Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཆེ་ཁིའི་སྲིད་འཛིན་གྱིས་གནའ་བོད་ནི་བཀས་བཀོད་དང་ཞིང་བྲན་ཟུང་འབྲེལ་གྱི་བླ་མའི་རྒྱལ་ཁབ་ཅིག་རེད་ཟེར།

Posted on 2014-06-112014-06-11 By ཁ་བརྡ་ 12 Comments on ཆེ་ཁིའི་སྲིད་འཛིན་གྱིས་གནའ་བོད་ནི་བཀས་བཀོད་དང་ཞིང་བྲན་ཟུང་འབྲེལ་གྱི་བླ་མའི་རྒྱལ་ཁབ་ཅིག་རེད་ཟེར།

ཨ་ནུ་ཐང་བསོད་ནམས།

ཉེ་ཆར་ཆེ་ཁིའི་སྲིད་འཛིན་མེ་ལོ་ཤི་གཟའ་མས་ཀྱིས་རང་གི་མའང་སྡེ་སྟེ། འཇར་མན་དང་བར་ཐག་ཉེ་བའི་ལུས་བྷ་ར་ཚི་རུ་ཉིན་གསུམ་རིང་ལ་ལྟ་སྐོར་དུ་སྐྱོད་སྐབས། མངའ་སྡེའི་སྲིད་བློན་གྱིས་གཞུང་ལས་ཁང་གི་ངོས་སུ་བོད་དར་བསྒྲེངས་པས། ཁོས་བློན་ཆེན་ལ”དང་པོ་རང་ཉིད་ཀྱི་དཀའ་ངལ་ཀུན་སེལ་དགོས་པ་ལས། རང་ཉིད་ཀྱི་དཀའ་ངལ་སེལ་མ་ནུས་པར་གཞན་གྱི་བདེ་སྡུག་ལ་སེམས་ཁུར་བྱེད་མི་འོས་ཤིང་། ལྷག་པར་དུ་སྤྱི་ལེ་སྟོང་དུ་མའི་གནད་དོན་ཞིག་ལ་ཁ་ཡ་བྱེད་དགོས་དོན་མེད་ཚུལ་དང་། བོད་འདི་སྤྱི་ལོ་༡༩༡༣ ནས་༡༩༥༡ བར་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་ཡང་། སྐབས་དེ་དུས་ཁོང་ཚོས་མང་གཙོ་ལག་ལེན་བསྟར་མྱོང་མེད། དེ་ལས་ལྡོག་སྟེ་བཀས་བཀོད་རྒྱུད་འཛིན་དང་ཞིང་བྲན་རིང་ལུགས་ཟུང་འབྲེལ་གྱི་བླ་མའི་རྒྱལ་ཁབ་སྐྱོང་ཞིང་། བཙོན་པ་རྣམས་ལ་རྐང་ལྕགས་ལག་ལྕགས་གཉིས་ཀྱིས་བསྡམས་པ་མ་ཟད། ཁག་ཅིག་གི་མིག་འབྲས་ཀྱང་བཏོན་པའི་གནས་ཚུལ་ཡང་བྱུང་ཡོད། དེ་ནི་ངས་བཟོས་པ་མ་རེད། ལོ་རྒྱུས་ཀྱི་དོན་དངོས་རེད།

གལ་སྲིད་ཆེ་ཁིས་གཞན་ལ་རོགས་སྐྱོར་བྱེད་དགོས་ན། ཕྱོགས་རིས་ཀྱིས་བྱེད་མི་ཉན་པར་དཀའ་ངལ་ཡོད་མཁན་གྱི་ཡུལ་ལུང་ཚང་མ་ལ་གཅིག་མཚུངས་ཀྱིས་རོགས་སྐྱོར་བྱེད་དགོས་ཚུལ་དང་། ཁི་རིས་མེས་ཡ་ཡོས་ཁི་རན་ནས་ལོགས་སུ་ཐོན་ཞིང་ར་ཤི་ཡ་དང་ཟླ་བསྒྲིགས་ཀྱིས། ར་འོག་ནས་རང་སྐྱོང་བྱས་བའི་ཁི་རིས་མེས་ཡའི་མི་མང་གི་ཐག་གཅོད་ལའང་གུས་བཀུར་བྱེད་དགོས་བ་འགྱུར་ཚུལ་བཅས་བརྗོད་ནས་བོད་དོན་རྒྱབ་སྐྱོར་ཚོགས་ལ་ཁ་གཏད་འཇལ་བཞིན་ཡོད། རྒྱུ་མཚན་ནི། ཆེ་ཁི་ཐེ་བའི་ནུབ་ཕྱོགས་པས་ར་ཤི་ཡ་ལ་ཁ་གཏད་འཇལ་ཆེད་དུ་ཁི་རིས་མེས་ཡ་དང་། སྒྲོ་ནེ་སི་སོགས་ཡོས་ཁི་རན་ནས་ལོགས་སུ་ཐོན་པར་གཞུང་གཉིས་ཀས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་པས་རེད།

