སྐྱོ་བྲག་དགའ་དབང་།
བོད་དུ་ལོ་ཙཱ་བ་མང་པོས་གཤེད་སྐོར་སྒྱུར་བཤད་མཛད་ནའང་། གཤེད་སྐོར་མང་དུ་བཤད་ཅིང་། རྒྱུན་ཡང་རིང་དུ་གནས་པ་ནི་རྭ་ལོ་རྡོ་རྗེ་གྲགས་པ་ཉིད་ཡིན་པ་དེའི་བརྒྱུད་ཁུངས་ཀྱང་། པཎ་ཆེན་ནཱ་རོ་པ་ཡིན་པར་དེབ་ཐེར་སྔོན་པོ་ལས། ནཱ་རོ་པ་ནས་པྲ་ཛྙཱ་རཀྵི་ཏ། དེས་བལ་པོ་ཐུགས་རྗེ་ཆེན་པོ་ལ་གསུངས་ནས། དེ་ལ་རྭ་ལོས་ལེགས་པར་གསན་ཞིང་མང་དུ་མཁྱེན། ཞེས་པ་ལས་དཔག་ན། རྗེ་མར་པས་ནཱ་རོའི་དྲུང་ནས་གཤེད་སྐོར་ཞུས་ཡོད་ངེས་སྙམ་པ་འདུག་ལ། རྒྱབ་ཚབ་གྲགས་པ་དོན་གྲུབ་ཀྱི་མར་པའི་རྣམ་ཐར་དུ། མར་པའི་བླ་མ་སྣང་བ་འགྱུར་ངེས་བཅུ་གསུམ་གྱི་ཡ་གྱལ། ཨོ་དེ་བི་ཤའི་ནག་པོ་དམ་ཚིག་རྡོ་རྗེ་ལ་གཤིན་རྗེའི་གཤེད་ཞུས་པར་གསལ་ནའང་། བོད་དུ་གནང་རབས་དང་རྒྱུན་ཡོད་རབས་ཤིག་ནི་མ་མཐོང་།
མ་གནང་བའི་རྐྱེན། གཤེད་སྐོར་ལ་དགའ་མོས་ཡོད་པའི་སློབ་མ་མ་བྱུང་བ་ཡིན་ནམ། ཡང་ན་གཙུག་ལག་ཕྲེང་བའི་མར་པའི་རྣམ་ཐར་དུ། རྗེ་མར་པས་སྔོན་གྱི་ཆད་མཛད་པའི་དབང་གིས་ཁ་རག་ཏུ་བྱོན་ནས་གཉོས་ལ་ཕྱི་མོ་དགོས་གསུངས་པས། གསེར་སྲང་གང་མཎྜལ་དང་བཅས་པ་ཅིག་ཕུལ་སྟེ། མ་རྒྱུད་ལ་ཁྱེད་རང་འདྲིས་པ་འདུག་པས་དཔེ་མི་དགོས་པར་འདུག །ཁྱེད་ཀྱིས་ཕ་རྒྱུད་བཤད་ན་ང་ལ་ཉན་མི་མི་ཡོང་བས་ཁྱེད་ཀྱིས་མ་རྒྱུད་ཀྱི་བདག་གྱིས་ལ་ཤོད། ངས་ཕ་རྒྱུད་ཀྱི་བདག་བྱས་ལ་བཤད་ཏོ་ཟེར། ཕྱིས་ཀྱང་འདུས་པ་ཡེ་ཤེས་ཞབས་ལུགས། གཤིན་རྗེའི་གཤེད། ཁྱད་པར་འཇིགས་བྱེད། མཚན་བརྗོད་རྣམས་ལ་གཉོས་ཀྱི་རྒྱུད་བཞི་ཟེར་རོ། །ཞེས་གཉོས་ལོ་དང་ཁ་ཆད་མཛད་རབས་ཤིག་འདུག་པ་གང་ཡིན་ནི་མ་འཚལ།
