གནས་ཚུལ་གཏོང་མཁན། རྨེའུ་དཀོན་རྒྱམ།
མིང་། ཟླ་བ་རིན་ཆེན།
ཕ་ཡུལ། དབུས་གཙང་།
ད་ལྟའི་སྡོད་གནས། བཞུགས་སྒར་དྷ་ས།
ལས་གནས། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན།
ད་ལྟའི་ལས་འཁུར།
གཅིག ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན།
གཉིས། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དབུས་རྒྱུན།
གསུམ། བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱི་སློབ་སྟོན་པ།
བཞི། གཞིས་རྩེ་གཙང་ཁུལ་སྐྱིད་སྡུག་གི་སློབ་སྟོན་པ།
ལྔ། གངས་ལྗོངས་འགྲིམ་འགྲུལ་ལས་ཁུངས་ཀྱི་འགན་འཛིན།
དྲུག བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་དབུས་རྒྱུན།
ཉམས་མྱོང་དང་སྤྱི་ཚོགས་ཞབས་ཕྱི།
༡༩༨༥ ནས་ ༡༩༨༩ བར་དྭངས་སློབ་བོད་ཀྱི་དམག་སྒར་སློབ་གཉེར་ཁང་གི་གོ་མཚོན་དང་དམག་སྦྱོང་། ལུས་རྩལ་བཅས་ཀྱི་དགེ་རྒན་གནང་།
༡༩༩༠ ནས་ ༡༩༩༣ བར་༸གོང་ས་མཆོག་གི་སྐུ་སྲུང་ཞབས་ཕྱི་གནང་།
༡༩༩༦ ལོ་ནས་ད་ལྟའི་བར་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་དང་ཚོགས་གཞོན་བཅས་གནང་།
༢༠༠༠ ནས་ ༢༠༠༣ བར་གངས་ཅན་སྐྱིད་གཤོང་གི་དགེ་རྒན་ཕ་མའི་ཚོགས་ཆུང་གི་ཚོགས་གཙོ་གནང་།
༢༠༠༨ ནས་ ༢༠༡༡ བར་རྡ་སའི་མེག་ལོའི་དགེ་རྒན་ཕ་མའི་ཚོགས་ཆུང་གི་ཚོགས་གཙོ་གནང་།
༢༠༠༥ ནས་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་སྐབས་དང་པོའི་དབུས་རྒྱུན། སྐབས་གཉིས་པའི་དྲུང་ཆེ། སྐབས་བཞི་པའི་དབུས་རྒྱུན་བཅས་གནང་།
༢༠༠༩ ནས་ད་ལྟའི་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དབུས་རྒྱུན་གནང་བཞིན་པ།
༡༩༩༦ ལོ་ནས་གངས་ལྗོངས་འགྲིམ་འགྲུལ་ལས་ཁུངས་བཙུགས་ཏེ་ཚོང་དོན་དང་བོད་དོན་ཞུ་གཏུགས་ཀྱི་ཆེད་ཨ་རི་དང་ཡུ་རོབ་ཁུལ་དུ་བསྐྱོད་གནང་།
དམིགས་ཡུལ།
༡༽ ༸གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་ཐོག་ཤར་བསྐྱོད་བྱ་རྒྱུ།
