རྒྱལ་བ་རིན་པོ་ཆེས་གསུང་ཆོས་གནང་བ། Posted on 2008-09-252008-09-25 By དགེ་རབ་ 4 Comments on རྒྱལ་བ་རིན་པོ་ཆེས་གསུང་ཆོས་གནང་བ། གོང་གསལ་པར་འདི་ནི་དེ་རིང་༧རྒྱལ་བ་རིན་པོ་ཆེ་ཚང་གཙུག་ལག་ཁང་དུ་གསུང་ཆོས་གནང་དུ་ཕེབས་ཏེ་ཕྱིར་ཕོ་བྲང་དུ་ཕེབས་བཞིན་པའི་པར་རེད་འདུག གསུང་ཆོས་འདི་ནི་སྐུ་བསྙུང་བཞེས་པའི་རྗེས་ཀྱི་གསུང་ཆོས་ཐོག་མ་དེ་ཡིན་པ་རེད། སེམས་དགའ་བ་ལ། པར་འདི་ཕ་ཡུལ་དྲ་རྒྱ་ནས་བླངས་པ་ཡིན། གསར་འགྱུར།
སེམས་ཅན་འདི་ཚོས་དད་ཡོད་མདོག་གིས་གསུང་ཆོས་ཞུས་ནས་མཐའ་དོན་ཁོང་ཚོར་མིང་ཞིག་དགོས་གི་ཡོད་ནི་རེད། ང་རང་རྒྱལ་བ་རིན་པོ་ཆེ་གི་སློབ་མ་ཡིན་ཟེར་བ་ཞིག་དང་ང་རང་ནང་པ་ལ་དད་ཞེས་ཞིག་དགོས་གི་ཡོད་ནི་རེད། དེ་ཆོས་རྣམ་དག་ཅིག་ལ་འགྲོ་གི་ཨེ་རེད། དོན་དངོས་ཐོག་ནས་ང་ཚོས་ཁོང་གིས་གསུང་བ་ནང་བཞིན་ཉམས་ལེན་བྱེད་ཐུབ་ཀྱིན་ཨེ་ཡོད། སེམས་ཅན་འདིས་ད་ཁོང་འདུག་གི་འཇུག་རྒྱུ་མ་རེད། ཉེ་ཆར་ཁོང་གི་སྐུ་བསྙུང་ནས་བོད་པ་ཡོད་ཚད་ཀྱི་བློ་འཚབ་བྱེད་པ་མ་རེད་དམ། འདི་ནི་གཙོ་བོ་ཆོས་རིག་ལས་ཁུངས་ཀྱིས་དམ་འཛིན་བྱེད་དགོས་པ་ཞིག་རེད།
ཁྱོད་ནི་འགྲོ་བའི་དོན་གྱི་སླད། །ཅུང་ཟད་ཙམ་ཡང་མི་ངལ་ཞིང༌། །འགྲོ་བ་རྣམས་ཀྱང་ཁྱོད་ཀྱི་ནི། །ཡོན་ཏན་བརྗོད་ལ་ངལ་མ་གྱུར། ། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི། །ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བཞེད་དོན་ལྷུན་འགྲུབ་ཤོག ། གངས་རི་ར་བས་བསྐོར་བའི་ཞིང་ཁམས་འདིར། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །
