གནས་ཚུལ་གཏོང་མཁན། འབུམ་ཤུལ་བསོད་ནམས་ལྷུན་གྲུབ།
ཀརྨ་ཞྭ་དམར་པ་སྐུ་ཕྲེང་བཅུ་བཞི་པ་མི་ཕམ་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ནི་ཕྱི་ལོ་༡༩༥༢ ལོར་ཁམས་སྡེ་དགེར་སྐུ་འཁྲུངས་པ་དང་། བཙན་བྱོལ་དུ་ཀརྨ་པ་བཅུ་དྲུག་པ་མཆོག་གིས་ངོས་འཛིན་མཛད་པ་དང་། ༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཞི་པ་ཆེན་པོ་མཆོག་ནས་གཞུང་འབྲེལ་ངོས་འཛིན་དང་དགེ་ཚུལ་དུ་བསྒྲུབས་པ་གནང་། ཞྭ་དམར་རིན་པོ་ཆེ་མཆོག་ཕྱི་ལོ་༡༩༨༡ ལོར་ཀརྨ་པ་བཅུ་དྲུག་པ་ཞིང་དུ་མ་གཤེགས་བར་ལྷན་བཞུགས་མཛད་དེ་བཀའ་བརྒྱུད་པའི་ཆོས་བཀའ་ཡོད་དོ་ཅོག་ཞུས་གནང་མཛད་ཡོད་པ་དང་། ཞྭ་དམར་རིན་པོ་ཆེ་མཆོག་གིས་ཀརྨ་པ་མཐའ་ཡས་རྡོ་རྗེ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པར་ངོས་འཛིན་མཛད།
ད་བར་ཀརྨ་པ་བཅུ་དྲུག་པ་ཆེན་པོའི་རྣམ་ཐར་གྱིས་གཙོས་དབྱིན་བོད་གཉིས་ཐོག་ཕྱག་དེབ་འགའ་བརྩམས་གནང་བ་དང་། དེ་བཞིན་ཀརྨ་པ་འཕྲིན་ལས་མཐའ་ཡས་རྡོ་རྗེའི་དབུ་ཁྲིད་འོག་ཡོད་པའི་ཀརྨ་བཀའ་བརྒྱུད་པའི་ཆོས་ཚོགས་དགུ་བརྒྱ་ལྷག་ཆོས་ཀྱི་སློབ་དཔོན་མཛད་གནང་ཡོད་པ་རེད། ད་ལན་དགུང་གྲངས་ ༦༢ ཐོག་དགོངས་པ་རྫོགས་ཡོད་པའི་ཡིད་སྐྱོའི་གནས་ཚུལ་ཞིག་དེ་རིང་ཕྱི་ལོ་༢༠༡༤ ཕྱི་ཟླ་༠༦ ཚེས་༡༡ ཉིན་ཀརྨ་པ་འཕྲིན་ལས་མཐའ་ཡས་རྡོ་རྗེའི་ཡིག་ཚང་ནས་བཀྲམས་ཡོད་པ་རེད།
Dear friends,
we are all still under a big shock – this morning during the breakfast
Shamar Rinpoche passed away – he got a sudden heart death. The emergency doctors came here right away but couldn’t do anything anymore.
Rinpoche already had a short black out during the course but the doctors confirmed that even an immediate transfer to the hospital wouldn’t have changed anything.
Jigme Rinpoche and we all ask you to do the Buddha Amitabha Practise
for Shamar Rinpoche, please.
11.06.2014
འབྲེལ་ཡོད་དྲ་ཐག
www.shamarpa.org
http://karmapa.org/news/shamarpa_passing.htm
www.bodhipath-renchen-ulm.de
དམ་པ་དེ་བདེ་བ་ཅན་དུ་འཁྲུངས་པར་ཤོག ཨོ་མ་ནི་པད་མེ་ཧུམ། ང་རང་གི་བླ་མའི་ནང་ནས་མི་དྲང་ཤོས་དེ་ཞྭ་དམར། རྟོགས་པ་མཐོ་ཤོས་དེ་རྒྱལ་བ་རིན་པོ་ཆེ། རེ་བ་ཆེ་ཤོས་དེ་ཀརྨ་པ་ཨུ་རྒྱན་འཕྲིན་ལས། སྙོམས་ཆུང་ཤོས་དང་སློབ་མར་རྩི་ཤོས་དེ་ཀརྨ་པ་མཐའ་ཡས་རྡོ་རྗེ། ཡོན་ཏན་ལེགས་ཤོས་དེ་དགའ་ལྡན་ཁྲི་པ། དབང་ལུང་མན་ངག་མང་ཤོས་དེ་ས་སྐྱ་ཁྲི་འཛིན། སློབ་མ་མང་ཤོས་དེ་མཁན་པོ་ཚུལ་ཁྲིམས།
བོད་བརྒྱུད་ནང་བསྟན་པའི་ཁྲོད་དུ་གླེང་གཞི་ཆེ་ཤོས་གྲས་ཤིག་སྙིང་ནད་དབང་གིས་གྲོངས་པར་མྱ་ངན་ཞུ་རྒྱུ་ཡིན། ཀརྨ་པ་ཨུ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཡུ་རོབ་གླིང་དུ་ཆོས་འབྲེལ་གནང་བཞིན་པ་དེ་དང་འབྲེལ་བ་ཨེ་ཡོད། ཨ་ཁ་ཁ་ཁ། དེང་སང་རྟོགས་ལྡན་བླ་མར་རང་དབང་མེད་པར་འཇིག་རྟེན་འདི་ནས་དགོངས་པ་ཞུ་ཚུལ་བསམས་ན། ས་འོག་གི་འབུ་སྲིན་ང་ཚོར་ཁག་ཅི་ཡོད།
ནང་མ་ཕྱི་བྱས་ཏེ་གོར་ཁའི་དམག་དཔུང་བོད་དུ་ཁྲིད་ཡོང་བའི་རྐྱེན་གྱིས་ཞྭ་དམར་པའི་ཡང་སྲིད་ངོས་འཛིན་མི་ཆོག་པར་བཟོས་པ་ཡོངས་གྲགས་ཡིན་ཀྱང་། འདི་ལ་༸རྒྱལ་བ་རིན་པོ་ཆེས་ཀྱང་ཞྭ་དམར་པའི་ཡང་སྲིད་དུ་ངོས་འཛིན་མཛད་ཚུལ་བཀོད་འདུག་པ་བདེན་པ་ཨེ་ཡིན་སྙམ། རྒྱུས་ཡོད་ཚོས་གསལ་བཤད་ཅིག་གནང་རོགས་ཞུ། གང་ལྟར་ཡང་ཞྭ་དམར་པའི་སྐུ་སྐྱེར་གཏོགས་པ་འདིས་ཀྱང་རྙོག་དྲ་བཟོས་ཡོད་པས། ཚེ་འདས་འདིའི་ཆེད་དུ་མ་ཎི་ཙམ་ཡང་འདོན་འདོད་མ་བྱུང་།
ཟ་ཁང་ཞིག་ཏུ་བཀའ་བརྒྱུད་ཚང་གི་གྲྭ་པ་གྲོགས་པོ་ཞིག་དང་ཐུག་པར་ཁོང་གིས། ཞྭ་དམར་ཁ་སང་དགོངས་པ་རྫོགས་འདུག་ཟེར། སྔར་ཡིན་ན་རྒྱལ་བ་ཞྭ་དམར་ནག་གཉིས་ཞེས་པ་བོད་གངས་ཅན་ཀྱི་ལྗོངས་སུ་ཉི་ཟླ་ལྟར་གྲགས་པ་ཞིག་རེད། ཕྱིས་སུ་ཞྭ་དམར་དང་སི་ཏུ་གཉིས་ཀྱིས་གོ་ཐོབ་ལ་འགྲན་རྩོད་བྱས་ཏེ་ཀམ་ཚང་ནང་དུ་འཁྲུག་པ་ཤོར་ཏེ་ཚོགས་པ་མང་དུ་བཟོས། ཀརྨ་པ་ཡང་གཉིས་སུ་ཆགས་ཏེ་མི་འབོར་མང་པོའི་མགོ་བོ་རྨོངས་སུ་བཅུག ཞྭ་དམར་དགོངས་པ་རྫོགས་ཏེ། སི་ཏུ་པའི་རེ་བ་བཞིན་དང་། ཁེ་ཕན་གཅིག་ཁོ་ན་ཐོབ་པ་ནི། ཞྭ་དམར་གྱི་གོ་ཐོབ་ཁོང་ལ་རགས་རྒྱུ་དེ་རེད། རྒྱལ་ཚབས་པ་ནི་ཁོང་གི་འོག་ཏུ་མར་འཐེན་ནས་ལོ་མང་པོ་སོང་ཟིན། ད་ནི་ཁོང་གི་གོང་ལ་བླ་མ་མེད་པས་ཞྭ་དམར་གྱི་གོ་མིང་དེ་ཁོང་ལ་ཐོབ་རྒྱུ་ཉག་གཅིག་རེད་ཟེར། ད་དུང་གཞི་ནས་རྙོག་གཞི་ཡོང་རྒྱུ་ནི། ཡང་སྲིད་ངོས་འཛིན་སྐོར་རེད་ཟེར་ཏེ་སེམས་ཕམ་པའི་སྐད་ཆ་མང་པོ་ཞིག་བཤད་ཀྱིན་འདུག ཀམ་ཚང་བཀའ་བརྒྱུད་ནི་ད་དུང་རྙོག་གཞི་མང་པོ་ཡོད་ཚོད་འདུག
་་་་་ ང་རང་གི་བླ་མའི་ནང་ནས་མི་དྲང་ཤོས་དེ་ཞྭ་དམར། ་་་་་་
# 1 ཀློང་ཆུང་་ལགས་ཀྱིས།
ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་མཆོག་སྐུ་ཞི་བར་གཤེགས་པར་གུས་འདུད་ཀྱི་མྱ་ངན་ཞུ་བ་མ་ཟད་ཞིང་འདི་ཡི་གདུལ་བྱ་མ་ཟད་པའི་བར་དུ་སླར་ཡང་ཡང་སྲིད་མྱུར་འབྱོན་ཡོང་བའི་སྨོན་ལམ་དང་གང་གིས་འཕྲིན་ལས་མུ་ནས་མུ་འཐུད་ནས་སྐྱོང་བའི་རེ་སྨོན་བཅས་དྲན་གདུང་གི་ཀློང་ནས་གུས་ཕུལ།
ཞྭ་དམར་པ་གཉིས་ཀྱིས་མི་ཚད། རྡ་ས་ལ་གཅིག། ལྡི་ལི་ལ་གཅིག། བལ་ཡུལ་ལ་གཅིག་བཅས་གསུམ་ཡོད།
ཨ་རོ་བན་དེ། ད་སྐུ་མཁྱེན་ཞྭ་དམར་རིན་པོ་ཆེའི་ཡང་སྲིད་དང་འཕྲིན་ལས་ཁྲིད་མ་ཡོང་ཨ། ད་ལྟ་རྙོག་གླང་ཆེན་སྨྱོན་པ་ལྟ་བུ་འདི་འདྲ་ཞིག་གི་སྟེང་ལ། ཞྭ་དམར་རིན་པོ་ཆེའི་ཡང་སྲིད་བསྣན་ན་བརླག་རྙེད་ས་མ་རེད།
ཞྭ་དམར་རིན་པོ་ཆེ་ཞིང་ལ་ཕེབས་པ་དེར་བློ་ཕམ་ཆེན་པོ་བྱུང་། ངའི་རེ་བར་དམ་པ་དེ་བཞུགས་དུས་ཀརྨ་པའི་ཡང་སྲིད་སྐོར་ལ་ནང་གྲོས་ཅིག་བྱུང་ན་བསམ་བྱུང་། དེར་བརྟེན། ཉིན་ལྟར། བསྟན་པའི་དཔལ་འགྱུར་བླ་མའི་སྐུ་ཚེ་བརྟན། བསྟན་འཛིན་སྐྱེ་བུས་ས་སྟེང་ཡོང་ལ་ཁྱབས་ཅེས་ཁ་འདོན་བྱེད་དུས་ཞྭ་དམར་རིན་པོ་ཆེ་ཡིད་ལ་བསམ་པ་ཉུང་ཉུང་མིན། ད་འགྲིགས་མ་སོང་། ཞྭ་དམར་རིན་པོ་ཆེ་གཉིས་ཡོང་རྒྱུ་གཏན་འཁེལ་རེད། ཀརྨ་པ་རེ་རེས་ཡང་སྲིད་རེ་རེ་ཁྲི་འདོན་གནང་གི་རེད། ད་གང་བྱེད་དགོས་སམ།
གང་ལྟར་རྩོད་རྙོགས་དང་ཐག་གཅོད་གང་ཡང་མ་བྱུང་བའི་དམ་པ་ཞིག་ཕེབས་སོང
་་་་་་ ད་འགྲིགས་མ་སོང་། ཞྭ་དམར་རིན་པོ་ཆེ་གཉི་ས་ཡོང་རྒྱུ་གཏན་འཁེལ་རེད། ་་་་་་་
འགའ་ཞིག་ལ་སྤྲུལ་སྐུའི་བཟོ་གྲྭ་ཆེན་པོ་ཞིག སྒོ་ཐེབས་པའི་སྣང་བ་ཤར་མི་སྲིད་པ་མ་རེད།
བོད་ཀྱི་བླ་ཆེན་ཀརྨ་ཞྭ་དམར་པ་སྐུ་ཕྲེང་བཅུ་བཞི་པ་མི་ཕམ་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་མཆོག་སྐུ་མ་འཚོ་བ་ལ་ཤ་རུས་པའི་གཏིང་ནས་སེམས་གདུང་མྱ་ངན་ཞུ།
ད་འགྲིགས་མ་སོང་། ཀཾ་ཚང་བཀའ་བརྒྱུད་པའི་དམ་ཚིག་དེ་ཉམས་གསོ་ཐུབ་སོང་ན་དྲན་ཡང་ད་ཚར་ཐལ། xxxxx གང་ལྟར་ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་ལ་མྱ་ངན་དང་ས་ལམ་ལ་བར་ཆད་མེད་པར་སྨོན་ལམ་ཡོད།
ནམ་རྒྱུན་གང་དུ་བཞུགས་ཀྱི་ཡོད་དམ ས་ཆ་གང་དུ་སྐུ་གཤེགས་སམ་ བླ་མ་དེས་སྐུ་འཚོ་བཞུགས་སྐབས་བོད་མི་དམངས་ལ་ཕན་པ་གང་དང་གང་གནང་ཡོད་དམ་
ཀྱེ་མ། ཕ་རྗེ་བཙུན་བླ་མ་རིན་པོ་ཆེ། །ཁྱེད་སངས་རྒྱས་ཀུན་དང་དབྱེར་མེད་པའི། །དེང་མོས་པའི་བུ་ལ་ཐུགས་བརྩེ་བས། །འཕྲལ་རྒྱལ་སྲས་མཆོག་གི་ཚུལ་བཟུང་ནས། །ལར་བསམ་ཞིང་སྐྱོ་བ་བཞེས་མཛད་པའི། །དཔལ་ཀརྨ་པ་ཞེས་ཡོངས་སུ་གྲགས། །རྗེ་ཁྱེད་ཀྱི་བྱིན་རླབས་མི་དམན་ཡང་། །རྒྱུད་ཉོན་མོངས་དྲག་པོས་ཡོངས་བཟུང་ནས། །ལས་ནག་པོའ་སྤྱོད་པ་དར་བའི་ཚེ། །དུས་སྙིགས་མ་ལྔ་བདོའ་སེམས་ཅན་རྣམས། །འོག་ངན་སོང་གཡང་ས་ཁོ་ནར་ལྷུང་། །ཕ་ཐུ།ལས་སྔར་བྱས་རྣམས་ལ་དོན་མ་མཆིས། །ཆོས་སྔར་བྱས་རྣམས་ལ་ཆོས་བརྒྱད་འདྲེས། །ལམ་རྣལ་མ་སྒྲུབ་པ་གཅིག་མ་དྲན། །ད་ཁྱེད་རང་མིན་པ་རེ་ས་མེད། །ཕ་ཐུགས་རྗེས་ཟུང་ཞིག་ཀརྨ་པ། །ལར་གཤིན་རྗེའི་སྐྱེས་བུའི་རྒྱབ་ནས་དེད། །དུས་ལོ་ཟླ་ཞག་གི་མདུན་ནས་བསུ། །འཕྲལ་རྣམ་གཡེངས་བྱ་བས་བར་ནས་བྲིད། །དེ་མ་ཚོར་བསླུས་ཤིག་བྱུང་ཉན་འདུག །ཕ་ཐུགས་རྗེས་ཟུང་ཞིག་ཞ་དམར་པ། ༴ །གཞོན་དབང་པོ་གསལ་ཚེ་བྱིས་པའི་སེམས། །ལུས་དར་ལ་བབ་ཚེ་བྲེལ་བས་གཡེངས། །ད་རྒས་ཤིང་འཁོག་པར་གྱུར་པའི་ཚེ། །ཆོས་གཤའ་མར་དྲན་ཀྱང་ཕྱིས་ནས་སོང་། །ཕ་ཐུགས་རྗེས་ཟུང་ཞིག་ཞ་དམར་པ། །རང་སྡོད་པར་འདོད་ཀྱང་སྡོད་དབང་མེད། །ནོར་ཁྱེར་བར་འདོད་ཀྱང་ཁྱེར་མི་གཏུབ། །གྲོགས་འགྲོགས་པར་འདོད་ཀྱང་རང་གཅིག་པུ། །སང་འཇིག་རྟེན་ཕ་རོལ་འགྲོ་བར་ངེས། །ཕ་ཐུགས་རྗེས་ཟུང་ཞིག་ཞ་དམར་པ། །ཚེ་འདི་ཡི་བག་ཆགས་འཕེན་པའི་མཐུས། །ལམ་བར་དོའ་འཕྲང་ལ་ཅི་འདྲ་ཨང་། །དཔེ་མདོང་སུམ་ཉལ་བའི་རྨི་ལམ་བཞིན། །ལར་རང་དབང་ཐོབ་པ་ཤིན་ཏུ་དཀའ། །ཕ་ཐུགས་རྗེས་ཟུང་ཞིག་ཞ་དམར་པ། །སྤྱིར་འཁོར་བའི་ཆོས་ལ་སྙིང་པོ་མེད། །སྒོས་མི་རྟག་ལུས་ལ་སྙིང་པོ་མེད། །འདི་ནམ་མཁར་ཤར་བའི་འཇའ་ཚོན་འདྲ། །དེ་བདེན་པར་བཟུང་ཡང་ཡལ་ནས་འགྲོ། །ཕ་ཐུགས་རྗེས་ཟུང་ཞིག་ཞ་དམར་པ། ། །ཡར་སངས་རྒྱས་རྣམས་ལ་དད་པ་མེད། །མར་སེམས་ཅན་རྣམས་ལ་སྙིང་རྗེ་ཆུང་། །གོས་ངུར་སྨིག་གྱོན་ཀྱང་གཟུགས་བརྙན་ཙམ། །སྐྲ་སྤུ་གྲིས་བཞར་ཡང་དོན་སྒོ་ཆུང་། །ཕ་ཐུགས་རྗེས་ཟུང་ཞིག་ཞ་དམར་པ། །ཆོས་ཐོས་པ་མང་ཡང་གནད་མ་ཁྲོལ། །ཁ་བཤད་པ་ཚ་ཡང་རྒྱུད་མ་དུལ། །གནས་རི་ཁྲོད་འགྲིམ་ཀྱང་ཁྱིམ་ལ་སྲེད། །མིག་ལྟ་སྟངས་བྱས་ཀྱང་ཉམས་མྱོང་མེད། །ཕ་ཐུགས་རྗེས་ཟུང་ཞིག་ཞ་དམར་པ། མི་གཞན་གྱི་སྐྱོན་འཚང་ཆུང་ངུ་རིག །རང་ཁོང་ནས་རུལ་བ་ཡེ་མ་ཚོར། །མི་གཞན་གྱི་མགོ་བོ་བསྐོར་བསྐོར་ནས། །སྡུག་རང་གིས་ཉོས་པ་མ་ལགས་སམ། །ཕ་ཐུགས་རྗེས་ཟུང་ཞིག་ཞ་དམར་པ། །ཁོང་རྒྱལ་བའི་གསུང་རབ་མ་ལུས་ཀུན། །སེམས་རྒྱུད་ལ་ཨེ་ཕན་མི་སེམས་པར། །ཁེ་དྲག་པ་སྒྲུབ་ཕྱིར་ཐོས་བསམ་བྱས། །དེ་ཐར་པའི་ལམ་དུ་ཨེ་འགྲོ་ཨང་། །ཕ་ཐུགས་རྗེས་ཟུང་ཞིག་ཞ་དམར་པ། །ཁྱོད་ཆོས་པའི་ཚུལ་གྱིས་འཇིག་རྟེན་བསྒྲུབ། །ལར་སྐྱེ་བོ་ཀུན་གྱི་མཆོད་པ་ལེན། །ཚེ་ཡང་ཡེངས་བྱ་བའི་ངང་དུ་བཏང་། །དབུགས་ཁྲོག་གེར་འགྲོ་དུས་ཅི་འདྲ་ཨང་། །ཕ་ཐུགས་རྗེས་ཟུང་ཞིག་ཞ་དམར་པ། །བདག་དེ་སླད་སྐྱོ་བ་གཏིང་ནས་སྐྱེས། །ཡར་སངས་རྒྱས་རྣམས་ལ་གསོལ་བ་འདེབས། །སྤྱིར་སྙིགས་མའི་དུས་ཀྱི་སེམས་ཅན་དང་། །སྒོས་ཆོས་པའི་ཚུལ་ཅན་བདག་སོགས་ལ། །ཕ་ཐུགས་རྗེས་ཟུང་ཞིག་ཞ་དམར་པ། ། །བུ་ང་ལ་རེ་ས་གཞན་ན་མེད། །བྱ་བྲལ་གྱི་སྐྱིད་སྡུག་ཁྱེད་རང་ཤེས། །དབྱིངས་ཟག་མེད་བདེ་ཆེན་ཕོ་བྲང་ནས། །མགོན་ཁྱེད་དང་དབྱེར་མེད་རོ་གཅིག་ཤོག །། །།
བོད་མི་ཡོངས་རྫོགས་རྒྱལ་བ་རིན་པོ་ཆེའི་དྲུང་ནས་དབང་ལུང་ཞུས་རྗེས། ཤུགས་ལྡན་བརྟེན་ཆོག་མིན་ཐད་ནས་དགྲ་གཤེད་དུ་གྱུར་ཏེ། ཕན་ཚན་གསོད་རེས་དང་སེམས་ནག་ཅི་ཐུབ་བྱེད་བཞིན་པ་ལ་ལྟོས་དང་དམ་ཉམས་ཀྱིས་ལུང་པ་གང་ཟིན་པ་རེད། དེ་ལས་ལྷག་ཅིག་ཀརྨ་པའི་རྗེས་འཇུག་རྣམས་དམ་ཉམས་སུ་འགྱུར་ཚུལ་མི་འདུག སྒོག་པ་ལྐོག་ཏུ་ཟོས་ཀྱང་། སྒོག་དྲི་དངོས་སུ་བྲོ་རྒྱུ་ཉག་གཅིག་རེད། དེ་ལས་རང་སྐྱོན་ངོས་ཟིན་པའི་ཐོག་ནས་སྨྲ་བ་ཉུང་ན་མི་ལེགས་སམ།
རྒྱལ་བ་ཀརྨ་པ་གཉིས་ཀ་ད་རེབ་མཇལ་ནས་ཞ་དམར་རིན་པོ་ཆེའི་གདུང་མཆོད་ཐོག་ལག་སྦྲེལ་བྱས་ན་གོ་སྐབས་ལེགས། ངོ་མ་བཀའ་བརྒྱུད་པ་ཚོར་བག་ཆགས་ལེགས་པོ་འཇོག
རྒྱལ་བ་ཞྭ་དམར་པ་དགོངས་པ་རྫོགས་པ་ཡིད་རེ་སྐྱོ།
ཡང་སྲིད་འཕྲུལ་བྲལ་མྱུར་དུ་འབྱོན་པར་ཤོག
མཆན་༣ པའི་ལན།
ཞྭ་དམར་སྐུ་ཕྲེང་བཅུ་བཞི་པའི་ཡང་སྲིད་དེ་༧ ཀརྨ་པ་༡༦ པའི་༧ གོང་ས་མཆོག་ལ་གཞུང་འབྲེལ་ངོས་འཛིན་ཞུས་མཆོག་པ་ཞུས་པ་དངོས་བདེན་རེད།
ཞྭ་དམར་༡༠ པའི་སྐབས་གོར་བོད་དམག་བྱུང་ནས་གོར་དམག་ཞྭ་དམར་པས་བཏང་རབས་བཤད་པ། བོད་པའི་ལོ་རྒྱུས་དགེ་ལུགས་པའི་ཕྱོགས་སུ་དེ་ལྟར་བཤད་ཀྱང་། ཀརྨ་བཀའ་བརྒྱུད་པའིཕྱོགས་སུ་་དེལྟར་མིན་རབས་བཤད་ཀྱི་འདུག སྐབས་དེ་དུས་བལ་པོའི་དམག་དཔོན་ janga bahadur rana རེད། དེའི་བསྐོར་ཀྱི་ཡིག་རྙིང་བལ་གཞུང་ལ་ཡོད་སྐད་འདུག དེ་ཚོ་ཀློག་ན་གནས་ཚུལ་ཁུངས་ལྡན་རྙེད་པའི་རེ་བ་ཡོད།
ད་རྡོ་རྗེ་སྤུན་གྲོགས་རྣམས་ལ་གཟིགས་དང་ཁས་འཛམ་གླིང་ཞི་བདེ། འཚེ་མེད་ཞི་བདེ། བྱང་ཆུབ་སེམས་མཆོག་རིན་པོ་ཆེ། མ་སྐྱེས་པ་ནི་སྐྱེ་འགྱུར་ཅིག སྐྱེས་པ་ཉམས་པ་མེད་པར་གྱུར་ཅིག ཟེར་ནས་ལུང་པ་སྐད་ཀྱིས་བཀངས། དོན་དངོས་པོར་འདི་འདྲ་རེད། དེ་ཚོའི་ཉམས་སུ་ལེན་བྱར་ཞིབ་འཇུག་དགོས་པ་འདུག སྔོན་འདས་སུ་གྲུབ་དབང་པད་ནོར་རིན་པོ་ཆེ་དགོངས་པར་གཤེགས་སྐབས་སུ་ཅི་སྨྲས། ཉེ་ཆར་ཨ་ཀོང་རིན་པོ་ཆེ་གཤེགས་སྐབས་དང། ད་ཡང་ཞྭ་དམར་རིན་པོ་ཆེ་གཤེགས་པར་ཚིག་མདའ་འཕེན་སྟངས་ལ་གཟིགས་དང། འདི་ཚོས་ཅི་ཞིག་ཉམས་སུ་ལེན་མིན་བརྟག་དཔྱད་ཞིབ་འཇུག་དགོས་པ་འདུག
ནམ་རྒྱུན་བོན་པོ་ཚོས་བན་དེ་ལ་ཁ་གཏོང་རྐྱང་ཡིན་ཡང་དེ་རིང་བན་དེ་བས་ཞྭ་དམར་རིན་པོ་ཆེར་མྱང་ངན་ཞུ་སྟངས་བཟང་གི ཧཧཧ
ང་ཅི་ཙམ་སྐྱོ་ཡང་བཀའ་བན་བོན་གྱི་བླ་མ་གཤེགས་པར་བླ་བརྡུང་མ་མྱོང། མི་འདི་རིགས་རེད། དང་པོ་བན་བོན་རྩོད་དེ་ནས་ས་དགེ་བཀའ་རྙིང་རྩོད་དེ་ནས་རང་གཤེད་རང་ལ་འབེབས་ཀྱི་རེད།྄