༢༽ དམིགས་བསལ་གྱིས་༸གོང་ས་མཆོག་གི་སྐུ་ཕྱྭར་སྲུང་སྐྱོབ་དམ་པོ་བྱ་རྒྱུ།
༣༽ དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་དང་ནང་སྲིད་ལྷན་ཁང་གི་བཀའ་ཁྱབ་དུས་ཐོག་ཏུ་བསྒྲུབ་རྒྱུ།
༤༽ ཁོར་ཡུག་གཙང་བཟོ་དང་གཞུང་ལམ་ཡར་རྒྱས་གཏོང་རྒྱུ།
༥༽ མི་མང་གི་བདེ་སྡུག་ལ་ཕྱོགས་ཡོངས་ནས་ལས་འཆར་བསྒྲིགས་ནས་དཀའ་ངལ་སེལ་ཐབས་བྱ་རྒྱུ།
༦༽ རྒྱ་གར་ཡུལ་མི་དང་བོད་མིའི་བར་འབྲེལ་མ་སྔར་ལས་ཇེ་ཟབ་ཏུ་གཏོང་རྒྱུ།
ཐུགས་སྣང་།
སྐབས་གསུམ་པའི་ས་གནས་འགོ་འཛིན་གྱི་སྔོན་འགྲོའི་འོས་བསྡུ་ཟླ་འདིའི་ཚེས་༡༢ ཉིན་དང་། ཟླ་འདིའི་ཚེས་༢༤ ཉིན་དངོས་གཞིའི་འོས་བསྡུ་ཡིན་པས། དེ་ལུགས་བཞིན་མི་མང་རྣམ་པས་དེ་ལུགས་ཀྱིས་འོས་བསྡུའི་ཆ་ཤས་ལེན་རྒྱུའི་འབོད་སྐུལ་ཞུ།
ཆོལ་ཁ་དང་ཆོས་བརྒྱུད་རིས་མེད་རྒྱབ་སྐྱོར་བ་ཐུན་མོང་བརྒྱ་ལྷག་གིས་མཁོ་སྤྲོད་བྱས།
ཡག་པོ་འདུག་་་་རྗེས་སུ་ཡི་རང་ཡོད
ཟླ་བ་རིན་ཆེན་ལགས། ཁྱེད་ཀྱི་ཡག་པོ་གསུང་འདུག་ཏེ་ད་ཁག་པོ་ཡིན་བསམ་པ་དྲན་གྱི་ཡོད། ང་རང་སྒེར་ངོས་ནས་ཡིད་རང་དང་བསྔགས་བརྗོད་ཡོད་པ་མ་ཟད་སྨོན་ལམ་ཚུན་ཆད་རྒྱབ་ཆོག འོན་ཀྱང་ཆབ་སྲིད་པ་ཟེར་བ་དེར་དངོས་གནས་ཡི་ཆས་བྱེད་ཁག་པོ་འདུག ང་རང་མཚོའི་སྲིད་སྐྱོང་ལས་ཐོག་སེང་གེ་ལགས་ཀྱི་འཇོན་ཡོང་གཏང་ཡོང་མང་པོ་གསུང་སོང་ཏེ། ད་ཆ་སྤྱི་མཚུངས་འདྲ་པོ་གཅིག་ལས་གནད་ལ་འཁེལ་བའི་ལས་དོན་འཕར་མ་གང་ཡང་མཐོང་མ་སོང་། དེར་བརྟེན་སྐུ་ཉིད་ནས་ཀྱང་དང་པོ་ནས་ཡིན་འཚམས་རེ་གསུང་པ་ཡིན་ན་བཟང་སྤྱོད་དང་མཐུན་པ་ཞིག་ཡོང་གི་རེད་ངེས་སེམས་གཏིང་གི་སྐད་ཆ་རང་ཡིན།
གཤམ་འཁོད་དོན་ཚན་རྣམས་ལ་ངེས་བལྟས་ན་ཆུ་མེད་སར་གཟམ་པ་རྒྱག་རྒྱུའི་ལས་གཞི་འདྲ་པོ་མཐོང་གི་འདུག་དེ་ངེས་བསམ་ཚུལ་ཡིན།
དམིགས་ཡུལ།
༡༽ ༸གོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་ཐོག་ཤར་བསྐྱོད་བྱ་རྒྱུ།