སྲིད་འཛིན་མེ་ལོ་ཤི་ལ་རྒྱལ་ཁ་ཐོབ་དགོས་དོོན་ཡང་ཨོ་བྷ་མ་དང་ཧྥ་རན་སིའི་སྲིད་འཛིན་ལ་རྒྱལ་ཁ་ཐོབ་པ་བཞིན་འབྱོར་མེད་མང་ཚོགས་ཀྱིས་རྒྱབ་སྐྱོར་གཙོ་བོ་བྱས་ཏེ་ཐོབ་པ་རེད། རྒྱུ་མཚན་ནི། ཁོང་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཚོགས་པ་ཡིན་ཞིང་ཁོང་སྲིད་འཛིན་ཆགས་པ་ཡིན་ན། འབྱོར་ལྡན་གྲལ་རིམ་གྱི་འཆར་གཞི་ཁོ་ན་ལྟར་འགྲོ་རུ་མི་བཅུག་ཅིང་འབྱོར་མེད་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་བཏང་རྒྱུ་ཁས་ལེན་བྱས་ཕྱིན། དངུལ་དངོས་དཀོན་མཆོོག་འཛིན་པའི་སྤྱི་ཚོགས་ཁྲོད་ཁོང་ལ་རྒྱལ་ཁ་ཐོབ་པ་རེད། རྒྱུ་མཚན་ནི། ད་ལྟ་ཁོང་ཚོར་ཆབ་སྲིད་ཀྱི་དཀའ་ངལ་མེད་ཅིང་། ཡོད་པ་ནི་དངུལ་དངོས་ཁོ་ན་ཡིན་ཞིང་། གཞན་གྱི་བདེ་སྡུག་གི་ཆེད་དུ་རང་ལ་རྒྱུ་ནོར་གྱི་གྱོང་གུད་འཁུར་འདོད་མེད་པས། སུས་ཁོང་ཚོ་ལ་དངུལ་དངོས་བཟོ་ཐུབ་ན། དེ་ལ་ནུབ་ཕྱོགས་མི་མང་གིས་རྒྱབ་སྐྱོར་ཡོད་པ་མཚོན་གྱི་ཡོད། གལ་སྲིད་མ་འོངས་པར་དམག་འཁྲུག་འདྲ་བྱུང་ཚེ། དེ་དུས་གནས་ཚུལ་ལ་འགྲོ་ངེས་ཤིང་། སུས་རྒྱལ་ཁབ་སྐྱོབ་ཐུབ་ན་དེ་ལ་མི་མང་གིས་རྒྱབ་སྐྱོར་བྱེད་ངེས་རེད།

ཆི་ཁི་སྲིད་བློན་གྱིས་ཟླ་གཅིག་གཉིས་སྔོན་རྒྱ་དང་ཚོང་འབྲེལ་བྱེད་ཆེད། བོད་འདི་རྒྱ་ནག་གི་ཆ་ཤས་སུ་ཁས་ལེན་བྱས་བ་མ་ཟད། རྒྱ་ནག་གི་ནང་སྲིད་ཐེ་གཏོགས་ཡེ་ནས་མི་བྱེད་ཅིང་། འགྲོ་བའི་མིའི་ཐོབ་ཐང་ཡང་རྒྱ་ནག་གི་རྩ་ཁྲིམས་གཞི་རྩ་བཟུང་ནས་གུས་ཞབས་བྱེད་རྒྱུ་མོས་མཐུན་བྱས་ཡོད།

གནས་ཚུལ་དེས་རྐྱེན་པས་ཆེ་ཁིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་རྣམས་སེམས་ཚབས་ཆེན་པོ་ལངས་ཤིང་། ཁོའི་གཏམ་བཤད་ལ་སྐྱོན་བརྗོད་ཤུགས་ཆེ་བྱེད་དང་བྱེད་བཞིན་ཡོད་ཁར། ངོ་རྒོལ་གྱི་ས་ཡིག་བསྡུ་རིབ་བྱས་སྐབས་བདུན་གཅིག་གི་ནང་མཚན་རྟགས་ལྔ་ཁྲི་ལྷག་བྱུང་། དེ་ནི་ཆེི་ཁི་རྒྱལ་ཁབ་ལ་མཚོན་ན་མི་མང་གིས་གཞུང་གསར་བ་ལ་སྐྱོན་བརྗོད་བྱས་བའི་ལས་འགུལ་ཆེ་ཤོས་ཤིག་ཏུ་ཆགས་ཡོད།
དེར་བརྟེན། སྲིད་འཛིན་གཟའ་མན་སྲིད་བློན་གྱི་རྒྱབ་རྩར་ལངས་ཏེ། བོད་དོན་རྒྱབ་སྐྱོར་བ་ཚོ་ལ་སྐྱོན་བརྗོོད་བྱས་བ་ཞིག་རེད། ཁོའི་མཐུན་ཕྱོགས་ཀྱི་གནད་ཡོད་དཔོན་རིགས་ཁག་ཅིག་ཀྱང་ཆེ་ཁིའི་གཞུང་མང་གཉིས་ཀས་གཞན་གྱི་རང་སྐྱོང་དང་རང་བཙན་གང་ལ་རྒྱབ་སྐྱོར་བྱེེད་མི་འོས་ཏེ། བྱས་བ་ཡིན་ན་ཡོས་ཁི་རན་གྱི་ཕྱོགས་ཀྱི་གནས་ཚུལ་བཞིན་ལྷག་ཚུལ་བརྗོད་བཞིན་ཡོད། འོན་ཀྱང་། ཆེ་ཁི་ལའང་རང་དབང་ཐོབ་ནས་ལོ་ཉེར་ལྔ་ཙམ་ལས་འགྲོ་བཞིིན་མེད་ཀྱང་། ད་ལྟ་མི་མང་པོ་ཞིག་གིས་དེ་སྔོན་གྱི་སྡུག་ངལ་ཡེ་ནས་བརྗེད་དེ། གཞན་་གྱི་བདེ་དོན་ལ་ཁ་ཡ་བྱེད་ཀྱི་མིན་ཞེས་བརྗོོད་ཀྱིན་ཡོད།

འཇིག་རྟེན་ཐོག་གི་མི་མང་པོ་ཞིག་འདི་འདྲ་རེད། དཀའ་ངལ་འཕྲད་སྐབས་ཅི་ལྟར་གུས་ཞིང་དྲང་བདེན་དང་རང་དབང་གླེང་ཡང་། རང་ལ་དེ་དག་ཐོབ་ཚེ་གཞན་ལ་དེ་ལྟར་མཁོ་བ་བརྗེད་པ་མ་ཟད། དེ་དག་གལ་ཆེན་ཡིན་པའང་གློ་བུར་དུ་བརྗེད་པ་ནི་ཅི་འདྲིའི་སྐྱོ་གནས་ཤིག་རེད། ཡིན་ཡང་། བོད་པ་དེ་ལྟར་ཡིན་ངེས་རེད། མ་འོངས་བར་བོད་ལ་རང་དབང་ཐོབ་ཚེ། ཁེ་ཕན་ཁོ་ན་གཉེར་བ་ལས་དྲང་བདེན་དང་། འདྲ་མཉམ། གཞན་གྱི་བདེ་སྡུག་ལ་བསམ་བློ་བཏང་མཁན་ཁག་པོ་འགྱུར་ཁར། ནུབ་མི་མང་ཤོས་ལྟར་རྒྱོ་དང་སྒོར་མོ། ཆང་དང་ཁང་པ། རླངས་འཁོར་དང་ལྟ་སྐོར་འགྲོ་རྒྱུ་བཅས་ལས་དོ་སྣང་མེད་མཁན་ཞིག་ཏུ་འགྱུར་ངེས་རེད། ཡིན་ཏེ། འཇིག་རྟེན་ཐོག་གི་མི་མང་ཤོས་ཀྱིས་རང་གི་བདེ་སྡུག་གཙོ་བཟུང་ལས་བྱེད་པ་ལས། གཞན་ཉིད་བྱེད་མི་སྲིད་ལ། རང་ལ་སྡུག་ངལ་མེད་ན་གཞན་གྱི་བདེ་སྡུག་ལ་ཁ་ཡ་བྱེད་མཁན་ཧ་ཅང་ཉུང་བས་རེད།