བོད་ཀྱི་སྐྱེས་ཆེན་དམ་པ་ཞིག་སྐུ་གཤེགས་པར་སེམས་གཏིང་ནས་མྱ་ངན་གུས་འདུད་ཞུ། ཕུན་དབང་དང་ང་ཕོད་ལྟ་བུའི་རྒྱལ་འཚོང་བ་ཚོར་མྱ་ངན་ཞུ་བ་ལས་འདི་འདྲའི་སྐྱེས་ཆེན་ཞིག་ལ་མྱ་ངན་གུས་འདུད་ཞུ་བ་ནི་དོན་དངོས་དང་མཐུན། གནའ་སྔ་མོར་ཡང་དགའ་ལྡན་ཕོ་བྲང་གི་ཞབས་འབྲང་བ་རེ་འགས་ཕྲ་མ་དང་དབྱེར་སྦྱོར་བྱས་པས། ཀརྨ་ཞྭ་དམར་བ་དང་དགའ་ལྡན་ཕོ་བྲང་བར་གྱི་དོན་མེད་རྙོག་འཛིང་གི་ལོ་རྒྱུས་ཤིག་རྒྱལ་རབས་དེབ་ཐེར་དུ་ལྷག་དགོས་བྱུང་ཡོད། འདི་དག་ནི་ཧ་ཅང་སེམས་སྐྱོ་དགོས་པ་ཞིག་དང་། བློ་ཕམ་དགོས་པའི་རང་བཞིན་ཞིག་ཡིན། ཕྱི་རབས་ལོ་རྒྱུས་སྨྲ་བ་ཚོས་ངེས་པར་དུ་དཀར་ནག་དབྱེ་འབྱེད་གནང་ཤེས་རྒྱུ་གལ་ཆེ།
བོད་ཀྱི་བླ་ཆེན་ཞིག་དགོངས་པ་བཤེགས་པ་བློ་ཕམ་ཆེ། བོད་ཀྱི་བླ་ཆེན་ཚོས་བོད་ཇ་བཞེས་ཡག་དང་འཕྲོད་བརྟེན་ཡག་པོ་བྱེད་གལ་ཆེ། ད་ལྟ་བོད་འདི་ཤི་གསོན་གཉིས་ཀྱི་ས་མཚམས་འདིར་། བླ་ཆེན་མི་ཆཻན་དང་ བོད་མི་རེ་རེ་ཡང་སྐུ་ཚེ་་ཡུན་རིང་འཚོ་གལ་ཆེ་། ང་ལ་ནི་ཀརྨ་པ་གཉིས་བྱུང་ན་འདྲ་ བརྒྱ་བྱུང་ཡང་ཁྱེད་པར་གང་ཡང་མེད། བོད་སྤྱི་ལ་ཕན་ན་གཙོ་བོའི་དགོས་དོན་རེད། བོད་སྤྱི་ལ་ཕན་ན་མང་བའི་རྐྱོན་མེད། བོད་སྤྱི་ལ་གནོན་ན་ཅིག་ཡང་མང་རྐྱོན་རེད།
གསེར ས་ལེ་ནས་གསུངས་པ་ལྟར་། དཀྲུག་ཤིང་བརྒྱབ་མཁས་རིགས་འདི་དངོས་ནས་པག་གི་མེ་རྒྱོག་རྒྱབ་ས་རེད། བླ་ཆེན་མིང་འཛིན་འགའ་སྔར་དོལ་རྒྱལ་ལ་གསོལ་མཆོད་བྱེད། ད་སྐབས་གོང་ས་མཆོག་གི་གཡས་གཡོན་སྡད་ནས་དཀྲུག་ཤིང་བརྒྱབ་མཁན་ཡོད། གདན་ས་ཆེན་པོ་ཁག་ལ་གྲྭ་རྒྱུན་ཚོ་ཞེས་ལག་ཕྱེད་ཀ་མ་ཏོག་མཆོད་ཡག་མེད་་པའི་སྐབས་། རྒྱུ་ངོམ་བྱེད་ནས་སྦག་སྦག་གསར་པ་ཉོས། ཨེ་ཆུང་གཉིས་ཙམ་སྦག་སྦག་གང་ལ་བཞག་ནས་བྱེད་གཏང་ངན་པ་བྱེད་ཡོད། ད་སྐབས་སངས་རྒྱས་ཆག་ནས་གོང་ས་མཆོག་ལ་དབུ་སྐོར་ཞུ་བཞིན་ཡོད། འདི་ཚོའི་རིགས་། ཆོས་སྡེ་ཚང་མ་ལ་ཡོད་། ཐེར་འདོན་དགོས།
་་་་་་་ ཞྭ་དམར་༡༠ པའི་སྐབས་གོར་བོད་དམག་བྱུང་ནས་གོར་དམག་ཞྭ་དམར་པས་བཏང་རབས་བཤད་པ། བོད་པའི་ལོ་རྒྱུས་དགེ་ལུགས་པའི་ཕྱོགས་སུ་དེ་ལྟར་བཤད་ཀྱང་། ཀརྨ་བཀའ་བརྒྱུད་པའིཕྱོགས་སུ་་དེལྟར་མིན་རབས་བཤད་ཀྱི་འདུག ་་་་་་་
་་་་་་ ནའ་སྔ་མོར་ཡང་དགའ་ལྡན་ཕོ་བྲང་གི་ཞབས་འབྲང་བ་རེ་འགས་ཕྲ་མ་དང་དབྱེར་སྦྱོར་བྱས་པས། ཀརྨ་ཞྭ་དམར་བ་དང་དགའ་ལྡན་ཕོ་བྲང་བར་གྱི་དོན་མེད་རྙོག་འཛིང་གི་ལོ་རྒྱུས་ཤིག་རྒྱལ་རབས་དེབ་ཐེར་དུ་ལྷག་དགོས་བྱུང་ཡོད། ་་་་་
ཞྭ་དམར་བཅུ་པས། བོད་གཞུང་ལ་ངོ་རྒོལ་དང་། ཞྭ་དམར་བཅུ་པ་འདིས། ཀརྨ་པ་རྫུན་མ་མཐའ་ཡས་རྡོ་རྗེ་ཁྲི་འདོན་གཉིས་ནི། བསུབ་ཏུ་མེད་པའི་ནག་ཉེས་ཅིག་མི་ནམ། ལགས།
ཞྭ་དམར་བཅུ་པ་འདིས། ཀརྨ་པ་རྫུན་མ་མཐའ་ཡས་རྡོ་རྗེ་ཁྲི་འདོན་
འདི།
ཞྭ་དམར་བཅུ་ཞི་པ་འདིས། ཀརྨ་པ་རྫུན་མ་མཐའ་ཡས་རྡོ་རྗེ་ཁྲི་འདོན་
ཡང་།
བོད་མི་ཚེ་འདས་ཕྱིན་པས་མྱ་ངན་ཞུ། །
བླ་མ་ཚད་ལྡན་འདས་པས་བསྟན་ལ་གནོད། །
བཅུ་པས་ངོ་རྒོལ་བྱས་པ་ཀུན་གྱིས་འཕྱྭས། །
བཅུ་བཞིས་སྤྲུལ་རྫུན་བཟོས་པས་དམོད་པས་གནས། །
་་་་་
ཁྱོད་ཆོས་པའི་ཚུལ་གྱིས་འཇིག་རྟེན་བསྒྲུབ། །
ལར་སྐྱེ་བོ་ཀུན་གྱི་མཆོད་པ་ལེན། །
ཚེ་ཡང་ཡེངས་བྱ་བའི་ངང་དུ་བཏང་། །
དབུགས་ཁྲོག་གེར་འགྲོ་དུས་ཅི་འདྲ་ཨང་། །
ཕ་ཐུགས་རྗེས་ཟུང་ཞིག་ཞ་དམར་པ། །
་་་་་་་་་་
ཟེར།། །།
ཀརྨ་ཞྭ་དམར་མི་ཕམ་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་མཆོག་དགོངས་ཆོས་དབྱིངས་སུ་ཐིམ་པར་ཁོང་གི་རྗེས་འཇུག་པ་ཡོངས་ལ་ཐུགས་གསོའི་ཚུལ་དུ་ཡིག་ཆུང་འདི་ཕུལ་བ་ཡིན། ཨོཾ་ཨ་མི་དེ་ཝ་ཧྲཱི། ཨོཾ་ཨ་མི་དེ་ཝ་ཧྲཱི། ཨོཾ་ཨ་མི་དེ་ཝ་ཧྲཱི། ཨོཾ་ཨ་མི་དེ་ཝ་ཧྲཱི། ཨོཾ་ཨ་མི་དེ་ཝ་ཧྲཱི། ཨོཾ་ཨ་མི་དེ་ཝ་ཧྲཱི། ཨོཾ་ཨ་མི་དེ་ཝ་ཧྲཱི། ཨོཾ་ཨ་མི་དེ་ཝ་ཧྲཱི།
ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་འཇར་མན་ནང་མཛད་འཕྲིན་རྒྱ་ཆེར་སྐྱངས་བ་དང་། ཞྭ་དམར་རིན་པོ་ཆེ་འཇར་མན་ནང་སྙིང་རྩ་འགག་ནས་དགོངས་པ་རྫོགས་པ་འདི་གཉིས་མཉམ་དུ་ཁེལ་བ་ནི། དངོས་གནས་ལྟ་སྟངས་ལ་མི་བདེ་བ་དང་གཏབས་མ་ལེགས་པ་ཆེན་པོ་ཞིག་བྱུང་སོང་།
ཨ་རོགས་ལུང་རྟོགས། ཁྱེད་རང་ཆོས་པ་ཞིག་གིས་འདི་ལྟར་བཤད་སྟངས་ཤིག་ག་བ་འདུག ཞྭ་དམར་རིན་པོ་ཆེ་བསོད་ནམས་ཆེན་པོ་ཡིན་པས། ད་རེའི་འཇར་མན་དུ་དཔལ་རྒྱལ་བ་ཀརྨ་པ་མཆོག་བཞུགས་ཐོག་སྐུའི་འཕེན་པ་རྫོགས་པར་ཅིའི་ཕྱིར་ལྟ་མ་ཆོག་པ་རེད། དོན་ལ་ཕྱི་ལོ༢༠༠༤ལོའི་ཡས་མས་ཤིག་ལ་ཞྭ་དམར་པ་རིན་པོ་ཆེ་དཔལ་རྒྱལ་བ་ཀརྨ་པར་མཇལ་བཅར་ཞུས་ཡོད་པས། ཕན་ཚུན་བར་ཐུགས་སྨོན་ཡོད་ཡོད་པ་རེད།
ཀུན་གཟིགས་ཞྭ་དམར་པ་ངོ་མ་འདི་ལྟར་ཡིན།
གཡོ་སྒྱུའི་གཞན་མགོ་བསྐོར་བའི་ལོ་རྒྱུས་མེད། །
དགྲ་ལ་མགོ་འབུལ་བྱས་པའི་ལོ་རྒྱུས་མེད། །
ལོ་རྒྱུས་རྫུན་སྒྲིག་བྱས་པའི་ལོ་རྒྱུས་མེད། །
ཆོས་ལུགས་ཕྱོགས་རིས་བྱས་པའི་ལོ་རྒྱུས་མེད། །
དགོས་དུས་སྨྲ་ལྕེ་དིབ་པའི་ལོ་རྒྱུས་མེད། །
མི་དགོས་ངོས་དགའ་བཤད་རབ་ལོ་རྒྱུས་མེད། །
འདུལ་ཁྲིམས་ནོར་དང་བརྗེས་རབ་ལོ་རྒྱུས་མེད། །
ཁྲེལ་མེད་གཡོ་སྒྱུར་བྱས་ཚུལ་ལོ་རྒྱུས་མེད། །
ཆོས་འབག་གྱོན་ནས་ཆབ་སྲིད་འཁྲབ་མྱོང་མེད། །
ཆབ་སྲིད་འཁྲབ་ནས་ཆོས་ཚོང་རྒྱག་མྱོང་མེད། །
ཆོས་མིན་ཆོས་དང་བསྲེས་བའི་ནག་ཉེས་མེད། །
ཆོས་དང་ཆབ་སྲིད་མཉམ་བསྲེ་གོམས་གཤིས་མེད། །
སྒེར་ལ་དབང་བའི་བླ་བྲང་ཁྱེད་ལ་མེད། །
བླ་ཆེན་ཡིན་པས་ཁེང་རློམས་ཁྱེད་ལ་མེད། །
གཉེན་ཉེའི་ཕྱོགས་སུ་ཞེན་པ་ཁྱེད་ལ་མེད། །
དགྲ་བོ་རེད་ཅེས་འཁོན་འཛིན་ཁྱེད་ལ་མེད། །
མི་བུ་ཞིག་གི་ཚུགས་ཀ་ཤོར་མྱོང་མེད། །
སྣོད་ལྡན་སྐྱེས་བུར་ཆོས་སྐལ་བཅད་མྱོང་མེད། །
སྣོད་མིན་ཅན་ལ་གསང་སྒྲོགས་གནང་མྱོང་མེད། །
དགེ་སློང་ཞིག་གི་ཚུལ་འཆོས་འཁྲབ་མྱོང་མེད། །
འདི་དག་ཁྱེད་ལ་མེད་པའི་ལོ་རྒྱུས་ཡིན། །
མདོར་ན་གཞན་གྱིས་ལེགས་ཉེས་གང་བྱས་ཀྱང་། །
འགྱུར་མེད་རང་གཤིས་རྡོ་རྗེ་བྲག་རྫོང་ནི། །
དམ་པ་ཁྱེད་ཀྱི་རང་གཤིས་ངོ་མ་ཡིན། །
ཁྱེད་ལ་ཡོད་པ་དྲང་བདེན་སྤོབས་པ་དང་། །
རིན་ཆེན་འཕགས་ནོར་བདུན་དང་གཞན་དོན་ཕྱིར། །
ནམ་ཡང་དཀའ་བ་དྭང་དུ་ལེན་ནུས་པའི། །
ཞིམ་མེད་སྙིང་སྟོབས་བཙན་པོའི་གོ་ཆ་རེད། །
མགོན་ཁྱེད་རེ་ཞིག་གཟུགས་སྐུ་བསྡུས་ན་ཡང་། །
བསླུར་མེད་རིན་ཆེན་གསུམ་པོའི་བྱིན་མཐུ་དང་། །
སྐལ་ལྡན་གདུལ་བྱ་གོ་འཕོང་འགོད་ཕྱིར་དུ། །
ཡང་སྤྲུལ་རྟ་བདུན་དབང་པོ་མྱུར་འཆར་ཤོག །
་་་་་
མགོན་ཁྱེད་རེ་ཞིག་གཟུགས་སྐུ་བསྡུས་ན་ཡང་། །
བསླུར་མེད་རིན་ཆེན་གསུམ་པོའི་བྱིན་མཐུ་དང་། །
སྐལ་ལྡན་གདུལ་བྱ་གོ་འཕོང་འགོད་ཕྱིར་དུ། །
ཡང་སྤྲུལ་རྟ་བདུན་དབང་པོ་མྱུར་འཆར་ཤོག །
་་་་་་་
ཧཧཧ དེ་རིང་གནམ་ལོ་ཡག་འདི་ཡང་དད་དམ་བཤད་མཁན་ཞིག་ཆགས་འདུག
ཞྭ་དམར་རིན་པོ་ཆེ་མཆོག གློ་བུར་དུ་དགོངས་པ་རྫོགས་པར། མྱ་ངན་དང་གུས་དུད་ཞུ།། །།
ཁ་བརྡ་དྲྭ་བ་ཡོངས་ཀྱི་གྲོགས་པོ་རྣམས་ལ་བཀྲིས་བདེ་ལེགས།
ཞྭ་དམར་པ་ནི་བོད་ཀྱི་ལོ་རྒྱུས་སྟེང་དུ་མཁས་པ་དང་གྲུབ་པའི་མཚན་གནས་རྗེས་འབྲེལ་གྱི་སྐད་གྲགས་ཧ་ཅང་ཆེ་བའི་སྐུ་ཕྲེང་རིམ་བྱོན་གྱི་བླ་སྤྲུལ་ཞིག་རེད། ཁོང་ལ་གུས་འདུད་དང་། ཁོང་སྐུ་གཤེགས་པར་མྱ་ངན་ཞུ། ལོ་རྒྱུས་ཀྱི་སྟེང་དུ་བལྟས་ན་ཞྭ་དམར་པ་སྐུ་ཕྲེང་རིམ་བྱོན་ནི་དགའ་ལྡན་ཕོ་བྲང་གིས་བོད་ཀྱི་སྲིད་དབང་མ་བཟུང་གོང་དུ་ཏཱ་ལའི་བླ་མ་དང་པན་ཆེན་རིན་པོ་ཆེ་སོགས་དང་གོ་གནས་མཉམ་པ་མ་ཟད་མཚམས་རེར་མཐོ་བའི་དུས་སྐབས་ཀྱང་བྱུང་ཡོད།
ད་ནི་ལྷ་དང་བླ་མས་ཆབ་སྲིད་སྐྱོང་བའི་དུས་རབས་མཇུག་དྲིལ་བ་ཡིན་པའི་ཆ་ནས་མ་འོངས་པར་ཀུན་གཟིགས་ཞྭ་དམར་པའི་ཡང་སྲིད་ཅིག་ངོས་འཛིན་བྱེད་པ་ལས་མ་བྱས་ན་བཟང་། རྒྱུ་མཚན་གང་གིས་ཕྱིར་ཞེ་ན། མིའི་འདྲ་མཉམ་གྱི་ལྟ་སྟངས་དང་། རྟོག་དཔྱོད་ཀྱི་རིག་པ། དོག་ཟོན་གྱི་རྫི་གསང་རྣོ་རུ་འགྲོ་བཞིན་ཡོད་སྟབས་ཡང་སྲིད་རྣམས་ཀྱི་ཆེ་མཐོང་དམར་རུ་འགྲོ་བར་ཚོད་དཔག་བྱེད་ནུས་པ་ཞིག་རེད། གལ་སྲིད་ཞྭ་དམར་པའི་ལོ་རྒྱུས་སྟེང་གི་ཆེ་མཐོང་གཟི་བརྗིད་དེ་མུ་མཐུད་དུ་ཉར་འདོད་ཡོད་ན་དཔར་སློག་བཏབ་པའི་དཔེ་རུ་འཇོག་བཞིན་པའི་ཡང་སྲིད་ཅེས་པའི་མཇུག་དྲིལ་ན་ལེགས་ཤོས་ཡིན།
འདི་ནི་ཀུན་གཟིགས་ཞྭ་དམར་སྐུ་ཕྲེང་གཅིག་པོ་ཟེར་བ་མིན་པར་པཎ་ཆེན་རྒྱལ་བ་ནས་བཟུང་སྟེ་ཡང་སྲིད་ལམ་ལུགས་འདིས་རྙོགས་ཟིང་མང་པོ་བཟོས་པ་དང་། བཟོ་བཞིན་པ། བཟོ་བར་འགྱུར་བ་མིག་མཐོང་ལག་ཟིན་ཡིན་པས་ཡང་སྲིད་ལམ་ལུགས་འདི་མཚམས་འཇོག་དགོས་པ་ནི་དུས་རབས་ཉེར་གཅིག་པའི་བོད་བརྒྱུད་ནང་བསྟན་གྱི་མདུན་ལམ་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་རེད།
ཞྭ་དམར་རིན་པོ་ཆེས་ཀརྨ་པའི་ཡང་སྲིད་གཅིག་ངོས་འཛིན་མཛད་ན་ཡང་རྒྱ་དམར་དང་ལག་འབྲེལ་སོགས་་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་ཆབ་སྲིད་ལས་འགུལ་ལ་གནོད་པའི་རིགས་གཏན་ནས་གནང་མྱོང་མེད། མ་གཞི་ཆབ་སྲིད་དང་འབྲེལ་བ་གཏན་ནས་མེད་པ་བྱས་ནས་བཞུགས་ཡོད། དེ་ལས་ལྡོག་སྟེ་སི་ཏུ་རིན་པོ་ཆེས་ངོས་འཛིན་གནང་བའི་ཀརྨ་པའི་ཕྱོགས་གཏོགས་ནས་ཡུན་རིང་བར་དུ་རྒྱ་དམར་དང་མཉམ་ལས་ཟབ་མོ་གནང་ཡོད། རང་རེ་དྲ་ཐོག་འདིར་བསམ་ཚུལ་འབྲི་མཁན་ཚོས་ཞྭ་དམར་རིན་པོ་ཆེ་ཟེར་དུས་བོད་མིའི་སྤྱི་ཚོགས་ལ་རྒྱབ་གཏོད་མཁན་ལྟ་བུར་བརྩི་བ་དང་། ཕལ་ཆེར་དོལ་རྒྱལ་ཚོགས་པ་ལྟ་བུར་བརྩི་བའི་གུས་ཞབས་མེད་པ་དང་། རྒྱུ་འབྲས་དང་མི་མཐུན་པ། དོན་དངོས་དང་འགལ་བའི་སྐད་ཆ་མི་འབྲི་རྒྱུ་གལ་ཆེན་པོ་རེད། ཕྱེད་ཀ་རང་གི་ནོར་འཁྲུལ་རེད། ཕྱེད་ཀ་གཞན་གྱི་ནོར་འཁྲུལ་རེད། དེ་ཤེས་དགོས་པ་དང་དེ་ལུགས་བཤད་ཐུབ་དགོས་པ་གལ་ཆེན་རེད། འདི་ནི་བདེན་གྱི་གཞན་ནི་རྫུན་ནོ་ཞེས་པའི་ཕྱོགས་ལྷུང་གི་སྐད་ཆ་ལ་ས་ཆོད་གང་ཡང་མེད་པ་རེད།
རྒྱལ་བ་ཞྭ་དམར་པ་དགོངས་པ་རྫོགས་པ་ཡིད་རེ་སྐྱོ།
ཡང་སྲིད་འཕྲུལ་བྲལ་མྱུར་དུ་འབྱོན་པར་ཤོག
ཀརྨ་ཞྭ་དམར་མི་ཕམ་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་མཆོག་དགོངས་ཆོས་དབྱིངས་སུ་ཐིམ་པར་ཁོང་གི་རྗེས་འཇུག་པ་ཡོངས་ལ་ཐུགས་གསོའི་ཚུལ་དུ་ཡིག་ཆུང་འདི་ཕུལ་བ་ཡིན། ཨོཾ་ཨ་མི་དེ་ཝ་ཧྲཱི། ཨོཾ་ཨ་མི་དེ་ཝ་ཧྲཱི། ཨོཾ་ཨ་མི་དེ་ཝ་ཧྲཱི། ཨོཾ་ཨ་མི་དེ་ཝ་ཧྲཱི། ཨོཾ་ཨ་མི་དེ་ཝ་ཧྲཱི། ཨོཾ་ཨ་མི་དེ་ཝ་ཧྲཱི། ཨོཾ་ཨ་མི་དེ་ཝ་ཧྲཱི། ཨོཾ་ཨ་མི་དེ་ཝ་ཧྲཱི།
ས་ག་ཟླ་བའི་དུས་ཆེན་ཁྱད་པར་ཅན་འདི་ལ། ཞྭ་དམར་རིན་པོ་ཆེའི་དགེ་བ་ཐ་དག་ལ་ཡི་རངས་དང་། དམ་པ་དེའི་དགེ་བའི་ཐུགས་འདུན་ཚང་མ་ལེགས་སྒྲུབ་ཡོང་བའི་སྨོན་ལམ་དང་ཆབས་གཅིག་གཤམ་གྱི་ཚིག་དུམ་དེས་དྲ་གྲོགས་ཚོའི་དམ་ཚིགས་གསོ་བའི་སྨོན་ལམ་ཞུ།
པུར་རྒྱལ་བོད་མིའི་ཕ་ཆོས་བོན་པོ་དང་།
ནང་ཆོས་ཐོག་མ་འདེབས་མཁན་རྙིང་མ་བ།
ས་སྐྱ་ལ་སོགས་གསང་སྔགས་གསར་མ་རྣམས།
ཐམས་ཅད་ངེད་ཚོའི་མེས་པོའི་ཕ་ནོར་ཡིན།
དེ་དག་ཐམས་ཅད་རང་གི་བདེ་སྐྱིད་དང་།
འགྲོ་བ་གཞན་ལ་ཕན་པའི་ཆེད་དུ་གདམས།
དེ་ན་ང་ཚོ་བོད་མིའི་ཤུལ་འཛིན་ཚོས།
རང་རང་རྣམ་དཔྱོད་བཀོལ་ནས་སྙིང་པོ་ལེན།
ཞྭ་དམར་གང་ལ་སྐྱོན་ནི་ཡོད་པ་ལ།
སྐྱོན་མེད་གང་ཟག་ས་སྟེང་འདི་རུ་དཀོན།
གང་གི་སྐྱོན་ནས་ང་ཚོས་བསླབ་བྱ་ལེན།
གང་གི་ཡོན་ཏན་བརྗོད་པ་དེ་བས་ལེགས།
དངོས་པོ་ཐམས་ཅད་དཀར་ནག་ག་ལ་ཡིན།
དེ་བས་ངོ་བོ་རང་གྲུབ་མིན་པར་འདོད།
གང་གང་རང་གྲུབ་མིན་པའི་དངོས་པོ་ལ།
གཅིག་ཏུ་དཀར་དང་གཅིག་ཏུ་ནག་པ་མེད།
མཆན་བུ་སོ་གཉིས་དང་སོ་བརྒྱད་གཉིས་ཀྱི་༧བླ་ཆེན་ཞྭ་དམར་པའི་མཛད་རྣམས་བདེན་དོན་དངོས་དེ་བྲིས་འདུག་པས་ཐུགས་རྗེ་ཆེ།
སྤྲུལ་སྐུ་ལམ་ལུགས་དགོས་མིན་མི་ཤེས་ཀྱང་། ཀརྨ་པ་གཉིས་ནི་བྱུང་ཟིནད། འཇམ་མགོན་ཀོང་སྤྲུལ་གཉིས་ཀྱང་བྱུང་ཟིནད། ད་ཞྭ་དམར་པ་གཉིས་དང་དེའི་རྗེས་ལ། སི་ཏུ་གཉིས་ཀྱང་བྱུང་ན། ཧ་ཧ། ཧི་ཧི། ཧོ་ཧོ།། །།
ཀུན་ནས་ཀུན་ཏུ་རྨོངས་པའི་འགྲོ་ཁམས་འདིར།།
གཟིགས་པ་ལྷོད་མེད་ཐུགས་རྗེའི་འཇུག་པ་ཅན།།
ཞྭ་དམར་མི་ཕམ་ཆོས་ཀྱི་བློ་གྲོས་མཆོག།
དགོངས་པ་ཞི་བར་གཤེགས་ལ་མྱ་ངན་ཞུ།།
དེ་རིང་ཁ་སང་ཞྭ་དམར་རིན་པོ་ཆེ་གཤེགས་པའི་གནས་ཚུལ་ཐད་མི་མང་པོ་ཞིག་གིས་སྐད་ཆ་འདྲ་མིན་བཤད་ཀྱི་འདུག་མོད། ང་རང་ངོས་ནས་ཞུས་ན་ངོ་མ་རིན་པོ་ཆེ་གཤེགས་པ་དེ་མ་འགྲིག་པ་རེད། སྔ་དྲགས་སོང་། རྒྱུ་ཚན་ཅིའི་ཕྱིར་ཞེ་ན། ཀརྨ་པ་ཟེར་བའི་བོད་རྒྱུད་བླ་ཆེན་སྐུ་ཕྲེང་ན་རིམ་ཁྲོད་ནས་སྐུ་སྐྱེ་གཅིག་མ་ཏོག་མེད་ཀྱང་། བཅུ་བདུན་པའི་ཡང་སྲིད་གཉིས་བྱོན་པ་འདི་ཡ་ཚན་ཅན་ཞིག་རེད། མདོར་ན་ཀམ་ཚང་བཀའ་རྒྱུད་ཚང་ལ་ནད་རོ་དང་དམེ་རོ་མི་ཉུང་བ་ཞིག་ལྷག་ཡོད་པས། ཞྭ་དམར་རིན་པོ་ཆེ་ཕེབས་སྔ་དྲགས་སོང་། མཐའ་ཡས་རྡོ་རྗེ་དང་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ཞེས་པའི་ཀརྨ་པ་མིང་འཛིན་པའི་ཕོ་རྒོད་གཉིས་འདི་ཀརྨ་པ་སུ་ཡིན་མིན་ལྐོག་གྱུར་རེད། ཡིན་ནའང་བོད་རྒྱུད་ནང་བསྟན་དང་བོད་མི་རིགས་ལ་ཤ་ཚ་དང་། བསྟན་པ་ལ་འགན་བཞེས་ཐུགས་དཀྱིལ་ན་ཡོད་ན། ཁོང་རྣམས་པ་གཉིས་བློ་སེམས་གཅིག་ཏུ་མཐུན་པའི་ལམ་ཁ་ཞིག་འཚོལ་དགོས་པ་ལས། རྟའི་སི་ཏུ་དང་ཞྭ་དམར་རྣམས་པ་གཉིས་ཀྱིས་རྫུ་འཕྲུལ་དེ་མཇུག་བསྡུས་ནས། བླ་མ་རྣམས་པ་གཉིས་ཀྱིས་ལག་ཟུང་མཉམ་དུ་བསྒྲིལ་ནས་མའོངས་བསྟན་པ་ལ་དག་ཐེར་གནང་ཐུབ་པའི་ལམ་ཁ་ཡང་དག་ཞིག་ཡོད་པ་དེ་ཡིན།
ང་རང་ཞྭ་དམར་རིན་པོ་ཆེ་མཇལ་མྱོང་གཏན་ནས་མེད་། ཡིན་ནའང་ཁོང་དགེ་ལུགས་པའི་དོ་རྒྱལ་བསྟན་ཚོ་དང་ཏན་ནས་མི་འདྲ་། ད་ལྟའི་བར་རྒྱ་ནག་ལ་མགོ་བོ་གཏད་མེད་ལ། བོད་པའི་ནང་ཁུལ་དཀྲུག་མྱོང་གཏན་ནས་མེད། ཆོས་ལུགས་ཀྱི་རྙོག་རྩོད་རྙོག་ནི་ལྐོག་གྱུར་ཡིན་པ་ལས། སོ་སྐྱེས་ཕལ་བ་རྣམས་ཀྱིས་ཚོར་བ་དང་རང་དགའ་ཕྱོགས་ཞན་ནི་ནམ་ཡང་བྱེད་མི་ཉན།
མི་རིགས་དང་ཆོས་ལུགས་ལ་ཤ་ཚ་བའི་ཐོགས་སྙིང་གཏམ་གླེང་དགོས་པ་ལས་ཕྱོགས་འཐེན་གྱིས་སྐད་ཆ་ཤ་སྟག་བཤད་བསྡད་ན། བོད་མི་རིགས་དང་བོད་རྒྱུད་ནང་བསྟན་ཚང་གི་ངོ་གདོང་འདི་སྐྱོ་རུ་འགྲོ་རྒྱུ་ལས་ནམ་ཡང་རྒྱལ་མི་ཐུབ་པས་དེ་དོན་དྲ་གྲོགས་ཚོས་ཡིད་གཟབ་གྱིས།