༢༽ དམིགས་བསལ་གྱིས་༸གོང་ས་མཆོག་གི་སྐུ་ཕྱྭར་སྲུང་སྐྱོབ་དམ་པོ་བྱ་རྒྱུ།
༣༽ དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་དང་ནང་སྲིད་ལྷན་ཁང་གི་བཀའ་ཁྱབ་དུས་ཐོག་ཏུ་བསྒྲུབ་རྒྱུ།
༤༽ ཁོར་ཡུག་གཙང་བཟོ་དང་གཞུང་ལམ་ཡར་རྒྱས་གཏོང་རྒྱུ།
༥༽ མི་མང་གི་བདེ་སྡུག་ལ་ཕྱོགས་ཡོངས་ནས་ལས་འཆར་བསྒྲིགས་ནས་དཀའ་ངལ་སེལ་ཐབས་བྱ་རྒྱུ།
༦༽ རྒྱ་གར་ཡུལ་མི་དང་བོད་མིའི་བར་འབྲེལ་མ་སྔར་ལས་ཇེ་ཟབ་ཏུ་གཏོང་རྒྱུ།
དྲ་གནས་འདིའི་དོ་དམ་པ་དང་དྲ་གྲོགས་རྩོམ་པ་པོ་ཡོངས་ལ་འཚམས་འདྲི་ཞུ།
དེ་རིང་ཁ་སང་རྡ་སར་བོད་མིའི་གཞིས་གྲོང་འདིར་ས་གནས་འགོ་འཛིན་གསར་བ་འདེམས་ཐོན་སྐོར་གྱི་བསྒྲགས་གཏམ་དང་འབྲེལ་བའི་ལས་རིམ་ཞིག་འགྲོ་བཞིན་འདུག ས་གནས་འགོ་འཛིན་ནི་སྟོབས་འབྱོར་ཆེ་ཆུང་དང་མིང་གྲགས་བཟང་ངན། ཆོལ་ཁ་དང་ཆོས་ལུགས་དབྱེ་འབྱིད་ཀྱི་གནས་ཚུལ་ཞིག་གཏན་ནས་མིན་པར་ཡིད་ཆེས་ཞུ་ཡི་ཡོད། ས་གནས་འགོ་འཛིན་ནི་སྐྱབས་བཅོལ་བོད་མི་ཡོངས་ཀྱི་འདས་མ་ད་གསུམ་གྱི་གནས་བབ་ངོ་ཤེས་ཤིང་། ས་གནས་དེ་ག་རང་གི་བོད་མི་དག་གི་སྐྱིད་སྡུག་ལ་འགན་ལེན་ཐུབ་པ་ཞིག་དགོས་པ་ལས། རང་གི་མིང་གྲགས་་དང་དབང་ཆའི་ཆེད་ལྷ་སྒྲུང་དང་མངར་གཏམ་བཤད་མཁན་གྱི་སྒེར་དོན་སྒྲུབ་མཁན་ཞིག་དང། ཕྱོགས་ཞེན་ཅན་གྱི་མི་སྣ་ནུས་མེད་ཞིག་ནམ་ཡང་མ་འདེམས་རོགས་ཞུ།
ཡིད་རིང་ཡོད། ཡིན་ནའང་སྔོན་ལ་སྐད་ཆ་བརྫིད་མ་བཤད་ན་བཟང་བསམ། གང་ལ་ཟེར་ན་ལས་ཀ་མང་པོ་ཞིག་རང་གི་ཁེས་ལེན་དང་འབྲེལ་བ་མེད་པ་ཡོངས་སྲིད། འོན་ཀྱང་ཆབ་སྲིད་པ་ཞིག་བྱེད་འདོད་ན་ཁེས་ལེན་མ་བྱེད་རད་བྱེད་རེད། ཚད་མ་ཟིན་པའི་ཁེས་ལེན་མང་དྲག་ན་ཡང་སྐྱོན་ཡོངས་སྲིད། གང་ལྟར་དེངས་སྙོམས་སུ་འགྲོ་ཐུབ་ཡག་རེད་འདོད། གང་ལ་ཟེར་ན་། དཔེར་ན་སྲིད་སྐྱོང་ལྟ་བུ་རེད། ཁོང་སྲིད་སྐྱོང་ལ་ལངས་སྐབས་ཁེས་ལེན་མང་དྲག་ནས་ད་རྗེས་ནས་མི་དམངས་ཀྱི་ཁོང་ལ་སྐྱོན་བརྫོད་དང་ཡིད་ཆེས་ཉུང་རུ་འགྲོ་བཞིན་ཡོད་པ་འདི་ཡང་གོང་དུ་བཤད་པ་བཞིན་རེད།
