ཨེ་མ་ཧོ།
ན་མོ་གུ་རུ་ཀརྨ་ས་ཏྭ་ཡ།
ཀརྨ་པ་ཞེས་དམར་ནག་རོལ་བའི་གར།།
ཁ་བའི་ལྗོངས་སུ་ལོ་རྒྱུས་རིང་མོའི་རྒྱུན།།
ག་དུས་ཡིན་ཡང་བཀའ་བརྒྱུད་ཕྱག་རྒྱ་ཆེའི།།
ང་རྒྱལ་རྣམ་དག་མེ་ལོང་ཡེ་ཤེས་རྒྱལ།།
ཅ་ཅོའི་འུར་སྒྲོགས་གྲགས་པའི་རྗེས་མ་བསྐྱོད།།
ཆ་ལུགས་ཆོས་བཞིན་སྤྱོད་པའི་བཤད་སྒྲུབ་དཔལ།།
ཇ་འཐུང་ངོ་དགའི་གཏམ་ལ་མ་བརྗེས་པའི།།
ཉ་གང་ཟླ་བཞིན་ཞྭ་དམར་རིན་ཆེན་རྒྱལ།།
ཏ་ཐཱ་ག་ཏའི་གསུངས་བཞིན་བདེན་དཔུང་བཅས།།
ཐ་སྙད་ཤེས་བྱ་ཀུན་གཟིགས་ཞྭ་དམར་པ།།
ད་ནང་གློ་བུར་དགོངས་པ་རྫོགས་སོང་ཡང་།།
ན་རྒ་འཆི་སྐྱེའི་གདམས་ངག་སྟོན་པ་ལགས།།
པ་ར་མི་ཏའི་རྒྱལ་སྲས་སེམས་དཔའ་ཆེར།།
ཕ་མ་གྱུར་པའི་འགྲོ་དྲུག་སེམས་ཅན་དོན།།
བ་གླང་ལྟ་བུའི་བསམ་མེད་འདྲེན་པའི་ཕྱིར།།
མ་སྨད་གསལ་བའི་རྒྱལ་དབང་རིན་ཆེན་རྒྱལ།།
ཙ་ར་དཔྱོད་མཁས་མཐའ་ཡས་རྡོ་རྗེར་མཇལ།།
ཚ་བུ་གཉེན་ཉེའི་ཞེན་ཆགས་མ་བྱས་པར།།
ཛ་ཡའི་བསྟན་པ་འཛིན་པའི་དགེ་སློང་མཆོག།
ཝ་སྐྱེས་ཀླད་མེད་ཚོགས་ཀྱིས་མཚུངས་ཟླ་བྲལ།།
ཞྭ་དམར་མི་ཕམ་ཆོས་ཀྱི་བློ་གྲོས་ཞེས།།
ཟ་ཕྲུག་གཡོ་སྒྱུས་གཡན་ལ་མ་ཆགས་པར།།
འ་ཆད་འུ་ཐུག་དཀའ་ཚེགས་གཉན་གནོན་ལ།།
ཡ་མཚན་བདེན་པའི་རྒྱལ་མཚན་དགུང་དུ་བསྒྲེངས།།
ར་རུའི་བཙན་ཤེད་དབང་དུ་མ་ཤོར་བར།།
ལ་རྒྱའི་ཀཾ་བསྟན་གཙང་མ་འཛིན་མཁས་པའི།།
ཤ་ཞེན་དམ་ཆོས་སྐྱོང་བའི་སྙིང་ཁམས་ཅན།།
ས་ཐོབ་སེམས་དཔའ་ཆེན་པོ་ཁྱེད་མིན་སུ།།
ཧ་ཅང་སྙིགས་མའི་དུས་ཀྱི་ཡང་ཁུག་ནས།།
ཨ་གསར་ལྕེ་གཉིས་འཕྲུལ་བ་མང་གྲགས་ཀྱང་།།
ཆོས་བརྒྱད་རྐུན་ཇག་རྗེས་སུ་མི་འདྲིངས་པའི།།
ཡང་དག་ཆོས་པའི་རང་ཚུགས་འཛིན་ལ་བསྟོད།།
བཅུ་བཞི་སྐུ་ཕྲེང་རིམ་བྱོན་ཤེལ་དཀར་ཕྲེང་།།
བཅོ་ལྔའི་དུང་གི་ཟླ་བཞིན་དམ་གཙང་རྒྱ།།
བཅུ་དྲུག་རིག་པའི་རྡོ་རྗེས་ཐུགས་དམ་ཀུན།།
བཅུ་བདུན་མཐའ་ཡས་རྡོ་རྗེར་གཏད་རྒྱ་མཛད།།
དམར་དོལ་བདུད་འདྲེའི་འཐབ་རར་མ་ཞུགས་ཞིང་།།
དབུ་བཙན་འཁོར་བའི་གཡུལ་ལ་མ་རོལ་ནས།།
དགེ་བཅུའི་ལུགས་བཟང་སྤེལ་མཛད་སྤྲུལ་པའི་སྐུ།།
དམ་པའི་རང་ཚུགས་བཟུང་ལ་ཅིས་མི་བསྔགས།།
དམར་གསོད་དམངས་ཟས་བརྔན་པ་ཁྱེད་ལ་དབེན།།
མཆོད་འོས་བསླུ་འཁྲིད་ཕྲ་རྒྱས་མཆོག་ལ་མེད།།
རྒྱལ་ཀུན་དགྱེས་པའི་དམ་ཆོས་སྤྱོད་པ་ཅན།།
དྲང་སྲོང་ཆོས་ཀྱི་བློ་གྲོས་རྒྱལ་གྱུར་ཅིག།
སྐུ་ཕུང་རིང་བསྲེལ་སྣ་ལྔས་གཏམས་པ་དང་།།
གསུང་དབྱངས་བདེན་ཚིག་ས་གསུམ་ཁྱབ་པ་དང་།།
ཐུགས་དགོངས་ཟག་མེད་ཆོས་དབྱིངས་རྒྱལ་སར་ཕྱིན།།
འགྲོ་ཁམས་ཕན་བདེའི་ལེགས་ཚོགས་འཇོ་བར་སྨོན།།
ཞེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་ས་ག་ཟླ་བའི་ཡར་ཚེས་རྒྱལ་བ་གསུམ་པར་རྨི་ལམ་ལས་ཉི་ཟླ་སྐར་གསུམ་ནུབ་པའི་སྣང་བ་དང་སླར་ཡང་གསར་དུ་སྔར་ལས་ལྷག་པར་འོད་སྣང་འཕྲོ་འདུའི་ཡ་མཚན་ཅན་དུ་མ་རྨིས་པ་དང་ངོ་དེབ་ནང་གི་ཆོས་མཆེད་ཞིག་གིས་ཞྭ་དམར་རིན་པོ་ཆེ་དགོངས་པ་རྫོགས་ཚུལ་གསུངས་འདུག་པས་གང་ཤར་བདེན་གཏམ་དབྱངས་གསལ་མཆོད་པ་འདི་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་ནས་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་བྲིས་པར་དགེའོ།། །།
ཞྭ་དམར་རིན་པོ་ཆའི་ཡང་སྲིད་མྱུར་བྱོན་གསོལ་འདེབས་མཆན་བུ་བཞུགས་སོ།། །།
བཀའ་བརྒྱུད་བསྟན་པ་འཛིན་པའི་གྲལ་བཞུགས་ནས། །
ཁ་བ་ལྗོངས་སུ་ཡང་སྲིད་བཅུ་བཞི་འཁྲུངས། །
ག་དུས་འཁྲུངས་ཀྱང་མཛད་པ་ལེགས་ཉེས་གཉིས། །
ང་ཡི་མཐོང་ཚུལ་འདི་ལྷག་ཡང་སྲིད་སྤྱོན། །
བཅུ་བཞི་པ་ཡི་གདུལ་བྱ་འདྲེན་ཕྱིར་དང་། །
བཅོ་ལྔའི་ཉི་གཞོན་སྔར་ལྷག་མྱུར་བྱོན་ནས། །
མཐའ་ཡས་རྡོ་རྗེ་ལ་སོགས་སྐྱེ་རྒུའི་ཚོགས། །
ཡང་དག་ལམ་དུ་འཁྲིད་མཁན་མྱུར་བྱོན་ཤོག །
བསྟོད་སྨད་གཉིས་ཀ་ཕྱིས་ནི་སོང་། །
སྐབས་འཚོལ་ངག་སྒོ་ཕྱེས་ནི་སོང་། །
བླ་མའི་བཞེད་དགོངས་བསྒྲུབས་ན་ལེགས། །
དོན་མེད་ཅ་ཅོ་སྤངས་ན་ལེགས། །
སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་ཆེན་པོ་ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཏད་ཟིན་པར། མྱ་ངན་གུས་བཏུད་ཀྱི་ཕྱག་མཆོད་མི་བྱེད་པར། སྐབས་འཚོལ་རིང་ལུགས་པ་མང་པོ་ཞིག་གིས་དད་པ་ཆེ་མདོག ལྷག་བསམ་ཆེ་མདོག ཤེས་རྒྱ་ཆེ་མདོག་གིས་དྲ་གནས་ཁག་མང་པོ་ཞིག་གི་ནང་ཕྱོགས་ལྷུང་གི་ཆེད་རྩོམ་སྣ་ཚོགས་ཤིག་འབྲི་བཞིན་པ་ནི། དཔལ་ལྡན་བླ་མ་ཁོང་ཉིད་ལ་དད་འདུན་དང་ཀཾ་ཚང་བསྟན་པར་ལྷག་བསམ་དྲི་མ་མེད་པ་ཞིག་ཡོད་མེད་དོགས་པའི་གནས་གྱུར། གལ་ཏེ་བླ་མ་ལ་དད་པ་དང་ཆོས་བརྒྱུད་ལ་ལྷག་བསམ་ཅན་ཞིག་ཡིན་ཚེ་སྐབས་འདིར་བླ་མའི་བཞེད་དགོངས་བསྒྲུབ་རྒྱུ་དང་། དགོངས་རྫོགས་མཆོད་འབུལ་བརྩོན་རྒྱུ་ལས་ཕྱོགས་རིས་ཆགས་སྡང་ཚིག་གི་གད་སྙིགས་སྣ་ཚོགས་ཤིག་ཆ་བསྡུ་ཡ་བསྡུ་བྱེད་པར་བརྩོན་པ་ནི་སྐབས་འཚོལ་རིང་ལུགས་པའི་བྱ་སྤྱོད་ལས་མ་འདས་ན། བསྟོད་མི་ཤེས་པ་ཞིག་གིས་བསྟོད་པ་ལས་ཀྱང་། སྨད་མི་ཤེས་པ་ཞིག་གིས་སྨད་པར་དགའ་ཟེར་བ་བཞིན་དཔལ་ལྡན་བླ་མ་དམ་པ་གང་གི་མཚན་ཤས་འགྲོ་རོགས་ལས་མི་འདུག་ན་བསྟོད་སྨད་ཚིག་གིས་ངལ་བ་སྤང་སྟེ་ཕྱག་མཆོད་ལ་བརྩོན་པར་ཞུ་ཞུ་ཞུ། །