དིང་སང་བཀའ་བརྒྱུད་པ་ལ་གཤེད་སྐོར་གྱི་དབང་ལུང་རྒྱུན་ཡོད་པ་ངས་ཤེས་པ་ནི། དཔལ་ཆེན་བི་རཱུ་པའི་བཞེད་པ་གཤེད་དམར་ལྷ་ལྔ་དང་། ཇོ་བོ་ནཱ་རོ་པ་དང་ན་རེ་བའི་མན་ངག་གུང་སྤྲོས་ཏེ་རྟོག་བདུན་གྱི་དོན་བཤད་པ་ལས་བྱུང་བ་རྒྱུད་རྐྱང་གི་ལུགས་རྡོ་རྗེ་འཇིགས་བྱེད་ལྷ་དགུ་མལ་གྱོ་ལོ་ཙཱ་ནས་བརྒྱུད་པ་གཉིས་པོ་ཙམ་ཡིན་ནོ། །
ས་གཞི་སྤོས་གྱིས་བྱུག་ཤིང་མེ་ཏོག་བཀྲམ། རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། སྐྱོ་བྲག་མཆོག་ལ་དམིགས་ཏེ་འབུལ་བ་ཡིས། འགྲོ་ཀུན་རྣམ་དག་ཞིང་དུ་སྤྱོད་པར་ཤོག་ཅེས་སྐྱོ་བྲག་མཆོག་ལ་ཐུགས་རྗེའི་མཎྚླལ་ཕུལ་ཏེ་གསོལ་འདེབས་ཞུ་བ་ལ། གོང་གི་མལ་གྱོ་ལོ་ཙའི་འཇིགས་བྱེད་རྒྱུད་ཀྱི་བདག་སྐྱེད་དང་འདོན་ཆ་ཡོད་དམ།
གྲུབ་ཆེན་ཅིག་གིས་མར་པར་སྤྲུལ། །
མར་མཆོག་མཁའ་སྤྱོད་ཕེབས་རྗེས་སུ། །
ཡང་ཡང་མི་རུ་སྤྲུལ་པར་ངེས། །
དེ་དང་མཇལ་བའི་སྨོན་ཡོད། །
གྲུབ་ཆེན་ཅིག་གིས་མར་པར་སྤྲུལ། །
མར་མཆོག་མཁའ་སྤྱོད་ཕེབས་རྗེས་སུ། །
ཡང་ཡང་མི་རུ་སྤྲུལ་པར་ངེས། །
དེ་དང་མཇལ་བའི་སྨོན་ལམ་ཡོད། །
ཀརྡོ་ལགས། མར་པ་མཇལ་འདོད་ཡོད་ཚེ། མར་པའི་རྣམ་སྤྲུལ་ངོ་མ། ད་ལྟ་ཤེས་རབ་གླིང་དུ་བཞུགས་པའི་སི་ཏུ་རིན་པོ་ཆེ་རེད། ལུང་རིག་གཉིས་ཀྱིས་མང་པོ་བསྒྲུབས་ཡོད། དེ་ནི་སི་ཏུ་རིམ་བྱུང་གི་རྣམ་ཐར་དུ་བལྟས་ན་ཤེས་ངེས།
་་་་་་ མར་པའི་རྣམ་སྤྲུལ་ངོ་མ། ད་ལྟ་ཤེས་རབ་གླིང་དུ་བཞུགས་པའི་སི་ཏུ་རིན་པོ་ཆེ་རེད། ་་་་་་
མར་པའི་རྣམ་སྤྲུལ་བཀྲུས་ན་མ་དག་པ་ཅིག་ནི། ད་ལྟ་དགུང་ལོ་༡༣ཙམ་ཕེབས་པ་ཁོང་ནི། ༢༠༠༡། ༠༥། ༡༤ཉིན་འཁྲུངས་འདུག དེ་ལས་ཁ་གསལ་བ་ད་ལྟ་ཤོད་འདོད་མེད། མ་འོངས་པར་གྲུབ་རྟགས་སྟོན་དུས་རྒྱབ་སྐྱོར་དུས་ཐོག་ཏུ་བྱ་ཆོག ལགས།། །།
སི་ཏུ་རིན་པོ་ཆེ་ལ་འཇམ་མགོན་ཏའི་སི་ཏུ་ཞེས་རྒྱལ་བ་བྱམས་པ་མགོན་པོའི་སྤྲུལ་སྐུ་ཡིན་པར་འཁུམས། ཨེ་རེད།