པདྨ་འཕྲིན་ལན་ལགས།
སྲིད་སྐྱོང་ལ་མི་མང་གི་ཡིད་ཆེད་ཉུང་དུ་འགྲོ་གི་ཡོད་པས་ཚད་ཐིག་ཞིག་སྐུ་ཉིད་ནས་ནམ་ཞིག་ལ་རྒྱབ་པ་ཡིན་ནམ།
བརྒྱ་ཆ་ག་ཚོད་ཙམ་ཞིག་ཉུང་རུ་ཕྱིན་ཡོད་དམ། ས་ཁུལ་གང་ནས་ཉུང་རུ་ཕྱིན་ཡོད་དམ། སྔོན་ཆད་ཀྱི་མཁས་ལེན་ཞིག་སྒྲུབ་མ་ཐུབ་པར་སྐུ་ཉིད་ཀྱི་རོགས་གང་ཞིག་གནང་བ་ཡིན་ནམ། ཚོར་བ་དང་སྨོན་ཆར་གྱི་ཆལ་གཏམ་དང་གནས་ལུགས་དང་ཧ་ཅང་གི་འགྱངས་ཐག་རིང་ཞིང་ཕྱོགས་འཛིན་གྱི་སྐད་ཆ་ཤ་སྟག་བཤད་པ་ཡིན་ན། དུས་ནམ་ཡང་རྗེས་ལུས་དང་ཐོར་གཤེགས་འགྲོ་རྒྱུ་ཡིན་པས། སྐུ་ཉིད་ནས་གཙིས་པའི་ང་དང་དྲ་གྲོགས་ཡོངས་ཀྱི་གཟབ་པར་འཚལ།
པདྨ་འཕྲིན་ལན་ལགས།
སྲིད་སྐྱོང་ལ་མི་མང་གི་ཡིད་ཆེད་ཉུང་དུ་འགྲོ་གི་ཡོད་པས་ཚད་ཐིག་ཞིག་སྐུ་ཉིད་ནས་ནམ་ཞིག་ལ་རྒྱབ་པ་ཡིན་ནམ།
བརྒྱ་ཆ་ག་ཚོད་ཙམ་ཞིག་ཉུང་རུ་ཕྱིན་ཡོད་དམ། ས་ཁུལ་གང་ནས་ཉུང་རུ་ཕྱིན་ཡོད་དམ། སྔོན་ཆད་ཀྱི་མཁས་ལེན་ཞིག་སྒྲུབ་མ་ཐུབ་པར་སྐུ་ཉིད་ཀྱི་རོགས་གང་ཞིག་གནང་བ་ཡིན་ནམ། ཚོར་བ་དང་སྨོན་ཆར་གྱི་ཆལ་གཏམ་དང་གནས་ལུགས་དང་ཧ་ཅང་གི་འགྱངས་ཐག་རིང་ཞིང་ཕྱོགས་འཛིན་གྱི་སྐད་ཆ་ཤ་སྟག་བཤད་པ་ཡིན་ན། དུས་ནམ་ཡང་རྗེས་ལུས་དང་ཐོར་གཤེགས་འགྲོ་རྒྱུ་ཡིན་པས། སྐུ་ཉིད་ནས་གཙོས་པའི་ང་དང་དྲ་གྲོགས་ཡོངས་ཀྱི་གཟབ་པར་འཚལ།
ཡ་ཨ་རོགས་ནག་ཆུ་བ། ཉིན་ཁ་ཤས་ཞིག་ལ་དྲ་ཐོག་དུ་ཡོངས་རྒྱུ་ཁོམ་ལོངས་མ་བྱུང་བའི་དུས་ཐོག་ཉིད་ལ་ལེན་སྤྲད་མ་ཐུབ་པའི་ཐུགས་ལ་བཟུང། དང་པོ་ཕྱོགས་ཞེན་མཁན་ང་མ་རེད། སྐད་ཆ་འདི་ཁྱེད་རང་གི་རེད། བདག་པོ་ཁྱེད་རང་རྒྱོབ། སྲིད་སྐྱོང་གི་ཁེས་ལེན་དག་ལག་ལེན་ལ་ཁེལ་གི་མེད་པ་འདི་ངའི་བཤད་པའི་སྐད་ཆ་རེད། འདི་སྒང་ལ་ཉིད་ལ་ཤེས་འདོད་ཡོད་ན་ངའི་ལེན་སྤྲོད་ཆོག་དེ་མིན་ངའི་གཉིས་ལ་བྱེ་བྲག་ཁ་བརྡ་ཡོད་ས་མ་རེད། གང་ལ་ཟེར་མ་ཁྱེད་ནི་སྲིད་སྐྱོང་གི་ཡག་སྡུག་གང་བྱེད་ཀྱང་ཚང་མ་ཡག་པོ་མ་གཏོགས་མི་ཐོང་མཁན་ཞིག་རེད།