རེ་ཟུང་ཞིག་གིས་མཆན་གྱི་བསམ་འཆར་ལེགས་པའི་ཆ་མང་ཏུ་བཏབ་པར་ཡི་རངས་དང་དགའ་བསུ་ཡོད། ཀུན་གཟིགས་ཞྭ
དམར་པ་མཆོག་གིས་ཆོས་རྒྱུད་ཆོས་ལུགས་དབར་གྱི་མཐུན་བསྒྲིལ་ལ་གནོད་པའི་བཀའ་སློབ་གནང་བ་ཚིག་གཅིག་ཀྱང་ངས་གོ་མ་མྱོང། མ་ཟད་ཆབ་སྲིད་ཀྱི་དབང་དུ་བྱས་ཀྱང་ཁོང་གིས་དེ་ལྟར་གནང་བ་གོ་མ་མྱོང། འོན་ཀྱང་བོད་མི་རིགས་འདི་ད་དུང་ཡང་རྨོངས
དད་ཀྱིས་མིས་ཅི་ཟེར་ལ་ཉན་ནས་ཁོང་ལ་སྐུར་འདེབས་ཚད་ལ་བརྒལ་བའི་བྱ་སྤྱོད་བྱས་ཡོད། བུད་མེད་རྨོངས་འཐོམ་པ་འགའ་ཞིག་གིས་བལ་ཡུལ་དུ་ཁོང་གི་ཕེབས་སྒོར་པང་གདན་ཀྱང་གདབ་ཡོད། ཅི་ཞིག་ཡིན་མིན་གང་ལྟར་བོད་རྨོངས་འཐོམ་པས་ཀརྨ་པ་མཁྱེན
ནོ་ཞེས་ཁ་ནས་བསྐྱོར་སའི་བླ་མ་དེ་ཉིད་ཀྱིས་ངོས་འཛིན་གནང་བ་ཞིག་ཡིན། ངོས་རང་ལ་ཆ་བཞག་ན་ཁོང་མཇལ་མྱོང་ལ་འབྲེལ་བའང་དམིགས་བསལ་གང་ཡང་མེད། འོན་ཀྱང་ཁོང་གིས་གསུང་ཆོས་ལ་འགྲིམས་པའི་ནུབ་ཕྱོགས་པ་དང་བོད་རིགས་ཚོས་ཁོང་གིས་ཆོས་ལུགས་གཞན་ལ་དམའ་འབེབས་པའི་བཀའ་སློབ་གནང་བ་གོ་མ་མྱོང་ཟེར། དེ་གཅིག་པོས་ཀྱང་དད་པ་སྐྱེ་གཞིའི་གནས་ཞིག་རེད་བསམ། འདི་ནའང་གཟིིགས་དང་། རྩོམ་གྱི་མགོ་བརྗོད་དུ། ཀརྨ་ཞྭ་དམར་པ་སྐུ་གཤེགས་པའི་ཡིད་སྐྱོའི་གནས
ཚུལ་ཞེས་པར་གུས་པའི་བཟོ་ཞིག་བསྟན་འདུག་གམ། ཆོས་ལུགས་རང་རང་གི་ཆོས་ཀྱི་དབུ་འཛིན་གྱི་མཚན་ནས་འབོད་སྟངས་མི་འདྲ་བ་རེ་ཡོད་པས་དེ་ཚོར་ངེད་ཚོས་གུས་ཞབས་ཞིག་བསྟན་ན་ལེགས་པོ་འདུག་བསམ་བྱུང།
ཞྭ་དམར་གྱིས་གོར་དམག་བོད་དུ་འཁྲིད་པ་དང་གཅིག
ས་སྐྱ་བས་སོག་པོར་གོ་བཏགས་ཞུས་པ་དང་གཉིས།
དགའ་ལྡན་ཕོ་བྲང་གིས་བོད་འདི་གུང་ཁྲན་དམར་ཤོག་ལ་བདག་སྐྱེས་སུ་ཕུལ་བ་དང་གསུམ་དེ་བོད་དུ་ཆོས་ལུགས་དར་བའི་ལོ་རྒྱུས་ཀྱི་དྲན་བརྟེན་རེད།
དང་པོ་དེ། བཙན་རྒྱལ་རིང་ལུགས་པར་ཁ་ལག་བྱང་བའི་ལམ་སྲོལ་བཏོད་པའི་གོ་རིམ།
གཉིས་པ་དེ། མི་རིགས་ཧྲིལ་བོར་འཐབ་རྒོལ་གྱི་སྙིང་སྟོབས་མེད་པར་སྡར་མའི་རྣམ་ཤེས་བསྐྲུན་པའི་གོ་རིམ།
གསུམ་པ་དེ། ཆོས་ལུགས་ནི་སྲིད་དབང་ཧམ་འཛིན་བྱེད་པའི་ལག་ཆ་ཁོ་ནར་ངོས་འཛིན་བྱེད་པའི་གོ་རིམ་མོ།
༼བོད་འདི་སྤྱི་ལོ་༡༩༡༣ ནས་༡༩༥༡ བར་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་ཡང་། སྐབས་དེ་དུས་ཁོང་ཚོས་མང་གཙོ་ལག་ལེན་བསྟར་མྱོང་མེད། དེ་ལས་ལྡོག་སྟེ་བཀས་བཀོད་རྒྱུད་འཛིན་དང་ཞིང་བྲན་རིང་ལུགས་ཟུང་འབྲེལ་གྱི་བླ་མའི་རྒྱལ་ཁབ་སྐྱོང་ཞིང་། བཙོན་པ་རྣམས་ལ་རྐང་ལྕགས་ལག་ལྕགས་གཉིས་ཀྱིས་བསྡམས་པ་མ་ཟད། ཁག་ཅིག་གི་མིག་འབྲས་ཀྱང་བཏོན་པའི་གནས་ཚུལ་ཡང་བྱུང་ཡོད། དེ་ནི་ངས་བཟོས་པ་མ་རེད། ལོ་རྒྱུས་ཀྱི་དོན་དངོས་རེད།༽སྐད་ཆ་དུམ་བུ་དེ་ནི་དུས་ཡུན་རིང་པོར་བོད་དོན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་པའི་ཆེཌ་ཁིའི་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཐོག་པའི་བསྒྲགས་གཏམ་ཞིག་རེད། གནས་སྟངས་དེའི་ཐོག་ནས་བལྟས་ཡོང་དུས། གྲོས་མོལ་ལྕོག་ཙེའི་སྟེང་ལ་ཕོབ་ཡོད་མིན་གང་ལྟར་ཡང་། བོད་དོན་གསང་སྤྱོད་ནང་བསྐྱུར་བའི་འཇིགས་ཉེན་ཞིག་ཁད་ཀྱིས་ལྷག་ཡོད། ད་དུང་ནམ་རྒྱུན་དྲ་རྒྱའི་ཐོག་དད་མོས་རིང་ལུགས་པ་འཕེལ་རྒྱས་འགྲོ་གིན་ཡོད་སྐོར་དང་། ནང་ཆོས་ནུབ་ཕྱོགས་སུ་དབྱར་ཆུ་བཞིན་རྒྱས་སྐོར་ཡང་བཤད་བསྐྱར་བཤད་བྱེད་རྒྱུར་དགའ་བའི་ཁ་སྨྲས་གླེང་གཞི་ཚོར་དྲིས་ལན་ཡག་པོ་ཞིག་ཐེབས་ཡོད་ཚོད་རེད། རྒྱུ་མཚན་ནི། ནང་ཆོས་བླ་ལྷག་ཡིན་པར་འདོད་ན། དེ་སྲུང་ཉར་བྱེད་མཁན་ཚོར་དེ་བས་ཀྱང་སྲུང་སྐྱོབ་དང་རྒྱབ་སྐྱོར་བླ་ལྷག་བྱེད་དགོས་པ་བླུན་པོས་ཀྱང་བདེ་ལག་ངང་གོ་བར་ནུས་ན། རྒྱུད་སྡེའི་ཚིག་སྐམ་ལ་རང་བྱན་ཆུད་ཅིང་། ཆོས་བརྒྱད་འུད་སྒྲོག་ལ་ཁ་ལྕེ་རྒོད་པ། བརླ་དང་བཤང་ལམ་དུ་ཚེག་མེད་བརྟོལ་མཁས་ཚོས་དེ་བས་ཀྱང་སྨྲོས་ཅི་དགོས། སྤྱིར་བསྟན་པ་དར་ཅེས་པ་ནི་ལུང་རྟོགས་ཀྱི་མཁའ་ལམ་རྩལ་གྱིས་ཆོད་པའི་སྐྱེས་བུ་དམ་པ་གནམ་གྱིས་བཀབ་པ་འདྲ་བོ་མང་མང་དར་བ་ཞིག་ལ་གོ་བར་རིག དེ་ལྟར་ན་ཕྱི་ཡུལ་དུ་མི་ལོ་དུ་མའི་རིང་མགོ་སེར་ལྟ་ཞོག་རང་རིགས་བ་ཞིག་ཀྱང་འདྲེན་བྱེད་ཀྱི་ཡུལ་དུ་མེད་པའི་བདེན་དོན་ལ་སུ་ཞིག་གིས་སྙོན། ད་ནི་མི་རིགས་རིང་ལུགས་པའི་དཔུང་ཁག་བཙོན་དུ་ཡོད་མཁན་སྤྱི་དང་། རང་ལུས་མེར་བསྲེགས་ལ་དཔའ་བའི་བཙན་པོའི་གདུང་རྒྱུད་ངོ་མ་ཚོར་ང་ཚོས་འགྱོད་བཤགས་བྱེད་རན་འདུག
རང་ངོ་རང་གིས་མི་ཤེས་པའི་འགྱོད་བཤགས་བྱེད་རན་འདུག
དགྲ་གཉེན་མགོ་ལྡོག་གྱུར་བའིའགྱོད་བཤགས་བྱེད་རན་འདུག
བདེན་པ་རྫུན་མར་བཅོས་པའི་འགྱོད་བཤགས་བྱེད་རན་འདུག
ལོ་རྒྱུས་ཆུ་ལ་བསྐྱུར་བའི་འགྱོད་བཤགས་བྱེད་རན་འདུག
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བྱེད་རན་འདུག།
་་་་་་ ང་རང་ཞྭ་དམར་རིན་པོ་ཆེ་མཇལ་མྱོང་གཏན་ནས་མེད་། ཡིན་ནའང་ཁོང་དགེ་ལུགས་པའི་དོ་རྒྱལ་བསྟན་ཚོ་དང་ཏན་ནས་མི་འདྲ་། ད་ལྟའི་བར་རྒྱ་ནག་ལ་མགོ་བོ་གཏད་མེད་ལ། བོད་པའི་ནང་ཁུལ་དཀྲུག་མྱོང་གཏན་ནས་མེད། ་་་་་
# 45 རེིགས་བཟང་།་ལགས་ཀྱིས།
མྱུར་བྱོན་གསོལ་འདེབས།
བཅུ་དྲུག་དངོས་སློབ་བཅུ་བཞི་པ། །
ཞྭ་དམར་མཚན་གྱིས་སྙན་གྲགས་པ། །
གློ་བུར་མྱ་ངན་འདས་གྱུརད་ཀྱང་། །
ཡང་སྲིད་ཉི་གཞོན་མྱུར་འཆར་ཤོག །
མྱ་ངན་གུས་འདུད་ཞུ།
མྱ་ངན་གུས་འདུད་སེམས་གཏིང་ནས་ཞུ།
དེ་རིང་ས་ག་ཟླ་བའི་དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོ་འདིར་གོང་གསལ་མཆན་དག་ལས་འཕྲོས་པའི་བསམ་ཚུལ་འགའ་ལས་འབྲས་དཔང་བཞག་གིས་ཞུ་འདོད་བྱུང་།
༡ ཀརྨ་བཀའ་བརྒྱུད་པའི་ལོ་རྒྱུས་ཐོག་གི་བླ་ཆེན་ཞྭ་དམར་ནག་གཉིས་ཞེས་ཡོངས་སུ་གྲགས་པའི་ནང་ཚན་ཞྭ་དམར་སྐུ་ཕྲེང་བཅུ་བཞི་པ་མི་ཕམ་ཆོས་ཀྱི་བློ་གྲོས་མཆོག་སྐུ་གྲོངས་ཟིན་པ་རེད། དེ་རིང་ཞག་གསུམ་རེད། ཀརྨ་བཀའ་བརྒྱུད་པའི་ནང་ཁུལ་རྙོད་རྙོག་འདུམ་འགྲིག་མ་བྱུང་བར་དགོངས་པ་གཞན་དུ་གཏད་པར་བློ་ཕམ་དང་བཅས་མྱ་ངན་གུས་འདུད་ཞུ་གི་ཡོད།
༢༽ ཀརྨ་ཞྭ་དམར་ནག་གཉིས་ཕན་ཚུན་ངོས་འཛིན་གནང་རེས་འདི་འགྲོ་མགོན་བཀའ་བརྒྱུད་པའི་གདན་རབས་རིམ་པའི་ནང་གསལ་ཡོད་པ་ཞིག་རེད། དེ་འདྲའི་ཆོས་ཕྱོགས་ཀྱི་ལོ་རྒྱུས་འགན་དབང་གཞིར་བཞག་ཀརྨ་ཞྭ་དམར་པ་བཅུ་བཞི་པས་འཕྲིན་ལས་མཐའ་ཡས་རྡོ་རྗེ་མཆོག་ཀརྨ་ཞྭ་ནག་པ་སྐུ་ཕྲེང་བཅུ་བདུན་པར་ངོས་འཛིན་མཛད་པ་རེད། ཀརྨ་པ་འཕྲིན་ལས་མཐའ་ཡས་རྡོ་རྗེ་མཆོག་ནི་ཁམས་རྫ་ཆུ་ནས་ཡིན་པ་དང་། ཁོང་བོད་ཀྱི་རྒྱལ་ས་ལྷ་སར་སྐུ་འཁྲུངས་པ་རེད། གང་ལྟར་ཞྭ་དམར་རིན་པོ་ཆེས་གང་ངོས་འཛིན་གནང་བའི་གནས་ཚུལ་འཛམ་གླིང་ཡོངས་གྲགས་དང་འཇིག་རྟེན་ཀུན་ཤེས་ཤིག་ཡིན་པ་རེད་ལ། ཀརྨ་ཞྭ་དམར་པ་དེ་ཞྭ་དམར་རིན་པོ་ཆེར་ངོས་ལེན་ཡོད་ན་ཁོང་གིས་ངོས་འཛིན་གནང་བ་དེ་ཡང་ཆོས་ཕྱོགས་ནས་ཁས་ལེན་དགོས་པ་ཞིག་ཆགས་ཡོད་པ་དེ་ཆོས་ཕྱོགས་ཀྱི་རྩ་དོན་ཞིག་རེད།
༢༽ ༡༩༩༢ ལོར་སི་ཏུ་རིན་པོ་ཆེ་པདྨ་དོན་ཡོད་ཉིན་བྱེད་མཆོག་གིས་ཀརྨ་པ་བཅུ་དྲུག་པ་ཆེན་པོའི་ཞལ་ཆེམས་རྙེད་སོན་བྱུང་གསུངས་པ་དང་། ཞལ་ཆེམས་ཕྱག་བྲིས་དེ་ལ་དོགས་པ་བྱུང་ནས་ནང་ཁུལ་རྩོད་རྙོག་ལྷགས་ནས་ཚན་རིག་བརྟག་དཔྱད་དགོས་པའི་བསམ་ཚུལ་བྱུང་ཡང་། སི་ཏུ་རིན་པོ་ཆེ་ནས་ཚན་རིག་བརྟག་དཔྱད་ལ་ཞལ་བཞེས་མ་གནང་བ་དང་། རྗེས་སུ་ཞྭ་དམར་རིན་པོ་ཆེས་དགོས་འདུན་ལ་ངང་འཐེན་གནང་བ་དང་། ཟུར་བཞུགས་མཛད་པ་རེད། གང་ལྟར་ཡང་སི་ཏུ་རིན་པོ་ཆེ་མཆོག་ནས་སྟོད་ལུང་འཚུར་ཕུར་ཁམས་ལྷ་ཐོག་ཏུ་འཁྲུངས་པའི་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཀརྨ་པ་བཅུ་བདུན་པར་ངོས་འཛིན་གྱིས་ཁྲི་འདོན་མཛད་པ་རེད། དེ་ལ་སྲིད་ཕྱོགས་ནས་རྒྱ་ནག་གཞུང་དང་། བོད་གཞུང་གཉིས་ཀས་ངོས་ལེན་ཆོག་མཆན་གནང་བ་རེད། འདི་ཡང་དངོས་ཡོད་གནས་ཚུལ་རེད།
༣༽ ཀརྨ་ཞྭ་དམར་པས་རང་གིས་ངོས་འཛིན་མཛད་པའི་ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་ལ་༧གོང་ས་༧སྐྱབས་མགོན་ཆེན་པོས་དགེ་ཚུལ་བསྒྲུབ་གནང་ཡོད་པ་ཞུས་པ་ལྟར་ཞལ་བཞེས་གནང་བ་རེད། ཡིན་ནའང་རྗེས་སུ་དེ་ལ་སྙན་ཞུ་ཕུལ་ནས་བཀག་འགོག་བྱེད་མཁན་བྱུང་ནས་བསྒྲུབ་མ་ཐུབ་པ་རེད། གནས་ཚུལ་འདི་དག་ཀྱང་ད་ལྟ་༧གོང་ས་མཆོག་ཞལ་བཞུགས་དང་། དགའ་ལྡན་ཕོ་བྲང་བླ་བྲང་གི་ཡིག་ཚང་གི་ཡིག་ཚགས་སུ་ཡོད་པའི་དོན་དངོས་གནས་ཚུལ་ཞིག་རེད།
༤༽ ཀརྨ་པའི་ཡང་སྲིད་ལ་བརྟེན་ནས་ལྷགས་པའི་གནས་ཚུལ་འདི་ཀམ་ཚང་ནང་ཁུལ་གྱི་རྩོད་པ་ཞིག་ཡིན་པ་ལས། ད་ལྟ་ཞལ་བཞུགས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧པཎ་ཆེན་ཡང་སྲིད་ངོས་འཛིན་གནང་བ་བཞིན་རྒྱལ་བ་རིན་པོ་ཆེའི་ཡེ་ཤེས་ཀྱི་གཟིགས་ངོར་འཆར་བའི་ཀརྨ་པའི་ཡང་སྲིད་ངོས་འཛིན་གནང་བཞག་པ་ཞིག་འཇིག་རྟེན་འདིར་ཡོད་མ་རེད། གོང་ཞུས་བཞིན་སི་ཏུ་རིན་པོ་ཆེ་མཆོག་གིས་བདག་སྤྲོད་གནང་བ་དེར་གཞུང་འབྲེལ་ཆོག་མཆན་གནང་བ་རེད། དེ་མཚུངས་ཞྭ་དམར་རིན་པོ་ཆེས་ངོས་འཛིན་མཛད་པ་དེ་ལ་ཡང་དགེ་ཚུལ་བསྒྲུབ་ཡག་ཞལ་བཞེས་གནང་ཡང་བཀག་འགོག་བྱུང་བ་གོང་ཞུས་ལྟར་རེད། མདོར་ན་རྒྱལ་བ་རིན་པོ་ཆེ་མཆོག་གི་མཚན་དོན་གཉིས་ཀ་ཀརྨ་པའི་ཡང་སྲིད་ངོས་འཛིན་ལ་ཐེ་བྱུས་གནང་མེད་ཅེས་ཀརྨ་པ་རྣམ་གཉིས་རྒྱ་གར་དུ་ཞབས་སོར་འཁོད་ཟིན་པའི་རྗེས་སུ་སྐུ་སྒེར་ཡིག་ཚང་ནས་ལས་ཤོག་ཐོག་གསལ་པོ་བཟོས་ཡོད་པ་རེད། གནས་ཚུལ་འདི་བདེན་པ་མ་རེད་དགོངས་ན་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་རྣམ་པར་བཀའ་འདྲི་ཞུས་དང་མཁྱེན་གྱི་རེད།
༥༽ གང་ལྟར་ཀརྨ་ཞྭ་དམར་པ་སྐུ་ཕྲེང་བཅུ་བཞི་པ་དགོངས་པ་རྫོགས་ཟིན་པ་དང་། དེ་ལ་ཆོས་ཕྱོགས་ནས་ཁོང་གི་དད་ལྡན་སློབ་འབངས་ཡོངས་ནས་དགོངས་རྫོགས་གསོལ་འདེབས་སྨོན་ལམ་དང་གདུང་སེམས་བྱེད་བཞིན་པའི་དུས་ཤིག་རེད། སྲིད་ཕྱོགས་ནས་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གཞུང་འབྲེལ་མྱ་ངན་གུས་འདུད་ཞུ་འོས་ཤིག་ལ་གཟིགས་ནས་མྱ་ངན་ཞུ་བཞིན་པའི་སྐབས་ཤིག་ཆགས་ཡོད་པ་རེད། སྤྱིར་ན་ཀརྨ་ཞྭ་དམར་པ་ཁོང་༧གོང་ས་མཆོག་གི་དངོས་སློབ་ཞིག་ཡིན་པ་དང་། བཀའ་བརྒྱུད་ནང་ཁུལ་རྙོག་གླེང་དེ་ལྷགས་པའི་རྗེས་སུ་ཡང་ཐེངས་མང་༧གོང་ས་མཆོག་ལ་མཇལ་ཁ་ཡོངས་གྲགས་དང་ཡོངས་གྲགས་མ་ཡིན་པའི་ལམ་ནས་ཞུས་ཡོད་པ་དང་། ཡོངས་གྲགས་མཇལ་ཁ་མཐའ་མ་དང་གསུང་ཆོས་མཐའ་མ་དེ་༧གོང་ས་མཆོག་ཀ་སྦུག་ལ་ཕེབས་སྐབས་དེ་ཆགས་ཡོད་པ་རེད།
༦༽ ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་ལ་མཚོན་ན་ཡང་། ཆོས་ཕྱོགས་ནས་ཞིང་གཤེགས་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་དང་། ས་སྐྱའི་ངོར་ཀླུ་ལྡིང་མཁན་ཆེན་སོགས་ཀྱི་མདུན་ནས་བཀའ་ཆོས་ཞུ་བ་དང་། ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་བཞིན་བཞུགས་པ་ལས་བོད་ཀྱི་རྩ་དོན་དང་། བོད་མི་མང་ལ་གནོད་པའི་ཕྱག་ལས་གང་ཡང་གནང་ཡོད་པ་མ་རེད། དེར་བརྟེན་ང་ཚོས་ཁོང་ལ་དད་གུས་ཞུ་མ་ཐུབ་ན་ཡང་ངན་རྒུ་ཚང་བའི་ཚིག་མཚོན་འདེབས་པ་སོགས་བྱེད་དགོས་དོན་མི་འདུག་སྙམ། ཁོང་ཡང་བོད་མི་ཞིག་དང་། མི་ཡུལ་ལ་བཙན་བྱོལ་དུ་སླེབས་པའི་བཙན་བྱོལ་བོད་མི་ཞིག་རེད།
༡༩༩༢ དེ་ ༡༩༩༣ ལ་བཅོས།
ཀརྨ་ཞྭ་དམར་མི་ཕམ་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་མཆོག་དགོངས་ཆོས་དབྱིངས་སུ་ཐིམ་པར་ཁོང་གི་རྗེས་འཇུག་པ་ཡོངས་ལ་ཐུགས་གསོའི་ཚུལ་དུ་ཡིག་ཆུང་འདི་ཕུལ་བ་ཡིན། ཨོཾ་ཨ་མི་དེ་ཝ་ཧྲཱི། ཨོཾ་ཨ་མི་དེ་ཝ་ཧྲཱི། ཨོཾ་ཨ་མི་དེ་ཝ་ཧྲཱི། ཨོཾ་ཨ་མི་དེ་ཝ་ཧྲཱི། ཨོཾ་ཨ་མི་དེ་ཝ་ཧྲཱི། ཨོཾ་ཨ་མི་དེ་ཝ་ཧྲཱི། ཨོཾ་ཨ་མི་དེ་ཝ་ཧྲཱི། ཨོཾ་ཨ་མི་དེ་ཝ་ཧྲཱི།
འབུམ་ཤུལ་ལགས་ཀྱིས་གསུང་བ་ལ་རྒྱབ་སྐྱོར་ཡོད། གནས་ཚུལ་རོབ་ཙམ་གསལ་བཤད་གནང་བར་ཐུགས་རྗེ་ཆེ། གནས་ཚུལ་འདིའི་རིགས་ལ་དོ་སྣང་ཡོད་ཟེར་མཁན་ཚོས་ཕྱོགས་གཉིས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ། དེ་མིན་མགོ་ཚོས་ལ་མ་ཚོས་ངང་ལབ་བཤད་ལོང་བཤད་མང་དུ་བྱེད་པ་ནི་སྤྱི་ཚོགས་དབྱེན་དཀྲུགས། ཆོལ་ཁ་དབྱེན་དཀྲུགས། ཆོས་བརྒྱུད་དབྱེན་དཀྲུགས་ཀྱི་ཉེར་རྒྱུ་བསྒྲུབས་པ་ཁོ་ནར་ཟད། ཡང་། མྱི་ངན་རང་ལ་སྡང་།། ཁྱི་ངན་སྒོ་ཁར་བཙན།། ཟེར་བ་ལྟར་ང་ཚོ་བོད་པ་འདི་ཚོ་ཁ་ནང་ལ་བསྐོར་ན་གཡོ་རྒྱུ་ཁྲམ་གསུམ་གྱི་ཟློས་གར་བྱང་ཆ་ཅན་རེ་འཁྲབ་ཤེས་ནི་ཅི་འདྲའི་ཡི་གར་འོང་ཞིག་རེད་ཨང་། ཁ་ཕྱི་ལ་འཁོར་ནས་ཀྱང་འདི་འདྲ་རེ་འཁྲབ་ཤེས་ན་ཅི་མ་རུང་།
འབུམ་ཤུལ་ལགས་ནས་ཀུན་གཟིགས་ཞྭ་དམར་རིན་པོ་ཆེའི་སྐོར་ལ་འགྲེལ་བརྗོད་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།་ངོས་རང་བཀའ་རྒྱུད་པ་མིན་ཅིང་བཀའ་རྒྱུད་ཀྱི་བླ་མ་དེ་དག་ལ་གུས་ཞབས་ཆེན་པོ་ཡོད་མཁན ཞིག་ཡིན། ད་ལམ་གྱི་གནས་ཚུལ་མི་སྙན་པ་གོ་བར་ཧ་ཅང་གི་བློ་ཕམ་ཆེ།
༥༦ ༼འཁྲབ་ཤེས་པ་ནི་ཅི་འདྲའི་ཡི་གར་འོང་བ༽ བཅོས
བཙམ་བྱོལ་སླེབས་ནས་ལོ་ངོ་ཉི་ཤུ་འགྲོ་བཞིན་ཡོད་མོད་འོན་ཀྱང་ཞ་དམར་ད་ལྟ་བར་དུ་གང་དུ་ཡོད་མེད་གོ་མ་ཉོང་། ཡག་པོ་ཡོད་སྡུག་པོ་ཡོད་མི་ཤེས། གང་ལྟར་བོད་ཀྱི་བླ་མ་འདི་ཚོ་སོན་དུས་དང་གཤེགས་དུས་གཉིས་ཀ་ལ་སྙོག་དྲ་ཡོད་ཡོད་པ་རེད།
སྤྱིར་བཏང་གནད་དོན་འདིའི་རིགས་གྲོས་མོལ་བརྒྱུད་ནས་ཐག་གཅོད་བྱེད་འོས་ཆགས་ཡོད་མོད། ཡིན་ནའང་བོད་ནང་ནས་ཕྱི་ལོ
༢༠༡༢ལོར་མཐའ་ཡས་རྡོ་རྗེ་ཟེེར་བ་ཞིག་གིས་BBCབརྒྱུད་ནས་བོད་མིའི་རང་བསྲེག་ངོ་རྒོལ་ཐད་མི་བཤད་དགུ་བཤད་བྱས་འདུག་པར་བསམ་ཚུལ་ཤུགས་ཆེན་རེད། དེ་ནས་གསར་གནས་དེ་བཙལ་ནས་བརྙེད་སོང་བྱུང་བ་གཤམ་གསལ།