དེ་བཞིན་སྤྲུལ་སྐུ་སུ་ཡང་ཡོང་ཆོག་ལ། གཙོ་བོ་སྐུ་གསུམ་གྱི་ཡོན་ཏན་ལ་བལྟ་རྒྱུ་རེད། རྒྱ་མི་ཞིག་གིས་ཁོ་པ་རྒྱལ་བ་རྡོ་རྗེ་འཆང་གསུམ་པ་ཡིན་ཟེར་ཞིང་། དེའི་རྒྱབ་ལ་བོད་ཀྱི་བླ་མ་འགའ་ཤས་ཀྱི་ངོས་སྦྱོར་ཡི་གེ་བསྟན་གྱི་འདུག
གལ་ཏེ་བླ་མའི་ངོས་སྦྱོར་ལ་བརྟེན་ནས་སྤྲུལ་སྐུ་ལ་གདེང་འཇོག་བྱེད་དགོས་ན། ཕལ་ཆེར་རྒྱ་མིའི་རྡོ་རྗེ་འཆང་འདིར་རྒྱབ་རྟགས་གང་ཙམ་འདུག་ག
སྔོན་མ་ཐེ་ཝན་གྱི་འབྱོར་ལྡན་པ་ཆེན་པོ་ཞིག་གིས་༧གོང་ས་མཆོག་ལ་ཁོ་པའི་སྲིང་མོའི་བུ་དེའི་རྟགས་དང་མཚན་མ་རྣམས་ཤིན་དུ་ངོ་མཚར་ཆེ་ཞིང་། སྲིང་མོ་དེས་བུ་ཕྲུག་དེ་བོད་པའི་དགོན་པར་འཇོག་འདོད་ཆེ་བས། གོང་ས་མཆོག་གིས་དེ་ལ་སྤྲུལ་སྐུ་གང་ཡིན་གྱི་ངོ་སྤྲོད་ཞིག་དང་བོད་པའི་དགོན་པ་ཞིག་གིས་སྤྲུལ་སྐུར་ངོས་འཛིན་གནང་ན། ཁོ་པས་དགོན་པ་དེའི་དགེ་འདུན་རྣམས་ཀྱི་མཐུན་རྐྱེན་ལ་ཁྲིམས་ཐོག་ནས་གཏན་འཇགས་ཀྱི་མ་དངུལ་འབུལ་གྱི་ཡིན་ཞེས་གསོལ་བ་འདེབས་པར། ༧གོང་ས་མཆོག་གིས། དེ་དཔེ་ཡག་པོ་རེད། རྟགས་དང་མཚན་མ་འདི་འདྲས་གསལ་པོ་ཡོད་ན། ཁོང་ལ་སློབ་སྦྱོང་གི་མཐུན་རྐྱེན་ཞིག་སྦྱར་ནས། ལོ་ཉི་ཤུ་ཙམ་སྒུག་ན་གསལ་པོ་ཆགས་ཀྱི་རེད། དེར་བརྟེན། ཁྱོད་ཀྱིས་ཁོ་པ་རང་གིས་དད་པ་ཆེ་བའི་དགོན་པ་ཞིག་ལ་ཞོག སློབ་གཉེར་ལོ་ཉི་ཤུ་ཙམ་རྒྱག་ཆུག སྐྱེས་བུ་དམ་པ་ཡིན་ན། རྟགས་དེ་ནས་འཐོན་གྱི་རེད་ཅེས་བཀའ་གནང་འདུག
དེ་བཞིན་གོང་ས་མཆོག་གིས་ཁོང་ལ་བཀའ་སྩལ་བར། ཕྲུ་གུའི་རྒྱབ་ལ་ཕ་མས་དཔལ་འབྱོར་གྱི་རྒྱབ་སྐྱོར་ཤུགས་ཆེ་བྱས་ན། ཕྲུ་གུའི་སློབ་གཉེར་ལ་སྐྱོན་ལས་དགེ་མཚན་མེད། བྱས་ཙང་ཕུ་གུ་དེའི་སློབ་གཉེར་ལ་ཕུགས་ཀྱི་བསམ་བློ་གཏོང་རྩིས་ཡིན་ན། དཔལ་འབྱོར་གྱི་རྒྱབ་རྟགས་མ་སྟོན་ན་ལེགས། ཕྲུ་གུ་དེ་སློབ་གཉེར་བ་གཞན་ལྟར་དམིགས་བསལ་མ་སྤྲད་ན་ལེགས་ཅེས་བཀའ་སྩལ་འདུག་བ་དང་། སྦྱོར་ལྡན་དེའི་དཔལ་འབྱོར་གྱི་ཐབས་ལམ་དེ་བཀག་འདུག