ྔོན་མ་ཟླ་ཤས་གོང་། དྲ་རྒྱའི་ཐོག་རྒྱ་རིགས་མི་སྣ་འགའ་དང་བོད་རྒྱའི་སྐོར་གླེང་མོལ་བྱེད་སྐབས། ཁ་གཏད་རྒྱ་རིགས་དེས་དྲིས་པར། ཁྱོད་ཀྱིས་ཏཱ་ལའི་བླ་མས་བོད་མིར་བྱ་བ་བཟང་པོ་གང་སྒྲུབ་ཡོད་པ་ཤོད་དང་ཟེར། ཁོ་པས་བཤད་རྒྱུར་གུང་ཁྲན་ཏང་གིས་བོད་མིའི་འཚོ་བ་ཡར་རྒྱས་བཏང་ཡོད། བོད་ནང་འགྱུར་བ་ཆེན་པོ་ཕྱིན་ཡོད་ཟེར། འོ་ན་ད་ཏཱ་ལའི་བླ་མས་བོད་ནང་གི་བོད་མིར་བྱ་བ་བཟང་པོ་གང་བསྒྲུབས་ཡོད་ཟེར། ངས་ཁོ་པར་ལན་དེ་ལྟར་རྒྱབ་པ་ཡིན། ཁྱེད་རྣམས་ཀྱིས་ངའི་ལན་དེར་དག་བཤེར་ཞིག་བྱེད་རོགས། ༡༽ ཏཱ་ལའི་བླ་མ་བོད་མིར་བཀའ་དྲིན་ཆེ་བའི་རྒྱུ་མཚན་མང་པོ་དྲངས་རྒྱུ་ཡོད་རུང་རྒྱ་རིགས་ཁྱེད་ཆོས་ལ་ཡིད་ཆེས་མེད་སྟབས། འདིར་ཆོས་དང་འབྲེལ་བ་མེད་པའི་བཀའ་འདྲིན་གསུམ་བཀོད་ཀྱི་ཡིན། དང་པོ། གཉན་འཕྲང་གི་དུས་ལ་ཡིད་གཏད་རུང་བའི་མགོ་འཁྲིད་ཀྱི་བཀའ་འདྲིན་བསྐྱངས་པ། ༡༩༥༩ལོར་རྒྱ་གུང་ཁྲན་གྱིས་བོད་བཙན་གཤེད་ཀྱིས་དབང་སྒྱུར་བྱས་པའི་ཚེ། ཁོང་གིས་བོད་མིའི་རྣག་སེམས་ཡིད་ལ་བཅངས་ནས། གུང་ཁྲན་ལ་མགོ་བོ་མ་སྒུར་བར། རང་གི་བདེ་སྐྱིད་བློས་བཏང་ནས་བཙན་བྱོལ་ནང་མི་དམངས་ལ་རེ་བ་གསར་པ་དང་། རང་དབང་སླར་གསོའི་སྨན་སྦྱིན་ཡོད། དེའི་འདྲིན་ལས། ད་ཆ་བོད་མི་རྣམས་ལ་བོད་དང་བོད་དོན་ཟེར་བའི་ཐ་ྙད་ཞིག་བེད་སྤྱོད་བྱེད་རྒྱུ་རག་ཡོད། གལ་ཏེ་ཏཱ་ལའི་བླ་མས། གུང་ཁྲན་ཏང་ལ་མགོ་བོ་སྒུར་ནས། ཁོང་སྒེར་གྱི་འཚོ་བ་ནི་མའོ་ཡིས་གན་ལེན་བྱེད་ཐུབ། གཉིས་པ། བོད་མི་ཆིག་སྒྱིལ་ཡོང་བར་ལོ་རྒྱུས་ཐོག་བྱུང་དཀའ་བའི་བྱས་རྗེས་བཞག་པ། ཏཱ་ལའི་བླ་མས། བཙན་བྱོལ་ནང་ལ་བོད་གཞུང་བཙུགས་ནས་ལོ་སྟོང་ཕྲག་རིང་ཁ་ཐོར་ནས། འབྲེལ་བ་མེད་པའི་བོད་ཀྱི་བུ་ཚ་རྣམས་བསྐྱར་དུ་ཐོག་གཅིག་ཏི་འོག་ཏུ་ཐབ་གཅིག་གི་ནང་ནས་ཟ་མ་བཟའ་བའི་གོ་སྐབས་སྦྱིན། བོད་ཀྱི་བཙན་པོའི་རྒྱལ་རབས་གཤིག་པ་ནས་བཟུང་། བོད་མི་རྣམས་སྲིལ་བུར་ཁ་ཐོར་ནས། ཁམས། ཨ་མདོ། དབུས་གཙང་གསུམ་ལ་ཆ་བགོས་ནས། ཆོས་ཙམ་ལས། སྲིད་དང་སྤྱི་ཚོགས་ཀྱི་འཚོ་བའི་འབྲེལ་བ་མེད་པར་འགྱུར། བསམ་རྱྒ་ཆེ་ཞིང་། གུང་གྲངས་ཉི་ཤུའི་ནང་ཡིན་པའི་ན་གཞོན་ཁོང་གིས་ྩ་ཁྲིམས་བཟོས་ནས། ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་བོད་མིའི་ཁྱིམ་སྡེ་གསར་པ་ཞིག་བསྐྲུན། དེའི་བྱས་རྗེས་ལས། ད་ཆ་བོད་ཆེན་པོ་ཟེར་བ་དང་། ཆོལ་གསུམ་ཡོངས་སུྫོགས་པའི་བོད་རང་སྐྱོང་ཟེར་བའི་ཐ་ྙད་བྱུང་ཞིང་། ད་ཆ་བོད་མིའི་འཐབ་ྩོད་ཀྱི་མགོ་ཁྲིད་མཁན་ཚང་མ་ཆོལ་གསུམ་ཡོངས་ཀྱི་བོད་མི་ཤ་སྟག་ཡིན། དཔེར་ན། ཟམ་སྟོང་རིན་པོ་ཆེ་ཡུན་ནན་ཞིང་ཆེན་ནང་ལ་ཤོར་བའི་བོད་མིའི་ས་ཆ་ནས་རེད། བཙན་པོའི་སྐབས་ནས་དབུས་གཙང་དང་ཆབ་སྲིད་ཀྱི་འབྲེལ་བ་ཆད་པ་རེད། རྒྱ་རི་རིན་པོ་ཆེ་ཉག་རོང་ནས་རེད། ད་བར་བོད་གཞུང་དང་འབྲེལ་བ་མེད། དེ་བཞིན་རྒྱལ་བ་རིན་པོ་ཆེ་ཁོང་ཨ་མདོ་ནས་རེད། ཁོང་གིས་ཐབས་མཁས་ཐུགས་རྗེས་བོད་མི་ཚང་མ་བོད་པ་ཞེས་པའི་མིང་འོག་ལ་མཇུག་པ་རེད། དེ་བཀའ་འདྲིན་ཆེན་པོ་མ་རེད་འམ་ཅེས་རྒྱ་དེ་ལ་བཤད། གསུམ་པ། དེ་ལྟ་བུའི་ཕོ་ཟད་མོ་ལ་ཐུག་པའི་དུས་ཚོད་རིང་། བཙན་བྱོལ་ནང་བོད་མི་ཚང་མ་ལྟོ་གོས་མ་ཕྱིད་པའི་སྐབས་ལ། ཁོང་གིས་རླབས་ཆེན་གྱི་ྙིང་སྟོབས་ཀྱིས་བོད་གཞུང་དང་དམངས་གཙོའི་གཞུང་ཞེས་པའི་དགོངས་པ་འཁྲུངས་ནས། གནམ་འོག་བོད་མི་ཡོངས་ལ་བོད་གཞུང་ཞེས་པའི་གཞུང་ཞིག་བཙུགས་པ་རེད། དེ་བཀའ་འདྲིན་མི་ཆེ་འམ། ྔོན་མའི་སྡེ་པ་གཞུང་དེ་དབུས་གཙང་གི་མི་ལས། ཨ་མདོ་དང་ཁམས་པར་གཞུང་ཞེས་པའི་འདུ་ཤེས་མེད། ད་ཆ་བོད་གཞུང་དེ་གནམ་འོག་འདིར་ཡོད་དོ་ཅོག་ཏུ་འགྱུར་བའི་བོད་མི་ཚང་མའི་བློ་རྟེན་ཡུལ་གྱི་གཞུང་ཞིག་ཏུ་འགྱུར་ཡོད། གཞུང་དེ་ཡང་དམངས་གཙོའི་ལམ་ལ་སྐྱོད་བཞིན་ཡོད། དེ་བཀའ་འདྲིན་མི་ཆེའམ་ཞེས་རྗོད་པར། རྒྱ་མི་ཁ་གཏད་དེས། གནས་ཚུལ་དེ་ཚོ་ང་ཚོས་ྩ་བ་ནས་ཤེས་ཀྱི་མེད། ཁོང་ངོ་མ་ཆབ་སྲིད་ཀྱི་རླབས་ཆེན་མི་སྣ་ཞིག་རེད་འདུག