མ་གཞི་ནི་ཆེ་ཁི་རྒྱལ་ཁབ་ནི་བོད་དོན་ཐོག་གཞུང་འབྲེལ་གྱིས་རྒྱབ་སྐྱོར་བྱེད་མཁན་ལྟེ་བ་དང་སྐུ་མདུན་གཞུང་འབྲེལ་ཐོག་གནད་འདྲེན་ཞུ་མཁན་ཐོག་མ་རེད། ལྷག་པར་དུ་རང་ལུས་མེ་མཆོད་ཀྱི་ལrས་འགུལ་ལ་གཞུང་འབྲེལ་གྱིས་རྒྱབ་སྐྱོར་བྱས་ཤིང་། རྒྱ་ནག་ལ་སྐྱོན་བརྗོད་བྱེད་མཁན་གཙོ་བོ་དེ་ཡིན་ཡང་། དཔོན་པོ་རྒན་པ་རྣམས་རིམ་པ་བཞིན་རྒས་ཡོལ་དང་འདས་གྲོངས་སུ་ཕྱིན་ཅིང་། ཕྱིས་སུ་གཞོན་སྐྱེས་ཁེ་ཕན་དོན་གཉེར་བའི་ཆབ་སྲིད་པ་མང་པོ་ཞིག་མཚར་ལོངས་བྱུང་ཁར། མི་རབས་རྒན་པ་དང་ལྷག་པར་དུ་དེ་དག་གི་ལྟ་མཐུན་རྣམས་རེ་བཞིན་གནས་དབྱུང་དང་། ནུས་མེད་དུ་བཏང་ཞིང་། ཁེ་ཕན་དོན་གཉེར་བའི་ཆབ་སྲིད་པའི་རུ་ཚོགས་གཅིག་ལ་རྐུབ་སྟེགས་ཐོབ་བཞིན་ཡོད། ཁོང་ཚོས་རྒྱ་ནག་དང་འབྲེལ་བ་འཛུགས་རྒྱུར་བྲེལ་ཟིང་སྐྱེས་བཞིན་ཡོད་ཁར། རྒྱ་ནག་གཞུང་གིས་ཀྱང་དེ་དག་རྒྱབ་སྐྱོར་དང་མཐུན་འགྱུར། ལྷག་པར་དུ་མཛའ་གྲོགས་ཀྱི་འབྲེལ་བ་འཛུགས་པར་ཤུགས་གནོན་རྒྱབ་བཞིན་ཡོད་ཅིང་། ཆེ་ཁིའི་སྲིད་སྔོན་མའི་དཔར་ཡང་རྒྱ་ནག་གི་གྲོང་ཁྱེར་ཞིག་ཏུ་འགྲེམ་སྟོན་བྱས་ཡོད།

ཆེ་ཁིའི་སྲིད་བློན་གྱིས་བོད་ཀྱི་གནད་དོན་གྱིས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་ཤིང་། རྒྱ་ནག་དང་འབྲེལ་ལམ་ཡག་པོའི་ཐོག་ཚོང་འབྲེལ་བྱེད་རྒྱུ་ནི་ཆེ་ཁིའི་ཁེ་ཕན་གལ་ཆེན་ཡིན་པ་མ་ཟད། འཇར་མན་དང་དབྱིན་ཇིས། ཧྥ་རན་སི་ཡིས་རྒྱ་དང་ལྷན་གྲོས་མཐུན་བཞག་པ་བཞིན་ཁེ་ཆི་ལའང་དེ་ལྟར་མཁོ་གལ་ཆེ་ཚུལ་དང་། ལྷག་པར་དུ་ཡོ་རོབ་སྤྱི་མཐུན་གྱི་རྒྱལ་ཁབ་གཞན་ལྟར་རྒྱ་ནག་དང་འབྲེལ་བ་འཛུགས་དགོས་བ་ལས། དེ་ལས་སྡུག་ཅིག་ཡོང་མི་ཉན་རྒྱུའི་གཏམ་བཤད་སྤེལ་འདུག
ཡིན་ཡང་། ཡོ་རོབ་པ་འདི་ཚོས་ཡོས་ཁི་རན་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཁར། དེ་སྔོན་རྨས་སྐྱོན་ཕོགས་པའི་ནད་པ་མང་པོ་ཞིག་ཀྱང་ཆེ་ཁིར་སྨན་བཅོས་དུ་བོས་ཡོད། ལྷག་པར་དུ་ཡོས་ཁི་རན་གྱི་སྲིད་གཞུང་གསར་བ་ལ་འཛིན་སྐྱོང་གི་སྦྱང་བརྡ་སྤྲད་རྒྱུའི་སྦྱིན་བདག་བྱས་ཡོད་ཀྱང་། བོད་ཀྱི་ཞི་བའི་འཐབ་རྩོད་ཁྲོད་ཁོང་ཚོ་ལ་ཁེ་ཕན་མེད་པས་རྒྱབ་སྐྱོར་བྱེད་གནང་མཁན་ཉུང་ཁར། ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་གྱི་སྲིད་གཞུང་སུ་ཡང་མེད་ཅིང་། མེད་པའི་་གནས་དོན་བོད་མི་རྣམས་ཀྱིས་ངེས་བར་དུ་འཚོར་དགོས་བའི་གནས་ཡིན། དེ་ལྟར་བསམ་ཚེ། རང་ལུས་མེ་མཆོད་བཏང་ཞིང་གཞན་ལ་རེ་བ་རྒྱབ་པ་ནི་དོན་མེད་ཀྱི་སྡུག་ངལ་མྱོང་བ་ཞིག་མ་ཡིན་ནམ།