http://www.bbc.co.uk/zhongwen/trad/mobile/world/2012/12/121211_tibet_karmapalama.shtml
ད་ལྟད་མོ་རྗེས་ལ་ཡོད་རེད། ཡང་སྲིད་གཉིས་ཐོན་གྱི་རེད། ཡང་རྙོག་ཁྲ་མགོ་ནས་འཛུགས་ཀྱི་རེད། གང་དྲག
གང་ལྟར་ཞྭ་དམར་པ་འདི་སྐུ་ཐོག་གོང་མའི་དུས་སུ་བལ་ཡུལ་གཞུང་ལ་མགོ་བཏགས་ནས་བོད་པ་ཚང་གི་དགྲ་ཟླར་ལང་རྐྱེན། བོད་གཞུང་གིས་ཡང་སྲིད་རྩལ་མི་ཆོག་པ་བཟོས་པའི་ལོ་རྒྱུས་ཡོད་པ་རེད་ལ། སྐུ་ཐོག་འདི་ལ་ཡང་བོད་པ་ཚང་དང་འབྲེལ་བ་དེ་ཙམ་མེད་པར་སྡད་པ་རེད། ཀརྨ་པ་མཐའ་ཡས་རྡོ་རྗེ་ཞེས་པ་དེ་ཡང་གོང་ས་མཆོག་གི་མདུན་ལ་ཐེང་ཅིག་ཀྱང་གཅར་མྱོང་མེད་པ་རེད། དེ་བཞིན་བོད་པའི་ཁྲོད་ཀྱི་ཞྭ་དམར་པའི་སྦྱིན་བདག་ཆེ་ཤོས་ནི་བལ་ཡུལ་ལ་ཡོད་པའི་བློ་མཐུན་ཚོགས་པ་ཞེས་པ་དེ་རེད་ལ། དེ་ཚོ་ནི་རྒྱ་དམར་གྱི་རྒྱུག་ཁྱི་ཡིན་པ་ཡང་ཡོངས་གྲགས་རེད། དེས་ན་སྐྱག་པ་བཀབ་ཀྱང་སྐྱག་དྲི་བཀག་ཐབས་ཡོད་མ་རེད། ཁ་བརྡའི་ནང་གི་དྲ་འབུ་འདི་ཚོས་ནམ་ཡིན་རུང་བོད་མིའི་སྒྲིག་འཛུགས་དང་ཕྱོགས་འགལ་བྱེད་མཁན་ཞིག་ཡོད་ན་དེ་ལ་རྒྱབ་སྐྱོར་དང་། རྒྱབ་སྐྱོར་བྱེད་མཁན་ཞིག་ཡོད་ན་དེ་ལ་ངོ་རྒོལ་བྱེད་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན་པས། བྱ་སྤྱོད་འདི་ལ་ང་ཧང་སང་གི་མི་འདུག་ཀྱང་འུར་བཤད་བྱེད་རྒྱུ་མང་སོང་བས་ཁ་ཞིག་གྲག་དགོས་བྱུང་།
་་་་་་་་་་་་་་་ དེ་བཞིན་བོད་པའི་ཁྲོད་ཀྱི་ཞྭ་དམར་པའི་སྦྱིན་བདག་ཆེ་ཤོས་ནི་བལ་ཡུལ་ལ་ཡོད་པའི་བློ་མཐུན་ཚོགས་པ་ཞེས་པ་དེ་རེད་ལ། དེ་ཚོ་ནི་རྒྱ་དམར་གྱི་རྒྱུག་ཁྱི་ཡིན་པ་ཡང་ཡོངས་གྲགས་རེད། དེས་ན་སྐྱག་པ་བཀབ་ཀྱང་སྐྱག་དྲི་བཀག་ཐབས་ཡོད་མ་རེད།
ཁ་བརྡའི་ནང་གི་དྲ་འབུ་འདི་ཚོས་ནམ་ཡིན་རུང་བོད་མིའི་སྒྲིག་འཛུགས་དང་ཕྱོགས་འགལ་བྱེད་མཁན་ཞིག་ཡོད་ན་དེ་ལ་རྒྱབ་སྐྱོར་དང་། རྒྱབ་སྐྱོར་བྱེད་མཁན་ཞིག་ཡོད་ན་དེ་ལ་ངོ་རྒོལ་བྱེད་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན་པས། བྱ་སྤྱོད་འདི་ལ་ང་ཧང་སང་གི་མི་འདུག་ཀྱང་འུར་བཤད་བྱེད་རྒྱུ་མང་སོང་བས་ཁ་ཞིག་གྲག་དགོས་བྱུང་། ་་་་་་་་་་་་་་་་་
་་་་་་་ ༢༠༡༢ལོར་མཐའ་ཡས་རྡོ་རྗེ་ཟེེར་བ་ཞིག་གིས་BBCབརྒྱུད་ནས་བོད་མིའི་རང་བསྲེག་ངོ་རྒོལ་ཐད་མི་བཤད་དགུ་བཤད་བྱས་འདུག་པར་བསམ་ཚུལ་ཤུགས་ཆེན་རེད། དེ་ནས་གསར་གནས་དེ་བཙལ་ནས་བརྙེད་སོང་བྱུང་བ་གཤམ་གསལ།
http://www.bbc.co.uk/zhongwen/trad/mobile/world/2012/12/121211_tibet_karmapalama.shtml
མཐའ་ཡས་རྡོ་རྗེའི་སྐོར་ལ།
http://hu.wikipedia.org/wiki/T%C3%A1je_Dordzse
ཞྭ་དམར་སྐོར་ལ།
http://hu.wikipedia.org/w/index.php?title=Samar_Rinpocse&action=edit&redlink=1
འབུམ་ཤུལ་ལགས་ཀྱིས་འདི་འདྲ་བྲིས་ན་ལེགས།
ཀུན་གཟིགས་ཞ་དམར་རིན་པོ་ཆེ་སྐུ་ཞིང་ལ་ཕེབས་པ།
གོང་ས་མཆོག་གིས་ཞ་དམར་རིན་པོ་ཆེའི་མཚན་གསུང་སྐབས། སྐྱབས་སུ་མཆི་གསུངས་ལ། རྒྱལ་དབང་ཀརྨ་པས་ཀྱང་ཞ་དམར་རིན་པོ་ཆེར་དད་པ་ཧ་ཅང་ཆེ་གསུངས།
ལུང་རྟོགས་ལགས་་་་བལ་ཡུལ་བློ་མཐུན་ཚོགས་པ་དེ་ནི་སྐྱབས་རྗེས་གྲུབ་དབང་པད་ནོར་རིན་པོ་ཆེས་སློབ་མ་ཀྱང་རེད། དེ་འདྲ་ཧམ་བཤད་མ་བཤད་། ཁྱེད་རང་ལ་བདེན་དཔང་ག་རེ་ཡོད་། དཀྲུགས་ཤིང་མ་གནང་རོགས་ཞུ། སྐུ་གཟིགས་ཞྭ་དམར་རིན་པོ་ཆེན་ཁོང་ནི་དགེ་སློང་ཚེ་ལྡན་ཞིག་ལ་མི་ཚེ་གང་པོ་ལ་ཀརྨ་པ་བཅུ་དྲུག་པའི་བཀའ་བཞིན་སྒྲིབ་མཁན་ཡིན་པ་ཡོང་གྲགས་རེད། ཁོང་ནི་དངོས་གནས་དྲང་གནས་ཀྱིས་ཀམ་ཚང་བསྟན་པ་འཛིན་མཁན་སྐྱེ་བུ་དམ་པ་ཞིག་རེད་།
དྲང་བདེན་ལགས། སུས་སློབ་མ་ཡིན་ན་ཡང་འདྲ། ཁོང་ཚོ་རྒྱ་གཞུང་གི་རྒྱུག་ཁྱི་ཡིན་པ་ནི་ང་ཅིག་པུས་བཤད་བཞག་པ་ཞིག་མིན་པར་སྤྱི་ཚོགས་ནང་ཡོངས་གྲགས་རེད་ལ། དོན་དངོས་ཀྱི་སྟེང་ནས་ཀྱང་ཁོང་ཚོ་རྒྱ་མིའི་གཞུང་ཚབ་ཁང་དུ་ལོ་གསར་སོགས་སྟོན་མོ་ནམ་ཡོད་ལ་འགྲོ་རྐྱང་ཡིན་པ་མ་ཟད། བལ་བོད་ས་མཚམས་ནས་ཀྱང་ནམ་འགྲོ་འདོད་ན་འགྲོ་ཆོག་ཆོག་ཡིན་ལ། རྒྱ་མིའི་གཞུང་ཚབ་ནས་བོད་སྤྱོད་པ་སི་ཡང་ལེན་ཆོག་ཆོག་ཡིན་པ་འདིས་གསལ་བཤད་བྱས་ཡོད།
ལུང་རྟོགས་ལགས། བལ་ཡུལ་བློ་མཐུན་ཚོགས་པ་རྒྱ་གཞུང་གི་རྒྱུགས་ཁྱི་ཡིན་ན། རྡ་རམ་ས་ལའི་དབུས་གཞུང་ཚོགས་པ(རྒྱ་མིའི་རྩ་ཁྲིམས་འོག་ལ་འགྲོ་གི་ཡིན་ཟེར་མཁན་དག)ག་རེ་རེད་དམ།
ལྟེ་བ་གཅིག་དང་ཡན་ལག་གསུམ་ལ་རྒོལ་བའི་ལས་འགུལ།
ལྟེ་བ་གཅིག་ནི་ངེས་པར་དུ་གུང་ཁྲན་ཏང་མགོ་རྟིང་བསློག་དགོས།
ཡན་ལག་གསུམ་ནི། དོལ་ཚོགས་ལ་རྒོལ་རྡུང་གཏོང་བ་དང་། རྒྱ་ཁྱི་༼རྒྱ་མིའི་སོ་ཉུལ་༽ལ་རྒོལ་རྡུང་གཏོང་བ། རུལ་སུངས་༼གངས་ཅན་སྐྱིད་གཤོངས་ཀྱི་དཀྱིལ་འཁོར་དང་མཐའ་སྐོར༽ལ་རྒོལ་རྡུང་གཏོང་བ་བཅས་ལ་གོ་དགོས་སོ།
ཀར་བློ་ལགས། རྡ་སའི་དབུས་གཞུང་རྒྱ་མིའི་རྩ་ཁྲིམས་འོག་ལ་འགྲོ་ན་ཡང་མིང་དོན་མཚུངས་པའི་རང་སྐྱོང་གི་ཆ་རྐྱེན་གཏོན་ནས་བོད་སྤྱི་དོན་སྒྲུབ་ཀྱི་ཡོད་པ་རེད། བལ་ཡུལ་བློ་མཐུན་ཚོགས་པ་རྒྱ་གཞུང་གི་རྒྱུག་ཁྱི་བྱེད་པ་ནི་པད་ཤག་དང་སྒེར་དོན་ཁོ་ནའི་ཆེད་དུ་རེད། དེ་གཉིས་སྡུར་བ་བྱེད་པ་ནི་ཁ་དང་རྐུབ་སྡུར་བ་དང་ཅིག་པ་རེད།
ལུང་རྟོགས་ལགས། རྒྱ་མིའི་རྩ་ཁྲིམས་འོག་གི་རང་སྐྱོང་ནི་བོད་ནང་ཡོད་ཡོད་པ་རེད་ལ། དེ་ལ་རྩོད་ཡ་ཞིག་ལྷག་ཡོད་པ་མ་རེད། ད་ལྟ་བོད་མི་རྣམས་ཀྱིས་རྩ་ཁྲིམས་འོག་ཏུ་སྡུག་བསྔལ་མ་ཐེག་པར་མེར་བསྲེག་གནང་གི་ཡོད་པ་རེད། ད་མཁྱེན་སོང་ངམ།
པད་མ་ལགས། འདས་པའི་དུས་སུ་ཆོས་རྒྱུད་ཅིག་ལ་དབང་ཆ་བྱུང་སྐབས་ཆོས་རྒྱུད་གཞན་ཞིག་ལ་དབང་ཡོད་བྱས་པ་ནི་ཆོས་རྒྱུད་ཚང་མ་ཅིག་པ་རེད། གཙང་པ་སྡེ་སྲིད་ཀྱི་སྐབས་སུ་བཀའ་རྒྱུད་པས་དགེ་ལུག་པ་ལ་ཡང་དབང་ཡོད་མང་པོ་བཤད་མྱོང་བ་རེད། ཞྭ་དམར་ཡང་སྲིད་རྩད་གཅོད་མི་ཆོག་པ་བཟོ་དོན་ཡང་ཆོས་རྒྱུད་ཀྱི་མཐེན་ཁྱེར་དབང་གིས་མིན་པར། ཞྭ་དམར་པས་བལ་ཡུལ་གཞུང་ལ་མགོ་བཏག་ཞུས་ནས་བོད་གཞུང་ལ་གནོད་པའི་བྱ་བ་བྱས་པའི་རྐྱེན་གྱིས་ཡིན་པ་ཤོག་བུ་དཀར་པོའི་སྟེང་ལ་ཡི་གེ་ནག་པོ་བཀོད་ཡོད་པ་རེད། གཉིས་ནས་གོང་ས་མཆོག་གིས་མཐའ་ཡས་རྡོ་རྗེ་དགེ་ཚུལ་སྒྲུབ་རྒྱུ་ཞལ་བཞེས་མ་གནང་པ་རེད་ཟེར་བ་ཡིན་ན། ཁྱོད་ཚོ་ཞྭ་དམར་ཕྱོགས་བཏོགས་ཚོས་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་གོང་ས་མཆོག་གིས་ངོས་འཛིན་མ་གནང་བ་དང་། གོང་ས་མཆོག་གིས་ཀརྨ་པ་གཉིས་ལ་ངོས་ལེན་ཡོད་མེད་ཀྱི་ཁྱད་པར་མེད་པར་བཤད་པའི་རྫུན་རྐུབ་རྡོལ་སོང་བ་རེད། ཞྭ་དམར་པར་ཊི་དང་ཏ་ལི་པར་ཊི་གཉིས་ཅིག་རེད་ཟེར་བ་ནི་ཁ་དང་རྐུབ་གཉིས་ཅིག་རེད་ཟེར་བ་དང་ཅིག་མཚུངས་ཡིན་པས་གོ་རྒྱུ་གང་ཡང་མི་འདུག རྒྱ་གཞུང་དང་བཏན་མཁས་བྱས་པ་ཅིག་པ་རེད་ཟེར་བ་ཡིན་ན་ཀརྨ་བློ་གསལ་གྱི་ལེན་དེས་འཐུས་པར་བྱས་ཡོད། གཞན་ཉ་ཉོག་མང་པོ་ཞིག་བཤད་འདུག་ཀྱང་ལེན་འདེབས་རིན་ཡོད་པ་ཅང་མ་མཐོང་བས་བཏང་སྙོམས་སུ་བཞག་པ་ཡིན།
ཧཧཧ ཀར་བློ་ལགས། མིང་དོན་མཚུངས་པའི་རང་སྐྱོང་ཞེས་པ་དེའི་གོ་དོན་རྟོག་མི་འདུག ད་ལྟ་བོད་ནང་ལ་ཡོད་པའི་རང་སྐྱོང་ནི་ཁ་ཙམ་ལས་ལག་ལེན་བསྟར་གྱི་མེད་པ་རེད།
ལུང་རྟོགས་ལགས། དེ་ན། སྔོན་མ་༡༩༥༠ལོའི་ནང་མིང་དོན་མཚུངས་པའི་རང་སྐྱོང་ལ་བདག་པོ་མི་རྒྱག་པར་ཕྱི་ལོགས་སུ་ག་རེ་བྱས་ནས་བྲོས་ཡོང་པ་རེད་དམ།
་་་་་་་་་་་་་་་་ # 74 Tenlay Norbu་ལགས་ཀྱིས་མཆན་བཏབ་པ།:
June 15th, 2014 at 3:03 AM
ལྟེ་བ་གཅིག་དང་ཡན་ལག་གསུམ་ལ་རྒོལ་བའི་ལས་འགུལ། ་་་་་་་་་་་་་་་
དེ་དུས་རྒྱ་གཞུང་གིས་ཀོ་དམར་གྱི་ཞྭ་མོ་བཞིན་དུ་ཉིན་རེ་བཞིན་དམ་དུ་སོང་བས་བྲོས་དགོས་བྱུང་བ་རེད། འདི་ཚོ་ནི་དོག་པ་མེད་པའི་དོག་པ་རང་རེད།
བློ་མཐུན་ལུང་རྟོགས། གལ་སྲིད་སྔར་ཀོ་བའི་ཞ་མོ་ཞིག་ཡིན་ན། ད་ལྟ་ལྕགས་ཀྱི་ཞ྄་མོར་གྱུར་ནས་བོད་མི་མང་བཙིར་ཏེ་བསྲེག་དགོས་ཐུག་ཡོད་པ་རེད། ཁྱོད་རང་ཚོར་མཚོན་ན། མི་མང་གི་ཚེ་སྲོག་གཏོང་བཞིན་པ་ཅི་གང་ཡིན་སྲིད་ཀྱི་མ་རེད་དེ། བོད་མི་མང་ལ་མཚོན་ན་འདི་ལས་གོད་ཆག་ཅིག་ཡོད་པ་མ་རེད། དབུས་གཞུང་ཚོགས་པར་ག་རེ་དགོས་ཀྱི་ཡོད་དམ། བོད་ཀྱི་ལུང་པ་བསྐྱལ། ལོ་རྒྱུས་བསྐྱལ། ཐ་ན་མི་རབས་རྗེས་མའི་ལམ་ཁའང་སྐྱེལ་བསམ་བཞིན་པ་མ་རེད་དམ།
ཀར་བློ་ལགས། སྨྱོན་པའི་སྐད་ཆ་ལྟ་བུ་དེ་ཉན་ཤེས་ཀྱི་མི་འདུག ཁྱོད་རང་ཚོ་ཟེར་ན་སུ་ལ་ཟེར་གྱི་ཡོད། བོད་མི་མང་གིས་ཚེ་སྲོག་བཏང་བ་དེ་བོད་སྤྱི་དོན་ལ་བཏང་བ་རེད་མ་གཏོགས། སུ་གང་གི་སྒེར་དོན་ཆེད་དུ་བཏང་བ་མ་རེད། འདི་གོད་ཆག་ཅིག་ཡིན་ན་བོད་སྤྱི་པའི་གོད་ཆག་ཡིན་པ་ལས། འགའ་ཤེས་ཀྱི་གོད་ཆག་ཡིན་པ་དང་འགའ་ཤས་ཀྱི་མིན་པའི་དབྱེ་བ་ཞིག་ཕྱེ་རྒྱུ་མེད་པ་རེད། བོད་ཀྱི་ལུང་པ་བསྐྱལ། ལོ་རྒྱུས་བསྐྱལ། མི་རབས་རྗེས་མའི་ལམ་ཁའང་སྐྱེལ་མཁན་ཞིག་ཡོད་ན་དེ་ནི་རྒྱ་ཁྱི་དང་དོལ་ཚོགས་སོགས་ནང་རྒོལ་བ་དེ་དག་ཡིན་པ་ལས་དབུས་གཞུང་ཚོགས་པ་མིན།
ལུང་རྟོགས་ལགས། ཀར་བློས་ཁྱོད་རང་ཚོ་ཟེར་བ་དེ་ཧ་མི་གོ་ན། ༧གོང་ས་མཆོག་གིས་འདི་ནས་གཅིག་བྱེད་རྒྱུ་ཡོད་མདོག་མདོག་བྱས་སྐད་བརྒྱབ་པ་དེས་བོད་ནང་རེ་བ་སྟོང་པ་དེ་འདྲ་ཁག་གི་མེད་འགྲོ་བསམ་བསམ་འདུག་ཅེས་མིང་ཡོད་དོན་སྟོང་གིས་སྐད་ཅོར་རྒྱག་མཁན་རྡ་སའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དེ་དག་གཅིག དྲ་རྒྱའི་ནང་ཆོས་འབག་གྱོན་ནས་རུལ་སུངས་ལ་སྲུང་སྐྱོབ་བྱེད་མཁན་ཁྱོད་རང་དང་གཉིས། སེམས་ཅན་ཐམས་ཅད་ཟེར་བའི་འབོད་ཚིག་ཁ་ལ་འཁུར་ནས་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་སྒྲིལ་བྱེད་མཁན་གྱི་ཤོག་ཁག་དང་གསུམ། བོད་མི་ས་ཡ་དྲུག་གི་ལས་དབང་འཁྱེར་ནས་རང་དོན་ཉི་ཚེ་བ་སྒྲུབ་མཁན་གྱི་ཁེ་ཕན་རིང་ལུགས་པ་བཅས་ལ་གོ་དགོས་པར་སྙམ།
ཧཧཧ དབྱིན་མིང་ཅན་ལགས། རྡ་སའི་གཞུང་འབྲེལ་མིན་པའི་ཚོགས་པ་དེ་ཚོ་ཡོད་པའི་དབང་གིས་བོད་དོན་ཞེས་པ་ཞིག་མ་ཤི་ཙམ་གནས་ཐུབ་པ་འདི་བྱུང་བ་རེད། དྲ་རྒྱའི་ནང་ལ་དྲ་འབུ་འདུལ་མཁན་ང་འདྲ་ཞིག་ཡོད་པའི་དབང་གིས་དྲ་འབུ་ཚོས་གང་འདོད་བཤད་མི་ཕོད་པ་ཞིག་བཟོས་སོང་བས་དྲ་འབུ་ཚོ་ང་ལ་སྡང་བ་ཁག་མེད། མ་གཞི་ནས་གཏམ་དྲང་པོ་བཤད་ན་མི་མི་དགའ། བེར་ཀ་འཕྲད་ལ་ཁྱེར་ན་ཁྱི་མི་དགའ་ཞེས་པ་དེ་ཁྱེད་རང་ཚོ་འདྲ་ལ་གོ་དགོས་པ་རེད། ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་སྒྲིལ་བྱེད་མཁན་ཡང་དུས་རྟག་ཏུ་རང་གཞུང་དང་རང་གི་དབུ་ཁྲིད་ཚོར་གཞི་མེད་སྐྱོན་བརྗོད་ཁོ་ནས་དུས་ཟླ་བའི་མི་རྫུན་ཁྱོད་ཚོ་རེད། བོད་མི་ས་ཡ་དྲུག་གི་ལས་དབང་དོར་ནས་རང་དོན་ཁོ་ན་སྒྲུབ་མཁན་ཡང་དམར་གཞུང་གི་པད་ཤག་ལ་དགའ་བའི་ཁྱི་དེ་ཚོ་རེད།
ཀུན་གྱིས་མཆུ་ཏོ་དམར་རྐྱང་ཡིན་བཞིན་དུ།།
སྐྱུང་ཀས་སྐྱུང་ཀ་ཟེར་བ་མ་ཡིན་ནམ།།
དེ་རིང་སྐུ་ཞབས་ལུང་འཐག་༼ལུང་རྟོགས་༽ཅུང་ངར་ཐལ། ངའི་བསམ་པར་ཁྱོད་རང་མདའ་ཤོང་མདུང་ཤོང་ཤིག་ཡིན་བསམ་མོད། དེ་རིང་ཁབ་བཞག་ནས་ཁབ་ཆུང་ཞིག་ཀྱང་ཁོག་ནང་ཤོང་མིན་འདུག མུ་མཐུད་དེ་ངར་དྲགས་ན་སྙིང་རྩ་འགག་ངོ་མ་དེ་ཁྱོད་རང་འགག་ཡོང་ཨ་རོགས།
གྲྭ་པ་ཚོ་གནད་ལ་ཐུག་དུས།
གྲྭ་པ་ཚོ་གནད་ལ་ཐུག་དུས།
དགེ་སློང་ལྷ་ལུང་དཔལ་དོར་གྱིས་བཙན་པོ་གླང་དར་བསད་སོང་བ་རེད།
དགེ་བཤེས་གཙག་པུས་མི་ལ་རས་པ་བསད་སོང་བ་རེད།
དགེ་སློང་སྟག་བྲག་གིས་དགེ་སློང་རྭ་སྒྲེང་བསད་སོང་བ་རེད།
དེ་ནི་འདས་དོན་དང་ལོ་རྒྱུས་རེད།
དེ་ནི་འབྱུང་རབས་དང་དྲན་ཤིང་རེད།
གྲྭ་པ་ཚོ་གནད་ལ་ཐུག་དུས།
གྲྭ་པ་ཚོ་གནད་ལ་ཐུག་དུས།
མཚན་ཉིད་ཀྱི་དགེ་རྒན་དམ་པ་བཀྲོང་མཁན་དེ་སུ་རེད་དམ།
མན་ཇུ་ཀྲི་ལིའི་ལྷ་སའི་མགྲོན་ཁང་ནང་བུད་མེད་ལ་བཙན་གཡེམ་བཏང་མཚམས་གསུམ་ཐོག་ནས་ས་ལ་གཡུག་ཏེ་དམར་གསོད་གཏོང་མཁན་དེ་སུ་རེད་དམ།
་་་་་་་་་་་་་་་་་་་་་་་་་་་་་་་དེ་སུ་རེད་དམ།(ཆེས་གསང་བར་གྱུར་བའི་རྡ་སའི་མི་གསོད་འགྱོད་གཞི་གཅིག་སྟེ། གླེང་གཞིར་གྱུར་བར་ད་ལྟ་དུས་ལ་བབ་མེད།༽
དེ་ནི་ཁ་སང་གི་གཏམ་རྒྱུད་རེད།
དེ་ནི་ཁེ་དགོང་མོའི་གསང་བ་རེད།
སྐུ་ཞབས་ལུང་རྟོགས་ལགས། བསྐལ་བའི་ཆུ་ལོག་བརྡོལ་བ་དང་འདྲ་བའི་གནས་ཚུལ་དེ་དག་ཇི་ལྟར་འགོག་དགོས་སམ། ལུས་ཕུང་དང་རྣམ་ཤེས་ཀྱི་གྲུབ་ཆ་དབེན་པའི་དྲ་རྒྱའི་མཁའ་ལམ་དེ་ཇི་ལྟར་འགོག་དགོས་སམ། ཆེན་པོ་དང་ཕྱུག་པོ་ཚོས་བསླུ་མི་ཐུབ་པའི་མིའི་མཐར་གཏུགས་ཀྱི་གཞིགས་རྩོད་དེ་ཇི་ལྟར་འགོག་དགོས་སམ། གནད་དོན་ཞིག་གིས་ཁོ་བོ་དཀྲོགས་གིན་འདུག དུས་ཚིགས་ཤིག་གིས་ང་རང་འདེད་ཀིན་འདུག བསམ་གཞིགས་དེ་ཡིས་ཡོད་ཚད་འགུལ་ཀྱིན་འདུག ཆོས་ལུགས། ཆོས་ལུགས། ཆོས་ལུགས། བོད་མི་རིགས་ཀྱི་འགྲམ་པ་ས་ལ་སྦྱར་སོང་། བོད་མི་རིགས་ཀྱི་སྙིང་རྩ་རྩད་ནས་བཅད་བྱུང་། འཆི་མ་གསོན་གྱི་སྔ་ནུབ་དུ་ང་ཚོས་ནད་རྐྱེན་འཚོལ་གིན་ཡོད། རྣམ་ཤེས་བར་དོར་འགྱར་བའི་གནས་སྐབས་སུའང་ང་ཚོས་ད་དུང་དཀར་ལམ་འཚོལ་གྱིན་ཡོད། ང་ཚོས། ང་ཚོས། ང་ཚོས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།།
དཔལ་རྡོར་ལ་བཅོས་རོགས།