ཀརྨ་པ་ཡང་སྲིད་གཉིས་དང་གྲོ་མོ་དགེ་བཤེས་རིན་པོ་ཆེའི་ཡང་སྲིད་གཉིས། ད་དུང་གཉིས་བྱས་པ་ཡོད་ཀྱི་རེད།
ཀརྨ་པ་ཞྭ་དམར་ནག་གཉིས་ཀྱི་ཞྭ་ཡི་བཟོ་ལྟ་ནི་རྒྱ་མིའི་མིང་རྒྱལ་རབས་སྐབས་ཀྱི་དཔོན་ཞྭའི་བཟོ་ལྟ་དང་འདྲ་བོ་འདུག རྒྱ་མིས་དཔོན་ཞྭ་གོས་ནག་མ་乌纱帽་ནི་གནའ་བོར་ཐོབ་དང་གོ་གནས་མཚོན་བྱེད་དུ་གྱུར་ཡོད་པ་དེ་བོད་པས་མ་ཤེས་པར་ད་ལྟ་བར་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆ་ལུགས་ཤིག་ལ་བརྩིས་ནས་གོན་གིན་འདུག བོད་སྤྱི་ཡི་སེམས་པ་གཙང་མ་བཟོས་གོང་ལ་བླ་རྒན་ཆ་བོའི་ཆ་ལུགས་གཙང་མ་བཟོ་རན་རེད།
ཀ་དག་ཕྱག་རྒྱ་ཆེན་པོའི་བསྟན་པ་དེ།།
ཁ་ཁོག་གཉིས་སུ་མེད་པར་ཉམས་སུ་བླང༌།།
ག་ས་གང་གི་ཕྱི་གླིང་རྒྱལ་ཕྲན་དུ།།
ང་རྒྱལ་སྤང་ཕྱིར་བཀའ་བརྒྱུད་པ་ཡི་བརྒྱན།།
ཞྭ་དམར་པ་བཅུ་བཞི་པ་ནི།
འོད་དཔག་མེད་མགོན་མི་ཤེས་ཀྱང་། །
བླ་སྤྲུལ་སྡོམ་གཙང་ཡིན་ཚོད་འདུག །
ཀུན་གཟིགས་ཡིན་མིན་མི་ཤེས་ཀྱང་། །
མཐའ་ཡས་རྡོ་རྗེ་ནོར་ཚོད་འདུག །
ཞྭ་དམར་པ་བཅོ་ལྔ་པ་ནི།
ལོ་རྒྱུས་རིང་མོའི་ཉམས་མྱོང་ནང་། །
བླ་སྤྲུལ་རང་རྣམ་ནན་དཔྱད་ཀྱིས། །
ཆོས་དང་འཇིག་རྟེན་གང་ལ་ཡང་། །
མ་གཟབ་ཧོལ་རྒྱུགས་མ་གནོངས་ཤིག །
ཀརྡོ་མཆན་གྱི་རྒྱལ་པོས།
ས་ག་ཟླ་བའི་ཉ་གང་ལ། །
དགེ་བསྙེན་ཀརྡོས་འབེལ་གཏམ་སྤེལ། །
ཀརྨ་ཀམ་ཚང་གནད་ཡོད་ཀྱིས། །
ནན་དཔྱད་ལམ་ལོག་སེལ་རན་འདུག །
སེམས་པ་སྐྱིད་པའི་སྤྲང་ཆོས་དེ།
མི་ལ་མ་གཏོགས་ཐུབ་མཁན་མེད།
རོ་སྙོམས་འོད་གསལ་བདེ་ཆེན་དེ།
མི་ལ་མ་གཏོགས་སྒྲུབ་མཁན་མེད།
མི་ལ་ཤི་དུས་ཕུང་པོ་དེ།
འཇའ་ལུས་འོད་ལ་ཐིམས་སོང་ངོ།
དེང་སང་བླ་མ་ཤི་བའི་སྐབས།
རྣམ་ཤེས་ཆོས་ཚོགས་སྟུ་ལ་ཐིམས།
ཆོས་པ་སྤྲང་ལ་རྟེན་པ་འདི།
ཆོས་ལུགས་ཚང་མར་ཆད་པར་མཐོང་།
ལག་ལེན་སྒོམ་ལ་འཇོག་མཁན་དེ།
མི་ཡུལ་གནས་ལ་ཕལ་ཆེར་མེད།
བསྙན་དགུ་བཤད་ནས་བསླུ་མ་ཐུབ། བཙན་དགུ་བཤད་ནས་བཅོམ་མ་ཐུབ། རྒྱ་ནག་དམར་ཤོག་ཚོགས་པ་དང་མཇིང་བ་མ་བསྣོལ། དོལ་རྒྱལ་ཚོགས་པ་དང་ལག་གདང་མ་སྦྲེལ་བར་དྲང་བདེན་དང་རང་ཚུགས་ཀྱི་ལམ་ནས་རང་གི་ཆོས་བརྒྱུད་རང་གིས་བསྐྱངས་ཤིང་། ཕྱི་རྒྱལ་ཁག་ཏུ་གསང་སྤྱོད་འཁྲུད་སར་འགྲོ་བཞིན་པའི་ཆེ་ཚང་དང་མགར་ཆེན་སང་དང་བོད་པའི་བུ་དང་བུ་མོ་ཚོ་ལ་ཡང་རྒྱལ་ཁབ་གཞན་ཀྱི་མི་སེར་ལག་འཁྱེར་བདེན་རྫུན་གཉིས་གསུམ་རེ་སྟོན་རྒྱུ་ཡོད་དུས་འདིར་རྒྱ་གར་གཞུང་གི་ཆེས་མཐོའི་དབུ་ཁྲིད་ཁག་དང་ཆེས་མཐོའི་ཁྲིམས་ཞིབ་ཁང་ཚུན་ཆད་དངུལ་གྱིས་བསླུས་སོང་བར་བསྙོན་འཛུག་ཞུ་ཡུལ་ཁོང་གིས་རྒྱ་གར་གྱི་ཡུལ་མིའི་ལག་འཁྱེར་ཞིག་ཀྱང་མ་བཟོས་པར་སྐྱབས་བཅོལ་ལག་དེབ་ཀྱི་འོག་ན་ལྟོས་བཅས་འཚོ་ཞིང་བོད་ཡུལ་གངས་ཅན་པ་གཞིས་བྱེས་མཉམ་འཛོམ་ཞིག་ལ་ཐུགས་རེ་ཤིན་ཏུ་ཆེ་བའི་སྐྱེས་བུ་ཁོང་གཤེགས་པ་ལ་སྙིང་ནས་མྱ་ངན་དང་གུས་འདུད་ཞུ།།
དེ་རིང་ས་ག་ཟླ་བའི་དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོ་འདིར་གོང་གསལ་མཆན་དག་ལས་འཕྲོས་པའི་བསམ་ཚུལ་འགའ་ལས་འབྲས་དཔང་བཞག་གིས་ཞུ་འདོད་བྱུང་།
༡ ཀརྨ་བཀའ་བརྒྱུད་པའི་ལོ་རྒྱུས་ཐོག་གི་བླ་ཆེན་ཞྭ་དམར་ནག་གཉིས་ཞེས་ཡོངས་སུ་གྲགས་པའི་ནང་ཚན་ཞྭ་དམར་སྐུ་ཕྲེང་བཅུ་བཞི་པ་མི་ཕམ་ཆོས་ཀྱི་བློ་གྲོས་མཆོག་སྐུ་གྲོངས་ཟིན་པ་རེད། དེ་རིང་ཞག་གསུམ་རེད། ཀརྨ་བཀའ་བརྒྱུད་པའི་ནང་ཁུལ་རྩོད་རྙོག་འདུམ་འགྲིག་མ་བྱུང་བར་དགོངས་པ་གཞན་དུ་གཏད་པར་བློ་ཕམ་དང་བཅས་མྱ་ངན་གུས་འདུད་ཞུ་གི་ཡོད།
༢༽ ཀརྨ་ཞྭ་དམར་ནག་གཉིས་ཕན་ཚུན་ངོས་འཛིན་གནང་རེས་འདི་འགྲོ་མགོན་བཀའ་བརྒྱུད་པའི་གདན་རབས་རིམ་པའི་ནང་གསལ་ཡོད་པ་ཞིག་རེད། དེ་འདྲའི་ཆོས་ཕྱོགས་ཀྱི་ལོ་རྒྱུས་འགན་དབང་གཞིར་བཞག་ཀརྨ་ཞྭ་དམར་པ་བཅུ་བཞི་པས་འཕྲིན་ལས་མཐའ་ཡས་རྡོ་རྗེ་མཆོག་ཀརྨ་ཞྭ་ནག་པ་སྐུ་ཕྲེང་བཅུ་བདུན་པར་ངོས་འཛིན་མཛད་པ་རེད། ཀརྨ་པ་འཕྲིན་ལས་མཐའ་ཡས་རྡོ་རྗེ་མཆོག་ནི་ཁམས་རྫ་ཆུ་ནས་ཡིན་པ་དང་། ཁོང་བོད་ཀྱི་རྒྱལ་ས་ལྷ་སར་སྐུ་འཁྲུངས་པ་རེད། གང་ལྟར་ཞྭ་དམར་རིན་པོ་ཆེས་གང་ངོས་འཛིན་གནང་བའི་གནས་ཚུལ་འཛམ་གླིང་ཡོངས་གྲགས་དང་འཇིག་རྟེན་ཀུན་ཤེས་ཤིག་ཡིན་པ་རེད་ལ། ཀརྨ་ཞྭ་དམར་པ་དེ་ཞྭ་དམར་རིན་པོ་ཆེར་ངོས་ལེན་ཡོད་ན་ཁོང་གིས་ངོས་འཛིན་གནང་བ་དེ་ཡང་ཆོས་ཕྱོགས་ནས་ཁས་ལེན་དགོས་པ་ཞིག་ཆགས་ཡོད་པ་དེ་ཆོས་ཕྱོགས་ཀྱི་རྩ་དོན་ཞིག་རེད།