མ་གཞི་ཨ་རི་དང་ནུབ་ཕྱོགས་པས་མང་གཙོ་གལ་ཆེན་བརྩི་ཚུལ་ས་བསྒྲགས་གནམ་བསྒྲགས་བྱས་ཀྱང་། ཁི་རེས་མིས་ཡའི་རང་ཐག་རང་གཅོད་ལ་རྒྱབ་སྐྱོར་མེད་ཅིང་། ཡོས་ཁི་རན་གྱི་ན་ཙིའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱས་ཡོད།
ཡོས་ཁི་རན་གྱི་ན་ཙི་སྲིད་གཞུང་གསར་བས་ཡོས་ཁི་རིན་གྱི་གྲངས་མི་རིགས་ཁག་གི་དགོོས་འདོད་ལ་སྣང་མེད་ཀྱིས་སྐད་ཡིག་གཅིག་གི་ལམ་སྲོལ་བཏོད་པས། ཡུལ་དེའི་ཤར་ཕྱོགས་དང་ལྷོ་ཕྱོགས་ཀྱི་ར་ཤིའི་སྐད་ཡིག་སྨྲ་མཁན་གྱི་གྲངས་ཉུང་མི་རིགས་ཚོའི་སྐད་ཡིག་བཀག་འགོག་བྱས་ཡོད། དེ་བརྟེན་ཤར་ཕྱོགས་རྣམས་ཁོང་ཁྲོ་དྲག་ཏུ་ལངས་ཤིང་ཡོས་ཁི་རན་གྱི་འོག་ནས་འདུག་འདོད་བྱེད་ཀྱི་མེད། གནས་ཚུལ་དེ་ར་ཤི་ཡ་ལ་མཚོན་ན་གོ་སྐབས་ཡག་ཤོས་ཤིག་ཡིན་པས་རྒྱབ་སྐྱོར་བྱས་བ་རེད།

མ་གཞི་ར་ཤི་ཡ་ཡིན་ཡང་རང་ཐག་རང་གཅོད་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་མིན་ཞིང་རྒྱ་ནག་ལྷན་གོ་སོ་ཝོའི་རང་ཐག་རང་གཅོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་བ་མ་ཟད། འགྲོ་བ་མིའི་གནད་དོན་ཐོག་ནས་ནུབ་ཕྱོགས་པ་ལས་རྡབ་གཉིས་ཀྱིས་སྡུག་པ་ཡོད། ཡིན་ཡང་། ད་ཐེངས་ཁོང་ཚོའི་ཁེ་ཕན་དང་མཐུན་པས་རང་ཐག་རང་གཅོད་ལ་རྒྱབ་སྐྱོར་བྱས་བ་མ་ཟད། ཁོང་ཚོ་ཁི་རིས་མེས་ཡ་དང་ཤར་ཡོས་ཁི་རན་བཅིངས་གྲོལ་བཏང་མཁན་ཡིན་པ་སྨྲ་བཞིན་ཡོད།

རྒྱ་ནག་གིས་ག་དུས་ཡིན་ཡང་ར་ཤི་ཡ་ལ་རྒྱབ་སྐྱོར་བྱ་ཡང་རང་ཐག་གཅོད་ཀྱི་གནད་དོན་དེ་རྒྱ་ནག་གི་ཁེ་ཕན་དང་མ་མཐུན་པས་བར་གནས་ཞུགས་ཤིང་ཨུ་རི་སུ་ལ་རྒྱབ་སྐྱོར་བྱས་མེད། མ་ཟད་ཨེ་གཟི་རལ་དང་འགྲེལ་སྟོན་བརྗེ་སྤོ་བྱེད་སྐབས་ཨན་སི་ཐན་གྱི་ལོ་རྒྱུས་འགྲེམ་སྟོན་བྱེད་པ་པེ་ཅིང་གིས་ངོས་ལེན་བྱས་མེད། རྒྱུ་མཚན་ནི། ཨན་སི་ཐན་གྱི་མི་རིགས་ཤིག་ལ་རང་ཐག་རང་གཅོད་ཀྱི་གནད་དོན་ཐོག་ཨེ་གཟི་རལ་རང་བཙན་རྩོད་པས་རེད། དེ་བཞིན་བལ་ཡུལ་གྱི་དམར་ཕྱོགས་ཚོགས་པས་མི་རིགས་ཁག་ལ་ལྟས་ནས་མངའ་སྡེ་བགོ་འགྲེམས་བྱེད་བརྩིས་བྱས་ཀྱང་། རྒྱ་ནག་གིས་འདོད་མོས་མེད་པ་དེ་དག་ལ་དགག་པ་གནང་ཡོད། རྒྱུ་མཚན་ནི། རྒྱ་ནག་གཞུང་སྔ་ཕྱི་བར་གསུམ་དུ་མི་རིགས་ཤིག་ལ་རང་ཐག་རང་གཅོད་དང་། མངའ་སྡེ་ལོགས་སུ་འཛུགས་རྒྱུར་འདོད་པ་མེད་པ་གསལ་པོ་རེད། ཡིན་ཏེ། དེ་དག་གི་ཤུགས་རྐྱེན་བོད་དང་ཡུ་གུར་གཉིས་ལ་ཐེབས་པ་འདོད་པས་རེད།