བཞི་བརྒྱ་བར། ལོག་པའི་ལམ་ནི་མཐའ་མེད་ཕྱིར། དེ་དག་འདི་ན་སྤྲོས་བྱ་མིན་གསུངས་པ་བཞིན་ཅི་མ་བདེན། དེས་ན་འདས་དུས་རྩོད་རྙོག་ཕར་ཞོགས། དུས་རབས་ཉེར་གཅིག་པའི་ནང་དུ་ཆོས་བཞིན་སྤྱོད་པའི་མགོ་བོ་རྩད་ནས་གཅོད་པར་རྩོད་པའི་སྒེར་སྤྱོད་པ་ཚོར་མ་སུན་པར་མུ་འཐུད་དུ་འཐེན་འཁྱེར་དགོས་ན་ང་ཚོའི་མི་རིགས་འདི་ཡར་རྒྱས་མེད་པར་ཐག་ཆོད་ཚར་བ་རེད། ད་ཐེངས་ལུང་རྟོགས་ཁྱེད་ཚོས་རིགས་རྐང་པའི་བྲོ་དང་ལག་པའི་གར་བྱེད་བཞིན་ཡོད་པར་གཞི་མེད་བསྐུར་འདེབས་དེ་ཚོས་ཤེས་སོང་། ཉ་ཉོག་མང་པོ་ཞིག་ཁྱོད་ཀྱིས་བཤད་པ་ལ་ལན་ཙམ་བྱས་པ་ཡིན། གོ་བའི་བུ་ལ་བརྡ་དང་། རི་སྤྱང་སྔོན་མོར་ཀི་ཙམ་ཡིན་ནོ། ཡིན་ན་ཡང་དྭོགས་པ་དངོས་དེ་རྩམ་པ་རང་གིས་ཟོས་ནས་རྩམ་ཁུག་གཞན་མགོར་བཞག་པ་རེད། ལུང་རྟོགས།་ལགས་ཀྱིས་མཆན་བཏབ་པ།:June 12th, 2014 at 4:51 AMཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་འཇར་མན་ནང་མཛད་འཕྲིན་རྒྱ་ཆེར་སྐྱངས་བ་དང་། ཞྭ་དམར་རིན་པོ་ཆེ་འཇར་མན་ནང་སྙིང་རྩ་འགག་ནས་དགོངས་པ་རྫོགས་པ་འདི་གཉིས་མཉམ་དུ་ཁེལ་བ་ནི། དངོས་གནས་ལྟ་སྟངས་ལ་མི་བདེ་བ་དང་གཏབས་མ་ལེགས་པ་ཆེན་པོ་ཞིག་བྱུང་སོང་། ཟེར། ཚིག་བརྒྱའི་གནད་འགག་ཅིག་ནི་ཁོས་་་བོད་གཞུང་ལ་གནོད་པའི་བྱ་བ་བྱས་པའི་རྐྱེན་གྱིས་ཡིན་པ་ཤོག་བུ་དཀར་པོའི་སྟེང་ལ་ཡི་གེ་ནག་པོ་བཀོད་ཡོད་པ་རེད། ཟེར། དེས་ན་ཀུན་གཟིགས་པན་ཆེན་རིན་པོ་ཆེ་ཡང་གློ་བུར་དུ་དགོངས་པ་རྫོགས་སོང་བ་དང་། ད་ཐེངས་དམར་ཕྱོགས་ཚོས་ངོས་འཛིན་པའི་ཀརྨ་པ་འཕྲིན་ལས་རྡོ་རྗེ་འཇར་མན་ཐོན་མ་ཐག་རྐྱེན་ངན་དེ་བྱུང་བས་དོགས་པ་ཞིག་ངང་གིས་འབྱུང་བ་ཆོས་ཉིད་ཅིག་ཏུ་ཁུམས་སོ།། བླ་རྒན་སངས་རྒྱས་བསྟན་འཛིན་གང་འདྲ་བྱས་ནས་བསད་སོང་། ཨ་ཀོང་ཇི་ལྟར་བསད་སོང་། ཨ་ཀོང་བསད་མཁན་དེ་ཀརྨ་པ་འཕྲིན་ལས་རྡོ་རྗེའི་ལྷ་འཁྲིད་པའི་དགེ་རྒན་རེད། དེ་ཙམ་ཡིན། ལུག་ལྟོག་ལ་རྩྭ་ལས་ཤ་མི་ཟ་རྒྱུ་མ་རེད་པ། དེང་དུས་ལུག་གིས་མི་ཤ་ཟ་ས་རེད།
དབྱིན་མིང་ཅན་འདི་སྙན་ངག་མཁས་ཚོད་རེད་ད། ཧཧཧ ངས་སྙན་ངག་འབྲི་མི་ཤེས་ཀྱང་གནས་ལུགས་བཤད་དགོས་ན་མི་ཁྱེད་ཚོ་འདྲ་ཞིག་ཐར་པར་གཏོང་གི་མ་རེད། གྲྭ་པས་མི་གསོད་པ་དང་བཙན་གཡེམ་བྱས་པ་སོགས་ཀྱི་གནས་ཚུལ་ཁ་ཤས་དྲངས་ཡོང་ནས་སྡུག་པོ་ཡིན་པར་སྒྲུབ་ཁུལ་བྱས་འདུག་ཀྱང་། དེ་རྟ་མང་པོའི་ནང་ལ་བོང་བུ་གཅིག་གཉིས་ཤིག་ཡོད་ན་མངོན་གསལ་དོད་པོ་ཡོད་ཀྱང་། བོང་བུའི་ཁྱུ་ཚོགས་ནང་ལ་བོང་བུ་མངོན་གསལ་དོད་པོ་མེད་པ་བཞིན་དུ། གྲྭ་པའི་སྤྱི་ཚོགས་ནི་ཡ་རབ་བཟང་སྤྱོད་ལྡན་པ་ཞིག་ཡིན་པའི་རྐྱེན་གྱིས། དེའི་ནང་ལ་མ་རབ་ཀྱི་ལས་ཀ་བྱེད་མཁན་རེ་ཟུང་བྱུང་ན་རྟ་ཁྱུའི་ནང་ལ་བོང་བུ་འདྲེས་པ་བཞིན་མངོན་གསལ་དོད་པོ་ཆགས་སོང་བ་ཞིག་དང་། སྐྱ་བོའི་སྤྱི་ཚོགས་ནང་ལ་མ་རབ་ཐ་ཤལ་ཧ་ཅང་མང་བའི་དབང་གིས་བོང་ཁྱུའི་ནང་ནས་བོང་བུ་མངོན་གསལ་མེད་པ་བཞིན། མ་རབ་ཀྱི་ལས་ཀ་བྱེད་མང་སོང་བས་མངོན་གསལ་དོད་པོ་མེད་པ་ཙམ་རེད། ཤེས་ཨེ་སོང་།
པད་མ་ལགས། གང་ལྟར་ཡང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་འཇར་མན་ནང་ཆིབ་བསྒྱུར་ཐོག་མར་བསྐྱང་ནས་མཛད་འཕྲིན་རྒྱ་ཆེན་པོ་བྱུང་བ་དང་། ཞྭ་དམར་རིན་པོ་ཆེ་འཇར་མན་ནང་སྙིང་རྩ་འགག་ནས་དགོངས་པ་རྫོགས་སོང་བ་འདི་དོན་དངོས་ཤིག་ཡིན་པར། འདི་ལ་འགྲེལ་བཤད་སྙིང་རྗེ་པོ་ཞིག་རྒྱག་དགོས་ན་ཁག་ཙམ་ཆགས་སོང་བ་རེད། ཨ་ཀོང་རིན་པོ་ཆེ་སོགས་སུས་བཀྲོང་མིན་ནི་མི་ཀུན་གྱིས་ཤེས་གསལ་ཡིན་པས། ཁྱེད་ཚོས་ཀརྨ་པ་ལ་ཉེས་པ་བཀལ་དགོས་བསམ་ཡང་སྤྱི་ཚོགས་ནང་ལ་ངོས་ལེན་བྱེད་མཁན་ཞིག་ཡོང་མི་སྲིད་པ་ས་རིས་ཐང་གསལ་ཡིན་པས། གཞི་མེད་སྐུར་འདེབས་བྱས་ནས་ཁྱེད་རང་སེམས་སྐྱི་པོ་འདྲ་ཡོང་ན་མ་གཏོགས་གཞན་ཕན་ཐོག་ཅང་མེད་པ་རེད།
ཨེ་ང་ལ་དྭོགས་པ་ཞིག་ཤར་ཡོང་གི་འདུག ཨ་ཀོང་གྲོངས། ཞྭ་དམར་གྲོངས། གཉིས་ཀ་ཁ་གཏད་གཉིས་ཀྱི་འགོ་གཙོ་ལྟ་བུ་རེད། ཨ་ཀོང་ཀརྨ་པ་ཨུ་རྒྱན་འཕྲིན་ལས་འཚོལ་བར་འགྲོ་མཁན་གཙོ་བོ་དེ་རེད། ཞྭ་དམར་རིན་པོ་ཆེ་ཀརྨ་པ་མཐའ་ཡས་རྡོར་རྗེ་འཚོལ་མཁན་གཙོ་བོ་དེ་རེད།
དཔེར་ན་ཨ་ཀོང་བསོད་མཁན་གྱི་སྐོར་ལ་ད་ལྟ་གོ་རྒྱུ་ཐོས་རྒྱུ་མིན་འདུག ནམ་རྒྱུན་ལག་དམར་བ་འཛིན་རྗེས་མི་འགྱངས་བར་རྒྱ་གཞུང་གིས་ཁྲིམས་ཐག་བཅད་ནས་སྲོག་ཐོག་གཏོང་གི་རེད། ཨ་ཀོང་གྲོངས་རྗེས་གོ་རྒྱུ་ཐོས་རྒྱུ་མིན་འདུག
བོད་ཀྱི་བླ་ཆེན་གྱི་མིང་འཛིན་ཅིང་བླ་བྲང་རིམ་བྱུང་གི་ལོ་རྒྱུས་ཡོད་པའི་སྤྲུལ་སྐུ་ཞེས་འབོད་པའི་སྤྱི་ཚོགས་འདི་ནི་དོན་དུ་ནང་ཁུལ་གྱི་དབང་ཆ་འཐབ་རྩོད་ཀྱི་གཡུལ་ས་འཇིགས་སུ་རུང་ཞིང་སྐྱུགས་བྲོ་བ་ཞིག་རེད། ང་ཚོ་དུས་རབས་ཉེར་གཅིག་པའི་བོད་མི་ཚོ་ནི་བླ་ཆེན་འདི་ཚོའི་ནོར་ལུག་མིན། བླ་ཆེན་འདི་ཚོའི་འདོགས་ཁྱི་མིན། བླ་ཆེན་འདི་ཚོའི་རྗེས་འཇུག་མིན། རྒྱལ་བ་པན་ཆེན་དང་ཀརྨ་ཞ་དམར་ནག་ནས་བཟུང་སྟེ་བླ་བྲང་སྤྲུལ་ཆེན་གྱི་ལམ་ལུགས་འདི་ནི་ང་ཚོ་སྐྱོབ་མཁན་ཞིག་མིན་པར་དེ་ལས་ལྡོག་སྟེ་ང་ཚོ་བཀོལ་སྤྱོད་བྱེད་མཁན། ང་ཚོ་བྲན་གཡོག་ཏུ་བཀོལ་མཁན། ང་ཚོ་རྩེད་ཆས་སུ་སྤྱོད་མཁན་གྱི་གདུག་རྩུབ་ཅན་གྱི་ལམ་ལུགས་ཤིག་རེད།
མི་ཆེན་བླ་ཆེན་དུ་གྲགས་པའི་མི་དེ་རྣམས་གྲོངས་རྗེས་སུ་ང་ཚོས་ཁོང་ཚོ་ཡང་བོད་ཀཡི་སྤྱི་འབངས་ཤིག་ལ་བརྩིས་ནས་མྱ་ངན་དང་། གུས་འདུད། བྱས་རྗེས་བསྔགས་བརྗོད་སོགས་བྱེད་ན་དེ་ནི་ཡ་རབ་བཟང་སྤྱོད་དང་མཐུན་པ་ཞིག་ཡིན། འོན་ཀྱང་། འདི་ནི་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་པའི་སྒྲོ་འདོགས་སྐུར་འདེབས་ཀྱི་འབར་ཤ་དང་། དེ་དག་གི་ཆེད་དུ་ཆགས་སྡང་བསགས་ན་རང་རང་ངལ་བའི་རྒྱུ་ལས་ཕན་ཐོགས་གང་ཡང་མེད།
ངས་འདིར་ཀརྨ་པ་ཞྭ་དམར་པ་མཆོག་སྐུ་གྲོངས་པར་མྱ་ངན་དང་། གུས་འདུད། ཁོང་གི་མཛད་པ་ལ་རྗེས་དྲན་ཞུ་བཞིན་ཡོད། དེ་ནི་ཁོང་སངས་རྒྱས་དང་སྤྲུལ་སྐུ་སོགས་སུ་ཡིད་ཆེས་པས་མིན་པར། ཁོང་བོད་ཀྱི་སྤྱི་འབངས་ཤིག་ཡིན་པ་དང་། ལོ་རྒྱུས་ཀྱི་མཚན་གནས་རྗེས་འབྲེལ་ལས་གནད་ཡོད་མི་སྣ་ཞིག་ཡིན་པས་སོ།
ང་ཚོ་དུས་རབས་ཉེར་གཅིག་པའི་བོད་མི་ཚོ། དུས་རབས་ཉེར་གཅིག་པའི་ནང་པ་ཚོ། ང་ཚོའི་སྐྱིད་སྡུག་ང་རང་ཚོའི་ལག་ཏུ་ཡོད། ང་ཚོའི་མགོན་བསྐྱབ་ང་རང་ཚོ་ལས་མེད། ང་ཚོའི་ལེགས་ཉེས་ཀྱི་དཔང་པོའང་ང་རང་ཚོ་ཡིན། ང་ཚོ་ལ་ཡང་སྲིད་ངོས་འཛིན་གྱི་སྲོལ་རྒྱུན་མི་དགོས། ང་ཚོ་ལ་བླ་བྲང་ཕོ་བྲང་གི་གསོལ་རས་མི་དགོས། ང་ཚོ་ལ་སྐུ་ཕྲེང་རིམ་བྱོན་གྱི་ལམ་ལུགས་མི་དགོས།
དེང་སང་ཡང་བོད་ཀྱི་བླ་ཆེན་སྤྱི་ཚོགས་ཀྱི་ཁྲོད་ན། ཀརྨ་པ་ཞྭ་དམར་པའི་ཡང་སྲིད་ངོས་འཛིན་བྱེད་འདོད་ནས་ཁ་ལག་པ་ལ་ཟ་འཕྲུག་ལངས་ནས་བསྡད་ཡོད་མཁན་ཁ་ཤས་ཡོད་པ་ངས་རེ་རེ་བཞིན་དུ་མཛུབ་མོ་འཛུགས་ཐུབ། དོན་དངོས་ཡོད་ལ། ཞྭ་དམར་པའི་ཆེ་མཐོང་དང་། ཁོང་གི་མཚན་སྙན་གཟི་བརྗིད་མུ་མཐུད་དུ་ཉར་འདོད་ཡོད་ན་སྤྲུལ་སྐུ་ངོས་འཛིན་མ་བྱས་ན་བཟང།
གོར་བོད་དམག་འཁྲུག་གི་སྐོར་དེ་ཞྭ་དམར་དང་འབྲེལ་བ་ཡོད་ཚུལ་དེ་ལ་བསམ་གཞིག་ཅིག་བྱ། དོན་དངོས་ཡོད་ལ་ཞྭ་དམར་པས་གོར་ཁ་ལ་མགོ་བཏགས་པའི་ཁུངས་སྐྱེལ་མེད་ཚུལ་ཞིག་འདུག གལ་སྲིད་ཡོད་པའི་དབང་དུ་བཏང་ཡང་། སྐབས་དེར་བོད་གཞུང་གིས་གོར་ཁ་ལ་ཁ་གཏད་གཅོད་ཆེད་དུ་མན་ཇུའི་དམག་བོད་དུ་ཁྲིད་པ་དེ་གཉིས་བསྡུར་ན་མན་ཇུའི་རྒྱ་དམག་བོད་དུ་ཁྲིད་པ་དེ་ནག་ཉེས་ཧ་ཅང་ཆེ། གོར་དམག་བོད་དུ་ཁྲིད་པ་དེ་ནི་རྒྱུ་ནོར་ཙམ་གྱི་ཆེད་མ་གཏོགས་ཆབ་སྲིད་བདག་དབང་གི་རྩོད་རྙོགས་ཤིག་མིན། སྐབས་དེར་ཏཱ་ལའི་བླ་མས་སྣེ་ཁྲིད་པའི་བོད་གཞུང་གི་བྱེད་བབ་དེས་བོད་མི་མང་གི་ཕུགས་རྒྱང་རིང་པོའི་རྩ་དོན་ལ་གནོད་སྐྱོན་ཆེན་པོ་ཐེབས་ཡོད། གོར་ཁ་བོད་དུ་ཡོང་ནས་བཀྲ་ཤིས་ལྷུན་པོ་བཅོམ་འཕྲོག་ཙམ་ལས་གནོད་སྐྱོན་ཆེན་པོ་བྱས་མེད། ཡིན་ན་ཡང་། མན་ཇུའི་དམག་བོད་དུ་ཁྲིད་པ་དེས་བོད་ལ་གྱོང་རྒུད་ཆེན་པོ་བཟོས་ཡོད། དཔེར་ན། སྐབས་དེར་དགེ་ལུགས་གཞུང་གིས་གོར་ཁ་མཐར་སྐྲོད་ལ་ཁ་གཡར་ནས་མན་ཇུའི་དམག་བོད་དུ་ཁྲིད་པའི་མཇུག་འབྲས་སུ། མན་ཇུའི་གོང་མ་དང་རྒྱལ་བ་རིན་པོ་ཆེའི་བཀའ་འབྲེལ་གྱི། བོད་ཀྱི་ལས་དོན་བྱེད་ལུགས་སྐོར་གྱི་དོན་ཚན་ཉེར་དགུ་ཟེར་བ་དེ་གཏན་འབེབས་བྱས། དེ་ནི་དེང་དུས་རྒྱ་དམར་ཀྱིས་བོད་རྒྱ་ཁོངས་སུ་གཏོགས་པའི་སྒྲུབ་བྱེད་ལག་ཆ་གཙོ་བོ་ཞིག་ཏུ་གྱུར་ཡོད། བོད་མི་མང་ལ་མན་ཇུའི་དམག་གིས་བརྡབས་བསོག་ཆེན་པོ་བཏང་བའི་དཔེ་མཚོན་ཞིག་གླེང་ན། མན་ཇུའི་མདག་མི་ཚོར་བོད་པའི་བུད་མེད་ཉལ་རོགས་ཚུན་མཁོ་སྤྲོད་བྱེད་དགོས་ཚུལ་སྲིད་དོན་རྒྱལ་རབས་ལ་བྲིས་པ་དེ་རེད། གོར་བོད་དམག་འཁྲུགས་ནི་པན་ཆེན་དང་ཞྭ་དམར་པ་གཉིས་ཀྱི་ཁྱིམ་ཚང་ནང་གི་རྒྱུ་ནོར་བགོ་བཤའི་རྩོད་རྙོགས་ཆུང་ཆུང་ཆུང་ཞིག་གི་རྒྱབ་ལ་བོད་གཞུང་དང་མན་ཇུའི་གཞུང་དགེ་ལུགས་པའི་རྒྱབ་རྩར་ལངས་མདོག་གིས་དོན་དག་ཆུང་ཆུང་ཞིག་ཉེན་ཁ་ཆེན་པོ་བཟོས་བཞག་པ་མིན་ནམ་སྙམ་པ་ཞིག་འདུག སྐབས་དེའི་ཏཱ་ལའི་བླ་མའི་བཀའ་བློན་དྲག་ཤོས་རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱི་རྟོགས་བརྗོད་འདི་ཁོ་རང་གིས་ཡག་པོ་ཞིག་འབྲི་བཞིན་ཡོད་བསམ་ནས་བྲིས་ཡོད་ངེས་ཀྱང་། ང་ཚོ་ཀློག་མཁན་ཚོ་ངུ་ཤོར་དགོས་པ་ཞིག་འདུག མདོར་ན་མན་ཇུ་གོང་མའི་རྒྱག་ཁྱི་ངོ་མ་དེ་འདི་ལོས་ཡིན་བསམ་པ་ཞིག་འདུག
སྤོབས་པ་མཐའ་ཡས་ཀྱིས་གསུངས་པར་རྒྱུ་མཚན་དང་དོན་སྙིང་ཧ་ཅང་ལྡན། འོན་ཀྱང་དྲ་འབུ་ཀླད་སྟོང་ཚོར་གོ་ཤེས་སྐྱེ་མི་ཐུབ། ཡིད་ཕང་པ་ཞིག་ལ་ཁོ་ཚོས་བོད་ཀྱི་ཆེ་གཉེན་ཡོད་ཚད་དགྲ་རུ་ཤར་ཤིང་ངོ་གདོང་སྦས་ཏེ་ལྐོག་ལབ་ཤ་སྟག་ལས་གནས་ལུགས་དང་རྒྱུ་མཚན་ཡོད་པའི་སྐད་ཆ་སྣེ་གཅིག་ཤོད་ཡག་མི་འདུག ཁོ་ཚོས་འགོ་རྒྱལ་དབང་ཐམས་ཅད་མཁྱེན་པ་ནས་གཤམ་ཇ་མ་ནག་རིལ་ཡན་སྐྱོན་བརྗོད་ཁོ་ནར་བགྲངས་ཡག་མ་གཏོགས་ལས་ཀ་མེད་ཡིན་ཚོད་རེད། དྲ་འབུ་འདི་ཚོས་མིང་རྫུན་མང་མང་ཞིག་སྤྱད་དེ་སྤྱི་ཚོགས་གཏོར་ཡག་དང་འགན་ཁུར་མེད་པའི་སྐད་ཆ་རྐྱང་ཤོད་ཀྱི་ཡོད་ཙང་ཚིག་རེ་རེ་ལ་ཡ་ལན་དགོས་དོན་མ་མཆིས། མ་གཞི་རང་སེམས་ནང་ལ་ཁུགས་དང་དེ་འདྲ་རྐྱང་ལབ་པར་དགེ་མཚན་འདུག་གམ། དེ་ཡང་རྣལ་འབྱོར་གྱི་དབང་ཕྱུག་དཔལ་མི་ལ་བཞད་པ་རྡོ་རྗེས། འདི་ཤད་གཉའ་ནང་སྒྲོད་ཕུག་ན། །མི་ལ་རས་པའི་བསོད་ནམས་ལ། །ཚིག་གི་སྟོན་པ་ཟུག་རྔུ་སྐྱེས། །དེ་ཡང་སྟོན་པ་འཁྲུལ་ལས་ཆེ། །གསུང་པ་ལྟར་སོ་སོ་འཁྲུལ་བ་མིན་འགྲོ།
མདོར་ན། ཞྭ་དམར་པས་གོར་དམག་བོད་དུ་ཁྲིད་པའི་དབང་དུ་བཏང་ཡང་རྒྱུ་ནོར་རྩོད་རྙོགས་ཙམ་གྱི་གནད་དོན་ཞིག་རེད། དེ་ལ་ཆབ་སྲིད་ཀྱི་གནད་དོན་ཞིག་མི་འདུག རྡོ་རིང་རྟོགས་བརྗོད་དུ་ཡང་། ཀ་ཤིའི་རས་གོས་གྱོན་པའི་གོར་དཔུང་གིས།།ཁ་ལྗོངས་གཙང་སྟོད་ཕྱོགས་སུ་གཡུལ་བཤམ་སྟེ།།ག་རུའང་འགྲན་མེད་བཀྲ་ཤིས་ལྷུན་པོའི་ནོར།།ང་རྒྱལ་དྲེགས་པས་སྐད་ཅིག་བཙན་འཕྲོག་བྱས།།ཞེས་བྲིས་འདུག ཏཱ་ལའི་བླ་མའི་སྲིད་གཞུང་གིས་མན་ཇུའི་དམག་བོད་དུ་ཁྲིད་པས་བོད་ལ་གྱོང་གུད་བྱུང་བ་གོར་ཁའི་གཏོར་སྐྱོན་ལས་སྡུག་ཚུལ་ནི། སྐབས་དེར། བོད་མི་མང་སེར་སྐྱ་མགྲིན་གཅིག་གིས་ཕུལ་ཟེར་བའི་ཞུ་ཐོའི་ནང་ལ། “བསྟན་དགྲ་གོར་ཁ་བོད་དམག་ནས་མཐར་སྐྲོད་མི་ཐུབ་པ་མེད་ཀྱང་། ད་ཆ་མ་འབོད་པའི་མགྲོན་པོ་མན་ཇུ་དང་། རྒྱའི་དམག་མི་འདི་ཙམ་ཡོང་སྟེགོར་དམག་གིས་སྟོར་བཅོམ་བྱས་པ་ལས། བརྒྱ་འགྱུར་སྟོང་འགྱུར་གྱི་ལྷག་པའི་བོད་ཀྱི་མི་སེར་འདི་ཙམ་རྒྱ་དམག་འགྲུལ་བཞུད་ཀྱིས་འཐོར་སྐྱོན་བྱུང་སོང་།” ཞེས་སོགས་འཁོད་ཡོད། (སྲིད་དོན་རྒྱལ་རབས་ཤོག་ངོས༦༥༨། བོད་གཞུང་ཤེས་རིག་པར་ཁང་གིས་བཏོན་པ་ལས)
ཨོ་ཡ་ད་ཡིན་ན་ངས་ལུག་ཐོག་ལ་མཛུབ་མོ་གཙུགས་ཐུབ་སོང་ཡ། ཏག་ཏག་ཅིག་ཐིགས་སོང་ཡ། ཤ་གཟན་ལུག་ལྟོག་གིས་གཞི་མེད་སྐུར་འདེབས་བྱས་པ་མིན་ན་གསལ་བོ་ཤོད་ཨེ། ཁ་བརྡ་དྲ་བར་༧ཀུན་གཟིགས་ཀརྨ་ཞྭ་དམར་པ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོག་བཞག་དུས་ཁྱེད་རང་སེམས་སྐྱིད་པོ་འདྲ་བྱུང་སོང་ངམ། ༧ཀུན་གཟིགས་པན་ཆེན་བཅུ་བ་ཆོས་ཀྱི་རྒྱལ་མཚན་འདས་རྐྱེན་ལྷ་སྡེ་གནམ་ལོ་ཡག་གི་མི་ལོ་ཉེར་དྲུག་གི་རྗེས་སུ་བྲིས་འདུག་ག ༧རྒྱལ་བ་རིན་པོ་ཆེས་ངོས་འཛིན་གནང་བའི་ནག་ཆུའི་པན་ཆེན་མ་འདས་སྤྲུལ་སྐུ་དེ་འདྲ་མི་ཡོང་བར་ཤོག གང་ལྟར་ཉམས་ཆུང་ཆོས་པའི་རང་བཞིན་ཅན་གྱི་༧ཀརྨ་པ་མཐའ་ཡས་རྡོ་རྗེ་རིན་པོ་ཆེ་དང་ཞྭ་དམར་ཚོགས་པས་མི་ཆེན་དང་གཞུང་ཚོགས་ཆེན་པོའི་འུར་རྩེད་ལ་མི་ཉན་པར་༧ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་འདས་རྐྱེན་ངོ་མ་གང་ཡིན་དང་སྐུ་གདུང་ལ་ཚན་རིག་དང་སྨན་དཔྱད་མཁས་པས་བརྟག་དཔྱད་ཡང་དག་ཅིག་གནང་བར་ངའི་རེ་བ་ཡིན་ནོ།། ༧ཏྰ་ཡི་སི་ཏུ་རིན་པོ་ཆེའི་ལུང་རྫུན་ལ་ཚན་རིག་བརྟག་དཔྱད་མི་ཉན་ཁོ་རང་གིས་བཤད་པའི་སྒྲུང་དེ་སླར་ཡང་དྲན་ཐལ། ༧ཀརྨ་པ་འཕྲིན་ལས་རྡོ་རྗེའི་ཡང་འཛིན་ཆེན་པོ་སངས་རྒྱས་བསྟན་འཛིན་དེ་ཐེ་ཝན་ནས་དངུལ་སྒོར་ཆེད་དུ་དགོན་ཞབས་དགོན་པའི་བླ་རྒན་སངས་རྒྱས་བསྟན་འཛིན་ཞལ་ནང་དུ་དར་རྫོངས་ནས་བསད་མཁན་སུ་ཡིན་ཤེས་སམ། དྭོགས་པ་སློང་མྱོང་ངམ། ཨ་ཕོ་འགོ་ལོག་ལུང་རྟོགས།
་་་་་་ ༧ཏྰ་ཡི་སི་ཏུ་རིན་པོ་ཆེའི་ལུང་རྫུན་ལ་ཚན་རིག་བརྟག་དཔྱད་མི་ཉན་ཁོ་རང་གིས་བཤད་པའི་སྒྲུང་དེ་སླར་ཡང་དྲན་ཐལ། ༧ཀརྨ་པ་འཕྲིན་ལས་རྡོ་རྗེའི་ཡང་འཛིན་ཆེན་པོ་སངས་རྒྱས་བསྟན་འཛིན་དེ་ཐེ་ཝན་ནས་དངུལ་སྒོར་ཆེད་དུ་དགོན་ཞབས་དགོན་པའི་བླ་རྒན་སངས་རྒྱས་བསྟན་འཛིན་ཞལ་ནང་དུ་དར་རྫོངས་ནས་བསད་མཁན་སུ་ཡིན་ཤེས་སམ། དྭོགས་པ་སློང་མྱོང་ངམ། ་་་་་་
༡ ཞྭ་དམར་རིན་པོ་ཆེ་སྐུ་ཕྲེང་སྔོན་མའི་ལོ་རྒྱུས་ཐད་ནས་སྤོབས་པ་ལགས་ཀྱིས་གསུང་བར་འཐད་པ་ཡོད། ད་དུང་ཁ་གསབ་གཅིག་ཡོད་པ་ནི་སྐབས་དེར་མན་ཇུས་ཐེ་བྱུས་འོག་ཞྭ་དམར་རིན་པོ་ཆེའི་ཡང་སྲིད་བཙལ་མ་ཆོག་པ་བཟོས་པ་རེད་དེ། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་ཞྭ་དམར་རིན་པོ་ཆེ་ཡང་སྲིད་སླར་གསོ་བྱས་པ་རེད་ལ། དེ་ནི་བོད་ནང་མན་ཇུའི་ཤུགས་རྐྱེན་མཐར་བསྐྲོད་བཏང་བའི་ལས་འགུལ་ཁྲོད་ཀྱི་དོན་ཆེན་གཅིག་རེད།
