གནས་ཚུལ་གཏོང་མཁན། བསྟན་འཛིན་རྣམ་དག
དེ་རིང་ཕྱི་ཚེས་༡༦ ཉིན་གྱི་སྔ་དྲོར། བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་གོ་སྒྲིག་འོག རྡ་སའི་ཉེ་འགྲམ་གྱི་བཙུན་དགོན་སྒྲོལ་མ་གླིང་དུ་མང་གཙོའི་གོ་རྟོགས་སྤེལ་བའི་གཏམ་བཤད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་རེད། དེ་ནི་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་མང་གཙོ་ཡར་རྒྱས་ཀྱི་ལས་གཞིའི་ཁྱབ་ཁོངས་ནས་ལས་འགུལ་ཞིག་ཡིན་འདུག འདུ་འཛོམས་དེར་བཙུན་དགོན་དེའི་དགེ་ལས་དང་སློབ་མ་ཡོངས་རྫོགས་མཉམ་ཞུགས་བྱས་ཡོད་པ་རེད།
ལས་འགུལ་དེའི་ནང་བོད་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་དཔེ་དེབ་དང་མང་གཙོའི་མཚོན་དོན། མང་གཙོའི་ནང་དོན་ལྡན་པའི་འོད་སྡེར་དང་མང་གཙོ་ངོ་སྤྲོད་ཀྱི་ཡིག་ཆ་སོགས་འགྲེམས་སྤེལ་བྱས་པའི་ཐོག ཤེས་རིག་བཀའ་བློན་ཟུར་པ་རིན་ཆེན་མཁའ་འགྲོ་མཆོག་དང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཚོགས་གཙོ་དགེ་ལེགས་འཇམ་དབྱངས། དྲུང་ཆེ་དགེ་བཤེས་སེར་སྨད་བློ་དགའ་བཅས་ཀྱི་སྔ་ཕྱིར་གཏམ་བཤད་དང་དྲི་བ་དྲིས་ལེན་བྱས་ཡོད་པ་རེད།
བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་བོད་ཀྱི་མང་གཙོ་དབུ་བརྙེས་པ་ནས་ཕྱི་ལོ་༢༠༠༠ བར་གྱི་མང་གཙོའི་འཕེལ་རིམ་དང་ལེགས་ཞན་ཇི་བྱུང་སྐོར་དང་། ཚོགས་གཙོ་དགེ་ལེགས་འཇམ་དབྱངས་མཆོག་ནས་སྤྱིར་མང་གཙོ་ངོ་སྤྲོད་དང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་འཕེལ་རིམ་ངོ་སྤྲོད། དྲུང་ཆེ་དགེ་བཤེས་སེར་སྨད་བློ་དགའ་ལགས་ཀྱིས་ཕྱི་ལོ་༢༠༠༡ ནས་ད་ལྟའི་བར་བོད་ཀྱི་མང་གཙོའི་འཕེལ་རིམ་དང་མ་འོངས་པའི་བྱེད་ཕྱོགས་བཅས་ཀྱི་སྐོར་གཏམ་བཤད་གནང་ཡོད་པ་དང་།
སྲིད་སྐྱོང་གི་འོས་མི་ ༣ ལས་མི་མང་བ་དང་སྤྱི་འཐུས་ཀྱི་འོས་མི་ ༡༥ ལས་མི་མང་བ་འདོན་རྒྱུ་ཡིན་ཟེར་བ་སོགས་ཚོགས་པའི་ངོས་ནས་མ་འོངས་པའི་ལས་འཆར་འགའ་ངོ་སྤྲོད་ཟིན་པའི་མཇུག་ཏུ་དྲི་བ་དྲིས་ལན་དུས་ཡུན་རིང་པོར་བྱས་ཏེ། ད་ལྟའི་བོད་ཀྱི་མང་གཙོ་དེ་མང་གཙོ་ཡང་དག་པ་ཡིན་མིན་དང་མང་གཙོ་ཚད་ལྡན་ཇི་ལྟར་བྱ་དགོས་སྐོར། ཆབ་སྲིད་ཚོགས་པའི་ལམ་ལུགས་ཀྱི་མང་གཙོ་དང་གྲོས་ཚོགས་གོང་འོག་ལམ་ལུགས་ཀྱི་མང་གཙོ། ད་ལྟའི་སྤྱི་འཐུས་ཀྱི་སྒྲོམ་གཞིར་འགྱུར་བ་དགོས་མིན་དང་རེས་མེད་དགོན་ཁག་གི་ཆོས་བརྒྱུད་སྤྱི་འཐུས་ཤིག་ཡོང་ཐབས་ཇེ་དགེ སྤྱི་འཐུས་ཀྱི་ཡོང་ཁུངས་ས་གནས་ཁག་ནས་ཡོང་དགོས་སྐོར་སོགས་སུ་དྲི་བ་དང་གླེང་སློང་སྣ་ཚོགས་ཤིག་བྱུང་ཡོད་པ་རེད།
གསར་འགྱུར་མཁོ་གཏོང་བ་དྲིལ་བསྒྲགས་དྲུང་ཆེ་བསྟན་འཛིན་རྣམ་མཛེས་ནས་ཕྱི་ལོ་ ༢༠༡༤ ཕྱི་ཟླ་ ༦ ཚེས་ ༡༦ ཉིན།
ཡང་དག་པའི་མང་གཙོ་ནི་འགྲོ་བ་མིའི་ཕན་བདེ་སྐྲུན་པའི་ཐབས་ལམ་བླ་མེད་ཅིག་ཡིན་པས་འདིའི་ཐོག་གཞུང་སྒེར་སུས་ཀྱང་གཟུ་བོར་གནས་པའི་ཐོག་ནས་གོ་རྟོགས་གང་མང་སྤེལ་ཐུབ་ན་དགའ་བསུ་ཡོད། མུ་འཐུད་དེ་གནོངས་རོགས། མང་གཙོ་རྒྱལ་གྱུར་ཅིག བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག
བཀའ་དྲིན་ཆེ་ཁོང་རྣམས་པ་གསུམ་གྱི་མང་གཙོ་ཟེར་བ་དེ་གང་འདྲ་ཞིག་ཡིན་མིན་དང་མང་གཙོའི་ལྟ་གྲུབ་ཡང་དག་ཞིག་ཤེ་ས་ཀྱི་་མེད་པར་ཡིད་ཆེས་ཡོད། ཡིན་ནའང་ལས་འགུལ་སྤེལ་གནང་བ་དེ་ཧ་ཅང་གི་བཀའ་དྲིན་ཆེ། བོད་པ་ཟེར་བ་དེ་བཤད་ན་ཉན་མཁན་ཞིག་དང་གོ་མཁན་ཞིག་གཏན་ནས་མིན་ལ། བཤད་མཁན་དེ་ཡང་མི་ཤེས་པ་ཤ་སྟག་ཞིག་སྒང་ལ་གཞོན་ཡོང་དུས་ངེད་ཚང་ལ་རེ་བ་མེད་པའི་འཆི་ལ་ཉེ་བའི་ནད་པ་ཞིག་དང་ཁྱད་ཅི་འདུག
ཨ་ནེ་དང་གྲྭ་བ་ལ་ཆབ་སྲིད་བཤད། འཇིག་རྟེན་པ་ལ་ཆོས་བཤད་བྱེད། ང་ཚོ་བཤད་བསྡད་ན་འགྲིག་བསྡད་པ་འདྲ་བོ་ཞིག་དང་། དངོས་སུ་ལས་དུས་མེད་བསྡད་པ། ཟ་བཏུང་སྐབས་ལ་ཡོད་བསྡད་པ། ཐོབ་ཐང་འདྲ་དང་དབང་ཆ་ཡོད་སར་མི་ཆེན་པོ་ཆེན་པོ་མང་པོ་ཡོད། འོ་དེ་ནི་་བོད་པ་ཚང་གི་ཡོན་ཏན་རེད།
ངྷ་རམ་ས་ལའི་མང་གཙོ་ཚོགས་པའི་ལས་དོན་བྱེད་ཕྱོགས་དང་ཤུགས་རྐྱེན། ཁ་སྟབས་གང་ལ་གཞིགས་ཀྱང་སྲིད་སྐྱོང་དང་སྤྱི་འཐུས་ཚོའི་འོས་གཞི་འདོན་པའི་གནས་ཚད་ཅིག་ལ་རྩ་བ་ཉིད་ནས་སླེབས་མེད་པ་དེ་གསལ་བོ་རེད། མང་གཙོ་ཚོགས་པས་མང་གཙོའི་ཐད་ཕྱག་ལས་མི་མང་གིས་ངོས་ལེན་ཡོད་པ་དང་ངོས་ཟིན་ཐོབ་པ་ཞིག་ད་བར་གང་ཡང་གནང་ཐུབ་མེད་ཙང། མང་གཙོ་ཟེར་པའི་མིང་ཙམ་ཡོད་པ་ལ་བརྟེན་ནས་ཆོས་སྲིད་གང་ཅིའི་ན་མ་རྒྱས་པའི་གཞོན་སྐྱེས་རེ་ཟུང་གིས་སྤྱི་ཚོགས་ནང་འདྲ་མི་འདྲ་བསྒྲགས་ཀྱི་བསྡད་ན་དེ་ཏག་ཏག་ཆགས་ཀྱི་མ་རེད་ལ། བོད་སྤྱི་ལ་ཕན་ཐོགས་ཀྱང་ཡོང་གི་མ་རེད། བཙན་བྱོལ་བོད་མིའི་མང་གཙོ་དང་ཡང་སྒོས་མང་གཙོ་ཚོགས་པའི་མང་གཙོའི་སྣེ་ཁྲིད་ཀྱི་ནུས་པ་ཚད་ལྡན་དང་ཕྱི་ནང་གང་སར་ངོས་ལེན་ཡོད་པ་ཞིག་མ་ཆགས་པར། བཀའ་མོལ་འདི་འདྲ་མ་གནང་ན་ཡག་གི་རེད།
གྲྭ་བ་དང་བཙུན་མ་ལ་ནང་ཆོས་སློབ་མི་འཇུག་པར་ཆབ་སྲིད་བཤད་ནས་གང་བྱེད། ཨོ་རྒྱན་པདྨ་འབྱུང་གནས་མཁྱེན། དུས་ནི་མི་འགྱུར་མི་ནི་འགྱུར་བ་ཡིན། ཅི་མ་བདེན།
ཨ་ནི་དང་གྲྭ་པ་རྣམས་ལ་སྲིད་དོན་གཙོ་བོར་ཁྲིད་། སློབ་ཕྲུག་དང་མི་སྐྱ་རྣམས་ལ་ནང་ཆོས་གཙོ་བོར་ཁྲིད། བཀའ་བློན་དང་སྤྱི་མཐུས་རྣམས་ཀྱིས་གསུང་ཆོས་གཙོ་བོར་ཞུས།་ རྒྱ་མིའི་གཞུང་ཚབ་མདུན་དུ་བྱང་ཆུབ་སེམས་མཆོག་རེན་པོ་ཆེ་། དབུ་མའི་ལམ་གྱི་འགྲེལ་བཤད་རང་བཙན་དགྲ་ལ་ལངས་སོང།་ ཕན་མེད་སྲུང་མ་མང་བས་ནང་འཁྲུག་ཕྱི་ནང་གང་སར་། ལམ་ཕྱོགས་གསལ་ལ་མ་གསལ་བཀའ་བློན་སྤྱི་མཐུས་མང་བ་། དམིགས་ཡུལ་གསལ་ལ་མ་གསལ་ཚོགས་པ་སྐྱིད་སྡུག་མང་བ། འབོད་ཚིག་གསལ་ལ་མ་གསལ་ཁྲོམ་སྐོར་སྐད་འབོད་མང་བ་། རླུངས་འཕྲིན་བརྙན་འཕྲིན་ཚང་མ་ CCTV འདྲ་བ། རྒས་ཁོག་རེ་བ་མིན་འདུག་གཉིད་མ་ཁུག་ལ་བསྡད་ཡོད།
༄༅། །སྙིེང་རྗེ། བོད་པ་ཚང་སེམས་པས་རྟོག་བཟོ་ལག་ཏུ་ལེན་རྒྱུ་མེད་པ་ཤ་སྟག་ལ་ཡིད་ཆེས་བྱས། ལྷ་དང་འདྲེ་ལ་དད་པས་རང་མགོ་འཁོར། གཞན་མགོ་བསྐོར། མིག་གིས་སྨིན་མ་ཟིང་ཟིང་བྱས། ཁ་ནས་སྐྱབས་སུ་མཆི་ཤ་སྟག་ལབ། རྐུ་དྲག་དང་མི་ངན་དཔོན་ངན་ཤ་སྟག་ལ་མགོ་སྒུར། ད་དུང་ང་ཚོ་ལས་ལྷག་པའི་མང་གཙོ་མེད་རབས་བཤད། ཆོད་སྲིད་གང་ཐད་ནས་རང་ངོ་ནམ་ཡང་མ་འཕྲོད། ད་དུང་མི་ལ་ངོ་སྤྲོད་མདོག སྔར་ནས་ཆོས་གཡར་པོ། སྲིད་གཡར་པོ། ཐ་ན་ཟས་གཡར་པོ། གོས་གཡར་པོ། སྤྱོད་པ་གཡར་པོ་ཤ་སྟག་སྤྱད། ཕ་ཡུལ་དེ་རྒྱ་མིས་འཕྲོག ད་རྒྱ་མིས་ཤོད་ཀྱིན་པས་བོད་ཀྱི་རྒྱལ་རབས་ལོག་བཤད་དག་ཀྱང་ཉོ་མི་འདོད་ནའང་ལོ་མི་ཉུང་བ་ཞིག་གི་རྗེས་སུ་དེ་དག་ཉོ་དགོས་པ་ནི་ཆགས་རྒྱུ་ཉག་ཅིག