༢༽ ༡༩༩༣ ལོར་སི་ཏུ་རིན་པོ་ཆེ་པདྨ་དོན་ཡོད་ཉིན་བྱེད་མཆོག་གིས་ཀརྨ་པ་བཅུ་དྲུག་པ་ཆེན་པོའི་ཞལ་ཆེམས་རྙེད་སོན་བྱུང་གསུངས་པ་དང་། ཞལ་ཆེམས་ཕྱག་བྲིས་དེ་ལ་དོགས་པ་བྱུང་ནས་ནང་ཁུལ་རྩོད་རྙོག་ལྷགས་ནས་ཚན་རིག་བརྟག་དཔྱད་དགོས་པའི་བསམ་ཚུལ་བྱུང་ཡང་། སི་ཏུ་རིན་པོ་ཆེ་ནས་ཚན་རིག་བརྟག་དཔྱད་ལ་ཞལ་བཞེས་མ་གནང་བ་དང་། རྗེས་སུ་ཞྭ་དམར་རིན་པོ་ཆེས་དགོས་འདུན་ལ་ངང་འཐེན་གནང་བ་དང་། ཟུར་བཞུགས་མཛད་པ་རེད། གང་ལྟར་ཡང་སི་ཏུ་རིན་པོ་ཆེ་མཆོག་ནས་སྟོད་ལུང་འཚུར་ཕུར་ཁམས་ལྷ་ཐོག་ཏུ་འཁྲུངས་པའི་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཀརྨ་པ་བཅུ་བདུན་པར་ངོས་འཛིན་གྱིས་ཁྲི་འདོན་མཛད་པ་རེད། དེ་ལ་སྲིད་ཕྱོགས་ནས་རྒྱ་ནག་གཞུང་དང་། བོད་གཞུང་གཉིས་ཀས་ངོས་ལེན་ཆོག་མཆན་གནང་བ་རེད། འདི་ཡང་དངོས་ཡོད་གནས་ཚུལ་རེད།
༣༽ ཀརྨ་ཞྭ་དམར་པས་རང་གིས་ངོས་འཛིན་མཛད་པའི་ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་ལ་༧གོང་ས་༧སྐྱབས་མགོན་ཆེན་པོས་དགེ་ཚུལ་བསྒྲུབ་གནང་ཡོད་པ་ཞུས་པ་ལྟར་ཞལ་བཞེས་གནང་བ་རེད། ཡིན་ནའང་རྗེས་སུ་དེ་ལ་སྙན་ཞུ་ཕུལ་ནས་བཀག་འགོག་བྱེད་མཁན་བྱུང་ནས་བསྒྲུབ་མ་ཐུབ་པ་རེད། གནས་ཚུལ་འདི་དག་ཀྱང་ད་ལྟ་༧གོང་ས་མཆོག་ཞལ་བཞུགས་དང་། དགའ་ལྡན་ཕོ་བྲང་བླ་བྲང་གི་ཡིག་ཚང་གི་ཡིག་ཚགས་སུ་ཡོད་པའི་དོན་དངོས་གནས་ཚུལ་ཞིག་རེད།
༤༽ ཀརྨ་པའི་ཡང་སྲིད་ལ་བརྟེན་ནས་ལྷགས་པའི་གནས་ཚུལ་འདི་ཀམ་ཚང་ནང་ཁུལ་གྱི་རྩོད་པ་ཞིག་ཡིན་པ་ལས། ད་ལྟ་ཞལ་བཞུགས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧པཎ་ཆེན་ཡང་སྲིད་ངོས་འཛིན་གནང་བ་བཞིན་རྒྱལ་བ་རིན་པོ་ཆེའི་ཡེ་ཤེས་ཀྱི་གཟིགས་ངོར་འཆར་བའི་ཀརྨ་པའི་ཡང་སྲིད་ངོས་འཛིན་གནང་བཞག་པ་ཞིག་འཇིག་རྟེན་འདིར་ཡོད་མ་རེད། གོང་ཞུས་བཞིན་སི་ཏུ་རིན་པོ་ཆེ་མཆོག་གིས་བདག་སྤྲོད་གནང་བ་དེར་གཞུང་འབྲེལ་ཆོག་མཆན་གནང་བ་རེད། དེ་མཚུངས་ཞྭ་དམར་རིན་པོ་ཆེས་ངོས་འཛིན་མཛད་པ་དེ་ལ་ཡང་དགེ་ཚུལ་བསྒྲུབ་ཡག་ཞལ་བཞེས་གནང་ཡང་བཀག་འགོག་བྱུང་བ་གོང་ཞུས་ལྟར་རེད། མདོར་ན་རྒྱལ་བ་རིན་པོ་ཆེ་མཆོག་གི་མཚན་དོན་གཉིས་ཀ་ཀརྨ་པའི་ཡང་སྲིད་ངོས་འཛིན་ལ་ཐེ་བྱུས་ནང་མེད་ཅེས་ཀརྨ་པ་རྣམ་གཉིས་རྒྱ་གར་དུ་ཞབས་སོར་འཁོད་ཟིན་པའི་རྗེས་སུ་སྐུ་སྒེར་ཡིག་ཚང་ནས་ལས་ཤོག་ཐོག་གསལ་པོ་བཟོས་ཡོད་པ་རེད། གནས་ཚུལ་འདི་བདེན་པ་མ་རེད་དགོངས་ན་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་རྣམ་པར་བཀའ་འདྲི་ཞུས་དང་མཁྱེན་གྱི་རེད།
༥༽ གང་ལྟར་ཀརྨ་ཞྭ་དམར་པ་སྐུ་ཕྲེང་བཅུ་བཞི་པ་དགོངས་པ་རྫོགས་ཟིན་པ་དང་། དེ་ལ་ཆོས་ཕྱོགས་ནས་ཁོང་གི་དད་ལྡན་སློབ་འབངས་ཡོངས་ནས་དགོངས་རྫོགས་གསོལ་འདེབས་སྨོན་ལམ་དང་གདུང་སེམས་བྱེད་བཞིན་པའི་དུས་ཤིག་རེད། སྲིད་ཕྱོགས་ནས་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གཞུང་འབྲེལ་མྱ་ངན་གུས་འདུད་ཞུ་འོས་ཤིག་ལ་གཟིགས་ནས་མྱ་ངན་ཞུ་བཞིན་པའི་སྐབས་ཤིག་ཆགས་ཡོད་པ་རེད། སྤྱིར་ན་ཀརྨ་ཞྭ་དམར་པ་ཁོང་༧གོང་ས་མཆོག་གི་དངོས་སློབ་ཞིག་ཡིན་པ་དང་། བཀའ་བརྒྱུད་ནང་ཁུལ་རྙོག་གླེང་དེ་ལྷགས་པའི་རྗེས་སུ་ཡང་ཐེངས་མང་༧གོང་ས་མཆོག་ལ་མཇལ་ཁ་ཡོངས་གྲགས་དང་ཡོངས་གྲགས་མ་ཡིན་པའི་ལམ་ནས་ཞུས་ཡོད་པ་དང་། ཡོངས་གྲགས་མཇལ་ཁ་མཐའ་མ་དང་གསུང་ཆོས་མཐའ་མ་དེ་༧གོང་ས་མཆོག་ཀ་སྦུག་ལ་ཕེབས་སྐབས་དེ་ཆགས་ཡོད་པ་རེད།
༦༽ ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་ལ་མཚོན་ན་ཡང་། ཆོས་ཕྱོགས་ནས་ཞིང་གཤེགས་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་དང་། ས་སྐྱའི་ངོར་ཀླུ་ལྡིང་མཁན་ཆེན་སོགས་ཀྱི་མདུན་ནས་བཀའ་ཆོས་ཞུ་བ་དང་། ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་བཞིན་བཞུགས་པ་ལས་བོད་ཀྱི་རྩ་དོན་དང་། བོད་མི་མང་ལ་གནོད་པའི་ཕྱག་ལས་གང་ཡང་གནང་ཡོད་པ་མ་རེད། དེར་བརྟེན་ང་ཚོས་ཁོང་ལ་དད་གུས་ཞུ་མ་ཐུབ་ན་ཡང་ངན་རྒུ་ཚང་བའི་ཚིག་མཚོན་འདེབས་པ་སོགས་བྱེད་དགོས་དོན་མི་འདུག་སྙམ། ཁོང་ཡང་བོད་མི་ཞིག་དང་། མི་ཡུལ་ལ་བཙན་བྱོལ་དུ་སླེབས་པའི་བཙན་བྱོལ་བོད་མི་ཞིག་རེད།