༢ ཨ་ཀོང་རིན་པོ་ཆེ་དང་སངས་རྒྱས་བསྟན་འཛིན་ཞུ་བ་གཉིས་ཇི་ལྟར་གྲོངས་པའི་ཐད་ཚིག་ཟུར་ཞིག་བཏོན་འདུག་པས། ད་གསལ་ཁ་བཏོད་རོགས་གནང་། བགྲོ་གླེང་བརྒྱུད་ན་དོན་རྐྱེན་དེ་རིགས་གསལ་བོ་ཆགས་ངེས་ཡིན།
ལྷ་སྡེ་གནམ་ལོ་ཡག་མཆོག་འདིར་ཕེབས་ནས་བསམ་ཚུལ་བཏོན་པ་བཟང་། ལོ་རྒྱུས་སྟེང་དུ་ཞྭ་དམར་པས་གོར་ཁ་ལ་མགོ་འདོགས་དང་། སྐུ་མཆེད་ནང་མིའི་བར་གྱི་རྒྱུ་ནོར་བགོ་བཤའི་སྐོར་ལ་རྩོད་རྙོགས་བསླངས་ཡོད་ན་དེ་ཡག་པོ་རེད་རྩ་བ་ནས་བཤད་མི་ནུས། ཡིན་ན་ཡང་། དངོས་པོའི་ལེགས་ཉེས་ཟེར་བ་དེ་ནི་ལྟོས་འཇོག་གིས་ལྟ་དགོས་པ་མ་གཏོགས་དཀར་པོ་དཀར་རྐྱང་དང་། ནག་པོ་ནག་རྐྱང་གི་ཕྱོགས་སུ་ལྷུང་ནས་ཁ་ཚོན་གཅོད་མི་ཐུབ། དེར་བརྟེན། ཀརྨ་ཞྭ་དམར་པས་གོར་དམག་བཀྲ་ཤིས་ལྷུན་པོར་དྲངས་པ་དང་། ཏཱ་ལའི་བླ་མའི་གཞུང་གིས་མན་ཇུའི་རྒྱ་དམག་དྲངས་པ་དེ་གཉིས་ཀྱི་ཐོག་མའི་དམིགས་ཡུལ། བར་གྱི་བྱེད་ལས། ཐ་མའི་མཇུག་འབྲས་གང་ནས་གླེང་ཀྱང་ཞྭ་དམར་པའི་བྱེད་སྟངས་དེས་བོད་མི་མང་གི་སྐྱིད་སྡུག་ལས་དབང་ལ་ཉམ་རྒུད་དེ་ཙམ་ཁྱེར་ཡོང་མེད། དེ་ལས་ལྡོག་སྟེ་བཀྲ་ཤིས་ལྷུན་པོ་དང་། པན་ཆེན། དགེ་ལུགས་པ་བཅས་ཀྱི་རྒྱབ་སྐྱོར་བྱེད་མདོག་བྱེད་མཁན་མན་ཇུའི་རྒྱ་དམག་དང་།་དགའ་ལྡན་ཕོ་བྲང་སྲིད་གཞུང་གི་བྱེད་ཕྱོགས་དེས་བོད་མི་མང་གི་ཆབ་སྲིད་མདུན་ལམ་ལ་གནོད་སྐྱོན་ཆེན་པོ་བཏང་འདུག གཤིབ་བསྡུར་བྱས་ནས་གཟིགས་དང་།
སྐབས་དེར་དགེ་རྒྱ་མཉམ་འབྲེལ་གྱི་གཞུང་གིས་ཞྭ་དམར་གྱི་དགོན་པ་གཞུང་བཞེས་བྱས། པར་ཤིང་སོགས་རྟེན་གསུམ་རྩ་ཆེན་རྣམས་མར་ལྷ་སར་ཁྱེར་ཡོང་འདུག དགོན་པ་དེ་ཡང་དགེ་ལུགས་ལ་བསྒྱུར་འདུག གནད་དོན་འདི་ལས་ཤེས་ནུས་པ་ཞིག་ནི། སྐབས་དེར་མན་ཇུ་དང་དགའ་ལྡན་ཕོ་བྲང་མཉམ་འབྲེལ་གྱི་དམིགས་ཡུལ་ངོ་མ་དེ་དགེ་ལུགས་པའི་ཆོས་དར་སྤེལ་གྱི་དམིགས་ཡུལལམ། མཐར་གཏུག་ན་ཁོ་རང་ཚོའི་ཕྱོགས་གཏོགས་རྒྱ་སྐྱེད་ཙམ་གྱི་བསམ་བློ་མ་གཏོགས་མེད་པ་ཤེས་ནུས་པ་ཞིག་རེད། ཞྭ་དམར་པ་སྐུ་ཕྲེང་དེས་ནག་ཉེས་བསག་ཡོད་སྲིད་ཀྱང་དེ་ལ་ཁ་གཏད་གཅོག་གི་ཡིན་ཟེར་མཁན་ཚོས་དེ་ལས་བཟང་ཞིག་བྱས་མི་འདུག ཧཧཧཧཧཧཧ
དཔྱོད་ལྡན་སྤོབས་པ་མཐའ་ཡས་སོགས་ཀྱིས་བགྲོ་གླེང་ཁོར་ཡུག་ཡག་པོ་ཞིག་སྐྲུན་གྱི་འདུག་པར་དགའ་བསུ་ཞུ། རླུང་ཁ་མཐོ་དམན་གྱི་སྐད་ཆ་མིན་པར་ལོ་རྒྱུས་ལ་རྒྱུས་ལོན་དང་དབྱེ་ཞིབ་གནང་ན་དགེ་མཚན་ཆེ། ཞྭ་དམར་བཅུ་པ་ཆོས་འགྲུབ་རྒྱ་མཚོའི་སྐོར་ལ་མཚོན་ན་ད་བར་རྡོ་རིང་ལྟ་བུ་ཕྱོགས་གཅིག་མི་སྣའི་ཤོད་སྟངས་ཙམ་ཡིན་ཤག་གིས་སྤྱི་བསྡོམས་བཞག་འདུག་མོད། དོན་དངོས་དབྱེ་ཞིབ་བྱེད་མཁན་ག་ཚོད་བྱུང་ཡོད་དམ། གང་ལྟར་ང་ཚོས་གནས་ཚུལ་ཅི་འདྲ་ཞིག་ཡིན་ནའང་འུར་སྒྲོག་རྗེས་སུ་མ་འབྲངས་ཏེ་བསམ་ཞིག་གོམ་ཁ་མདུན་དུ་བསྒྱུར་རྒྱུ་ནི་རང་ཉིད་སྤྱི་ཚོགས་སྣེ་འཁྲིད་ཚད་ལྡན་ཡོང་མིན་ལམ་ཁ་ཡག་ཤོས་ཤིག་ཡིན་པར་འདོད། དཔྱོད་ལྡན་དྲ་གྲོགས་རྣམ་པས་ང་ལ་དབྱེ་ཞིབ་ཀྱི་ས་བོན་དང་བློ་སྒོ་འབྱེད་པའི་ལྡེའུ་མིག་སྦྱིན་སོང་བས་ཐུགས་རྗེ་གནང་ཞུ་ཡི་ཡོད། ད་དུང་བགྲོ་གླེང་མུས་བཞིན་གནང་རོགས་ཞུ།
སྤོབས་པ་མཐའ་ཡས་ཀྱི་སྐད་ཆ་ཡག་པོ་བཤད་འདུག རྗེས་སུ་ཡི་རངས་ཡོད། དངོས་བདེན་རེད། གོར་དམག་རྒྱ་དམག་ཧོར་དམག་ཧིན་ཆོས་གང་ལྟར་རང་ཕྱོགས་ཀྱི་ལྟ་གྲུབ་ཆོས་རྒྱུད་ཆོས་ལུགས་རྒྱུ་ནོར་ཁ་ཆེ་དབང་ཐང་གོང་འཕེལ་དུ་གཏོང་ཕྱིར་རང་མི་རིགས་ཀྱི་ཆོས་རིག་རྩ་གཏོར་དུ་གཏོང་མཁན་ལ་དཀར་ནག་མེད་པ་རེད། འོོན་ཀྱང་ད་ལྟ་ནི་༧ ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་མཆོག་སྐུ་འདས་ནས་ཞེ་དགུ་ཡང་མ་ཟིན་པའི་དུས་འདིར་གང་གི་རྗེས་འཇུག་པ་ཕྱི་ནང་མི་རིགས་སྟོང་ཕྲག་མང་པོས་མགོ་བོ་པུས་མོར་བཀལ་ནས་སེམས་ཀྱི་གཏིང་ནས་མྱ་ངན་ཞུ་བའི་དུས་འདིར་་་་འདས་པོའི་བླ་བརྡུང་བྱེད་པ་ནི་བཟང་སྤྱོད་དང་ཡོངས་སུ་འགལ་བ་ཞིག་ཡིན་པས་དེ་བས་ཀྱང་ཆོས་སྤོང་གི་ལས་ངན་མི་གསོག་པའི་རེ་བ་ཡོད། སྟོན་པ་གཤེན་རབ་ཀྱིས། རང་གི་ལུས་ལ་དཔེ་ལོང་ལ། གཞན་ལ་གནོད་པ་མ་བྱེད་ཅིག ཅེས་གདམས་ཡོད། དེས་ན་སོ་སོའི་ཕ་མ་བླ་མ་འདས་མ་ཐག་ཏུ་འདས་པོའི་བླ་ནས་བརྡུང་བ་ནི། བོད་ཀྱི་གཏམ་དཔེར། རོ་ཐོག་ཏུ་རྟ་རྒྱུགས། ཟེར་བ་ལྟར་མི་མཚུངས་སམ།
སྡེ་པ་གཞུང་གིས་རྒྱ་དམག་ཁྲིད་ཡོང་བ་དེ་ཡང་ནག་ཉེས་རེད་ལ། ཞྭ་དམར་པས་གོར་དམག་ཁྲིད་ཡོང་བ་དེ་ཡང་ནག་ཉེས་རེད། གང་ལྟར་སྡེ་པ་གཞུང་གིས་རྒྱ་དམག་ཁྲིད་ཡོང་བའི་ནག་ཉེས་དེས་ཞྭ་དམར་པ་སོར་གང་བཟང་རུ་སོང་མེད་པ་དེ་ཤེས་སོང་ན་ངའི་སྐད་ཆའི་སྟན་དོན་ཡང་འདི་ཡིན། འོན་ཀྱང་བསམ་བློ་གཏོང་ས་ཞིག་ཡོད་པ་ནི་འདི་གཉིས་ཀྱི་དམིགས་ཡུལ་རེད། དེ་ཡང་སྡེ་པ་གཞུང་གིས་རྒྱ་དམག་ཁྲིད་ཡོང་བའི་དམིགས་ཡུལ་ནི་བོད་ས་སྲུང་སྐྱོབ་ཀྱི་ཆེད་དུ་རེད་ལ། ཞྭ་དམར་པས་གོར་དམག་ཁྲིད་ཡོང་བ་ནི་སྒེར་གྱི་བླ་བྲང་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་པས། དམིགས་ཡུལ་བཟང་ངན་གྱི་ཆ་ནས་བཤད་ན་བོད་གཞུང་གི་དམིགས་ཡུལ་བཟང་བ་ཡིན་པ་གྲུབ་ཡོད།
སྡེ་པ་གཞུང་གིས་རྒྱ་དམག་བོས་ནས་བོད་ས་བསྲུངས་ཚུལ་ཞིག་གོ་མ་མྱོང་། ལུང་རྟོགས་ལགས་ལ་སྐད་ཆ་གསར་པ་ཞིག་བཤད་རྒྱུ་ཡོད་ས་རེད། ཤོད་དང་།
གོར་དམག་ལས་རྒྱ་དམག་གི་གཏོར་བརླགས་བྱས་པ་བརྒྱ་འགྱུར་སྟོང་འགྱུར་གྱིས་སྡུག་ཚུལ་ལོ་རྒྱུས་ཡིག་ཆས་ཁ་གྲག་འདུག སུ་ངན་མི་ཤེས་པ་མི་འདུག
གོང་ས་ལྔ་པ་ཆེན་པོའི་ཕྱོགས་ཁག་གིས་སོག་དམག་གི་དཔུང་ཤུགས་ལ་བསྟེན་ནས། བོད་ཀྱི་རྒྱལ་པོ་གཙང་པ་སྡེ་སྲིད་རྩར་སྲིད་དབང་ཕྲོག་སྟེ། སྡེ་སྲིད་བཀྲོངས། བཀའ་བརྒྱུད་པའི་དགོན་པ་སྟོང་ཕྲག་ཁ་ཤས་དགེ་དགོན་དུ་བསྒྱུར་བ་མ་ཟད། བཀའ་བརྒྱུད་པའི་གྲྭ་པ་སྟོང་ཕྲག་མང་པོ་དམར་བསད་བཏང་། ཇོ་ནང་ཚང་ལའང་དེ་བཞིིན་ཆག་སྒོ་བྱུང་ཡོད། དེ་ནས་གོང་ས་ལྔ་པ་ཆེན་པོ་རྒྱལ་ནག་གོང་མ་མཇལ་ཕྲད་ལ་སོང་། ད་ལྟ་ཡན་ནན་ཞིང་ཆེན་ཁོང་གཏོགས། རྒྱལ་ཐང་དུ་སྔར་འཇང་རྒྱལ་པོའི་དཔུང་ཤུགས་ཆེ་ཙམ། བཀའ་དགོན་རྣམས་དགེ་དགོན་ལ་བསྒྱུར་མ་ཐུབ་དུས། ལྔ་པ་ཆེན་པོས་རྒྱལ་ནག་གོང་མའི་བཀའ་ཡིག་ཁྱེར་ཏེ་བསྒྱུར། དེ་ནས་བཟུངས་བོད་དུ་རྒྱ་ནག་གིས་ཐེ་ཇུས་བྱེད་རྒྱུ་དངོས་སུ་འགོ་ཚུགས། མ་ཟད་ཁ་ཆེ་ཆོས་ལུགས་ཀྱང་བོད་དུ་དར་འགོ་ཚུགས། པན་ཆེན་དང་གོང་ས་མཆོག་གཉིས་ཀྱང་འགལ་འདར་གྱུར། པན་ཆེན་གྱིས་རྒྱ་ནག་ལ་དཔུང་བཅོས། ཕྱིས་སུ་དགེ་བཤེས་ཤེས་རབ་རྒྱ་མཚོ་དང་། འབའ་ཕུན། པན་ཆེན། ངག་ཕོད་ཁོང་རྣམས་རྒྱ་དམག་ཁྲིད་མཁན་ལྟར་མཐོང་སྲིད་ཀྱང་དོན་དུ་དེ་འདྲ་གཏན་ནས་མིན། གོང་ས་ལྔ་པ་ཆེན་པོའི་སྐབས་ནས་བོད་དེ་རྒྱ་ལག་ཏུ་བཞག་ཟིན། ཞྭ་དམར་གྱིས་གོར་དམག་ཁྲིད་པའི་དབང་དུ་བཏང་ཡང་དེ་ནི་བླ་བྲང་ཞིག་གི་དོན་དུ་ལས། བོད་གཞུང་ལ་དམག་དྲངས་པ་མ་ཡིན་པར་གསལ། བོད་གཞུང་གིས་དེ་ལས་ལྡོག་སྟེ་ཕྱོགས་ཞེན་གྱིས་བཟི་སྟེ་ཡངས་ཅན་དགོན་པ་དགེ་དགོན་དུ་བསྒྱུར་བ་མ་ཟད། ཞྭ་དམར་གྱི་དབུ་ཞྭ་དམར་པོ་དང་། ནང་རྟེན་བྱིན་ཆེན་རྣམས། ཕོ་བྲང་པོ་ཏ་ལའི་མདུན་ཐང་དུ་མཆོད་རྟེན་ཡོད་སའི་གཞུང་ལམ་གྱི་འོག་ཏུ་སྦས་ཡོད། སྔར་མ་ཡིན་ན་ཡངས་ཅན་གྱི་མི་རྣམས་ལམ་དེར་རྩ་བ་ནས་འགྲོའི་མེད། དེ་ནས་བོད་དུ་གསེར་བུམ་དཀྲུག་རྒྱུ་དང་།
སྤོབས་པ་ལགས། གང་ལྟར་སྡེ་པ་གཞུང་རྒྱ་དམག་གི་མགོ་སྐོར་འོག་ལ་ཚུད་སོང་བ་ལས། དམིགས་ཡུལ་ནི་གོར་དམག་གིས་བོད་ཀྱི་སྟོད་ཕྱོགས་ཀྱི་ས་ཁུལ་མང་པོ་ཞིག་ལ་དཔུང་འཇུག་བཙན་འཛུལ་བྱས་པ་དེ་དག་ལས། བོད་ས་ཤོར་སོང་བ་རྣམས་ཚུར་ལེན་རྒྱུ་དང་མ་ཤོར་བ་རྣམས་སྲུང་སྐྱོབ་ཀྱི་ཆེད་དུ་རྒྱ་ནག་གཞུང་ལ་རོག་སྐྱོར་ཞུས་ཡོད་པ་དངོས་ཡོད་རེད། རྒྱ་དམག་གིས་གཏོར་བརླགས་བྱས་པ་བརྒྱ་འགྱུར་སྟོང་འགྱུར་མི་ཤེས་ཏེ་ལམ་ཁེལ་གྱི་བོད་སྡེ་རྣམས་ལ་རྡབ་གསིགས་བཟོས་ཡོད་པ་ནི་བཤད་མ་དགོས་པ་རེད།
ལུང་རྟོགས་ཕྱོགས་ཞེན་གྱིས་མ་བཟི། དྲང་བདེན་གསུང་དང་དེང་སང་མང་གཙོ་རེད། ཁྱོད་ཀྱིས་འདི་འདྲ་འཁྱོག་བརྗོད་གནང་དུས། ངས་ད་དུང་དྲང་ཤག་བཤད་འདོད་ཡོད་ཀྱང་། བླ་མ་རྣམ་པར་དད་དམ་ལོག་མ་ཡོང་ངམ་སྙམ་ནས། ང་སྐྲག་གི། འདི་ཡང་བླ་མ་སྐྲག་བཞིན་བྲིས་ཡིན།
འོན་ཀྱང་དམག་ཞེས་པ་དེ་གང་དུ་སོང་ཡང་ལམ་ཁེལ་མི་མང་ལ་རྡབ་གསིགས་འགྲོ་བ་ནི་ཆོས་ཉིད་རེད། དཔེར་ན་སྔོན་མ་གློ་སྒྲིགས་འཛུགས་ཀྱི་སྐབས་སུ་ཆུ་སྒང་གི་དམག་མི་ཚོས་གློ་པའི་བུད་མེད་ལ་བཙན་གཡེམ་དང་། ལམ་ཁེལ་མི་མང་གི་རྒྱུ་ནོར་འཕྲོག་བཅོམ་བྱས་པ་ལྟ་བུ་རེད།
ཚེ་རིང་ལགས། དྲང་བདེན་ཞེས་པ་དེ་ཁྱེད་རང་གི་བསམ་པ་ལྟ་བུ་ཞིག་ཡིམ་པའི་ངེས་པ་མེད། མིག་གཉིས་ཀ་གདང་ནས་ལེགས་པར་ལྟོས་དང་གཞི་ནས་དྲང་བདེན་སུས་བཤད་ཀྱི་ཡོད་པ་ཧ་གོ་ན་ཐང་།
ཀརྨ་ཞྭ་དམར་བས་གོར་དམག་བོད་དུ་ཁྲིད་ཡོང་བ་རེད་ཟེར་བའི་སྐད་ཆ་འདི་ད་སྔ་བོད་ཀྱི་ལོ་རྒྱུས་ཀྱི་ངོས་ཐད་ནས་བཤད་ན་ཕྱོགས་གཅིག་གི་སྐད་ཆ་ཙམ་རེད། མང་བོ་ཞིག་གིས་འདི་ནི་དོན་དངོས་ཤིག་ཡིན་པ་གཞིར་བཞག་གིས་བསམ་ཚུལ་གསུང་གིན་འདུག་མོད། ཁོ་བོ་ལ་ནི་ད་དུང་ཡང་འདི་ལ་རེ་དྭོགས་མང་དུ་འབྱུང་བཞིན་ཡོད། ལོ་རྒྱུས་ཀྱི་དེར་ཐེར་མཐུག་པོ་དག་ལ་ཞིབ་འཇུག་ཚད་ལྡན་རེ་བྱེད་གཏུབ་ཚེ། ང་ཚོ་ལ་དོན་དངོས་ཀྱི་ལོ་རྒྱུས་གཞན་ཞིག་ཀྱང་འབྱུང་མི་སྲིད་པ་མིན། ལོ་རྒྱུས་ཀྱི་ཕྱོགས་གཅིག་ལ་ཉན་ནས་དོན་དངོས་ཡིན་ཤག་བྱེད་པ་ནི་ཆོས་ལུགས་ལྟ་གྲུབ་ཀྱིས་བསླད་པའི་འདོད་ཚུལ་ཙམ་པོ་བ་ལས། དྲང་མོ་དྲང་བཞག་གི་ལས་གཉེར་སྟངས་ཤིག་ཏུ་གཏན་ནས་མིན། དེས་ན། ང་ཚོས་དང་ཐོག་མོ་གཤམ་བུའི་མགོ་ན་ར་ཡོད་དང་མེད་ཟེར་བའི་རྩོད་པའི་གླེང་རྙོག་འདི་རྒྱབ་ལ་བསྐྱུར་ནས། ར་ཡོད་མེད་རྩོད་སའི་མོ་གཤམ་བུ་ཁོང་རང་ཡོད་དང་མེད་ལ་དབྱེ་ཞིབ་ཕྲན་རེ་གནང་གཏུབ་ཚེ་ཁེ་བཟང་ཆེ་སྙམ། ལར་ཀརྨ་ཞྭ་དམར་བས་གོར་དམག་བོད་དུ་ཁྲིད་ཡོང་བའི་དབང་དུ་བཏང་རུང་། ང་ཚོས་གོར་དམག་ཁྲིད་ཡོང་པའི་གནས་བབས་འདི་གཅིག་པུའི་ཆ་ནས་སྡིགས་ར་གཏོང་བ་དང་དམོད་པོ་མི་བྱེད་པར། ངེས་པར་དེ་རྒྱུ་རྐྱེན་གང་ཞིག་གི་དབང་གིས་བྱུང་མིན་དང་།གནད་འགག་གང་འདྲ་ཞིག་ལ་ཐུག་ཡོད་མེད་དཔྱད་ཞིབ་ཡང་དག་ཅིག་གནང་རྒྱུ་གལ་འགངས་ཆེ། དེ་མིན། ཧོར་དམག་དང་རྒྱ་དམག་ཁྲིད་ཡོང་བ་ཡག་པོ་ཡིན་པ་དང་། གོར་དམག་ཁྲིད་ཡོང་བ་སྡིག་ཅག་ཅིག་ཡིན་པར་སྨྲ་བ་ནི་ལབ་རྡོལ་ཙམ་མོ།
རེད་ལགས། སྐུ་ཞབས་ལུང་རྟོགས་ལགས། ངས་གོང་དུ་ཞུས་ཡོད། རྒྱལ་བ་པན་ཆེན་ཡིན་ན་ཡང་འདྲ། ཀལྨ་པ་ཞྭ་དམར་ནག་ཡིན་ན་ཡང་རེད། སྤྲུལ་སྐུ་ངོས་འཛིན་ལམ་ལུགས་འདི་ཆོས་སྲིད་ཟུང་འབྲེལ། སྒེར་གཅོད་རུལ་སུང་། བཀས་བཀོད་བརྒྱུད་འཛིན་ལམ་ལུགས་ཀྱི་ཆ་ཤས་ཞཤིག་ཡིན་དུས་ཡག་པོ་ཞིག་ཅང་མེད་པ་རེད། འདི་རིགས་ཀྱི་དོན་དུ་ང་ཚོས་ཆགས་སྡང་བསགས་ན་ཕན་ཐོགས་གང་ཡང་མི་འདུག ཡིན་ན་ཡང་། ལོ་རྒྱུས་དོན་དངོས་ལ་གཤིབ་བསྡུར་བྱེད་ཐུབ་ཡག་པོ་རེད། འདི་ཚོ་ཡང་བོད་ཀྱི་ལོ་རྒྱུས་ཀྱི་ཆ་ཤས་རེ་རེ་རེད།
མང་པོ་བཤད་པ་ལས་འདི་ལ་ལྟོས་དང་ལྟ་རྒྱུ་འདུག http://kagyuoffice.org/official-announcement-regarding-the-passing-away-of-kunzig-shamar-rinpoche-from-the-gyalwang-karmapa/
ཨ་རོགས་ཆོས་འཕེལ་མང་པོ་ཅི་ཞིག་བཤད། ཁ་ནག་ཁོ་མགོ་འབུར་ནས་བཟུང་དེ་ལྟར་ཆགས་པ་མ་ཡིན་ནམ། ད་དུང་བལྟས་ཀྱི་བལྟད་མོ་མང་པོ་མཐོང་རྒྱུ་ཡོད་ས་རེད། ལས་སྨོན་ལོག་པ་དེ་ཚོ་ཐ་བས་ཆོད་ཡ།
དགེ་ལུགས་པའི་མགོ་སུ་རེད། ཏ་ལའི་བླ་མ་རེད་དམ་དགའ་ལྡན་ཁྲི་བ་རེད། དགའ་ལྡན་ཁྲི་བ་ལ་ཏཱ་ལའི་བླ་མས་ཕྱག་འཚལ་རེད་དམ་དགའ་ལྡན་ཁྲི་བ་ནས་ཏཱ་ལའི་བླ་མ་ལ་ཕྱག་འཚལ། དེའི་རྒྱུ་མཚན་གསལ་བོ་ཞིག་བྱུང་ན་ད་གཟོད་དགའ་ལྡན་ཕོ་བྲང་དེ་དགེ་ལུགས་པ་ཁོ་ནའི་བདག་དབང་ཡིན་མིན་ཞིག་འདུག གཞན་དགེ་ལུགས་པས་རྒྱ་དམག་བོད་ལ་དྲང་ཟེར་བསྡད་ན་ལོ་རྒྱུས་ལ་སྐྱོག་བཤད་དུ་འགྲོ་བའི་གཉེན་ཁ་འདུག་བསམ། ངེད་ནས་ཧ་གོ་བ་ཞིག་ལ་རྗེ་ཙོང་ཁ་བ་ནི་རྒྱ་ནག་ལ་ཕེབས་ཡོད་མེད།
གོར་དམག་འགོག་པའི་ཆེད་དུ་རྒྱ་དམག་བོད་དུ་གདན་འདྲེན་པ་དེ་ནི་རྐུན་མ་འགོག་པའི་ཆེད་དུ་ཇག་པ་གདན་འདྲེན་ཞུས་པ་དང་གཅིག་པ་རེད། དེ་ནི་ལུང་རྟོགས་ཀྱིས་དྲ་མཆན་པ་གཞན་འཇོམ་པའི་ཆེད་དུ་སྤྱི་རྒྱུ་སྒེར་བདག་བྱེད་མཁན་དང་ཁེ་ཕན་རིང་ལུགས་པ་ཚོར་འགེབས་སྲུང་བྱེད་པ་ཀུན་ཏུ་མཚུངས། མདོར་འདེད་ན་སྐབས་དེར་སྡེ་པ་གཞུང་གིས་རྒྱ་དམག་བསྐོང་བ་དེ་རྒྱལ་ཁབ་སྲུང་སྐྱོབ་ཁོ་ནའི་ཆེད་དུ་མ་ཡིན་པར་དགེ་ལུགས་པ་རྒྱ་སྐྱེད་བྱེད་པའི་དམིགས་ཡུལ་གཞན་ཡོད་པ་རེད། དཔེར་ན་ལུང་རྟོགས་ཀྱིས་དྲ་མཆན་པ་གཞན་ལ་ཁ་གཏད་གཅོག་པ་དེ་བཙན་བྱོལ་སྒྲིག་འཛུགས་ཀྱི་ཆེད་མཐོང་སྲུང་སྐྱོབས་ཀྱི་ཆེད་དུ་མ་ཡིན་པར་སྤྱི་རྒྱུ་སྒེར་བདག་བྱེད་མཁན་དང་ཁེ་ཕན་རིང་ལུགས་པ་ཚོ་རྒྱ་བསྐྱེད་བྱེད་ཐབས་རེད། དེ་ལྟར་བྱུང་ན་སྤྱི་ཚོགས་ཧྲིལ་བོ་རུལ་སུངས་ཀྱི་ཡོལ་བས་བསྒྲིབས་ཐུབ་པ་དང་། ཡོལ་བ་དེའི་རྒྱབ་ཏུ་ཁོ་ཚོས་མུ་མཐུད་མི་དམངས་ཀྱི་ཤ་ཁྲག་འཇིབས་ཐུབ་པ་དང་། ཕོ་རྒྱོ་རྒྱ་སྐྱེད་བྱེད་ཐུབ་པ་སོགས་མུན་ནག་གི་ཟློས་གར་རྒྱུན་མར་འཁྲབ་ཐུབ་ངེས་རེད། དཔེར་ན་ཕོ་རྒྱོ་དང་མོ་རྒྱོ་གཉིས་ཀར་བྱང་ཆ་ལྡན་པའི་ཨ་ལགས་འཇིག་མེད་ལྟ་བུ་སྲིད་པའི་མཐའ་ལ་སླེབས་རུང་ནག་འདེད་བྱེད་ཐུབ་ཀྱི་མེད། དེ་འདྲ་མ་རེད་དམ་སྐུ་ཞབས་ལུང་རྟོགས་ལགས། ད་ཨ་ཅ་ར་ཡེ་ཤེས་ཕུན་ཚོགས་ཀྱི་རྣམ་ཐར་ཞིག་གསུངས་ན་ག་འདྲ་འདུག ངས་བལྟས་ན་དེ་ཚོའི་སྐོར་སྐུ་ཞབས་ལུང་རྟོགས་ཀྱིས་སྦར་མཐིལ་ནང་བལྟས་པ་འདྲ་བོ་ཞིག་ཡོད་ངེས་རེད། དྲ་གྲོགས་ཚོ་རིམ་པ་དེ་ནས་སྒོ་ཞིག་བརྡུང་ན་ཐང་།