ཨ་རིའི་ལིན་ཁུན་དང་། རྒྱའ་སུན་ཀྲུང་ཧྲན་ལྟ་བུ་རེད། ཡིན་ནའི་ཁོང་མི་གཞན་གྱི་མགོ་སྐོར་འོག་འཐེབས་སླ་བ་ཞིག་མཐོང་གི་འདུག་ཟེར། ངས་ཁོང་རང་གཤིས་ཤིན་དུ་ཚུགས་པོ་རེད། ཁོང་ལ་འདོད་པ་ཆེན་པོ་དང་། སྒེར་སེམས་ཆེན་པོ་མེད་སྟབས་གཞན་གྱིས་གང་བཤད་པར་དེའི་རྗེས་སུ་རང་གར་རྒྱུགས་མཁན་ཞིག་མ་རེད་ཅེས་རྗོད་པ་འདིར་རྒྱ་དེས་ཁས་ལེན་མ་བྱས་པར། ཁོང་ཀྲུང་གོར་མི་དགའ་མཁན་གྱི་ཕྱི་གླིང་བ་ཚོས་བེད་སྤྱོད་བྱེད་ཀྱི་འདུག་ཟེར། ཁྱེད་ཀྱི་བྱས་ན།
ཟུར་ལྟ་ལགས་ཐུགས་རྗེ་ཆེ། ཁ་གཏད་བྱེད་སྟངས་ལས་ཁ་གཏད་བྱེད་ས་ནོར་མེད་པས་དགའ་བོ་བྱུང་། དེའི་གྲངས་ལ་བསྐོར་ནས་བཤད་པ་ལས་ཁ་ཐུག་ལ་བཤད་ན་ཕན་ཡོང་། དཔེར་ན། ངེད་ཅག་གིས་གུང་ཁྲན་འདི་བ་དྲིན་ཆེན་ཡིན་པ་རྨི་ལམ་ལ་ཡང་དྲན་གིན་མི་འདུག ཡིན་གཅིག་ཁྱོད་ཅག་གིས་བཤད་པ་བཞིན་གུང་ཁྲན་ལ་བོད་མི་མང་གིས་ཐུགས་རྗེ་ཆེ་ཟེར་བའི་རྨི་ལམ་འདི་འགྲུབ་དགོས་ན་ཐོག་མར་ཁྱོད་ཅག་གིས་རི་པིན་ལ་བཀའ་དྲིན་བསམ་ཤེས་བྱས་པའི་རྗེས་ལ་མ་གཏོགས་ཡོང་དཀའ་མོ་རེད་ལབ་ན་ཏག་ཏག་ཡོད་པ།།
སེམས་ཅན་འདི་ཚོས་དད་ཡོད་མདོག་གིས་གསུང་ཆོས་ཞུས་ནས་མཐའ་དོན་ཁོང་ཚོར་མིང་ཞིག་དགོས་གི་ཡོད་ནི་རེད། ང་རང་རྒྱལ་བ་རིན་པོ་ཆེ་གི་སློབ་མ་ཡིན་ཟེར་བ་ཞིག་དང་ང་རང་ནང་པ་ལ་དད་ཞེས་ཞིག་དགོས་གི་ཡོད་ནི་རེད། དེ་ཆོས་རྣམ་དག་ཅིག་ལ་འགྲོ་གི་ཨེ་རེད། དོན་དངོས་ཐོག་ནས་ང་ཚོས་ཁོང་གིས་གསུང་བ་ནང་བཞིན་ཉམས་ལེན་བྱེད་ཐུབ་ཀྱིན་ཨེ་ཡོད། སེམས་ཅན་འདིས་ད་ཁོང་འདུག་གི་འཇུག་རྒྱུ་མ་རེད། ཉེ་ཆར་ཁོང་གི་སྐུ་བསྙུང་ནས་བོད་པ་ཡོད་ཚད་ཀྱི་བློ་འཚབ་བྱེད་པ་མ་རེད་དམ། འདི་ནི་གཙོ་བོ་ཆོས་རིག་ལས་ཁུངས་ཀྱིས་དམ་འཛིན་བྱེད་དགོས་པ་ཞིག་རེད།
