕུར་ཏེ་ཕྱི་དྲོའི་དུས་ཚོད་བཞི་དང་སྐར་མ་སོ་ལྔའི་སྟེང་ཟི་ལིང་ལ་ཐོན་ཐུབ་པ་རེད་འདུག།
འཚམས་འདྲི་ཞུ། ལེགས་པོ་རེད། ད་དུང་ཉམ་ཆུང་དེ་ཚོ་ལ་རོགས་སྐྱོར་གནང་བར་བཟང་ངོ་།།