ལུང་རྟོགས་ལགས་སུ་འདྲི་བ་ཞིག་ལ། དེ་སྔ་ཁྱོད་ཀྱིས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་ཁང་ཏུ་འདྲི་གཅོད་བྱས་ན་ལེགས་ཚུལ་ལས། དྲ་རྒྱའི་ནང་གླེང་སློང་བ་དགོས་མེད་ཡིན་སྐོར་བརྗོད་སོང་། དེ་ཡིན་ན་ཁྲིམས་ཞིབ་ཁང་དེར་ཁྱོད་རང་ཡིད་ཆེས་དང་རེ་བ་ཡོད་པ་མཚོན་གྱི་ཡོད། འོ་ན་དེས་ཐག་གཅོད་བྱས་པའི་སྤྱི་རྒྱུ་སྒེར་བདག་གི་འགྱོད་གཞི་དེ་ཁྱོད་རང་གིས་ཁས་ལེན་བྱེད་མ་ཐུབ་པ་དེ་ག་རེས་ལན་པ་རེད་དམ། ངས་ལྟས་ན་ཁྱོད་རང་དེ་རིང་བར་དྲ་རྒྱའི་ནང་ས་སྐྱའི་འབག་མོ་ཤོར་བ་ནང་བཞིན་བྱེད་པ་དེ་དང་གོང་གི་ནག་ཚོགས་ཀྱི་བྱ་སྤྱོད་དེ་ཚོའི་བར་དེ་ཀའི་འབྲེལ་བ་ཡོད་ལ། ཁྱོད་རང་གི་རིན་ཐང་ངོ་མ་ཡང་དེ་ག་རང་ཡིན་པ་གོ་བར་བྱོས།
ས་ལེ་སྦྲམ་ལགས། ཞྭ་དམར་པས་གོར་དམག་བོད་ལ་དྲངས་ཡོང་བ་དེ་ལོ་རྒྱས་དེབ་ཐེར་དག་ན་གསལ་ཐིང་ངེར་འཁོད་ཡོད་པ་རེད། གལ་ཏེ་དེ་དག་བདེན་པ་མིན་པའི་ཁུང་ཞིག་སྐྱེལ་རྒྱུ་ཡོད་ན་གསུང་རོག་གནང་། དེ་མིན་དོན་དངོས་ཀྱི་ལོ་རྒྱུས་གཞན་ཞིག་འབྱུང་མི་སྲིད་པ་མིན་ཟེར་བ་ནི་ཚོད་དཔག་ཙམ་ལས་གནས་ལུགས་བཤད་སྟངས་ཤིག་མ་རེད། གཉིས་ནས་རྒྱ་དམག་དང་སོག་དམག་ཁྲིད་ཡོང་བ་ཡག་པོ་དང་། གོར་དམག་ཁྲིད་ཡོང་སྡུག་པོ་རེད་ཅེས་དབྱེ་འབྱེད་བྱེད་མཁན་སུ་ཡང་མི་འདུག་པས། མདའ་སྟོང་འཕེན་ལ་དགའ་བའི་རྒན་ཁྱེད་རང་གིས་ཡང་བསྐྱར་འབེན་མེད་སར་མདའ་ཞིག་འཕངས་པ་ལས་ཅི།
སྤོབས་པ་ལགས། སྤྲུལ་སྐུའི་ལམ་ལུགས་འདིས་གནའ་སྔ་མོ་བོད་ཀྱི་ཆོས་སྲིད་གཉིས་ལ་ཕན་ཐོག་པའི་ལོ་རྒྱུས་མེད་པ་མིན་ཡང་། དེང སང་ནི་ལམ་ལུགས་འདི་རྒྱུ་ཆེན་དབང་ཆེན་ཚོའི་རང་ཉིད་ཀྱི་དབང་ཆ་དང་གོ་ཐོབ་རྒྱ་སྐྱེད་ཀྱི་ལག་ཆ་ཙམ་གྱུར་ཡོད་དངོས་ཡོད་གནས་ཚུལ་ལ་སོང་། ང་ཡང་ལམ་ལུགས་འདི་འཇུག་སྒྲིལ་རྒྱུར་བརྒྱ་ཆ་བརྒྱ་མོས་མཐུན་ཡོད་མཁན་ཞིག་ཡིན། དེས་ན་ཀརྨ་པ་ཞྭ་དམར་ནས་འགོ་བརྩམ་ནས་མིག་དཔེ་བཟང་པོ་ཞིག་བཞག་རྒྱུའི་རེ་བ་ཡོད། འོན་ཀྱང་ད་ལྟ་ནས་ཡང་སྲིད་མྱུར་བྱོན་གསོལ་འདེབས་སོགས་མང་ལུག་ལ་ལྟས་ན་ཡང་སྲིད་ཁ་ཤས་ཤིག་མི་ཡོང་བའི་ངེས་པ་མི་འདུག
དབྱིན་མིང་ཅན་ལགས། བརྒྱ་བཤད་སྟོང་ལ་བཤད་ཀྱང་བོད་མིའི་སྒྲིག་འཛུགས་ལས་བཟང་བའི་སྲིད་གཞུང་ཞིག་གསེར་གྱི་ཞུན་མར་ཁྱེར་ནས་བརྩལ་དུ་སོང་ན་ཡང་རྙེད་རྒྱུ་མེད་པ་རེད། བོད་མའི་སྒྲིག་འཛུགས་ནང་ལ་རུལ་སུང་བ་ཡོད་མེད་སོགས་ཀྱི་ཐད་ལ་སྔར་ནས་བགྲོ་གླེངས་བྱས་ཟིན་པ་ཡིན་ལ། དེའི་སྐབས་སུ་ཁྱེད་ཚོ་ལ་གནས་ལུགས་རྒྱུ་མཚན་ཅི་ཡང་བཤད་རྒྱུ་མི་འདུག་པས་འདིར་བསྐྱར་བཤད་དགོས་པ་མི་འདུག་ལ། བརྗོད་གཞི་འདི་དང་ཡང་འབྲེལ་བ་མེད་པས་ལེན་འདེབས་རྒྱུའི་ངལ་བ་རྟེན་འདོད་མེད། གང་ལྟར་སྒྲིག་འཛུགས་ལ་ཡིན་ན་འདྲ། མི་སྒེར་ལ་ཡིན་ན་འདྲ་ཚིག་ངན་བཤད་ནས་རྒྱལ་ཁ་ཐོབ་པར་འདོད་པ་ནི། མི་གཅོལ་ཆུང་དང་མ་རབ་དག་གི་བྱ་སྤྱོད་ཡིན་པ་ཤེས་པར་གྱིས།
སྐུ་ཞབས་ལུང་རྟོགས་ལགས། སྤྲུལ་སྐུ་ཚོས་མིག་དཔེ་བཟང་པོ་ཞིག་ཨེ་འཇོག་ལྟ་བའི་རེ་བ་བརྒྱབ་ན་ཕན་ཐོགས་མི་འདུག རེ་བ་བརྒྱབ་ས་ཅང་མི་འདུག དེ་ལས་ལྡོག་སྟེ་སྤྲུལ་སྐུ་ལ་མི་རེ་བའི་སྤྱི་ཚོགས་ཤིག་འཛུགས་སྐྲུན་ཐུབ་དགོས་ཀྱི་འདུག ཀརྨ་པ་ཞྭ་དམར་ནག་དང་རྒྱལ་བ་པན་ཆེན་ནས་བཟུང་སྟེ་ད་ནི་སྤྲུལ་སྐུ་ངོས་འཛིན་གྱི་ལམ་ལུགས་འདིས་ང་ཚོ་མི་སྐྱོབ་པའི་བདེན་དོན་ངོ་འཕྲོད་ཐུབ་དགོས་ཀྱི་འདུག དེར་བརྟེན། མི་དྲགས་འདི་ཚོ་གྲོངས་པའི་རྗེས་སུ་ཡང་། བོད་མི་བྱིངས་ཀྱིས་སྤྲུལ་སྐུ་མྱུར་འབྱོན་གྱི་གསོལ་འདེབས་བྱེད་པ་ལས་ལྡོག་སྟེ་ཡང་སྲིད་ངོས་འཛིན་མི་བྱེད་པའི་གསོལ་བ་འདེབས་དགོས་ཀྱིན་འདུག
སྤོབས་པ་ལགས། དེས་ན་སྤྲུལ་སྐུའི་ལམ་ལུགས་འདི་འཇུག་སྒྲིལ་བའི་ལས་འགུལ་ཞིག་སྤེལ་ན་ཅི་འདྲ་འདུག ཁྱེད་ཀྱིས་སྣེ་ཁྲིད་གནང་ན་ང་ནི་ཨང་དང་པོར་མཉམ་ཞུགས་བྱེད་རྒྱུ་ཡིན། དེ་མིན་དྲ་ཐོག་ལ་སྐྱོན་བརྗོད་བྱས་ནས་སྡད་པ་ཙམ་གྱིས་ཕན་ཐོག་ཡོང་ཁག་པོ་རེད།
ཐུགས་རྗེ་ཆེ། སྐུ་ཞབས་ལུང་རྟོགས་ལགས། ཡང་སྲིད་ངོས་འཛིན་ལམ་ལུགས་འདི་རྩ་བ་བརྟན་ཞིང་ཡལ་ག་རྒྱས་ཟིན་པའི་ལམ་ལུགས་ཤིག་ཡིན་དུས་ལས་སླ་པོར་མེད་པ་བཟོ་མི་ནུས། ལྷག་པར་ཡང་། དཔལ་འབྱོར་འདུ་འགོད་དང་འབྲེལ་བ་ཆེན་པོ་ཡོད་དུས་སྲིད་ལམ་ལུགས་འདིས་དེང་རབས་སྤྱི་ཚོགས་ཁྲོད་དུ་ཡང་འགུལ་སྐྱོད་ཤུགས་ཆེན་རྒྱག་གི་ཡོད། ད་ཆབ་སྲིད་དང་ཡང་འབྲེལ་བ་དམ་ཟབ་ཡོད་པས་རྒྱ་དམར་གཞུང་གིས་ཀྱང་ཡང་སྲིད་ལམ་ལུགས་འདི་ལག་ཆར་རྩེད་མོ་རྩེ་རྒྱུར་ཐག་བཅད་ཚར་འདུག་པས་ཤི་མ་གསོན་གྱི་འཕག་འཚག་དེ་ཡུན་རིང་པོ་ཞིག་ལ་རྒྱག་པར་ཐག་གཅོད་ནུས་པ་ཞིག་རེད། མི་རེ་རེ་ནས་གོ་རྟོགས་སྐྱེས་ཐུབ་ན་རིམ་གྱིས་ནུས་པ་ཐོན་པར་ཡིད་ཆེས་ཡོད། དྲ་ཐོག་ཏུ་བསམ་ཚུལ་བརྗེ་རེས་དང་གོ་རྟོགས་སྤེལ་རེས་བྱེད་པ་དེ་ཡང་ལས་འགུལ་གྱི་སྔོན་འགྲོ་ཡོད་ན་མེད་ན་ཞིག་རེད།
ཐོག་མར་སྐུ་ཞོགས་ལུང་རྟོགས་ཚང་གིས་སི་ཏུའི་ཀརྨ་པ་བཟོས་པའི་རྫུན་ལ་ཡིད་ཆེས་མེད་པ་དང་འཕྲིན་རྡོར་གྱིས་དམ་པའི་ཆོས་ཀྱིས་རྩེད་མོ་དང་རྐང་རྩེད་པོ་འཁྲབ་པ་ནང་བཞིན་ཡིན་པར་ཁས་བླངས་དང་རྒྱུ་ཆ་དང་རྩ་བའི་རྫུན་ཕུག་ཅིག་རྡོལ་བ་རེད། རང་སྐྱོན་རང་གིས་ངོས་ཟིན་པ་རེད། དེ་ནས་སྤོབས་པ་མཐའ་ཡས་མཆོག་གིས་ལས་འགུལ་ལ་མཉམ་ཞུགས་བྱེད་ཆོག
# 118 Tenlay Norbu་ལགས་ཀྱིས་།
་་་་་་་ངས་ལྟས་ན་ཁྱོད་རང་དེ་རིང་བར་དྲ་རྒྱའི་ནང་༼ས་སྐྱའི་འབག་མོ་ཤོར་བ་༽ནང་བཞིན་བྱེད་པ་དེ་དང་གོང་གི་ནག་ཚོགས་ཀྱི་བྱ་སྤྱོད་དེ་ཚོའི་བར་དེ་ཀའི་འབྲེལ་བ་ཡོད་ལ། ཁྱོད་རང་གི་རིན་ཐང་ངོ་མ་ཡང་དེ་ག་རང་ཡིན་པ་གོ་བར་བྱོས། ་་་་་
འཕྲིན་ནོར་ལགས། ས་སྐྱའི་འབག་མོའི་སྐོར་ལ་ཅིག་གསུང་དང་། ཉན་འདོད་ཆེ།
ཨ་ཕྱི་རྒན་མོ་ལགས། ཀརྨ་པ་རྫུན་མ་སུས་བཟོས་མིན་ནི་རྩིད་གཞི་ཙམ་ལས་སི་ཏུས་རྫུན་མ་བཟོའ་པའི་ཁུང་བསྐྱེལ་གང་ཡང་མེད་པ་རེད། འོན་ཀྱང་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་མཛད་འཕྲིན་ལ་ལྟས་ན་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་འདི་མཐའ་ཡས་རྡོ་རྗེ་ཕར་ཞོག བོད་ཀྱི་ན་གཞོན་བླ་ཆེན་ཚོའི་ཁྲོད་ནས་རྩོ་མོར་ཐོན་པ་ཞིག་ཡིན་པ་ནི་སུས་ཀྱང་སྙོན་དུ་མེད་པ་རེད། དེས་ན་ཀརྨ་པའི་ཡང་སྲིད་ཀྱི་རྫུན་ཕུག་རྡིབ་པའི་དུས་ཤིག་བྱུང་ན་ཐོག་དང་པོ་མཐའ་ཡས་རྡོ་རྗེ་ཡིན་པ་བརྒྱ་ཆ་བརྒྱ་རེད།
ཨ་ཁུ་སྤོབས་པ་ལགས། དེ་ག་རང་རེད། ཡང་སྲིད་ལམ་ལུགས་འདི་ནི་རྩ་བ་བརྟན་ཞིང་རྩེ་མོ་རྒྱས་ཟིན་པ་ཞིག་ཡིན་དུས། ལས་བསླ་པོས་མེད་པ་བཟོ་ཐུབ་པ་ཞིག་མིན་ཚོད་རེད་ལ། ཕུག་རྒྱང་རིང་པོའི་ཆ་ནས་མེད་པ་བཟོ་ཐུབ་པའི་དབང་དུ་བཏང་ཡང་། ང་རང་ཚོའི་མི་ཚེ་འདི་ལ་ནི་སྙིང་ཚིམ་པོའི་ལྟད་མོ་དེ་མཐོང་དཀའ་ཚོད་རེད།
ཨ་ཕྱི་ཟེར་བའི་འདི་ན་འབྲེལ་མེད་སྐད་ཆ་དེ་ཅི་ཡིན་ནམ
ཨ་ཕྱི་ལགས། སྦྱིན་པ་ག་ཚོད་བཏང་ན། དེའི་ཚོད་ཀྱིས་ཕྱུག་པོ་ཆགས་བགྱིད་རེད། དེས་ན་གཞན་གྱི་དངུལ་རྩིས་མ་བྱས་པར། རང་གིས་སྦྱིན་པ་གང་ཐུབ་གཏོང་དང་། ཁྱེད་རང་ཡང་་་་་
ཧཧཧ ཨ་ཕྱི་རྒན་མོ། རྩོམས་མཁན་སུ་ཡིན་མེད་པའི་རྩོམས་འཆལ་འདི་འདྲ་ཞིག་གིས་ཀརྨ་པ་ནག་པོ་བཟོ་བསམ་པ་ནི་ཉིན་མོའི་རྨི་ལམ་སྐྱིད་པོ་ཞིག་རེད། ཉེ་ཆར་བྱུང་བའི་དངུལ་གྱི་དོན་རྐྱེན་དེ་ནི་ཀརྨ་པའི་ཕྱག་མཛོད་ཚོས་མ་འཇོན་པའམ། རྩོམ་འཆལ་འདིས་ནང་དུ་གསལ་བ་ལྟར་རྒྱ་གར་གཞུང་གིས་ཆོག་མཆན་མ་ཐོབ་པའི་དབང་གིས་དེ་ལྟར་མ་ཉར་རང་ཉར་བྱུངས་ཡོད་པ་རེད། ད་འོ་ན་ཆོག་མཆན་མེད་པར་དངུལ་ཉར་མི་ཆོག་པ་ཤེས་བཞིན་དུ་དད་ལྡན་གྱིས་ཕུལ་བའི་དངུལ་ལེན་དོན་ཅི་རེད་ཟེར་ན། དེ་ནི་སྤྱིར་དངུལ་ལ་མི་དགའ་ཞིང་དངུལ་མི་མཁོ་བའི་མི་ཞིག་མེད་པ་རེད་ལ། ལྷག་པར་དུ་ཀརྨ་པས་རྒྱུད་སྟོད་ཀྱི་ཉེ་འཕྲིས་ཤིག་ལ་དགོན་པ་བཞེང་རྒྱུའི་གྲ་སྒྲིག་གིས་ས་ཆེན་པོ་ཞིག་ཉོས་ཡོད་པ་བཤད་སོང་བས། དངུལ་མེད་པར་ས་ཆ་མི་རག་པ་དང་དགོན་པ་བཞེང་མི་ཐུབ་པ་ནི་མི་སུ་ཡིན་ཡང་ཤེས་གསལ་རེད། དེས་ན་ཕྱག་མཛོད་ཚོས་ཐབས་ཟད་འུ་ཐུག་གིས་དངུལ་དེ་ལྟར་ཉར་དགོས་བྱུང་ཡོད་པ་གསལ་པོ་ཆགས་འདུག
གཉིས་ནས་ཀརྨ་པ་རྒྱ་ནག་གི་དོན་གཅོད་ཡིན་མིན་གྱི་དོག་པ་དེ་ནི། དོག་པ་མེད་སར་དོག་པ་བསླང་ནས་ཆོད་རྒྱུ་མེད་པའི་ཆོད་ཆོད་བྱས་པ་ལས་གནས་ལུགས་ཡང་དག་གང་ཡང་མེད་པ་གསལ་པོ་རེད། དེ་ཡང་ཁོང་རྒྱ་གཞུང་གི་པང་ཁར་གཉོར་སྐྱོང་བྱེད་མྱོང་བ་དང་། རྒྱ་ནག་གི་མཐོ་རིམ་དཔོན་རིགས་མང་པོ་དང་འབྲེལ་གཏུག་ཟབ་པོ་བྱུང་མྱོང་བ་ཙམ་གྱིས་རྒྱ་གཞུང་གི་དོན་གཅོད་རེད་ཟེར་ན། འོ་ན་གོང་ས་མཆོག་ཀྱང་རྒྱ་གཞུང་གི་དོན་གཅོད་དུ་འགྱུར་ཏེ་རྒྱུ་མཚན་མཚུངས་པའི་ཕྱིར་རོ། དེ་བཞིན་ཨ་རིར་གནས་བཞུགས་སྐུ་འབུམ་དགོན་པའི་མཁན་པོ་ཨ་རྒྱ་རིན་པོ་ཆེ་སོགས་འདི་འདྲ་མང་པོ་ཞིག་ཡོད་པས་དེ་དག་ཀྱང་ཅིའི་ཕྱིར་དོག་པའི་གནས་སུ་མི་འགྱུར་བ་རེད། བོད་དང་ཁ་བྲལ་དོན་ཡང་ཁོང་གིས་རྒྱ་གཞུང་གི་འདོད་པ་སྒྲུབ་ནས་གོང་ས་མཆོག་ལ་ཁ་གཏད་གཅོག་འདོད་མེད་པ་དང་། བོད་མི་རིགས་ཀྱི་ཞབས་འདྲེན་ཞུ་འདོད་མེད་པར་བྲོས་བྱོལ་ལ་ཡོང་བ་གསལ་པོ་རེད་ལ། བོད་ནང་གི་མི་མང་ཚོས་ཀྱང་དེ་ལྟར་ཡིད་ཆེས་བྱས་ནས་ཁོང་ལ་གུས་བླ་ལྷག་ཏུ་བྱེད་ཀྱི་ཡོད་པ་མངོན་གསལ་རེད། ཁོང་རྒྱ་ནག་གི་མི་མང་པོ་དང་འབྲེལ་བ་ཡོད་པར་བཤད་པ་ཡང་བླ་མ་དང་སྦྱིན་བདག་གི་འབྲེལ་བ་ཡོད་ངེས་ལ། དེ ནི་ཁོང་ཙམ་མིན་པར་བོད་ཀྱི་བླ་ཆེན་ཕལ་མོ་ཆེའི་སྦྱིན་བདག་ནི་རྒྱ་རིགས་ཚོ་ཡིན་པ་མཐོང་ཆོས་རེད། ཁོང་གི་སྐུ་འཁོར་ནང་མ་ཞིག་ལ་དོག་གཞི་བྱས་ནས་རྒྱ་གར་གཞུང་གིས་འཛིན་བཟུང་བྱས་པ་དང་། དེ་བཞིན་རྒྱ་གར་གཞུང་གིས་ཁོང་ལ་ད་ལྟའི་བར་དུ་དོག་པ་བྱེད་དགོས་པའི་རྒྱུ་རྐྱེན་ངོ་མ་ནི་ཞྭ་དམར་ཕྱོགས་ཁག་གི་ངན་སྐུལ་ལ་ཐུག་ཡོད་པ་རེད།
དེ་བཞིན་རྩོམ་ཆག་འདིས་ནང་གསལ་བ་བཞིན་རྒྱ་དམར་གཞུང་གིས་ཁོང་ལ་གོ་ས་དང་དངུལ་དངོས སོགས་ཀྱི་བསླུ་འབྲིད་ཇི་ཙམ་བྱས་ཀྱང་། དེ་དག་ལ་མགོ་མ་འཁོར་བར་གོང་ས་མཆོག་དང་བོད་མི་རིགས་ཐུགས་ལ་བཅང་ནས་བཙན་བྱོལ་ལ་ཕེབས་ཡོང་བ་རེད་ལ། བོད་མི་ཕལ་མོ་ཆེས་དེ་ལྟར་ངོས་འཛིན་གྱིས་ཁོང་ལ་དམིགས་གསལ་ཆེ་མཐོང་དང་དད་གུས་ཞུས་ནས། གོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེ་ཁོང་གསུམ་བོད་ཀྱི་ཉི་ཟླ་སྐར་གསུམ་དུ་བརྩིས་ནས། གཞས་སོགས་ཀྱི་ལམ་ནས་སེམས་གཏིང་གི་དད་འདུན་མངོན་ཐབས་བྱེད་ཀྱི་ཡོད་ཀྱང་། མི་ལ་ལ་ཞིག་གི་ལྟ་སྟངས་དེ་ལས་ཏག་ཏག་ལྡོག་ཕྱོགས་ཏེ་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་ལ་རྒྱ་དམར་གཞུང་གིས་བརྩེ་མཐོང་རོགས་མགོན་ཤུགས་ཆེར་བྱེད་བཞིན་པའི་སྐབས་འདིར་གློ་བུར་དུ་རྒྱ་དམར་ལ་རྒྱབ་གཏོད་བྱེད་པ་དེ་བློ་ཡུལ་དུ་མི་ཤོང་བ་ལྟ་བུར་གྱུར་ཡོད་པ་འདི་ནི། གཞན་གང་ཡང་མིན་པར་འདི་ལྟ་བུའི་ལྟ་ཚུལ་འཛིན་པའི་མི་དེ་དག་ནི། དངུལ་དངོས་དཀོན་མཆོག་ཏུ་འཛིན་ཞིང་གོ་ས་དང་དངུལ་དངོས་ཀྱི་ཆེད་དུ་གང་ཡང་བློས་གཏོང་ནུས་པའི་མི་མ་རབ་ཐ་ཤལ་ཞིག་ཡིན་པའི་རང་རྟགས་གསལ་པོར་སྟན་པ་རེད་ལ། ཁག་ཅིག་ནི་ཤེས་བཞིན་དུ་ལོག་འགྲེལ་ལ་དགའ་བའི་སྐབས་འཚོལ་རིང་ལུག་པ་རྣམས་ཀྱིས་རང་ཉིད་ཀྱི་འདོད་དོན་འགྲུབ་ཆེད་ལོག་འགྲེལ་བྱས་པ་ཙམ་རེད། ཡིན་ན་ཡང་ད་ནི་རྒྱ་གར་གཞུང་ངོས་ནས་ཀྱང་གནས་ཚུལ་གསལ་རྟོག་བྱུང་ནས། ལོག་བཤད་མཁན་ཚོའི་ཁ་ལ་མ་ཉན་པར་ཉེ་ཆར་ཁོང་འཇར་མན་ལ་ཕེབས་ཆོག་པའི་ཆོག་མཆན་གནང་ཡོད་པ་རེད་ལ། དེའི་རྐྱེན་པས་ལོག་བཤད་མཁན་འགའ་ཞིག་སྙིང་རྩ་འགག་ནས་ཨ་ཁུའི་མདུན་ལ་འགྲོ་དགོས་བྱུང་སོང་བ་རེད།
ཨ་ཕྱི་སྨྱོན་པས་སྨྱོ་ལབ་མང་འདུག འདི་དང་འབྲེལ་བ་གང་ཡང་མི་འདུག ཨ་ཕྱི་འདི་མི་དྲང་ཤག་ཞིག་མ་རེད། གར་དུས་ཀྱང་ཀརྨ་པ་ལ་སྡང་པོ་ཡོད།
བློ་གཟུ་བོར་གནས་ཏེ་བཤད་ན་ཀརྨ་པ་ཨོ་རྒྱན་ཕྲིན་ལས་མཆོག་བླ་མ་དྲང་མོ་ཞིག་རེད། མཚན་སྙན་གྲགས་དང་། སྐུ་བསོད་དབང་ཐང་ཡང་། གོང་ས་མཆོག་གི་རྗེས་སུ་ཁོང་ལ་དོ་མཁན་སུ་ཡང་མེད། ཨ་ཕྱི་མི་དགའ་ཡང་ཐབས་ཤེས་ཅི་ཡོད། ཉིན་གཅིག་ཀརྨ་པ་ལ་བདག་མོ་མཛེས་མ་ཞིག་ཐུག་ན། དེ་ནས་ཀརྨ་པའི་བརྩི་མཐོང་ཡོངས་རྫོགས་ཆུ་བོ་གངྒའི་ནང་དུ་ཟག་ཚར་བ་རེད། དེ་མིན་ཁོང་ལ་འགྲན་ཐུབ་པའི་བླ་མ་ཞིག་ཡོང་བཟོ་མི་འདུག
ཧཧཧ་ཨ་ཕྱི་རྒན་མོ་ད་ཟེར་རྒྱུའི་ཕངས་འདུག བསྟན་པ་དང་ར་ཤ་རྗེ་མཁན་ནི་ཞྭ་དམར་ཚང་ཡིན་པ་ལས་སི་ཏུ་ཚང་མིན་པ་ལོ་རྒྱུས་ཀྱི་དེབ་ཐེར་ནང་ལ་གསལ་ཐིང་ངེར་འཁོད་ཡོད་པ་རེད། རང་ཡུལ་ལ་མ་བཞུགས་ན་གངས་རིའི་བསྟན་སྲིད་ཀྱི་དོན་སྒྲུབ་མཁན་མིན་པ་ཞིག་ཨ་ཕྱི་རྒན་མོ་ཁྱེད་རང་བཅོས་ནས་འཁྲུལ་སོང་བ་མིན་ན་ཟེར་མཁན་སུ་ཡང་མེད་པ་རེད། གོང་ས་མཆོག་གིས་གཙོས་པའི་བོད་ཀྱི་བླ་ཆེན་ཕལ་མོ་ཆེ་རང་ཡུལ་ལ་བཞུགས་མེད་ཀྱང་གང་རིའི་བསྟན་སྲིད་ཀྱི་དོན་སྒྲུབ་བཞིན་པ་རེད། ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ནི་གོང་ས་མཆོག་གི་ཐུགས་བརྩེ་ཆེ་ས་དང་མ་འོང་པའི་རྒྱལ་ཚབ་ལྟ་བུ་ཡིན་པ་དངོས་སུ་གསུངས་ཡོད་པ་རེད་མ་གཏོགས། ཨ་ཕྱི་རྒན་མོ་ཁྱོད་ཀྱི་བསམ་པ་ལྟ་བུ་ཞིག་མ་རེད་དོ། བོད་གཞུང་དང་གོང་ས་མཆོག་གི་ཞབས་འདྲེན་ངོ་མ་ནི་ཞྭ་དམར་པ་ཊི་བློ་མཐུན་ཚོགས་པ་དང་དོལ་ཚོགས་གཉིས་ཡིན་ནོ།
རྣམ་པ་ཚོ་་༧ རྒྱལ་དབང་བཅུ་བདུན་པའི་ཡིན་པའི་ལོ་རྒྱུས་ངོ་མ་རྣམས་ཞེ་དྲག་མ་གསུང་མ་གཏོགས་ཨ་ཕྱིའི་གཙོས་བློ་གཟུ་བོར་མི་གནས་པ་རྣམས་སྙིང་རྩ་འགག་པ་དང་ཁྲག་རླུང་རྒྱས་པའི་ཉེན་ཁ་འདུག་གོ།