ཁྱོད་ནི་འགྲོ་བའི་དོན་གྱི་སླད། །ཅུང་ཟད་ཙམ་ཡང་མི་ངལ་ཞིང༌། །འགྲོ་བ་རྣམས་ཀྱང་ཁྱོད་ཀྱི་ནི། །ཡོན་ཏན་བརྗོད་ལ་ངལ་མ་གྱུར། །
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི། །ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བཞེད་དོན་ལྷུན་འགྲུབ་ཤོག །
གངས་རི་ར་བས་བསྐོར་བའི་ཞིང་ཁམས་འདིར། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །
ྔོན་མ་ཟླ་ཤས་གོང་། དྲ་རྒྱའི་ཐོག་རྒྱ་རིགས་མི་སྣ་འགའ་དང་བོད་རྒྱའི་སྐོར་གླེང་མོལ་བྱེད་སྐབས། ཁ་གཏད་རྒྱ་རིགས་དེས་དྲིས་པར། ཁྱོད་ཀྱིས་ཏཱ་ལའི་བླ་མས་བོད་མིར་བྱ་བ་བཟང་པོ་གང་སྒྲུབ་ཡོད་པ་ཤོད་དང་ཟེར། ཁོ་པས་བཤད་རྒྱུར་གུང་ཁྲན་ཏང་གིས་བོད་མིའི་འཚོ་བ་ཡར་རྒྱས་བཏང་ཡོད། བོད་ནང་འགྱུར་བ་ཆེན་པོ་ཕྱིན་ཡོད་ཟེར། འོ་ན་ད་ཏཱ་ལའི་བླ་མས་བོད་ནང་གི་བོད་མིར་བྱ་བ་བཟང་པོ་གང་བསྒྲུབས་ཡོད་ཟེར།
ངས་ཁོ་པར་ལན་དེ་ལྟར་རྒྱབ་པ་ཡིན། ཁྱེད་རྣམས་ཀྱིས་ངའི་ལན་དེར་དག་བཤེར་ཞིག་བྱེད་རོགས།
༡༽ ཏཱ་ལའི་བླ་མ་བོད་མིར་བཀའ་དྲིན་ཆེ་བའི་རྒྱུ་མཚན་མང་པོ་དྲངས་རྒྱུ་ཡོད་རུང་རྒྱ་རིགས་ཁྱེད་ཆོས་ལ་ཡིད་ཆེས་མེད་སྟབས། འདིར་ཆོས་དང་འབྲེལ་བ་མེད་པའི་བཀའ་འདྲིན་གསུམ་བཀོད་ཀྱི་ཡིན།
དང་པོ། གཉན་འཕྲང་གི་དུས་ལ་ཡིད་གཏད་རུང་བའི་མགོ་འཁྲིད་ཀྱི་བཀའ་འདྲིན་བསྐྱངས་པ། ༡༩༥༩ལོར་རྒྱ་གུང་ཁྲན་གྱིས་བོད་བཙན་གཤེད་ཀྱིས་དབང་སྒྱུར་བྱས་པའི་ཚེ། ཁོང་གིས་བོད་མིའི་རྣག་སེམས་ཡིད་ལ་བཅངས་ནས། གུང་ཁྲན་ལ་མགོ་བོ་མ་སྒུར་བར། རང་གི་བདེ་སྐྱིད་བློས་བཏང་ནས་བཙན་བྱོལ་ནང་མི་དམངས་ལ་རེ་བ་གསར་པ་དང་། རང་དབང་སླར་གསོའི་སྨན་སྦྱིན་ཡོད། དེའི་འདྲིན་ལས། ད་ཆ་བོད་མི་རྣམས་ལ་བོད་དང་བོད་དོན་ཟེར་བའི་ཐ་ྙད་ཞིག་བེད་སྤྱོད་བྱེད་རྒྱུ་རག་ཡོད། གལ་ཏེ་ཏཱ་ལའི་བླ་མས། གུང་ཁྲན་ཏང་ལ་མགོ་བོ་སྒུར་ནས། ཁོང་སྒེར་གྱི་འཚོ་བ་ནི་མའོ་ཡིས་གན་ལེན་བྱེད་ཐུབ།