བོད་ཡུལ་ག་ནས་ཕྱིར་སློག རྒྱ་གར་ལུང་པ་གཡར་པོ་དེ་ཡང་ཉིན་མ་གཅིག་ཕྱིར་རྩིས་སྤྲོད་དགོས་ཁོ་ཐག་རེད། ད་དུང་ལམ་མེད་པའི་ལམ་དབུ་མ་ཨེ། ཆབ་སྲིད་རྨོངས་དད་ཀྱིས་ཀྱང་དབུ་འཁོར་ནས་ལོ་ ༢༠ རང་བཙན། ལོ་ ༣༥ དབུ་མ། དེ་ནས་ཐམས་ཅད་ལམ་མེད་ལམ་སྟོང་དུ་འཕྱན་དགོས་རྒྱུ་ཉག་ཅིག་རེད། ད་ལྟ་༧རྒྱལ་བ་རིན་པོ་ཆེ་ཞལ་བཞུགས་ཡོད་པས་དྲིན། དེ་ནས་ལྟོས་ཨང་། ད་དཔེ་བསགས་སོང་ངོ་།།
་་་་་་་་་ ད་ལྟའི་བོད་ཀྱི་མང་གཙོ་དེ་མང་གཙོ་ཡང་དག་པ་ཡིན་མིན་དང་མང་གཙོ་ཚད་ལྡན་ཇི་ལྟར་བྱ་དགོས་སྐོར། ་་་་་་་་་་་་་་་
རྡ་སའི་ཚོགས་པ་སྐྱིད་སྡུག་ཚོའི་སྐད་ཆ་ཉན་མཁན་མེད་ཙང་དགོན་པ་གྲྭ་ཚང་ཁག་དང་སློབ་གྲྭ་སོགས་ལ་ཕྱིན་ནས་མགོ་སྐོར་ཐབས་བྱེད་པ་དེ་རྒྱུན་ལྡན་རེད། ད་དུང་དེང་སང་གཞུང་ནས་བུད་མེད་ནུས་སྟོབས་གོང་སྤེལ་གྱི་ལས་གཞི་ཡིན་ཞེས་ཨ་ནིའི་དགོན་པ་ཁག་ནང་ལ་དམ་ཆོས་འདུལ་བ་དང་མི་མཐུན་པའི་སྤྱོད་པ་འཁྱེར་སྟངས་འདྲ་མིན་སློབ་སྟོན་བྱེད་ཀྱི་ཡོད་པ་གོ་ཐོས་བྱུང་། དེ་ཚོར་བསམ་བློ་ངེས་པར་གཏོང་དགོས།
བློ་ལགས་ཀྱི་བཀའ་མོལ་དེ་གོ་རྒྱུ་ཆེ་ལ་བགད་མོ་རང་དབང་མེད་པར་ཤོར་སོང
མང་གཙོ་ཚོགས་པས་སྲིད་སྐྱོང་དང་དེ་ལས་གཞན་གྱི་འོས་མི་གསལ་བསྒྲགས་བྱ་དགོས་ངེས་རེད། ཡིན་ཡང་། འོས་མི་གསུམ་ལས་མ་མང་བ་དང་མ་ཉུང་བའི་སྟེང་འགྲོ་དགོས་དོན་ཁྱེད་རང་ཚོས་མཁྱེན་ནམ། དེ་ནི་མང་གཙོ་ཚོགས་པར་འོས་མི་མེད་པས་རྐྱེན་རེད། མང་གཙོ་ཚོགས་པས་ད་དུང་ཆོལ་ཁ་གསུམ་གྱི་མི་རེ་གྲངས་འདྲེན་བྱེན་བཞིན་ཡོད་པ་ལས་རང་ཉིད་ཀྱི་འཐུས་མི་རྙེད་མི་འདུག
དམངས་གཙོ་ཚོགས་པ་ནི་༧རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་བཀའ་ཤག་གིས་ལམ་སྟོན་རྒྱབ་གཉེར་ཡོད་པའི་ཚོགས་པ་གལ་ཆེ་ཞིག་རེད། ཚོགས་པ་འདིས་ད་བར་བཙན་བྱོལ་ན་གཟེངས་སུ་ཐོན་པའི་ལས་ཀ་མང་བོ་བྱས་སོང་བསམ་ཡོད། གང་ལྟར་བོད་ཀྱི་རྒྱལ་ཡོངས་དམངས་གཙོ་ཚོགས་པས་དུས་ནམ་ཡང་རྒྱ་དམར་གྱི་དར་ཆ་འཁྱེར་མཁན་ཞིག་དང་མགོ་འདོགས་པ་ཞིག་འོས་མི་ལ་མི་བཏོན་པ་ཐག་བཅད་ནས་བཤད་ཐུབ་པ་ཞིག་རེད།