ཨ་རྒན་དང་ཨེ་རག་གི་དམག་འཁྲུག་གཉིས་ཀྱིས་ཁ་ཆེའི་སྟོབས་ཤུགས་ཡུར་གུ་རྒྱུད་རྒྱ་ནག་་ལ་ཡོང་བར་འགོག་རྐྱེན་ཐེབས་པ་མ་ཟད། ཨ་རི་དང་ནུབ་ཕྱོགས་པས་ཁ་ཆེ་ལ་ཁ་གཏད་གཅོད་ཆེད་རྒྱ་ནག་དང་འབྲེལ་ལམ་བཟུང་བས་ཁེ་ཕན་རེག་ཁར། ད་ལྟ་ར་ཤི་ཡའི་རྩོད་རྙོགས་ཁྲོད་རྒྱ་ནག་ལ་ཁེ་ཕན་ཐོབ་བཞིན་ཡོད། རྒྱུ་མཚན་ནི། རྒྱ་ནག་གིས་རང་ཉིད་ཡོ་རོབ་ལྟར་ཡར་རྒྱས་མེད་ཚུལ་བརྗོད་ཅིང་། ར་ཤི་ཡའི་གསོ་རླངས་ཡོ་རོབ་ལ་བཙོང་བའི་གོང་ཚད་ལས་མང་དུ་ཁེ་བོས་དེ་སྔོན་ནས་ཉོ་འདོད་ཡོད་ཀྱང་། གོ་ཚད་མ་འགྲིག་པ་ལྷག་ཡོད།
ད་ཐེངས་ཀྱི་རྩོད་རྙོག་འདིས་ནུབ་ཕྱོགས་པས་ར་ཤི་ཡ་ལ་དཔལ་འབྱོར་གྱི་ཉེས་ཆད་བཅད་པ་དང་། ར་ཤི་ཡས་དེ་ལ་ཁ་གཏད་གཅོད་ཆེད་དུ་སོལ་རླངས་དང་རྡོ་སྣུམ་སོགས་རྒྱ་ནག་ལ་གོང་ཚད་ཡག་པོས་བཙོང་རྒྱུའི་གན་རྒྱ་བཞག་ཡོད། ནུབ་ཕྱོགས་པས་ར་ཤི་ཡས་ཁོང་ཚོར་ཁ་གཏད་ལངས་ན། ཁོང་ཚོས་ར་ཤི་ཡ་ཁེ་རྐྱང་ཟུར་སྡོད་དུ་འཇོག་རྒྱུའི་ཞེ་སྣང་སྐུལ་ཆེད་དང་། རང་ཉིད་ཀྱི་དཔལ་འབྱོར་རྒྱུན་གནས་ཡོང་སླད་དུ་རྒྱ་ནག་དང་འབྲེལ་བ་ཡག་ཏུ་བཏང་རྒྱུའི་ཐབས་ཤེས་མི་བཏང་གཏོལ་མེད་ཆགས་ཤིང་། རྒྱ་ནག་གིས་ཀྱང་དེ་དག་གོ་སྐབས་ཤིག་ཡིན་པ་ངོས་འཛིན་གྱིས་ཕྱོགས་གཉིས་ནས། ཐབས་ཤེས་སྣ་ཚོགས་སྤྱད་དེ་གང་ཐུབ་ཀྱིས་ཁེ་ཕན་ལེན་བཞིན་ཡོད།

དེར་བརྟེན། རྒྱལ་སྤྱིའི་འགྲན་རྩོད་དང་དམག་འཁྲུག་ཁྲོད་ནས་རྒྱ་ནག་ནི་རླུང་རྟ་ཡར་འགྲོ་རེད། ཡིན་ཡང་། དུས་ག་ཚོད་ཅིག་ལ་དེ་ལྟར་བྱས་འདུག་ཐུབ་མིན་དོགས་གཞིི་ཞིག་རེད་ལ། ནུབ་དམག་ཨ་རྒན་ནས་ལོ་འཇུག་ཏུ་ཐོན་ཚེ། དྲ་ལི་བྷན་དང་ཁ་ཆེའི་སྟོབས་ཤུགས་ཡུར་གུའི་ནང་ཁྱབ་ཉེན་ཡོད་པས། རྒྱ་ནག་གིས་ད་ནས་ཞེ་སྣང་སྐྱེས་བཞིན་ཡོད། ཞེ་སྣང་སྐྱེས་ནས་ཨ་རྒན་དམག་མི་རྒྱ་དམག་ཟླ་སྒྲིག་གིས་དམག་སྦྱང་དང་། ཨ་རྒན་སྲིད་གཞུང་ལ་རྒྱ་ནག་གིས་རྒྱབ་སྐྱོར་བྱེད་རྒྱུ་ཁས་ལེན་བྱེད་ཀྱིན་ཡོད། འོན་ཀྱང་། རྒྱ་ནག་གིས་དྲ་ལི་བྷན་ལ་དགྲ་བཟོ་འདོད་མེད་པ་གསལ་བོ་རེད།

གང་ལྟར་གོང་གི་གནས་ཚུལ་དེ་དག་གིས་འཇིག་རྟེན་འདིར་རང་གི་ཁེ་ཕན་དང་ལངས་ཕྱོགས་ལ་མ་མཐུན་ན། མི་ཞིག་དང་རྒྱལ་ཁབ་གང་ཞིག་ཀྱང་རྒྱབ་སྐྱོར་བྱེད་མཁན་དཀོན་པ་བསྟན་པ་མ་ཟད། དེ་སྔོན་རང་དབང་བརླགས་ཟིན་པའི་རྒྱལ་ཁབ་དང་མི་རིགས་དག་གིས་ཀྱང་། རིམ་བཞིན་གཞན་ལ་རྒྱབ་སྐྱོར་བྱེད་དགོས་བའང་བརྗེད་ངེས་ཡིན་པ་བསྟན་གྱི་ཡོད།།

http://liberec.idnes.cz/prezident-zeman-sobotka-hejtman-puta-tibet-krym-okupace-cina-rusko-vlajka-liberec-gj0-/liberec-zpravy.aspx?c=A140609_134646_liberec-zpravy_ddt

http://www.novinky.cz/domaci/338813-zeman-se-oprel-do-obci-kvuli-vyvesovanitibetskych-vlajek.html

རྩོམ་རིག

Post navigation

Previous Post: ཕུལླ་ཧ་རི་ཡུལ་དབུས་ན་ཡོད།
Next Post: ཀརྨ་ཞྭ་དམར་པ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ།

Comments (12) on “ཆེ་ཁིའི་སྲིད་འཛིན་གྱིས་གནའ་བོད་ནི་བཀས་བཀོད་དང་ཞིང་བྲན་ཟུང་འབྲེལ་གྱི་བླ་མའི་རྒྱལ་ཁབ་ཅིག་རེད་ཟེར།”