གཉིས་པ། བོད་མི་ཆིག་སྒྱིལ་ཡོང་བར་ལོ་རྒྱུས་ཐོག་བྱུང་དཀའ་བའི་བྱས་རྗེས་བཞག་པ། ཏཱ་ལའི་བླ་མས། བཙན་བྱོལ་ནང་ལ་བོད་གཞུང་བཙུགས་ནས་ལོ་སྟོང་ཕྲག་རིང་ཁ་ཐོར་ནས། འབྲེལ་བ་མེད་པའི་བོད་ཀྱི་བུ་ཚ་རྣམས་བསྐྱར་དུ་ཐོག་གཅིག་ཏི་འོག་ཏུ་ཐབ་གཅིག་གི་ནང་ནས་ཟ་མ་བཟའ་བའི་གོ་སྐབས་སྦྱིན། བོད་ཀྱི་བཙན་པོའི་རྒྱལ་རབས་གཤིག་པ་ནས་བཟུང་། བོད་མི་རྣམས་སྲིལ་བུར་ཁ་ཐོར་ནས། ཁམས། ཨ་མདོ། དབུས་གཙང་གསུམ་ལ་ཆ་བགོས་ནས། ཆོས་ཙམ་ལས། སྲིད་དང་སྤྱི་ཚོགས་ཀྱི་འཚོ་བའི་འབྲེལ་བ་མེད་པར་འགྱུར། བསམ་རྱྒ་ཆེ་ཞིང་། གུང་གྲངས་ཉི་ཤུའི་ནང་ཡིན་པའི་ན་གཞོན་ཁོང་གིས་ྩ་ཁྲིམས་བཟོས་ནས། ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་བོད་མིའི་ཁྱིམ་སྡེ་གསར་པ་ཞིག་བསྐྲུན། དེའི་བྱས་རྗེས་ལས། ད་ཆ་བོད་ཆེན་པོ་ཟེར་བ་དང་། ཆོལ་གསུམ་ཡོངས་སུྫོགས་པའི་བོད་རང་སྐྱོང་ཟེར་བའི་ཐ་ྙད་བྱུང་ཞིང་། ད་ཆ་བོད་མིའི་འཐབ་ྩོད་ཀྱི་མགོ་ཁྲིད་མཁན་ཚང་མ་ཆོལ་གསུམ་ཡོངས་ཀྱི་བོད་མི་ཤ་སྟག་ཡིན། དཔེར་ན། ཟམ་སྟོང་རིན་པོ་ཆེ་ཡུན་ནན་ཞིང་ཆེན་ནང་ལ་ཤོར་བའི་བོད་མིའི་ས་ཆ་ནས་རེད། བཙན་པོའི་སྐབས་ནས་དབུས་གཙང་དང་ཆབ་སྲིད་ཀྱི་འབྲེལ་བ་ཆད་པ་རེད། རྒྱ་རི་རིན་པོ་ཆེ་ཉག་རོང་ནས་རེད། ད་བར་བོད་གཞུང་དང་འབྲེལ་བ་མེད། དེ་བཞིན་རྒྱལ་བ་རིན་པོ་ཆེ་ཁོང་ཨ་མདོ་ནས་རེད། ཁོང་གིས་ཐབས་མཁས་ཐུགས་རྗེས་བོད་མི་ཚང་མ་བོད་པ་ཞེས་པའི་མིང་འོག་ལ་མཇུག་པ་རེད། དེ་བཀའ་འདྲིན་ཆེན་པོ་མ་རེད་འམ་ཅེས་རྒྱ་དེ་ལ་བཤད།