ཀུན་བཟང་བླ་མའི་ཞལ་ལུང་ལས། དེ་ལྟར་མ་ཡིན་པར་ལོག་པར་ལྟ་བས་སྐྱོན་ལ་བརྟགས་ན། ཡུན་རིང་འགྲོགས་ན་སངས་རྒྱས་སྐྱོན་ཡང་མཐོང༌། །ཞེས་པ་ལྟར་སངས་རྒྱས་ཡིན་ཀྱང་སྐྱོན་དུ་མཐོང་བ་ཡིན་ཏེ། སྔོན་བཅོམ་ལྡན་འདས་ཀྱི་མཆེད་ཡ་དགེ་སློང་ལེགས་པའི་སྐར་མ་ཞེས་བྱ་བས་ལོ་ཉི་ཤུ་རྩ་བཞིར་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་བྱས། སྡེ་སྣོད་བཅུ་གཉིས་བློ་ནས་འཆད་ཤེས་ཀྱང་ཐུབ་པའི་མཛད་པ་ཐམས་ཅད་གཡོ་སྒྱུར་མཐོང༌། འོད་འདོམ་གང་ཡོད་མེད་ཀྱི་ཁྱད་ཙམ་མ་གཏོགས་ངེད་གཉིས་འདྲ་སྙམ་དུ་ལོག་རྟོག་མི་བཟད་པ་སྐྱེས། མི་ལོ་ཉི་ཤུ་རྩ་བཞིར་ཁྱོད་གཡོག་བྱས། །འོད་ནི་འདོམ་གང་ཡོད་པའི་སྐུ་ལུས་ལས། །ཡོན་ཏན་ཏིལ་འབྲུ་ཙམ་ཞིག་ངས་མ་མཐོང༌། །ཆོས་ནི་ང་མཁས་མཉམ་པོའི་གཡོག་མི་བྱེད། །ཟེར་ནས་སོང༌། དེར་བཅོམ་ལྡན་འདས་ཀྱི་ཉེ་གནས་ཀུན་དགའ་བོས་བྱས་ནས་ལེགས་པའི་སྐར་མ་གར་སྐྱེ་ཞུས་པས། ལེགས་པའི་སྐར་མ་ད་ལྟ་ཞག་བདུན་ན་ཚེའི་དུས་བྱས་ཏེ། མེ་ཏོག་ལྡུམ་རར་ཡི་དྭགས་ཤིག་ཏུ་སྐྱེ་གསུངས། ཀུན་དགའ་བོས་ལེགས་སྐར་གྱི་དྲུང་དུ་ཕྱིན་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་སོ་བྱས་པས། ལེགས་སྐར་གྱིས་རེས་འགའ་ཁོའི་རྫུན་དེ་བདེན་པ་ལྟར་འོང་བ་ཡིན་པས་ཞག་བདུན་དུ་གཟབ་པར་བྱས་ལ། ཞག་བདུན་སོང་བ་དང་ཁོ་ལ་ཞེ་ཁྲེལ་བདའ་དགོས་སོ་སྙམ་ནས་ཞག་བདུན་དུ་ཟ་མ་མ་ཟོས་པར་འདུག །ཞག་བདུན་འགྲོ་བའི་ནངས་མོ་ཁ་སྐོམ་པ་ལས། ཆུ་ཞིག་འཐུང་པས་ཆུ་མ་འཇུ་བར་ཚེའི་དུས་བྱས་ནས་མེ་ཏོག་ལྡུམ་ར་ན་ཡི་དྭགས་གཟུགས་མི་སྡུག་པའི་མཚན་མ་དགུས་བརྒྱན་པ་ཞིག་ཏུ་སྐྱེས་པ་ཡིན། དེས་ན་བླ་མ་དམ་པའི་མཛད་སྤྱོད་ལ་སྐྱོན་དུ་མཐོང་ན་རང་གིས་རང་ལ་ཞེ་ཁྲེལ་བདའ་ཞིང༌། རང་རེ་བློ་མིག་མ་དག་པ་ཡིན་གྱི། ཁོང་གི་མཛད་པ་ལ་སྐྱོན་ནམ་ཉེས་པའི་ཆ་ཅུང་ཟད་ཀྱང་མེད་དོ་སྙམ་དུ་ལྷག་པར་ཡང་དད་པ་དང་དག་སྣང་བྱེད་དགོས་པ་ཡིན་པས་ན། རང་གི་ཉེར་ལེན་དབང་དུ་མ་གྱུར་བར། །འཁྲུལ་པ་བརྟགས་པའི་ཉེས་པ་ཚད་མེད་དེ། །སྡེ་སྣོད་བཅུ་གཉིས་བློ་ལ་ཆུབ་པ་ཡི། །དགེ་སློང་སྐར་བཟང་སྡིག་པའི་མཐུས་བཏབ་ནས། །སྟོན་པའི་མཛད་པ་གཡོ་སྒྱུར་མཐོང་བའི་ཚུལ། །ལེགས་པར་བསམས་ནས་རང་གིས་རང་ཉིད་འཆོས། །ཞེས་གསུངས།
འགའ་རེས་ལྷ་རེད་ཟེར་ནས་གོང་དུ་བཀུར།།
རང་དོན་རང་གཅེས་ཡིན་པ་ངས་མ་ཚོར།།
འགའ་རེས་བདུད་རེད་ཟེར་ནས་མཐོང་ཆུང་བྱེད།།
དེ་ཡང་རང་དོན་ཡིན་པ་ངོས་མ་ཟིན།།
འཇིན་རྟེན་མི་ཡུལ་བོར་ནས་ཡུལ་ལུང་གཞན།།
བདེ་བ་ཅན་དུ་འགྲོ་བའི་གདེངས་མེད་ཀྱང་།།
ཆོས་མིན་འཇིག་རྟེན་མིན་པའི་སྐྱུག་དྲོ་པོ།།
བོར་ནས་འགྲོ་རྒྱུ་བྱུང་བས་ལོས་ཀྱང་དགའ།།
ཀྱི་ཧུད་བདག་འཛིན་བདུད་ཀྱི་ཞགས་པ་འདི།།
བཅད་རྒྱུའི་ཚབ་ལ་དམ་དུ་གཏོང་མཁན་ཁྱོད།།
ལྷ་ཞེས་བཀུར་དང་བདུད་ཞེས་འཕྱ་བ་ཀུན།།
བུ་ང་འཆི་བའི་དུར་སྐྱག་ཟོ་ཞིག་ཨང་།།
ཞྭ་དམར་པས།།
རྒྱལ་བ་རིན་པོ་ཆེས་རྒྱུན་དུ་གསུང་བ་བཞིན། ཆོས་ལུགས་མི་གཙོ། ཆོལ་ཁ་མི་གཙོ། མི་རིགས་མི་གཙོ། གཙོ་བོ་སེམས་རྒྱུད་རེད། ང་ཚོ་ཚང་མ་མི་གཅིག་པ་རེད། དེ་གཙོ་བོ་རེད། གསོན་དང་། སྐད་ཆ་འདི་ལ་ཇི་འདྲའི་ཕན་པ་དང་ཡིད་ལ་འགྲོ་བོ། ངོ་མ་རེད། ད་ནས་བཟུང་ལོ་ལྔ་བཅུ་ཙམ་གྱི་ནང་ལ། རྒྱལ་ཁབ་དང་མི་རིགས་ཀྱི་ས་མཚམས་ཇེ་ཆུང་འགྲོ་རྒྱུ་རེད།
བཀའ་རྒྱུད་པ་དང་དེ་བས་ཞྭ་དམར་དང་སི་ཏུ་བླ་མ་གཅིག་གི་སློབ་མ་རེད། ཡག་སྡུག་བཤད་ན་མི་ལེགས། གཉིས་ཀ་ཀརྨ་བཀའ་བརྒྱུད་ཀྱི་འཕྱར་བའི་གྲུ་འདེགས་མཁན་རེད། ལྷག་པར་ཏུ། བཅུ་དྲུག་པ་ཆེན་པོ་ཞུགས་དུས། གཙོ་བོ་དེ་ཞྭ་དམར་རེད། ཁོང་རུམ་འདེགས་ལ་བཞུགས་ནས་ཞབས་ཕྱི་སྒྲུབ་པ་རེད། ཞྭ་དམར་བའི་ཨ་མ་ཀརྨ་པའི་གཅེན་མོ་རེད། སི་ཏུ་རིན་པོ་ཆེ་ཤེས་རབ་གླིང་ལ་བཞུགས་ནས། ཀརྨ་པ་སྐུ་གོང་མའི་སྐུ་མདུན་ལ་དེ་ཙམ་ཞུགས་མེད་པ་འདྲ་བོ་རེད། དེ་བདེན་པ་རེད། ཁ་སང་རང་བསོད་རྒྱལ་རིན་པོ་ཆེའི་ངོ་དེབ་ཐོག་ལ་འདི་ལྟར་བྲིས་འདུག
ང་ཚོ་སུ་གང་ལ་རྒྱུས་མེད། གོ་ཐོས་མེད་པ་ཅིག ཨ་ཕྱི་གཅིག་པུས་གོ་སྟངས་འདི་གང་ཤེས། ཁུངས་མ་འཁྱོལ་བའི་སྐད་ཆ་ཉུང་ན་མི་མཛེས་སམ། ཨ་ཕྱི་ཕོ་མིན་མོ་མིན་ལགས།
ཀརྨ་གང་བདེན་པ་དང་གང་རྫུན་པ་ཡིན་ནི་ངེད་ནས་མྱི་ཤེས་ལ་ཤེས་དགོས་བ་ཡང་ངེད་རང་ལ་མེད། གང་ལྟར་སྔོན་ཚུར་པོའི་ཀརྨ་པ་རྒྱ་ནང་ལ་ཡོད་སྐབས་ཞྭ་དམར་ཀརྨ་པ་ང་ད་ལྟ་ཡོད་སའི་གྲོང་ཁྱེར་ལ་སླེབ་སོང་། གསུང་ཆོས་ཞིག་ཡོད་རེད་ཟེར་སར་བོད་རིགས་གྲོགས་པོ་གཅིག་གིས་སྐད་བཏང་སོང་། གསུང་ཆོས་ལ་མ་སོང སྔོན་ངེད་གཉིས་ནས་ཤ་བསྲེག་ཡག་ཐག་ཆོད་ཞིག་ཟོས་ལ་སྦི་རག་ཡང་མི་ཉུང་བ་རེ་འཐུང་། དེ་ནས་གསུང་ཆོས་ཡོད་སའི་ཚོགས་ཁང་ནང་ལ་སོང་། ཚོགས་ཁང་ནང་མགོ་སེར་བོ་ནས་བཀང་འདུག་ལ་བོད་པ་འགའ་ཡང་འདུག ང་དང་ངའི་གྲོགས་པོ་གཉིས་ཞྭ་དམར་ཀརྨ་་ཁོང་ཚོགས་ཁང་ཕེབས་པ་དྲན་ལ་དེ་ནས་མི་མང་གི་ལག་པ་འདབ་ནས་ཚོགས་གྲོལ་སྐབས་གཉིད་ལས་སད་པ་ཡང་དྲན། དེའི་བར་ལ་གང་ཞིག་གསུང་ཡོད་པ་ཧ་གོ་མ་སོང་། གཉིད་སྐྱིད་པོ་ཞིག་བྱུང་།
དམག་འཐབ་འདྲ་བའི་བགྲོ་གླེང་དེ་ནས་གསལ་རྟོགས་བྱུང་བ་གཅིག་དང་འབོད་སྐུལ་བྱེད་དགོས་པ་གཉིས་འདུག དང་པོ་དེ་སྐུ་ཞབས་ལུང་རྟོགས་ལགས་ནས་ཀརྨ་པ་དབུ་རྒྱན་འཕྲིན་ལས་རྡོ་རྗེ་ལ་ཆེད་བསྟོད་བྱེད་ཁུལ་བྱེད་པ་དེ་ནི། ཞྭ་དམར་ཕྱོགས་གཏོགས་ལ་ངར་སློང་བརྒྱུས་བཀའ་བརྒྱུད་ནང་ཕན་ཚུན་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་ཡོང་རྒྱུར་སྐུལ་འདེད་བྱས་པ་དེས་ཁོ་པ་གངས་ཅན་སྐྱིད་གཤོངས་༼ཁེ་ཕན་རིང་ལུགས་པའི་ཤོག་ཁག་ཚོར་གོ་དགོས།༽ཀྱིས་སྦྱོང་བརྡར་སྤྲད་ཅིང་། དགེ་ལུགས་ཕྱོགས་གཏོགས་ཀྱི་ལས་འགན་འཁུར་བའི་དྲ་འབུ་སྙིང་ཁམས་ཅན་ཞིག་ཡིན་པ་དངོས་ར་འཕྲོད་པ་རེད། གཉིས་པ་དེ་ནི་སྤོབས་མཐའ་དང་ལུང་རྟོགས་གཉིས་ཀས་སྤྲུལ་འགོག་ལམ་ལུགས་མགོ་རྟིང་བསློག་རྒྱུར་མོས་མཐུན་བྱུང་སྟབས། སྤོབས་མཐའི་འགུལ་བསྐྱོད་ནི་དྲ་ཐོག་ཏུ་བསམ་ཚུལ་བརྗེ་རེས་དང་གོ་རྟོགས་སྤེལ་རེས་བྱེད་པ་དེ་ལས་འགུལ་གྱི་སྔོན་འགྲོ་ཡོད་ན་མེད་ན་ཞིག་ཏུ་འདོད་པར་ལྟར་ལས་འགུལ་དེ་འཁྲུག་ཆ་འདོད་རུ་གཏོང་དགོས་ཀྱི་འདུག ལུང་རྟོགས་ནི་སྤྱིར་བཏང་དགེ་ལུགས་པའི་སྐུ་ཚབས་ཤིག་ཡིན་སྟབས་རང་ངོས་ན་སྤྲུལ་འགོག་ཚོར་དམ་ཚིག་སྨོན་ལམ་༼ཕོ་རྒྱོ་འམ། ཤིང་གཤགས། གྲ་རྒྱོ། བརླ་བགྲོད། སྦེད་རྒྱོ།༽གྱི་ཆོ་ག་གཏོང་རྒྱུ་མཚམས་འཇོག་བྱེད་དགོས། དེ་ལྟར་བྱུང་ཚེ་ཁོ་ཚོ་གཞི་ནས་མང་ཚོགས་ཁྲོད་བཏོན་ཐུབ་ཀྱི་རེད། གང་ཡིན་ཟེར་ན་ཕོ་རྒྱོ་ནི་གཙོ་བོ་དགེ་ལུགས་པའི་སྦེད་པའི་འཁྲིགས་ཐབས་ཤིག་ཡིན་པའི་ཁར་དགའ་ལྡན་ཕོ་བྲང་གི་དུས་སྐབས་སུ་འཕེལ་རྒྱས་ཀྱི་རྩེ་མོར་སོན་པ་ཞིག་རེད། དེ་ཡང་ཡིན་ཏེ། བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་བཀྲ་ཤིས་ཚེ་རིང་གི་ལོ་རྒྱུས་༼ཕ་ཡུལ་གྱི་ཆེད་དུ་ལེགས་སྐྱེས་༽ཞེས་པའི་ནང་ཁོང་ཉིད་གྲ་ཆུང་སྐབས་དགའ་ལྡན་ཕོ་བྲང་གི་སེར་མོ་བའི་སྡེ་ཁག་གི་དབང་འཛིན་པ་ཚོས་ཁོང་ལ་ཕོ་རྒྱོ་ཇི་ལྟར་བརྒྱབ་མིན་དང་། སྐབས་འགར་ཁེ་ཕན་སླད་སེར་མོ་བ་གཞན་གྱི་ཕོ་རྒྱོ་དང་ལེན་བྱེད་བཅུག་པ་དང་། ད་དུང་གྲ་རྒོད་ཚོས་ཁོང་ལ་བཙན་གཡེམ་བྱས་པ་སོགས་༼མགར་བ་སྟོབས་ལྡན་དང་ཡེ་ཤེས་དབང་མོའི་༽དམངས་སྒྲུང་ལས་ཀྱང་སྐྱོ་བའི་གཏམ་རྒྱུད་གསེར་གྱི་ས་གཞི་གཅལ་དུ་བཀྲམ་པ་ལྟར་བོད་དབྱིན་རྒྱ་གསུམ་ན་བལྟ་ཀློག་བྱེད་རྒྱུ་ཡོད་པས་སོ།
ཀརྡོ་ལགས་སུ། ས་སྐྱའི་འབག་མོ་ནི། ས་སྐྱ་པས་དམ་དུ་བཏགས་པའི་འདྲེ་མོ་ཞིག་ཡིན་སྐོར་བོད་རྒྱ་ཚིག་མཛོད་ཆེན་མོར་བཤད་འདུག་པ་དང་། དེའི་བྱེད་ལས་ནི་མི་གཞན་ལ་གནོད་ཅིང་འཚེ་བ་བྱེད་མཁན་ཞིག་སྟེ་ཕལ་ཆེན་དོལ་རྒྱལ་དང་འདྲ་སེ་ཡོད་པར་ངེས། གང་ལྟར་དམངས་ཁྲོད་དུ་མི་གདུགས་པ་ཅན་དེ་ཚོ་དཔེ་འཇོག་བྱེད་ཅིང་འདུག
སྤྲུལ་གོག་ལ་བཅོས་རོགས། གོག་དེ་རྙིང་ཧྲུལ་ལམ་ཕན་མེད་ལ་གོ་གི་འདུག་པས་ཤིན་ཏུ་ནས་འོས་ཤིང་འཚམས་པའི་གསར་བརྗེའི་ཐ་སྙད་ཅིག་རེད་འདུག
ངོ་མ་བཤད་ན་འདི་འདྲ་རེད།
སི་ཏུ་བླ་མའི་རྒྱབ་ན་འཇུ་ཆེན་ཡོད།།
ཞྭ་དམར་དབོན་པོའི་ཕུགས་ན་འབར་ཆུང་ཡོད།།
ཀམ་ཚང་ཀརྨ་རེ་རེ་ངོས་བཅད་ནས།།
ནང་འཁྲུག་གཏེ་བོ་ཁྱིམ་ཚང་གཉིས་ལ་ཐུག །།
# 142 Tenlay Norbu་ལགས་ལ་ཐུགས་རྗེ་ཆེ་ཞེས་ཞུའོ།།
ཧཧཧ དེ་རིང་ཨ་ཕྱི་རྒན་མོས་འདྲ་པོ་ཞིག་ལབ་སོང་ད།
སྐྱོན་ཡོད་ཞྭ་དམར། ལ་བཅོས།
ཨ་ཕྱི་ཆོས་སྒྲོན་བདེན་པར་སྨྲ་བ་ལ།།
ཀརྡོ་གཉེར་ཕྱག་ཞེ་སྡང་དགོས་དོན་མེད།།
ཞེས་པ་ལ།
ཨ་ཕྱི་ཆོས་སྒྲོན་བདེན་པར་སྨྲས་གྱུར་ན། །
ཀརྡོ་ང་ཡང་ཞེ་སྡང་དགོས་དོན་མེད། །
ཨ་ཕྱིས་བསྟན་འཛིན་ཀུན་ལ་དམོད་གྱུར་ན། །
ཀརྡོ་ང་ཡང་ཁ་རོག་འདུག་ཐབས་མེད། །
ཞྭ་མོའི་ཁ་དོག་རྩོད་པ་ལས། ཞྭ་མོ་ཁ་དོག་གང་བྱུང་གསོལ་མཁན་དེ། རྒྱལ་བ་ཡིད་བཞིན་ནོར་བུར་གསོལ་བ་ཐོབ།
ད་འདིར་ས་ག་ཟླ་བར་རང་གཞན་ཤར་ཧུར་རེར་དམྱལ་བར་འགྲོ་བའི་གདམ་པ་མང་པོ་འདུག རྗེས་སུ་ཡི་རངས་མེད། རབ་བྱུང་ན། གཞན་གྱི་ཡོན་ཏན་སོམས། རང་གི་སྐྱོན་སྒོམས། དེ་ཆོས་རེད།
གཞན་གྱི་ཡོན་ཏན་སེམས་ཚེ། སྣ་ཚོགས་བསམ་རྒྱུ་ཡོད། ཞྭ་དམར་རིན་པོ་ཆེ་དགེ་སློང་རེད། ཉིན་ལྟར་སྡོམ་པ་ཉི་བརྒྱ་ལྷག་སྲུང་གི་ཡོད། དེ་ཡོན་ཏན་རེད། དེ་བཞིན་ཞྭ་དམར་རིན་པོ་ཆེས་གོང་ས་མཆོག་ལ་ངོ་ལོག་དང་། ངོ་རྒོལ་སོགས་བྱས་མ་སོང་། བཟོད་པའི་ཡོན་ཏན་རེད། ང་ཚོར་དེ་ཚོ་མིན་འདུག་གཱ ཞྭ་དམར་རིན་པོ་ཆེས་ཀརྨ་པ་ཨུ་རྒྱན་འཕྲིན་ལས་ལ་དམོད་མོ་དང་། ངན་ལབ་བརྒྱབ་པ་མཐོང་རྒྱུ་མིན་འདུག བཟོད་པའི་ཡོན་ཏན་རེད།
ཀརྨ་པ་ཨུ་རྒྱན་འཕྲིན་ལས་ནི་བསྟན་པའི་འཁུར་པོ་ལྕི་པོ་ཞིག་བསྣམས་ནས། ཕྱག་ལས་མང་པོ་གནང་གི་འདུག ཡོན་ཏན་རེད། ཁོང་གཉིས་ཀ་བཀའ་བརྒྱུད་པའི་རྒྱན་རེད།
རྗེ་མི་ལ་དང་པོ་མི་གསོད་ལག་དམར་བ་རེད། ཆོས་ཉམས་ལེན་བྱས་ནས་སངས་རྒྱས་པ་རེད། མི་གཅིག་ལ་འགྱུར་བ་འདི་འདྲ་འགྲོ་བཞིན་ཡོད་སྟབས། སྐྱོན་ཆུང་ཆུང་ཞིག་ལ་ཞྭ་མོ་རི་བོ་ལས་ཆེ་བ་ཞིག་སྒྲོག་ནས་ང་ཚོར་ཕན་པ་མེད།
ཆུ་ལ་སྐྱག་པ་འདྲེས་ན་སྐྱག་ཆུ་རེད།།
ཆོས་ལ་སྲིད་དོན་འདྲེས་ན་ཆོས་སྲིད་རེད།།
ཆོས་དང་འཇིག་རྟེན་ཁ་ཁ་སོ་སོ་ལ།།
ཆོས་སྲིད་ཟུང་འདྲེས་འདི་ཡིས་ཐམས་ཅད་ནོངས།།
རྒྱ་སྲོག་མགོ་བསྐོར་གཏོང་བའི་ལག་ཆ་འདིས།།
བླ་ཆེན་འབུལ་བས་ཕྱུག་པོར་གྱུར་དང་ལྷན།།
ནང་དམེ་ཡིད་ཀྱིས་མི་བཟོད་མང་པོའི་ཁྲོད།།
དབང་ཆའི་ཐབས་མོ་ཅི་ཙམ་བྱུང་འདུག་ལྟོས།།
དབང་གིས་དཔོན་ངན་ལང་ལ་ཅིས་མི་ཤོར།།
བླ་ཆེན་དེ་ཚོ་ལང་ལ་ཤོར་འདི་ལྟོས།།
ལང་ཤོར་འདི་ཚོས་བསྟན་པ་གནུབ་ལུགས་དེ།།
གུང་ཕྲན་དགོས་དང་མི་དགོས་འཕྱག་མོ་ཉུག།
གསར་རྗེ་རིང་ལུགས་པས།།
ཨ་ཕྱི་ཁྱོད་ཀྱིས་ང་རང་སྡོད་མ་བཅུག །
མཆན་བུ་དེ་དག་སྐུ་རྩེད་དང་བཅས་བྲིས། །
ཨ་ཕྱི་ཁྱོད་ལ་བདག་པོ་མེད་གྱུར་ན། །
ང་ཡིས་བདག་བཟུང་ཐུབ་མིན་ལྟ་ཆོག་ལ། །
ཨ་ཕྱི་ཁྱོད་ལ་དད་པ་ཅུང་ཡོད་ན། །
སྔགས་འཆང་ང་དང་ལུས་འབྲེལ་བྱན་ནའང་ཆོག །
ཧ་ཧ་ཀུ་རེ་ཡིན་ནོ་ཨ་ཕྱི་ལགས། །
ཧ ཧ ཧཧ ལུང་རྟོགས་དང་ཀརྡོ་ཁྱེད་ཚོས་ཁོག་ནས་ཨ་ཕྱི་ཆོས་སྒྲོན་འདི་ཅི་འདྲའི་མ་བདེན་བསམ་ཀི་མེད་པས། ཧ ཧ བདེན་པ་བཤད་ན་མི་མི་དགའ།།དབྱུག་པས་རྒྱག་ན་ཁྱི་མི་དགའ་ཟེར་བ་ཅི་མ་བདེན།
ཨ་ཕྱི་ང་ལ་སེམས་པ་ཤོར་འོངས་རེ། །
ཨ་ཕྱིས་སྐུ་རླུང་བཞེངས་སྟངས་ལ་བལྟས་ན། །
ང་ཡི་རེ་བ་ད་དུང་ཆུང་དུ་སོང་། །
ཨ་ཕྱི་རྒན་མོ་དྲུག་ཅུ་བརྒལ་ན་ཡང་། །
ང་ཡི་རེ་བ་ད་དུང་གསོན་རེས་འཚོ། །
དེས་ན་ཨ་ཕྱི་ང་ལ་མིག་ཟུར་ལྟོས། །
དེས་ན་ཨ་ཕྱིས་ང་ལ་མིག་ཟུར་ལྟོས། །
ངོ་མ་བཤད་ན
ཏྰ་ལའི་བླ་མ་སངས་རྒྱས་གསོན་པོ་རེད།།
ཞྭ་དམར་སྤྲུལ་སྐུ་སྤྱན་རས་གཟིགས་དབང་རེད།།
ཀརྨ་དཀར་རིལ་བདེན་པ་བདེན་རྐྱང་རེད།།
སི་ཏུ་ཀརྡོ་སྔགས་ནག་ཁོལ་རུལ་རེད།།
ཨ་ཕྱི་རྒན་མོས་མི་འདོད་ཁོ་ཐག་ཡིན།།
སི་ཏུ་ཀརྡོ་སྔགས་ནག་ཁོལ་རུལ་རེད།།
ཨ་ཕྱི་རྒན་མོས་མི་འདོད་ཁོ་ཐག་ཡིན།།
ལན་དུ།
ཨ་ཕྱི་རྒན་མོས་དེ་འདྲ་མ་ལབ་ཅིག །
དགེ་བསྙེན་ང་ལ་སྙིང་རེ་མི་གཅེས་སམ། །
ང་ཡི་བླ་མ་ཞྭ་དམར་རིན་པོ་ཆེ།།
སི་ཏུའི་ཀརྡོར་མི་ནག་ཁོག་རུལ་དང་།།
ཤེས་མེད་དུད་འགྲོའི་ཀླད་པ་ལུག་ལྟོག་གིས།།
མི་དབང་ཕྱི་མའི་ལམ་དུ་རྫོང་བཏངས་ཐལ།།
ཨ་ཕྱི་རྒན་མོས་མི་བཞག་ཁོ་ཐག་ཡིན།།
ད་དུང་རོ་ཐོག་རྟ་རྒྱུག་ཅི་སྤྲོ་བལྟ།།
ཏྰ་ལའི་བླ་མ་རྒྱག་རྩ་ཡོད་འདོགས་བཤད།།
ཁྲེལ་མེད་ཁྱེད་ཚོར་སྙིང་རྗེ་ཨེ་མཁོ་ནམ།།
ཞྭ་དམར་རིན་པོ་ཆེ་མཆོག ཨ་ཕྱི་ཁྱོད་ཀྱི་རྩ་བའི་བླ་མ་༼ང་ཡི་བླ་མ་ཞྭ་དམར་རིན་པོ་ཆེ།།༽ཡིན་ན་དགོངས་དག ད་ནས་མཆན་ལན་རྒྱག་མཚམ་བཞག་བགྱིད་ཡིན། འོནད་ཀྱང་། ད་བར་ངས་གང་བཤད་པ་དག ཕྱོགས་ལྷུང་དང་སྒྲོ་བཏགས་བྱས་པ་མི་དྲན། གང་ལྟར་ཡང་། སྒྲོ་བསྐུར་རིགས་ཤོར་ཡོད་ན། མཆོག་གསུམ་རྒྱལ་བ་རྒྱ་མཚོའི་མདུན་དུ་ཐོལ་ལོ། བཤགས་སོ།། །།
ཞྭ་དམར་ཞིང་ལ་ཕེབ་ཐལ། ཤུལ་ལྷ་ཨ་ཕྱིའི་ཕྱོགས་ལ། ཀརྡོས་ལག་པ་བསྲེང་ཐལ། ཡབ་ཡུམ་ཁ་འཕྲོད་བྱུང་ནས། ཡང་སྲིད་དག་མ་ཞིག་གི ཨ་ཅེ་ཨ་ཕྱི་ཁྱེད་དང་། སྔགས་པ་ཀརྡོ་གཉིས་ནས། བཟོ་རྒྱུ་བྱུང་ན་ང་དགའ་། ཞེས་བར་སྐབས་སུ་དྷོ་ཧ་གནམ་ཐང་ནས་བྲིས་ལ་ད་ནི་ཟླ་འགར་ཁ་བརྡ་ཚང་ལ་ལྟ་རྒྱུ་མི་ཡོང་བས་ཚང་མར་བདེ་བར་སྨོན་ནོ།
ལུང་རྟོགས་ཇག་པ་དབང་རྩ་མ་ཚང་ནས།།
ཀུན་གཟིགས་ཞྭ་དམར་སྙིང་རྩ་བཀག་ཡིན་ཟེར།།
ཀརྡོར་རྐུ་རྫུན་ཁ་ལ་ཉན་པ་ལས།།
ཆོས་སྒྲོན་ཆོས་འཕེལ་དར་རྒྱས་དགའ་ཙམ་བྱུང་།།
རྣམ་པ་ཚོས་གོ་སྐབས་དམ་འཛིན་བྱས་ནས་བགྲོ་གླེང་ཡག་པོ་གནང་གི་འདུག སྤྱིར་དྲང་ཕྱོགས་བཟུང་ནས་བཤད་དགོས་ཞེས་པ་བཤད་སླ་ཡང་རང་ཉིད་ཀྱིས་དྲང་ཕྱོགས་འཛིན་གྱིན་ཡོད་མེད་དེ་ཤེས་དཀའ་ལ། ཤེས་ཀྱང་དོན་ལ་ལག་ལེན་དཀའ་ཚོད་རེད། གང་ལྟར་དགེ་ལུགས་པས་རྒྱ་དམག་བོད་ལ་ཁྲིད་ཡོང་བ་དང་། ཞྭ་དམར་བས་གོར་དམག་བོད་ལ་ཁྲིད་ཡོང་བ། ས་སྐྱ་བས་སོག་དམག་བོད་ལ་ཁྲིད་ཡོང་བ་གསུམ་གྱི་མཇུག་འབྲས་གང་བྱུང་མིན་མ་ལྟོས་པར་ལྟ་སྟངས་གཅིག་པར་བལྟ་དགོས། བཟང་ངན་ཞིག་དབྱེ་དགོས་ན་ཀུན་སློང་བཟང་ངན་གྱིས་དབྱེ་དགོས།