  1. པད་མ་འབུམ། says:
    2014-06-11 at 9:27 am

    ཨ་ནུ་ཐང་བསོད་ནམས་ལགས་ཀྱི་རྩོམ་ཡིག་རྣམས་ཀྱིས་སྣེ་འཛིང་རྐྱ་འཐབ་ཀྱི་རྒྱལ་སྤྱིའི་སྐབས་དོན་རྣམས་གསལ་ཐིང་ངེར་འགྲོ་གི་འདུག བོད་དོན་འདི་ཡང་རྒྱལ་སྤྱིའི་གནས་ཚུལ་རྒྱ་ཆེན་པོ་ཞིག་གི་ནང་ལ་བཞག་ནས་སྟོན་པ་འདི་ཡང་ཧ་ཅང་ཕན་ཐོགས་ཆེན་པོ་འདུག མུ་མཐུད་ནས་འདི་འདྲའི་རྩོམ་བཟང་རེ་སྤེལ་རྒྱུ་ཐུགས་རྗེ་ཆེ།

  2. ཀརྨ་བློ་གསལ་ says:
    2014-06-11 at 11:21 am

    ང་ཚོ་ཡིག་རིགས་གཅིག་མ་གཏོགས་མི་ཤེས་མཁན་དང་ཤོད་སྟངས་གཅིག་གི་རྗེས་སུ་མ་གཏོགས་ཞུགས་མི་ཆོག་མཁན་ཚང་མར་བོད་དོན་དོན་དངོས་སུ་གང་དུ་ཡོད་པར་ལམ་སྟོན་གནང་འདུག ཐུགས་རྗེ་ཆེ།

  3. རྒྱང་མིག says:
    2014-06-11 at 1:46 pm

    ཨ་ནུ་ཐང་བསོད་ནམས་གྱིས་གནད་འགག་ཅིག་གླེང་འདུག་པར་ངོ་སོ་བསྟོད། གང་ལྟར་རང་གི་ཁེ་ཕན་དེ་ཨང་དང་པོ་ཡིན་པ་ཡང་གསལ་སྟོན་བྱས་འདུག ལོས་ཡིན། དེ་ནི་འཇིག་རྟེན་སྲིད་ལུགས་ཀྱི་འགྲོ་སྟངས་དངོས་འབྲེལ་ཞིག་ཡིན།

  4. ཀརྡོ་གཉེར་ཕྱག་པ་ says:
    2014-06-11 at 3:17 pm

    ་་་་་་་་་་ བོད་ཀྱི་ཞི་བའི་འཐབ་རྩོད་ཁྲོད་ཁོང་ཚོ་ལ་ཁེ་ཕན་མེད་པས་རྒྱབ་སྐྱོར་བྱེད་གནང་མཁན་ཉུང་ཁར། ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་གནང་མཁན་གྱི་སྲིད་གཞུང་སུ་ཡང་མེད་ཅིང་། མེད་པའི་་གནས་དོན་བོད་མི་རྣམས་ཀྱིས་ངེས་བར་དུ་འཚོར་དགོས་བའི་གནས་ཡིན། དེ་ལྟར་བསམ་ཚེ། རང་ལུས་མེ་མཆོད་བཏང་ཞིང་གཞན་ལ་རེ་བ་རྒྱབ་པ་ནི་དོན་མེད་ཀྱི་སྡུག་ངལ་མྱོང་བ་ཞིག་མ་ཡིན་ནམ། ་་་་་་་་་་

  5. Tenlay Norbu says:
    2014-06-11 at 8:09 pm

    ཨ་ནུ་ཐང་བསོད་ཀྱི་གང་དཔྱད་ཅིང་བརྩམས་པ་དག་ནི། བོད་མི་རིགས་ཀྱི་འདས་མ་ད་ལྟ་གསུམ་གྱི་གནས་སྟངས་ལ་གཞིགས་རྩོད་བྱས་པ་ཤ་སྟག་ལགས་རུང་། ཁོང་གི་སྟེང་ལ་དགྲ་ཤ་པ་ལྟར་མཆོངས་ཤིང་འུར་མཁན་ནི་ཕོ་རྒྱོ་རིང་ལུགས་པ་སྐུ་ཞབས་ལུང་རྟོགས་ལགས་རེད། ཁོང་གི་དེ་ལྟར་བྱེད་པའི་རྒྱུ་མཚན་ནི་ཡང་དག་པའི་བཅོམ་ལྡན་རིང་ལུགས་པར་དག་ཐེར་དང་སྲུང་སྐྱོབས་མ་ཡིན་པར། བཅོམ་ལྡན་གྱི་དར་ཆ་འཕྱར་ནས་འཁོར་བའི་ཟང་ཟང་དང་ཡོ་ལངས་ལ་མི་རབས་ནས་མི་རབས་བར་ཟ་རྒྱག་སྤྱོད་གསུམ་བྱེད་འདོད་པ་དེའོ། དེ་ནི་ཇི་ལྟར་༧གོང་ས་མཆོག་གི་ལེགས་བཤད་ལྟར། བླ་ཆེན་གྱི་རྒྱབ་ལ་མི་ཆེན་ལངས། མི་ཆེན་གྱི་རྒྱབ་ལ་བླ་ཆེན་ལངས། དོན་དུ་ཚེ་འདིའི་ལྟོ་གོས་ཙམ་གྱི་ཆེད་དུ་རེད་ཅེས་ཉེ་རབས་ཀྱི་བོད་པའི་ལོ་རྒྱུས་ལ་བསྡོམས་ཚིག་སྐྱོན་པ་དེ་གཅིག་ཏུ་མཚུངས་སོ།

  6. Tenlay Norbu says:
    2014-06-11 at 8:13 pm

    ཨ་ནུ་ཐང་གི་བུ་རེད།།
    བསོད་ནམས་ཅན་གྱི་བུ་རེད།།
    ཁ་བ་གངས་ཅན་ཡུལ་ལ།།
    ཤ་ཚ་ཅན་གྱི་བུ་རེད།།

  7. Tenlay Norbu says:
    2014-06-11 at 8:50 pm

    ཆོས་སྲིད་ཟུང་འབྲེལ་རྫ་ཁོག་གཅིག་དང་འདྲ།།
    ཁེ་ཕན་རིང་ལུགས་དེའི་ལུང་དང་མཚུངས།།
    སྐུ་ཞབས་ལུང་ཐག་༼ལུང་རྟོགས་༽དེ་ལ་འཛར་བ་ཡིས།།
    བོད་ཁམས་རྒུད་པའི་ལྟས་ངན་དང་པོ་ཐོན།།