གསུམ་པ། དེ་ལྟ་བུའི་ཕོ་ཟད་མོ་ལ་ཐུག་པའི་དུས་ཚོད་རིང་། བཙན་བྱོལ་ནང་བོད་མི་ཚང་མ་ལྟོ་གོས་མ་ཕྱིད་པའི་སྐབས་ལ། ཁོང་གིས་རླབས་ཆེན་གྱི་ྙིང་སྟོབས་ཀྱིས་བོད་གཞུང་དང་དམངས་གཙོའི་གཞུང་ཞེས་པའི་དགོངས་པ་འཁྲུངས་ནས། གནམ་འོག་བོད་མི་ཡོངས་ལ་བོད་གཞུང་ཞེས་པའི་གཞུང་ཞིག་བཙུགས་པ་རེད། དེ་བཀའ་འདྲིན་མི་ཆེ་འམ། ྔོན་མའི་སྡེ་པ་གཞུང་དེ་དབུས་གཙང་གི་མི་ལས། ཨ་མདོ་དང་ཁམས་པར་གཞུང་ཞེས་པའི་འདུ་ཤེས་མེད། ད་ཆ་བོད་གཞུང་དེ་གནམ་འོག་འདིར་ཡོད་དོ་ཅོག་ཏུ་འགྱུར་བའི་བོད་མི་ཚང་མའི་བློ་རྟེན་ཡུལ་གྱི་གཞུང་ཞིག་ཏུ་འགྱུར་ཡོད། གཞུང་དེ་ཡང་དམངས་གཙོའི་ལམ་ལ་སྐྱོད་བཞིན་ཡོད། དེ་བཀའ་འདྲིན་མི་ཆེའམ་ཞེས་རྗོད་པར།
རྒྱ་མི་ཁ་གཏད་དེས། གནས་ཚུལ་དེ་ཚོ་ང་ཚོས་ྩ་བ་ནས་ཤེས་ཀྱི་མེད། ཁོང་ངོ་མ་ཆབ་སྲིད་ཀྱི་རླབས་ཆེན་མི་སྣ་ཞིག་རེད་འདུག ཨ་རིའི་ལིན་ཁུན་དང་། རྒྱའ་སུན་ཀྲུང་ཧྲན་ལྟ་བུ་རེད། ཡིན་ནའི་ཁོང་མི་གཞན་གྱི་མགོ་སྐོར་འོག་འཐེབས་སླ་བ་ཞིག་མཐོང་གི་འདུག་ཟེར།
ངས་ཁོང་རང་གཤིས་ཤིན་དུ་ཚུགས་པོ་རེད། ཁོང་ལ་འདོད་པ་ཆེན་པོ་དང་། སྒེར་སེམས་ཆེན་པོ་མེད་སྟབས་གཞན་གྱིས་གང་བཤད་པར་དེའི་རྗེས་སུ་རང་གར་རྒྱུགས་མཁན་ཞིག་མ་རེད་ཅེས་རྗོད་པ་འདིར་རྒྱ་དེས་ཁས་ལེན་མ་བྱས་པར། ཁོང་ཀྲུང་གོར་མི་དགའ་མཁན་གྱི་ཕྱི་གླིང་བ་ཚོས་བེད་སྤྱོད་བྱེད་ཀྱི་འདུག་ཟེར།
ཁྱེད་ཀྱི་བྱས་ན།
ཟུར་ལྟ་ལགས་ཐུགས་རྗེ་ཆེ། ཁ་གཏད་བྱེད་སྟངས་ལས་ཁ་གཏད་བྱེད་ས་ནོར་མེད་པས་དགའ་བོ་བྱུང་། དེའི་གྲངས་ལ་བསྐོར་ནས་བཤད་པ་ལས་ཁ་ཐུག་ལ་བཤད་ན་ཕན་ཡོང་། དཔེར་ན། ངེད་ཅག་གིས་གུང་ཁྲན་འདི་བ་དྲིན་ཆེན་ཡིན་པ་རྨི་ལམ་ལ་ཡང་དྲན་གིན་མི་འདུག ཡིན་གཅིག་ཁྱོད་ཅག་གིས་བཤད་པ་བཞིན་གུང་ཁྲན་ལ་བོད་མི་མང་གིས་ཐུགས་རྗེ་ཆེ་ཟེར་བའི་རྨི་ལམ་འདི་འགྲུབ་དགོས་ན་ཐོག་མར་ཁྱོད་ཅག་གིས་རི་པིན་ལ་བཀའ་དྲིན་བསམ་ཤེས་བྱས་པའི་རྗེས་ལ་མ་གཏོགས་ཡོང་དཀའ་མོ་རེད་ལབ་ན་ཏག་ཏག་ཡོད་པ།།