བསམ་བློ་འདི་འདྲ་གཏོང་དུས་གོང་ས་མཆོག་ངོ་མ་བསྟན་པ་ལ་ཐུགས་འཁུར་གཙོ་བོ་གནང་མཁན་ཞིག་ཡིན་པ་དེ་གར་ར་འཕྲོད།
ང་ཚོ་བོད་པའི་བླ་མ་གཞན་ག་ཚོད་ཀྱིས་སྦྱོར་ལྡན་བ་འདི་འདྲ་བའི་མགོ་ལ་བཞོན་ཐུབ་ཀྱི་རེད་དམ།
ཡིག་ནོར། འཇམ་དེ་བྱམས་ལ་བཅོས་རོགས། ཀ་རྡོ་ལགས་དགོངས་དག
སི་ཏུ་རིན་པོ་ཆེ་མར་པའི་རྣམ་འཕྲུལ་ཡིན་ན། ཞྭ་དམར་རིན་པོ་ཆེ་ནཱ་རོའི་རྣམ་འཕྲུལ་ཡིན་ངེས་རེད། སི་ཏུ་རིན་པོ་ཆེ་བྱམས་མགོན་ཡིན་ན། ཞྭ་དམར་རིན་པོ་ཆེ་ལྷ་ཡི་བུ་དམ་པ་ཏོག་དཀར་ཡིན་ངེས།
# 4 ཚེ་རིང་ནས།་ལགས་ཀྱིས་མཆན་བཏབ་པ།:
June 16th, 2014 at 4:41 AM
ཀརྡོ་ལགས། མར་པ་མཇལ་འདོད་ཡོད་ཚེ། མར་པའི་རྣམ་སྤྲུལ་ངོ་མ། ད་ལྟ་ཤེས་རབ་གླིང་དུ་བཞུགས་པའི་སི་ཏུ་རིན་པོ་ཆེ་རེད། ལུང་རིག་གཉིས་ཀྱིས་མང་པོ་བསྒྲུབས་ཡོད། དེ་ནི་སི་ཏུ་རིམ་བྱུང་གི་རྣམ་ཐར་དུ་བལྟས་ན་ཤེས་ངེས།
ཟེར་བ་ལ།
བཀའ་གདམས་གསར་མ་རི་བོ་དགེ་ལྡན་པའི་ནང་ལ་ཡང་། ངས་ལྟ་ཕྱག་འཁྱུང་གསུམ་ཞུ་སའི་རྩ་བའི་བླ་མ་དང་། ༸གོང་ས་མཆོག་གི་མཚན་ཞབས་པ་ཡང་ཡིན་པ་གསེར་ཀོང་རྡོ་རྗེ་འཆང་འདི་ཡང་། མར་པའི་རྣམ་སྤྲུལ་དུ་དག་སྣང་སྦྱོང་མཁན་ཡང་དགེ་ལུགས་པ་འགའ་ཤས་འདུག་ཀྱང་། ཁོང་ཡང་མར་སྤྲུལ་མིན་པར་ང་ལ་ངེས་ཤེས་རྙིད་བྱུང་ལ།
སི་ཏུ་རིན་པོ་ཆེ་ལ་རྒྱལ་ཚབ་ཀྱི་མཚན་ཡོད་ཙང་། རྒྱལ་བ་མི་ཕམ་འི་སྤྲུལ་པ་འདྲ་ནི་ཡིན་་སྲིད་ཀྱང་། མར་པ་ཆོས་ཀྱི་བློ་གྲོས་ཀྱི་ཡང་སྲིད་མིན་པ་ངའི་རང་གི་སྐེ་ཡང་བཞག་ཐུབ་བོ།། །།ཧཧཧཧ། ཧོ་ཧོ། ཨེ་མ་ཧོ།། །།