    མཛེས་མ་རིག་ཚེ་བསྡོམ་པ་རླུང་ལ་བསྐུར།།
    ལོངས་སྤྱོད་ཐོབ་ན་ཆོག་ཤེས་ཡེ་ནས་བརྗེད།།
    ཁེ་ཕན་སླད་དུ་བཟོད་སེམས་དུག་ལ་བརྩིས།།
    སྙིགས་མའི་བན་རྒན་རྣམ་ཐར་དེ་ནས་གླེང་།།

    ངུར་སྨྲིག་གོས་ཀྱིས་ཕྱི་ཡི་ལུས་པོ་བཏུམས།།
    འདོད་དང་ཆགས་པས་ནང་གི་སེམས་པ་བཏུམས།།
    སོར་མོ་ལྔ་བོས་ཕོ་མཚན་དམ་དུ་བཏུམས།།
    ཀྱེ་ཀྱེ་བཅོམ་ལྡན་རྒྱལ་པོས་གཟིགས་ལགས་སམ།།

    ཁྱོད་ཀྱི་བདུད་རྩི་ལྟ་བུའི་བསྟན་པ་དེ།།
    འཁོར་བའི་མུན་ནག་འཇོམ་པའི་ཉིན་བྱེད་དེ།།
    ཆོས་བརྒྱད་མཁན་དང་ཕོ་རྒྱོ་རིང་ལུགས་པས།།
    བུད་མེད་ངན་པའི་མཚན་མ་བཞིན་ཏུ་བཅོས།།

    སྟུ་ལ་ཞེན་ཅིང་མཇེ་ལ་རྩེད་དཔའ་བའི།།
    དིང་སང་དུས་ཀྱི་བོང་རྒན་མགོ་རིལ་དག།
    སྲིད་པའི་སྲིད་ལ་མྱོས་པའི་དཔོན་ངན་ཚོར།།
    དགའ་ཞིང་བསྟན་ལ་རྨ་འབྱིན་བྱེད་འདི་ཅི།།

    མ་ཉལ་མ་ཉལ་ཨ་ནུ་ཐང་བསོད་བུ།།
    མཆོངས་ཤིག་མཆོངས་ཤིག་ལྷ་སྡེ་གནམ་ལོ་ཡག།
    རིགས་ཀྱི་ཞེན་དང་དཔའ་བོའི་གདེངས་འཁུར་ནས།།
    ཁ་བརྡ་རི་བོའི་རྩེ་ནས་ཀཱི་རྒྱོབས་དང་།།

  8. ལུང་རྟོགས། says:
    2014-06-11 at 9:27 pm

    ཧཧཧ དབྱིན་མིང་ཅན་ལགས། ངས་བསམ་ཚུལ་མ་མཐུན་པ་བཤད་པ་ཙམ་གྱིས་དགྲ་མི་ཤ་པ་མཐོང་བ་ལྟ་བུ་འདི་འདྲ་བྱེད་དགོས་རྒྱུ་ཅང་ཨེ་ཡོད། ངོ་མ་བློ་རྒྱ་ཟེར་རྒྱུ་ཞིག་མི་འདུག སྐྱེས་པ་ཕོ་ཡི་ཁོག་ལ་མདའ་ཤོང་མདུང་ཤོང་ཞེས་པ་ཞིག་གོ་མྱོང་ཡང་། དབྱིན་མིང་ཅན་འདིས་ཁོག་ལ་ཁབ་ཅིག་ཀྱང་ཤོང་ཚོད་མ་རེད། རང་དབང་ལུང་པར་བསམ་ཚུལ་མི་མཐུན་པ་བཤད་རྒྱུ་ནི་སུས་ཀྱང་བཀག་འགོག་ཐུབ་པ་ཞིག་མིན་པས། བསམ་ཚུལ་མི་མཐུན་པ་ཙམ་ལ་སྐུ་རླུང་བཞེང་རྒྱུ་མང་དྲག་ན། ཉི་མ་ཅིག་ལ་སྙིང་རྩ་འགག་ནས་དགོང་པ་རྫོགས་ཡོང་གྲོགས་པོ་ལགས།

  9. ལྷ་སྡེ་གནམ་ལོ་ཡག says:
    2014-06-11 at 9:58 pm

    ཨ་ནུ་ཐང་གིས་དབྱེ་ཞིབ་ཡག་པོ་གནང་འདུག རྒྱ་དམར་རྒྱལ་ཁབ་ཀྱི་རླུང་རྟ་ཡར་འགྲོ་རེད་དེ། དོན་དག་ཁ་ཤས་སྟེང་ནས་བཤད་ན། རླུང་རྟ་རྒུད་འགོ་ཚུགས་ཀྱིན་པར་ལྟ་མ་ཆོག་པའང་མི་འདུག་སྙམ། དཔེར་ན། ཞིང་བའི་དངུལ་ཁང་གི་དཔོན་རིགས་ཤིག་གིས་བཤད་དོན་ལྟར་ན། ད་ལོའི་ལོ་མཇུག་ལ་རྒྱ་སྒོར ༥༠༠ཅན་དང ༡༠༠༠ཅན་འགྲེམས་སྤེལ་བྱེད་འཆར་ཡོད་འདུག དེ་མིན་ལྐོག་ཟ་རུལ་སུངས་ལ་རྒོལ་བའི་སྲིད་ཇུས་སྦྲང་ནག་ལ་རྒོལ་བའི་རིམ་པ་ནས་ལྷག་ཡོད་པ་ལས་སྟག་ལ་རྒོལ་བའི་རིམ་པར་སླེབས་ཐུབ་མེད་པའི་ཁར། རྒྱ་ནག་གི་ཕྱུག་པོ་མང་བོ་རྒྱལ་ཁབ་གཞན་ལ་གནས་སྤོར་ཡོད། དོན་ལ་དེང་སྐབས་རྒྱ་ནག་ནང་མ་རྩ་འཇོག་མཁན་གཙོ་ཤུགས་རྒྱ་ནག་རང་གི་ཕྱུག་པོ་སྔ་མ་རྣམས་རྒྱལ་ཁབ་གཞན་ལ་མ་རྩ་བཞག་ནས་གཞིས་སྤོར་གྱིས་དེ་གའི་མི་སེར་ཆགས་མཚམས་ཕྱིར་རྒྱ་ནག་ནང་མ་རྩ་བཞག་ནས་ཚོང་གཉེར་བཞིན་པས། རིམ་པ་འདི་བསྒུལ་དུ་མེད་པའི་ལྕགས་རི་ཞིག་ཡིན། གལ་སྲིད་བསྒུལ་བསམ་མཁན་ཡོད་ན་ཐད་ཀར་དམར་ཤོག་ཚོགས་པ་ཉམས་དམས་གཏོང་བཞིན་པས་ཡིན།

