རྩོམ་པ་པོ། ཁྲོ་གཏུམ།
༼ཡུམ། རྟུག་དྲི་མི་གཏོང་ན།༽
ངས་ནམ་རྒྱུན་ཁོར་ཡུག་གི་འགྲེལ་བཤད་བཙལ་མྱོང་མེད
ལྷག་པར་དུ་ང་དང་བར་ཐག་ཉེ་བའི་ཁོར་ཡུག
སིམ་འདོད་པའི་ཁོར་ཡུག་དམིགས་བསལ་བ་དག
ཁོར་ཡུག་ལ་བར་ཐག་ཇི་ལྟར་ཐུང་ན
དེ་བཞིན་ཁོར་ཡུག་གི་འབག་བཙོག་རིམ་བཞིན་དྲི་ངན་ལ་མནོལ་སོང
དབུགས་འབྱིན་རྔུབ་ཀྱི་སྒྲ་དབྱུངས་སྟངས་རེ་ཡང
རྒྱུན་ལྡན་མ་ཡིན་པའི་དོད་ཀྱིས་སྒྲ་འཛིན་ལ་འཛིང
བསྲན་མི་ཚུགས་པའི་དུས་སུ
ཡུམ་་་ ངས་རྟུག་དྲི་མི་གཏོང་ན
ང་ལ་འདང་རྒྱག་ག་རེ་ཡོད་རེད
༢༠༡༥།༠༦།༡༦དགོང་མོ།
ཧ་ཧ་ཧ་་་་་རེད་་
རྟུག་དྲི་མ་བཏང་བར་བཀག་ན། ཡ་རབས་སུ་བརྩིས། རྟུག་དྲི་དུས་ཐོག་ཏུ་བཏང་ན། འཕྲོད་བསྟེན་ལ་ཕན། ད་སུའི་རྗེས་སུ་འབྲངས་དགོས་སམ། ལགས།
༢༠༡༥ ལོའི་སྙན་ངག་ཡིན་ན། འདི་འདྲ་ཞིག་ཡིན་ལོས་དགོས་སྙམ།
སྒྱུ་རྩལ་གྱིས་ཕྱུག་པའི་སྙན་ངག་རང་རེད།