༧༽ སི་ཏུ་རིན་པོ་ཆེ་བར་ལམ་ཞིག་ལ་རྒྱ་གར་དུ་ཕེབས་མ་ཐུབ་པ་དེ་ཞྭ་དམར་རིན་པོ་ཆེས་བཟོས་པ་རེེད་ཟེར་བ་སོགས་གནས་ཚུལ་འགའ་དྲ་ལམ་འགར་བྲིས་འདུག ཞྭ་དམར་རིན་པོ་ཆེར་རྒྱ་གར་གཞུང་ཉོ་ཐུབ་པའི་སྟོབས་ཤུགས་ཡོད་པ་ལྟ་བུ་འདི་དག་ནི་སྨད་མི་ཤེས་མཁན་གྱིས་སྨད་པ་རེད་མི་འདུག་པས། འདི་ཡང་རང་རང་གིས་དགོངས་པ་བཞེས་དགོས་པ་ཞིག་རེད་བསམ་གྱི་འདུག
ངོ་དེབ་དང་འཕྲིན་ཕྲན་ནང་ཡི་གེ་འདི་འདྲ་ཞིག་བཀྲམས་བཞིན་འདུག མ་རེད་ཟེར་རྒྱུ་རང་མི་འདུག་བསམ་ནས་འདིར་བཏང་ཡོད།
ཀརྨ་ཞྭ་དམར་པ་སྐུ་ཕྲེང་བཅུ་བཞི་པ་མི་ཕམ་ཆོས་ཀྱི་བློ་གྲོས་མཆོག་དགོངས་པ་གཞན་དོན་དུ་གཤེགས་ཟིན་པ་རེད་ལ། ད་ནི་ཀརྨ་བཀའ་བརྒྱུད་པའི་ནང་ཀརྨ་པ་བཅུ་དྲུག་པ་ཆེན་པོའི་ཡང་སྲིད་ཀྱི་དཀའ་རྙོག་ལ་བརྟེན་ནས་ཀམ་ཚང་དུམ་བུ་གཉིས་སུ་གྱེས་ནས་ཡོད་པ་འདི་གཅིག་ཏུ་བསྒྲིལ་བར་ང་ཚོའི་མདུན་དུ་གཤམ་གསལ་འགྲོ་ལམ་ལས་ལྷགས་མེད།
༡ དེ་ནི་ཀརྨ་ཞྭ་དམར་པ་སྐུ་ཕྲེང་བཅུ་བཞི་པ་མི་ཕམ་ཆོས་ཀྱི་བློ་གྲོས་མཆོག་གིས་ངོས་འཛིན་གྱིས་ཁྲི་འདོན་བདག་སྤྲོད་མཛད་པའི་ཀརྨ་པ་འཕྲིན་ལས་མཐའ་ཡས་རྡོ་རྗེ་མཆོག་ཀརྨ་པ་བཅུ་བདུན་པར་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་དབུས་རྗེས་འབྲངས་འཁོར་སློབ་ཡོངས་ཀྱིས་ངོས་ལེན་བྱས་ཏེ་ད་ནས་བཟུང་ཀརྨ་པའི་ཡང་སྲིད་གཉིས་ཡོད་པ། དཔེར་ན། བདུད་འཇོམས་སྤྲུལ་སྐུ་གཉིས་ལྟ་བུ་ནང་མཐུན་ཕན་ཚུན་བླ་སློབ་ཀྱི་ལམ་དུ་ཕེབས་ན་ཡག་པོ་ཡོད་པ་དང་།
༢ ཀརྨ་པ་འཕྲིན་ལས་མཐའ་ཡས་རྡོ་རྗེ་མཆོག་འཁོར་སློབ་དང་བཅས་པ་བོད་པའི་སྤྱི་ཚོགས་སུ་ངོས་ལེན་བྱེད་པར་ཤུགས་རྒྱག་དགོས་པ་ལས་མཐར་ཕུད་གཏོང་ཐབས་ཀྱི་ལས་དོན་བྱས་ན་ཀམ་ཚང་གཅིག་སྒྲིལ་ལ་ཕན་ལས་གནོད་ཆེ་བའི་རང་བཞིན་ཡིན་པ་ཤེས་དགོས།
༣ གཞན་ཧ་ཅང་གལ་ཆེ་བ་ཞིག་ནི། ཀརྨ་ཞྭ་དམར་པ་མི་ཕམ་ཆོས་ཀྱི་བློ་གྲོས་མཆོག་གི་ཡང་སྲིད་ཟེར་བ་ཞིག་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ནས་ངོས་འཛིན་མཛད་དེ་ཡང་ཀརྨ་ཞྭ་དམར་པ་གཉིས་བཟོས་ན་འདི་ནི་ཆོས་འཇིག་རྟེན་གཉིས་ཐད་ནས་ལན་པོ་ཞིག་རྩ་བ་ནས་མེད། དེ་ཡང་ཀརྨ་ཞྭ་དམར་པ་ཁོང་ཉིད་འཚོ་བཞུགས་ཀྱི་དུས་སུ་ཆོས་ཕྱོགས་ནས་ཞྭ་སི་གཉིས་ཀྱི་དམ་ཚིག་ལ་ཉམས་ཆགས་ཧ་ཅང་ཆེན་པོ་བྱུང་བ་དངོས་ཡོད་དང་། འཇིག་རྟེན་གྱི་ཐོག་ནས་བྱས་ན་ཕྱོགས་ཁག་གཉིས་སུ་གྱེས་ཡོད་པའི་དོན་དངོས་འཛམ་གླིང་ཀུན་གསལ་རེད། དཔེ་གཅིག་གི་ལམ་ནས་ཞུས་ན། རྒྱ་ནག་དམར་གཞུང་ལ་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་མི་དགོས་པ་མ་ཟད་དགྲ་ཡི་དྭངས་མར་བརྩི་ཡི་ཡོད་རེད། ཡང་ཕྱོགས་གཞན་ཞིག་ནས་ཏཱ་ལའི་བླ་མའི་ཡང་སྲིད་ལས་དོན་ཚོགས་ཆུང་ཟེར་བ་ཞིག་བཙུགས་ཡོད་རེད། དེར་བརྟེན་ཕྱག་ལས་འདི་ལྟ་བུ་གནང་ན་ངོ་ཚའི་རང་བཞིན་ལས་མ་འདས་པས་དེ་འདྲ་རྩ་བ་གནང་ཡག་གི་དགོངས་པ་མ་བཞེས་རོགས་ཅེས་ཤུགས་ཆེན་པོའི་ཐོག་ནས་ཞུ་གི་ཡོད།
༤ ཀརྨ་ཞྭ་དམར་པ་བཅུ་བཞི་པ་མི་ཕམ་ཆོས་ཀྱི་བློ་གྲོས་མཆོག་གི་ཡང་སྲིད་དེ་ཆོས་འཇིག་རྟེན་གང་ཐད་ནས་ཀརྨ་པ་འཕྲིན་ལས་མཐའ་ཡས་རྡོ་རྗེ་མཆོག་གིས་ངོས་འཛིན་གནང་ན་ལུགས་མཐུན་གྱི་གནས་སྟངས་ཡིན་པ་དེ་ལ་ངོས་ལེན་ཞུ་དགོས་པ་དང་། མ་འོངས་པར་ཁོང་གིས་ངོས་འཛིན་མཛད་པའི་ཀརྨ་ཞྭ་དམར་པ་མཆོག་ལ་ངོས་ལེན་ཚུལ་མཐུན་ཞུ་དགོས། དེ་ནས་དོན་དམ་པར་ཀརྨ་བཀའ་བརྒྱུད་འདི་གཅིག་སྒྲིལ་ཡོང་བ་དང་། དེས་བོད་མི་མང་དང་། ཁམས་རིགས་ནང་ཁུལ། འཛམ་གླིང་གང་སར་ཡོད་པའི་སློབ་ཚོགས་ཚང་མ་གནས་བཟོད་བདེ་བ་ཞིག་ཡོང་གི་རེད། མདོར་ན་ཚང་མ་ཕྱོགས་སུ་མ་ལྷུང་པའི་ཐོག་ནས་དགོངས་པ་བཞེས་དགོས་པའི་དུས་ལ་བབ་འདུག་བསམ་གྱི་ཡོད།
དྲ་མིང་གླིང་གེ་སར་ནས།
https://m.facebook.com/story.php?story_fbid=767547269946488&substory_index=0&id=100000736666877
ངོ་དེབ་ཁ་བྱང་འདི་ན་འདུག
སྤྲུལ་སྐུ་ཡིན་ཟེར་སངས་རྒྱས་ཀྱི་ཆོས་ལུགས་པ་སུ་གང་ལ་མེད་པ་ཞིག་དར སངས་རྒྱས་ཀྱི་ན་བཟའ་ཡིན་ཟེར་སངས་རྒྱས་ཀྱི་བཞེས་པ་དང་རྩ་བ་ནས་མ་འདྲ་བ་ཞིག་གྱོན་ སངས་རྒྱས་ཤིང་སྡོང་འོག་ལ་དཀའ་བ་སྤྱད་ནས་སངས་རྒྱས་ནའང་ དེ་ཡི་རྗེས་འཇུག་ཡིན་ཟེར་དགོན་པ་ཆེན་པོ་དང་རྫིགས་པོ་རྒྱབ་ དེ་ལ་གཞན་གྱི་གནོད་ཡོང་བསམ་ནས་སངས་རྒྱས་ཆོས་ལུགས་ལ་མེད་པའི་སྲུངས་མ་འདྲ་མིན་བརྟེན་ རྒྱུ་ནོར་གཞན་ལ་ཤོར་ཡོང་བསམ་ནས་སྤྲུ་སྐུའི་ཡང་སྲིད་ཡང་ནས་ཡང་དུ་ངོས་འཛིན་བྱས་ ཉིན་ལྟར་སངས་རྒྱས་ཁོ་ན་བཤད་ནས་དོན་དུ་རྒྱུ་ནོར་ཁོ་ན་བསག་ ནུབ་ཕྱོགས་ཡུལ་དུ་བླ་སྤྲུལ་རྣམས་ཀྱི་ནང་ཆོས་ཆོས་ཚོགས་ཡིན་ཟེར་ནས་་ ་དོན་དུ་ལྷ་ཚོང་སྐུ་ཚོང་རྒྱབ་མཁན་ལས་ལྷག་པ་སངས་རྒྱས་ཀྱི་གསུང་དང་དགོངས་པ་བཙོང་ གང་ལྟར་ཚོང་དང་སྲིད་དོན་ཁོ་ན་བྱས་ནས་མི་ཚེ་དོན་དང་ལྡན་པ་སྐྱལ་དགོས་ཟེར།
ཞྭ་དམར་སྐུ་ཕྲེང་བཅུ་བཞི་པ་རེད་དམ་བཅུ་གཅིག་པ་རེད།
ཀརྨ་པ་རང་བྱུང་རྡོ་རྗེའི་དངོས་སློབ་རྟོགས་ལྡན་གྲགས་པ་སེང་གེ་སྐུ་མྱ་ངན་ལས་འདའ་ཁར་ཡོན་གྱི་རྒྱལ་ས་པེ་ཅིན་ནས་ཧྲང་ཏུའུ་ལ་མ་ཕེབས་གོང་ཙམ་རབ་བྱུང་དྲུག་པའི་ས་ཡོས(༡༣༣༩)ལོར་དབུ་ཞྭ་དམར་པོ་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ་ཞིག་གནང་སྟེ་སྐུ་ཚབ་ལྟ་བུར་བསྐོ་བཞག་གནང་བ་ནས་སྐུ་ཕྲེང་རིམ་བྱོན་ལ་ཞྭ་དམར་རིན་པོ་ཆེ་ཞེས་མཚན་ཐོགས་པ་བྱུང་། ཀརྨ་ཞྭ་དམར་རིན་པོ་ཆེའི་སྐུ་ཕྲེང་བཅུ་བྱུང་བ་སྟེ། ༡རྟོགས་ལྡན་གྲགས་པ་སེང་གེ་དང་། ༢་མཁའ་སྤྱོད་དབང་པོ། ༣ཆོས་དཔལ་ཡེ་ཤེས། ༤ཆོས་གྲགས་ཡེ་ཤེས། ༥དཀོན་མཆོག་ཡན་ལག༦་ཆོས་ཀྱི་དབང་ཕྱུག༧དཔལ་ལྡན་ཡེ་ཤེས་སྙིང་པོ། ༨ཆོས་ཀྱི་དོན་གྲུབ། ༩ཆོས་ཀྱི་ཉི་མ། ༡༠ཆོས་གྲུབ་རྒྱ་མཚོ་བར་དུ་བྱུང་། སྐུ་ཕྲེང་བཅུ་པ་ཆོས་གྲུབ་རྒྱ་མཚོའི་སྐབས་གོར་ཁས་བོད་དུ་བཙན་འཛུལ་བྱེད་པའི་གོ་རིམ་ནང་འབྲེལ་བ་བྱུང་བའི་གླེང་གཞི་ལ་བརྟེན་ནས་མན་ཆིང་གོང་མ་ཆེན་ལུང་གིས་བཀའ་ཕབས་ཏེ་ཕྱིན་ཆད་ཡང་སྲིད་རྩད་གཅོད་གདན་ཞུ་མི་ཆོག་པ་དང་། ཡངས་པ་ཅན་གྱི་དགོན་པ་ཆོས་ལུགས་དགེ་ལུགས་པར་བསྒྱུར་རྒྱུ་སོགས་ཀྱི་ཉེས་ཆད་བཅད་པ《རྡོ་རིང་པཎྜིཏའི་རྣམ་ཐར》ན་གསལ།
མཐའ་ཡས་རྡོ་རྗེས་ཞྭ་དམར་སྐུ་ཕྲེང་བཅུ་བཞི་པ་གསུང་འདུག་པས་བཅུ་པའི་རྗེས་ནས་བཅུ་གསུམ་བར་མཁྱེན་མཁན་ཡོད་ན་གསུང་རོགས་ཞུ།
ཐོག་མར་རྙོག་སྒྲ་བྱུང་སྟངས་ནི། འདའ་ཁ་ཞལ་ཆེམས་ལ་དོག་པ་ཟ་སྟེ། ཞྭ་དམར་གྱིས་འཕྲུལ་ཆས་བརྟག་དགོས་ཚུལ་བཤད་སྐབས། སི་ཏུས་རྩ་བ་ནས་ཁས་ལེན་མ་བྱེད་པ་རེད། དེ་ནས་ཕྱོགས་གཉིས་ཀྱིས་སྟོབས་ཤུགས་ངོམ་རན་བྱས་ཏེ་འདི་འདྲ་བྱུང་བ་རེད། ད་ནི་འདའ་ཁ་ཞལ་ཆེམས་ཀྱང་བོར་བརླག་སོང་བའི་གནས་ཚུལ་ཤིག ཞྭ་དམར་ཀྱང་དགོངས་པ་རྫོགས་ཟིན། ད་ལྟ་བར་ཕྱོགས་གཉིས་ཀ་དགྲ་རུ་བརྩི་སྟེ་བསྡད་པ་རེད། ད་ཡང་ཞྭ་དམར་དགོངས་པ་རྫོགས་ཚར་དུས། སི་ཏུ་ཕྱོགས་ནས་མྱ་ངན་གྱིས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད། ཡག་པོ་འདུག་ནང་པའི་མཚན་ཉིད་ཚང་འདུག འོན་ཀྱང་མ་འོངས་པར་ཞྭ་དམར་གྱི་ཡང་སྲིད་ལ་རྙོག་འཛིང་མ་བཟོ་རོགས་གནང་། ད་ནི་ཀམ་ཚང་བླ་མའི་ཆབ་སྲིད་ལ་ཉོག་སོང་། དེ་འདྲ་རིགས་མཐོང་འདོད་གོ་འདོད་མི་འདུག ངས་སྐབས་རེ་བླ་མིང་འཛིན་མཁན་ཁ་ཤས་ཡག་པོ་མཐོང་གི་མི་འདུག དགོས་པའི་དབང་ལུང་མན་ངག་དང་། ལུང་རྟོགས་ཀྱི་བསྟན་དོན་ལ་ཐུགས་བསམ་གཏན་ནས་མ་བཞེས་པར། ལས་ཀ་འདྲ་མིན་དང་། བུ་མོ་མཛེས་མ་མཉམ་དུ་འགྲོ་རྒྱུ་དང་། བུ་མོ་མཛེས་མ་མཉམ་དུ་ཟ་མ་ཟ་རྒྱུ། མཛེས་མ་ཁ་བརྡ་གནང་རྒྱུ། མཛེས་མ་མཉམ་དུ་རྩེད་མོ་རྩེ་རྒྱུ་ལ་དགའ་པོ་ཡོད་པ་རྐྱང་རེད། མ་ཟད་ང་ཆེ། ཁོ་ཆུང་། ང་སངས་རྒྱས་ཀྱི་སྤྲུལ་པ་ཡིན། ང་ལ་ཁྲི་མཐོ་པོ་དགོས་ཡོད། ཁོ་ལ་ཁྲི་དགོས་ཀྱི་མ་རེད། ང་གཉིས་འདྲ་མཉམ་ཡོང་གི་རེད་ཟེར་བ་སོགས་ཨ་མ་རྒས་ཁོག་གཅིག་ལས་སྡུག་པ་འདུག དེ་ལས་མཁན་པོ་ཚུལ་ཁྲིམས་བློ་གྲོས་འདྲ་བ་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཁོང་འདྲ་བ་དེ་ཚོ་ལ་འདོད་ཡོན་གྱི་ཆ་རྐྱེན་དགོས་པ་གང་ཡང་མེད་པ་མ་ཟད། ནང་པའི་མཚན་ཉིད་ཀྱང་ཚད་ལྡན་ཚང་ཡོད། བླ་ཆེན་རྣམ་པ་ལགས་ཐུགས་གཟབ་གནང་རོགས། ཡང་སྲིད་གཉིས་མི་ཡོང་པ་གནང་རོགས།
དྲང་པོ་བཤད་ན་ཞྭ་དམར་ཕྱོགས་གཏོག་ཚོས་གོ་སྐབས་ནམ་བྱུང་ལ་སི་ཏུ་ཕྱོགས་ཀྱིས་རྫུན་བཤ་རབས་དང་། སི་ཏུ་ཀརྨ་པ་རྫུན་མ་ཡིན་རབས་སོགས་དངོས་ཤུགས་རྒྱུད་གསུམ་ནས་སྒྲུབ་ཐབས་བྱེད་ཀྱི་འདུག་ལ། སུ་ཏུ་ཕྱོགས་གཏོག་ཚོས་ཞྭ་དམར་ཕྱོགས་གཏོག་ལ་འདི་འདྲ་བཤད་པ་ཉུང་ཉུང་རེད། འདིས་སྟེང་ནས་མཐོང་ཡོང་བ་ནི་ཞྭ་དམར་ཕྱོགས་ཁག་གིས་བོད་མི་མང་གི་སེམས་པ་ཁོང་ཚོའི་ཕྱོགས་ལ་བཀུག་ཐབས་དང་། སི་ཏུ་ཀརྨ་པར་དད་པ་མེད་པ་བཟོ་ཐབས་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་དོན་དངོས་ཐོག་འབྲས་བུ་ནི་དེ་དང་ལྡོག་ཕྱོགས་ཏག་ཏག་ཡིན་ཏེ། དེ་ཡང་དཔེར་མཚོན་ཞིག་ཞུས་ན་ཞྭ་དམར་པས་ལོ་རྟག་པར་གནས་མཆོག་རྡོ་རྗེ་གདན་ལ་སྨོན་ལམ་ཚོགས་སྐབས། བོད་མི་ཡོང་ཐབས་སུ་བལ་ཡུལ་སོགས་ནས་སྨོན་ལམ་ལ་ཡོང་མཁན་རྣམས་འགྲུལ་འཁོར་རིན་མེད་བྱེད་པ་དང་། དེ་བཞིན་ཆོས་རྒྱུད་སུས་ཀྱང་བྱེད་སྲོལ་མེད་པའི་སྐྱ་སེར་གཉིས་ཀ་ལ་སྐུ་འགྱེད་སྤྲད་པ་སོགས་བྱེད་ཀྱི་ཡོད་ཀྱང་ཞྭ་དམར་སྨོན་ལམ་ལ་འགྲོ་མཁན་བོད་མི་ཉུང་ཤས་ལས་རག་གི་མེད། དེ་ཡང་ཡིན་ཏེ་བོད་མི་བསམ་ཡོད་ཤེས་ལྡན་སུ་ཡིན་ཡང་ཀརྨ་པ་སུ་གོང་ས་མཆོག་ལ་དད་དམ་ཆེ་བ་འདུག སུས་བོད་མི་རིགས་ལ་ཕན་ཐོག་པ་འདུག སུ་ལ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་ལྷག་བསམ་ཆེ་བ་འདུག་ལྟ་བ་ལས་པད་ཤག་ཁོ་ན་ལ་ལྟ་མི་སྲིད་པ་རེད།
དྲང་པོ་ཞུས་ན་ཀརྨ་པ་རིན་པོ་ཆེའི་ཡང་སྲིད་གཉིས་མེད་ན་བཟང། མ་འོང་པ་གསུམ་བཞི་ཆག་ན་བཀའ་རྒྱུད་པའི་ཆོས་རྒྱུད་ལ་ཕན་ལས་གནོད་ཆེ་བསམ།
ཀུན་གཟིགས་ཞྭ་དམར་སྐུ་འཕྲེང་བཅུ་བཞི་པའམ་ཁྲི་འཛིན་བཅུ་གཅིག་པ་མཆོག་ཞི་བར་གཤེགས་པར་མྱ་ངན་ཞུ
ཨ་ཁ་ཁ་་་་་ད་ཡང་བོད་ཀྱི་བླ་ཆེན་ཞིག་་་་དགོངས་པ་གཞན་དུ་གཏད་འདུག
ལོ་གཅིག་གཉིས་ཀྱི་རྗེས་སུ་ཞྭ་དམར་གྱི་ཡང་སྲིད་ཡིན་ཞེས་གསར་འགྱུར་ཞིག་ཐོན་གྱི་རེད་ སྐབས་དེ་དུས་ང་ཚོ་བོད་མི་ཚོས་བླ་མ་གཅིག་ལ་ཡང་སྲིད་གཉིས་བྱུང་པ་གོ་འདོད་རྩ་བ་ནས་མེད་ དེར་བརྟེན་༄གོངས་ས་མཆོག་དང་རྡ་སའི་ཀ་རྨ་པས་ཞ་དམར་གྱི་ཡང་སྲེད་སྐོར་ལ་ཐེ་འཇུས་མ་གནང་བའི་རེ་བ་ཡོད་ ཆོས་དང་སྲིད་དོན་མཉམ་བསྲེས་གནང་བ་ཡིན་ན་སངས་རྒྱས་ཆོས་ལུགས་དང་མི་མཐུན་ལ་བོད་མི་རྣམས་ཀྱི་བློ་དང་ཡང་མི་མཐུན་པས་དེ་ལྟར་མི་གནང་བའི་རེ་བ་ཞུ་
ཞྭ་དམར་པའི་ཡང་སྲིད་ང་ཡིན་ཞེས་༧གོང་ས་མཆོག་གི་དྲུང་དུ་བཅར་ནས་ངོས་འཛིན་གནང་རོགས་ཞེས་ངུ་མ་རྒོད་ཀྱི་ཞུ་འབོད་ཀྱི་སྡུག་སྐད་མ་བརྒྱབ་ན། ༧གོང་ས་སྐྱབས་མགོན་ཆེན་པོའི་ཞྭ་དམར་ཡང་སྲིད་མཁོ་འདུག་གསུང་པ་ཞིག་ནམ་ཡང་མི་སྲིད། དེ་ལས་ཅོལ་ཆུང་ཀླད་མེད་དག་གི་རི་བོང་གནང་དེབ་ཀྱིས་སྡུག་བསྔལ་དབང་གིས། རང་མགོ་རང་གི་མ་འཁོར་ན་དེ་བས་བཟང་།
བགྲོ་གླེང་བཟང་། བགློ་གླེང་བྱེད་དགོས། བློ་ཟུར་བོར་གནས་པ་འགའ་ཤས་ལ་ཕན་སྲིད་པ་རེད།
ངོ་མ་བཤད་ན་ལུང་རྟོགས་འདི་རིགས་སི་ཏུའི་ཀརྨ་པ་ལ་དད་པ་ཡོད་འདོགས་བསྟན་ནས་ཞྭ་དམར་ཕྲག་དོག་སྙིང་རླུངས་ཀྱིས་ཤི་སོང་བ་ཡིན་པར་བཤད་དང་སྔ་འགྱུར་པ་གྲུབ་དབང་རིན་པོ་འདས་པའི་སྐབས་སུ་ག་ཚོད་བཤད་སོང་། ད་དུང་ཡང་དད་པ་ཡོད་འདོགས་ཀྱིས་གོང་ས་མཆོག་དང་སི་ཀར་འགྲན་པར་ཨོ་ཉི་འདི་རིགས་དབང་རྩ་མི་ཚང་མི་ལན་པ་དང་བྱི་ལས་སྟུག་པ་གསེར་ཏུ་སྒོམ་པ་རང་རེད། འུར་སྒྲོགས་དགའ་གྲགས་ནས་བློ་བཟང་སེངྒེ་ཡང་གོང་ས་མཆོག་མ་འདས་སྤྲུལ་སྐུ་རེད་ཟེར་བ་དང་གཅིག་རེད། ང་ལ་མཚོན་ན་ཀཾ་ཚང་བཀའ་བརྒྱུད་བསྟན་པ་དད་གུས་ཡོད་ཀྱང་སི་ཏུས་རང་རིག་ཀུན་རྫུན་བརྩམས་ནས་བཟུང་དད་པ་ལྟ་ཅི་ཁྲེལ་མེད་ཚོས་རྒྱ་བོད་ཀྱི་གཞུང་ལ་མགོ་བོ་གདུགས་ལྟར་བསྐོར་སོང་། པན་རྫུན་དང་གཅིག་པ་རེད་དོ། དེ་འདྲ་ཡིན་ན་འཇིག་རྟེན་འདིར་དྲང་བདེན་ཟེར་བ་གཏན་ནས་མི་འདུག་བསམས་སོང་། ཨོ་ཙི་༧གོང་ས་མཆོག་གིས་ངོ་མ་ངོས་འཛིན་གནང་བ་ཡིན་ན་གོང་ས་བཅོ་ལྔ་པ་ཡང་ཡང་སི་ཏུས་ངོས་འཛིན་གནང་དང་ཆོག་གི་མི་འདུག་གམ། ད་མང་པོ་མི་བཤད། ཕྲིན་རྡོར་ཀྱང་ཁྱབ་སྲིད་ཀྱི་མི་སྣ་ཞིག་རེད། སྤྲུལ་སྐུ་དང་ཀརྨ་པའི་ཡང་སྲིད་ཡིན་ཟེར་ན་གད་མོ་སློང་བསྐྱེད་ལ་མི་འདུག་པས་དྲ་གྲོགས་ཚོ་བདེ་མོ་གྱིས།
དྲ་གྲོགས་ཚོ།
རྒྱ་ནག་གཞུང་གིས་ཞ་དམར་རིན་པོ་ཆེ་ངོས་འཛིན་ཞུ་རྩིས་འདུག་ཟེར། བྱས་ཙང་འདི་གོང་ལ་གང་མགྱོགས་གཏོང་རོགས།
ཨ་ཕྱི་རྒན་མོ་འདིས་སྡུག་སྐད་རྒྱག་གི་འདུག འོན་ཀྱང་གསེར་ས་འོག་ལ་ཡོད་ཀྱང་འོད་ནམ་མཁའི་དཔེ་བཞིན་དུ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང་། མཛད་པ་འཕྲིན་ལས་ནི་ཉིན་རེ་བཞིན་འཛམ་གླིང་སྟེང་ཇེ་ཆེ་དང་ཇེ་གསལ་རེད་འདུག་པས་རང་སེམས་ལ་བདག་པོ་རྒྱག་མ་ཐུབ་ན། ཉི་མ་ཅིག་ལ་ཨ་ཕྱི་རྒན་མོ་སྙིང་རྩ་འགག་ནས་དགོངས་པ་རྫོགས་སྲིད་པ་རེད། ཧཧཧ
ད་ནས་ཡང་སྲིད་ཚད་ལྡན་གཅིག་ལས་གཉིས་པ་མི་ཡོང་བར་ཤོག དེ་ཡང་གཡོ་སྒྱུ་པ་དང་ཆབ་སྲིད་ཁྲབ་མཁན་ཞིག་མི་ཡོང་བར་ཤོག ཤི་གསོན་གཉིས་ཀྱི་རྒྱུ་དངོས་རྣམས་མཛེས་མའི་སྟུ་ལ་མི་གཏོང་མཁན་ཞིག་མི་ཡོང་བར་ཤོག བུ་མོའི་ཆེད་དུ་ཁྱི་སྨྱོན་ལྟར་གང་སར་རྒྱུགས་མཁན་ཞིག་མི་ཡོང་བར་ཞོག དགོས་པའི་བླ་མའི་ཕྱག་ལས་མི་གནང་བར་མི་དགོས་པའི་ཁྱིམ་པའི་ཕོ་མོའི་ལས་དོན་ལ་མགོ་བོ་མི་འཁོར་ཤོག དགེ་སློང་ཚད་ལྡན་ཞིག་ལས་སྐྱ་མིན་སེར་མིན་དེ་འདྲ་མི་ཡོང་བར་ཤོག ནམ་ཡང་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ལ་ཐུགས་བསམ་བཞེས་མཁན་ཞིག་ཡོང་བར་ཤོག སེམས་ཅན་ཉམ་ཐག་ཅན་རྣམས་ལ་མ་བུའི་བརྩེ་བས་སྐྱོང་བ་བཞིན་ཡོང་བར་ཤོག ནམ་ཡང་ཐོས་བསམ་སྒོམ་གསུམ་ལ་འབད་པ་སླད་མེད་གནང་མཁན་ཞིག་ཡོང་བར་ཤོག བུ་མོ་རྣམས་ལ་ཉིན་མཚན་ཀུན་ཏུ་སྐད་འཕྲིན་དང་ཁ་པར་སོགས་ལ་དུས་མདའ་མཁན་ཞིག་མི་ཡོང་བར་ཤོག མདོར་ན་སེམས་ཅན་དང་བསྟན་དོན་ཁོ་ནར་ཐུགས་བསམ་རྒྱ་ཆེར་བཞེས་མཁན་ཞིག་ཡོང་བར་མཁྱེན།
འགོ་ལོག་པ་ལུང་རྟོགས་ཟེར་བས་ཀརྨ་པ་ཞྭ་དམར་དགོངས་པ་ཆོས་དབྱིངས་སུ་རྫོགས་དུས་སྒྲོ་བསྐུར་གནམ་སར་མི་ཤོང་བར་བཏབས་སོང་། དགོས་པ་གང་ཡིན་མི་ཤེས་མོད། བོད་བརྒྱུད་ཀྱི་ལོ་རྒྱུས་ལ་བདེན་དཔུང་བྱས་ན་ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་ལ་ངན་སྨད་དགོས་དོན་འདུག་གམ། རྒྱལ་གར་དང་བལ་ཡུལ་སོགས་ལ་ང་ཚོ་རྒྱལ་ཁབ་གཞན་གྱི་གཞུང་ལ་༧གོང་ས་མཆོག་གིས་དབུས་བྱས་ཚང་མ་མགོ་བཏགས་ནས་བོད་པ་ཚང་མ་སྐྱབས་བཅོལ་བ་རེད། མ་ཚད་ཁོས་་བོད་གཞུང་གིས་ཞྭ་དམར་ཡང་སྲིད་རྩལ་མི་ཆོག་པ་བཟོས་པའི་ལོ་རྒྱུས་ཡོད་པ་རེད་ཟེར། སྔོན་ཆོད་དགེ་ལུགས་སྒེར་གཞུང་གིས་བཀའ་བརྒྱུད་ཡོངས་རྫོགས་མེད་པར་བཟོས་འཆར་དང་དགེ་ལུགས་མ་གཏོགས་ཆོས་ལུགས་གཞན་ལ་ག་རེ་བཟོས་ཡོད་གསལ་ཐང་ཐང་རེད། ཁོས་་སྐུ་ཐོག་འདི་ལ་ཡང་བོད་པ་ཚང་དང་འབྲེལ་བ་དེ་ཙམ་མེད་པར་སྡད་པ་རེད། ཀརྨ་པ་མཐའ་ཡས་རྡོ་རྗེ་ཞེས་པ་དེ་ཡང་གོང་ས་མཆོག་གི་མདུན་ལ་ཐེང་ཅིག་ཀྱང་གཅར་མྱོང་མེད་པ་རེད། ཟེར། ༧གོང་ས་མཆོག་གི་སྐུ་མདུན་བཅར་མི་ཆོག་པ་དང་དགེ་ཚུལ་སྒྲུབ་མི་མཁན་མཁན་བཤད་ན་ཁྱོད་ལ་བདེ་བོ་ཡོད་རྒྱུ་མ་རེད་ཀོ། ཡང་ཁོས་་་དེ་བཞིན་བོད་པའི་ཁྲོད་ཀྱི་ཞྭ་དམར་པའི་སྦྱིན་བདག་ཆེ་ཤོས་ནི་བལ་ཡུལ་ལ་ཡོད་པའི་བློ་མཐུན་ཚོགས་པ་ཞེས་པ་དེ་རེད་ལ། དེ་ཚོ་ནི་རྒྱ་དམར་གྱི་རྒྱུག་ཁྱི་ཡིན་པ་ཡང་ཡོངས་གྲགས་རེད། དེས་ན་སྐྱག་པ་བཀབ་ཀྱང་སྐྱག་དྲི་བཀག་ཐབས་ཡོད་མ་རེད། ཟེར། དེ་ནི་ཞྭ་དམར་པ་ཏྲི་དང་ཏྰ་ལའི་པ་ཏྲི་ཟེར་བ་གཅིག་པ་རེད། ཁ་བརྡའི་ནང་གི་དྲ་འབུ་འདི་ཚོས་ནམ་ཡིན་རུང་བོད་མིའི་སྒྲིག་འཛུགས་དང་ཕྱོགས་འགལ་བྱེད་མཁན་ཞིག་ཡོད་ན་དེ་ལ་རྒྱབ་སྐྱོར་དང་། རྒྱབ་སྐྱོར་བྱེད་མཁན་ཞིག་ཡོད་ན་དེ་ལ་ངོ་རྒོལ་བྱེད་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན་པས། བྱ་སྤྱོད་འདི་ལ་ང་ཧང་སང་གི་མི་འདུག་ཀྱང་འུར་བཤད་བྱེད་རྒྱུ་མང་སོང་བས་ཁ་ཞིག་གྲག་དགོས་བྱུང་། ཟེར། བདེན་པ་མ་རེད། ཁ་བརྡ་ནང་ཤེས་ཡོན་ཅན་མང་པོ་འདུག དྲང་བདེན་ཅན་དེས་བས་མང་པོ་འདུག རྣམ་དཔྱོད་དང་བོད་ཡིག་ལ་དུང་བའི་མི་རུས་པ་ཅན་ཚོ་ཁ་བརྡ་དྲ་བར་འདུག ལུང་རྟོག་ཁོས་རྫུན་ཆེན་པོ་གསུམ་བཤད་སོང་། གཅིག་སི་ཏུས་ཕྱོགས་ཀྱིས་ངན་པ་བྱས་མེད་ཟེར་བ་གཏན་ནས་མ་རེད། བྷེ་བྷེ་སི་ནས་གྲྭ་དམག་གིས་བཅུ་དྲུག་རིག་པའི་རྡོ་རྗེའི་གཟིམ་ཆུང་གཏོར་བ་དང་དབྱིན་ཇིའི་དུ་མ་ལ་རྡོ་རྒྱབ་ནས་རྨས་པ་གསར་ཤོག་ཐོག་བཞག་འདུག་ག། གཉིས་པ་ཐེ་ཝན་སོགས་རྒྱལ་ཕྱི་ནང་ཀུན་ཏུ་ཞྭ་དམར་བདུད་སྤྲུལ་ཡིན་པར་སི་ཏུའི་ཆོས་ཚོགས་ཚང་མ་བཀྲམས་ཟིན་པ་མངོན་སུམ་རེད། གསུམ་པ་རོ་ཐོག་རྟ་རྒྱུག་ཐེང་དུ་བ་བྱས་འདུག མདོར་ན་འབུམ་ཤུལ་བའི་གསུངས་སྦྱོར་ལ་རྒྱ་ཆ་བརྒྱ་རོགས་དགའ་བསུ་ཡོད། སྔོན་ཞིག་འུ་ཚོའི་ཀརྨ་པ་ཞྭ་དམར་དང་ཞྭ་ནག་སོགས་སྤྲུལ་སྐུ་ཚོས་འཇིག་རྟེན་འདིར་ཡོད་ཚད་ཀྱི་ནུས་ཤུགས་ཕྱུང་ནས་བསྟན་པ་དང་འགྲོ་ལ་སྨན་པའི་ལོ་རྒྱས་གསོན་པོ་ཁྲི་མ་འབུམ་གྱི་དཔང་རི་མངོན་པར་མཐོན་པོ་ཡོད་པ་ཐོས་མྱོང་ལ་མཇལ་ཡང་མྱོང་། དེ་ནི་འདས་སོང་གི་སྤྲུལ་སྐུ་ཚོས་བཞག་པའི་ཞབས་རྗེས་དཀར་པོ་དག་ལོས་ཡིན། སྤྱིར་སྤྲུལ་སྐུ་ཡིན་མིན་སྣ་ཚོགས་ཀྱིས་མིང་གནས་རྗེས་འབྲེལ་གྱིས་མཛད་པ་རེ་བསྐྱངས་ཡོད་པའང་ལོས་ཤེས། ལྷ་དང་བླ་མ་ཁྲི་ཕྲག་གིས་ལུང་དུ་བསྟན་ཅིང་སངས་རྒྱས་གསོན་པོ་མང་པོ་ཡོད་ཀྱང་། དེ་ཚོའི་མཛད་པ་སྐྱོང་ཚུལ་ནི་འདི་ལས་ལེའུར་ཁྲི་ཕྲག་གིས་ཆོད་ཡོད་པའང་སུས་མ་ཤེས། དེའི་ཕྱིར་སྤྲུལ་སྐུ་ཡོད་ཚད་ལ་དམོད་མི་རུང་ལ། སྤྲུལ་སྐུ་ཚོས་བསྟན་པ་དང་འགྲོ་བའི་དོན་ཆེན་བླ་ལྷག་སྤེལ་ཡོད་པའང་ལོས་ཤེས། འོན་ཀྱང་ཡ་མ་བླ་འགའི་སྤྱོད་ཚུལ་གྱིས་བོད་བརྒྱུད་ནང་བསྟན་ཞེས་སྐྱེ་འགྲོ་ཡོངས་ཀྱི་སྨན་སྡོང་གཅིག་པུར་གྱུར་ཡོད་པ་འདི་ཉིད་སྒེར་དོན་དང་སྒེར་གཅོད། དབང་བསྒྱུར་གྲལ་རིམ་པས་མཐོ་རིམ་ནས་དམའ་རིམ། དམའ་རིམ་ནས་རྩ་མེད་གཏོང་བཞིན་པ་ནི་ཆེས་བཟོད་དུ་མེད་པའི་ངང་ཚུལ་སྐྱོ་བོ་ཞིག་གོ། གོང་མའི་ཡོན་ཏན་མི་རྩོད་ཁྲི་ལ་རྩོད།། གོང་མའི་མཛད་ཕྲིན་མི་སྐྱོང་སྒེར་གཅོད་སྐྱོང་།། དེང་སྤྲུལ་ཀར་མའི་མཛད་ཕྲིན་གསར་སྤེལ་གྱིས།། རང་བསྟན་ངོ་མ་ནུབ་རིའི་ཕྱོགས་སུ་བརྫངས།།
ང་ནི་ཕྱོགས་སུ་ལྷུང་དགོས་དོན་གང་ཡང་མེད། ཨ་ཕྱི་ཆོས་སྒྲོན་ཁྱེད་ཀྱི་བཤད་པ་ལས། ལུང་རྟོགས་ཀྱི་བཤད་པར་བདེན་ཁ་དང་རྒྱུ་མཚན་མང་བའདུག ཝ་ཡེ་ད་སྨན་སྐྱལ་གོག་པོ་ཁ་ཕྱེ་ན་མངར་སྐྱུར་མང་པོ་ཐོང་ཡོང་དེ་ལས་འཇམ་ཐེང་གཞག་མི་མཛས་བསམ།
ལས་བྲེལ་གྱི་རྐྱེན་པས་འགྲོ་དགོས་བྱུང་སོང་རྗེས་སུ་ཐུག་ཡོང་།
ད་བྱས་ན་པདྨ་ལགས་ཁྱེད་རང་ཡང་བོད་མའི་སྒྲིག་འཛུགས་ལ་ཁ་གཏད་དང་། ལྡོག་ཕྱོགས་རྣམས་ཀྱི་རྒྱབ་ཏུ་ལང་པ་འདྲ་བགོད་དྲོ་བ་ལ་སྔ་ཕྱི་མི་མཚུངས་པའི་སྐད་ཆ་ཉུང་ན་མཛེས་སོ།
མི་སུ་ཡིན་རུང་བཟང་ངན་ག་རེ་བྱས་མི་ལོ་རྒྱུས་ལས་གསལ་པོ་ཤེས་རྒྱུ་རེད། བོད་པས་ཁ་དཔེ་ལ་ཡོད་པ་བཞིན་བྱས་མིན་ལ་མ་ལྟ། བྱས་ཤུས་ལ་ལྟོས་ཟེར་བ་ཁ་རྩོད་རྒྱག་མི་དགོས་གསལ་པོ་ཤེས་འགྲོ་ཡི་རེད་དོ།
ནག་ཆུའི་གསེར་སྨྱུག་ལགས་ ད་བར་ངུ་མ་རྒོད་ཀྱི་བླ་མ་ངོས་འཛིན་གནང་རོགས་ཞུས་པ་གོ་མ་མྱོང་ ་འོན་ཀྱང་བླ་མ་གཅིག་ལ་ཡང་སྲིད་གཉིས་རེ་ངོས་འཛིན་གནང་བ་ཐེངས་གཅིག་གཉིས་མིན་པ་ཚང་མས་ཤེས་གསལ་རེད་ དེས་བོད་མི་ནང་ཁུལ་ལ་རྙོགས་དྲ་བྱུང་བ་ཡང་ཤེས་གསལ་རེད་ ང་རང་ནག་ཆུ་ནས་མིན་པས་གནམ་རྡིབ་པའི་སྡུག་མངལ་ང་ལ་མེད་ཀྱང་ བོད་མི་ནང་ཁུལ་ལ་རྙོགས་དྲ་གསར་པ་ཡོང་གི་རེད་བསམ་པའི་སེམས་འཕྲལ་ང་ལ་ཡོད་
ནོར། བཅོས།
སྡུག་མངལ། སྡུག་བསྔལ།
དཔར་རྒྱས་སྨྱོ་རྩོམ་ས་མ་ཡ།། ཞྭ་དམར་གཤེགས་པ་ས་མ་ཡ།།
ཀརྡོ་ལགས་ ནོར་བཅོས་གནང་ཐུགས་རྗེ་ཆེ་ རྗེས་སུ་ཡང་ནོར་བཅོས་ཡོང་བ་ཞུ་
འོད་དཔག་མེད་དངོས་ཀརྨ་ཞྭ་དམར་བའི།།
སྤྲུལ་རྒྱུད་རིང་ལུགས་སྐབས་ཚོལ་དགོས་མཁོའི་སླད།།
ངོས་འཛིན་སྟ་གོན་སྤྲུལ་སྐུའི་བཟོ་གྲྭ་རུ།།
མྱུར་དུ་བྱོན་པའི་ཐུགས་བསྐྱེད་མ་ཡེལ་མཛོད།།
འོད་དཔག་མེད་ཀྱིས་སྤྲུལ་སྐུ་རྫུན་མ་བཟོས། །
མཐའ་ཡས་རྡོ་རྗེའི་མི་ཚེ་དམྱལ་བར་བཟོས། །
རེད་ཡ་ཨྱོན་འཕྲིན་ལེན་རྡོ་རྗེ་དངུལ་དངུལ་དངུལ་དངུལ་གྱི་གསར་འགྱུར་འཛམ་གླིང་ཡོང་ལ་ཁྱབ་སོང། གོང་ས་མཆོག་གི་དངུལ་དེ་བོང་སྤྱི་པའི་རེད། དེ་མིན་བླ་ཆེན་མང་ཆེ་བའི་དངུལ་དེ་སྒེར་བདག་རེད་དོ། དཔེར་ན་གོང་ས་མཆོག་ནས་སྒོར་ས་ཡ་༡༠༠ བྷན་ཌར་རའི་གཞིས་ཆག་ལ་གནང་སོང་ངོ། ཀརྨ་རྒྱ་སྟོང་མང་པོ་ཕེབས་ན་ཡག་ཤོས་རེད་དོ
ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་སྐུ་གཤེགས་པར་མྱ་ངན་ཞུ།
ཟླ་ཚེས། 06/12/14 4:43 AM རྩོམ་པ་པོ།
Shamar-Rinpoche1༈ ཁ་སང་སྔ་དྲོ་ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་ཇར་མན་རུ་དགོངས་པ་གཞན་དོན་དུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
དེའང་ཁ་སང་ཕྱི་ལོ་ ༢༠༡༤་༦་༡༡ ཉིན་གྱི་ཞོགས་པ་ཆུ་ཚོད་ ༡༡ ཙམ་ན། ཇ་ནི་མི་བྱང་ཆུབ་ལམ་ཆོས་ཚོགས་སུ་ ༸སྐྱབས་རྗེ་༸ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་མི་ཕམ་ཆོས་ཀྱི་བློ་གྲོས་མཆོག་དགོངས་པ་གཞན་དོན་དུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག་པར་མྱ་ངན་གུས་འདུད་དང་འབྲེལ། མགོན་པོ་གང་གི་རླབས་ཆེན་དགོངས་བཞེད་མཐའ་དག་ཡིད་བཞིན་དུ་འགྲུབ་པའི་གསོལ་འདེབས་སྨོན་ལམ་དང་། ལྟོས་བཅས་འབྲེལ་ཡོད་སློབ་འབངས་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུ་ཞུ་ཞུ།
༸ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་སྐུ་ཕྲེང་བཅུ་བཞི་པ་མི་ཕམ་ཆོས་ཀྱི་བློ་གྲོས་མཆོག་ནི་ཕྱི་ལོ་ ༡༩༥༢ ལོར་ཁམས་སྡེ་དགེ་ཨ་ཐུབ་ཚང་གི་ཁྱིམ་དུ་སྐུ་འཁྲུངས། བཙན་བྱོལ་དུ་འབྱོར་རྗེས་ ༸དཔལ་རྒྱལ་དབང་ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེ་མཆོག་གིས་ཀུན་གཟིགས་ཞྭ་དམར་སྐུ་ཕྲེང་ ༡༤ པའི་ཡང་སྲིད་དུ་ངོས་འཛིན་མཛད། ༸གོང་ས་ ༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་གཞུང་འབྲེལ་ངོས་འཛིན་དང་རབ་བྱུང་བསྒྲུབས་གནང་མཛད། ཕྱི་ལོ་ ༡༩༨༡ ལོར་ ༸ཀརྨ་པ་བཅུ་དྲུག་པ་ཞིང་དུ་མ་གཤེགས་བར་ལྷན་བཞུགས་མཛད་དེ་བཀའ་བརྒྱུད་པའི་ཆོས་བཀའ་ཡོད་དོ་ཅོག་ཞུས་གནང་མཛད། ད་བར་ ༸ཀརྨ་པ་བཅུ་དྲུག་པ་ཆེན་པོའི་རྣམ་ཐར་གྱིས་གཙོས་དབྱིན་བོད་གཉིས་ཐོག་ཕྱག་དེབ་འགའ་བརྩམས་གནང་ཡོད་པ་དང་། དེ་བཞིན་ཀརྨ་བཀའ་བརྒྱུད་ཀྱི་ཆོས་ཚོགས་དགུ་བརྒྱ་ལྷག་གི་ཆོས་ཀྱི་སློབ་དཔོན་མཛད་བཞིན་པ་དང་། ཇར་མན་དུ་རྒྱལ་སྤྱིའི་ནང་པའི་ཆོས་ཚོགས་ཀྱི་དབུ་བླའང་གནང་བཞིན་པ་ཡོད་མུས་ཐོག འདི་ལོ་དགུང་གྲངས་ ༦༢ ཐོག་ཇར་མན་དུ་ཕྱི་རྒྱལ་གྱི་སློབ་ཚོགས་རྣམས་ལ་གསུང་ཆོས་གནང་པའི་སྐབས་གློ་བུར་དུ་བྱང་ཆུབ་ལམ་ཆོས་ཚོགས་སུ་དགོངས་པ་རྫོགས་པ་དང་། ད་ལྟའི་ཆར་ཐུགས་དམ་དུ་བཞུགས་ཡོད་པ་བཅས་ཀྱི་རྣམ་ཐར་སྙིང་བསྡུས་སུ།
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁུངས་ནས་ ༢༠༡༤་༦་༡༢ ཉིན།
http://dhege.org/%e0%bd%80%e0%bd%b4%e0%bd%93%e0%bc%8b%e0%bd%82%e0%bd%9f%e0%bd%b2%e0%bd%82%e0%bd%a6%e0%bc%8b%e0%bd%9e%e0%be%ad%e0%bc%8b%e0%bd%91%e0%bd%98%e0%bd%a2%e0%bc%8b%e0%bd%a2%e0%bd%b2%e0%bd%93%e0%bc%8b%e0%bd%94/