  10. རོང་པོ་འཇོ་ན་ནས says:
    2014-06-12 at 3:44 am

    དེ་ནི་ལམ་དབུ་མས་མགོ་རྨོངས་དྲིལ་སྒྲགས་ཀྱི་ལྟར་སྣང་དམ་བཅའ་ཡིན་པའི་སྒྲུབ་བྱེད་དང་རང་ཉིད་ཀྱི་དཀའ་ངལ་དང་གནད་དོན་རང་ཉིད་ཀྱིས་སེལ་དགོས་པ་ལས། དེ་ལས་ལྡོག་གྱི་མེད་པར་གསལ་པོ་ཤེས་པ་དགོས་པ་མ་ཟད། མི་རིགས་ནང་ཁུལ་རྙོག་ཟིང་ཁག་ཕྱོགས་ཡོངས་ནས་ནང་མོལ་གྱིས་ཟླ་བསྒྲིལ་བྱེད་པར་འབད་དགོས་ངེས་མཐོང་། དེང་ང་ཚོ་སྤྱི་ཚོགས་ཀྱི་དཔོན་རིགས་ག་གེ་མོ་རྣམས་ནས་རང་ཉིད་ཁེ་ཕན་ཆེད་ངོ་སྲུང་དང་གཡོ་སྒྱུར་ཁོ་ནས་འབང་རྣམས་མགོ་བོ་གྱེན་དུ་སྒྲེངས་པ་ལ་མི་བཟོད་ནས་གནོན་ཤུགས་སྤྲོད་བཞིན་པ་མཐོང་དུས་དངོས་ནས་སྐྱུག་བྲོ་བ་ཞིག་མ་རེད་དམ། ཅི་སྟེ་ང་ཚོ་ཡིས་ང་ཚོ་ངོ་མི་ཤེས་སམ། འཛམ་གླིང་ཤར་ནུབ་ཀུན་གྱིས་གནས་ཚུལ་རིམ་པས་བོད་དོན་ལ་འགྱུར་བ་འགྲོ་བཞིན་ཡོད་ཀྱང་ད་དུང་ཁོང་ཚོ་ལ་རེ་བ་ནི་ངོ་མ་ངོ་ཚ་དགོས་པ་མ་ཟད་ཤིན་ཏུ་གཡོ་ཅན་གྱི་ལས་ཞིག་ཀྱང་མཐོང་། ད་དུང་ང་ཚོ་དཔོན་རིགས་ཚོས་ཨུ་ཚུགས་མཐར་བསྐྱེལ་བྱེད་ནས་ལོག་འགྲེལ་ཁོ་ནས་གཞིས་ཆགས་དང་དགོན་སྡེ་སློབ་ཕྲུག་ཁག་ཅི་ཞིག་གི་ཆེད་དུ་རྨོངས་སུ་གཅུག་གི་ཡོད་དམ། ད་དུང་གཞིས་བཞུགས་མི་མང་། དུས་རབ་ཉེ་གཅིག་ནས་མི་རིགས་དང་རྒྱལ་ཁབ་སོ་སོའི་ཁེ་ཕན་ཆེད་རང་ནུས་གང་ཡོད་ཀྱིས་འབད་བཞིན་ཡང་། ང་ཚོ་ད་དུང་ང་ཚོའི་འཁོར་ཡུག་ཆུང་ཆུང་འདི་ནས་ཅི་སྟེ་རྨོངས་གཉིད་མི་སེལ་ལམ། ང་ཚོ་འབད་དགོས་ལ་རང་ཉིད་ཀྱིས་ཤེས་ཡོན་དང་མི་རིགས་ཀྱི་གནད་དོན་ལ་འབད་དགོས། ང་ཚོ་ལ་འགན་ཞིག་ཡོད་པ་ནི་མཐུན་བསྒྲིལ་དང་ནུས་ཤུགས་གཅིག་ཏུ་འབུངས་ཐབས་དེ་ཡིན། ང་ཚོ་ལ་དགོས་པ་ནི་ང་ཚོའི་ཕ་མེས་ཀྱི་ཁྱིམ་གཞིས་དེ་དགོས་སོ།།

  11. ཨ་ནུ་ཐང་བསོད་ནམས། says:
    2014-06-12 at 3:45 am

    རྣམ་དཔྱོད་ལྡན་པའི་ཤེས་ལྡན་པ་མི་ཉུང་བ་ཞིག་འདིར་ཕེབས་ནས་དགོངས་ཚུལ་མང་དུ་གསུངས་བར་ཐུགས་རྗེ་ཆེ། འདི་རྒྱུད་ནས་བོད་རིགས་གཅིག་ལ་ཕན་ཐོགས་བྱུང་ཡང་ཧ་ཅང་གི་དགའ་བོ་སྒོམ་གྱི་ཡོད། ཡང་སྐྱར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  12. Rinzin wangchuk says:
    2023-08-28 at 4:22 am

    གནས༌ངོ༌མཚར༌མཁའ༌འགྲོས༌ལུང༌བསྟན༌པ༎ས༌བྱང༌ཕྱོགས༌ཁ༌ཆེའི༌ཡུལ༌དུ༌ཕྱིན༎དཔལ༌པུཥྤ༌ཧ༌རིའི༌དགོན༌པ༌དེར༎སྒོ༌སྲུང༌གི༌ནཱ༌རོ༌པན༌ཆེན༌ལ༎རྒྱུད༌ཟབ༌མོ༌དགྱེས༌པ༌རྡོ༌རྗེ༌ཞུས༎བསྲེ༌འཕོ༌གནད༌ཀྱི༌མཚམས༌སྦྱོར༌ཐོབ༎སོགས༌མར༌པའི༌གསུང༌མགུར༌ལས༌བྱུང༌བ༌དེ༌ཅི༌རེད༌ན?

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (65)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (54)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (36)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (29)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme