ཨེ་མ་ཧོ།
གཞི་དབྱིངས་གདོད་མའི་ཆོས་ལུགས་རྫོགས་པ་ཆེ།།
ལམ་མཆོག་འཁྲུལ་བ་ཟད་པའི་སྙིང་ཐིག་ཆོས།།
ཚེ་གཅིག་འཇའ་ལུས་རྒྱུད་པའི་ཕ་ནོར་ལ།།
འཛིན་སྐྱོང་སྤེལ་བའི་ཚོགས་ཀུན་རྒྱལ་གྱུར་ཅིག །
སྐུ་ཡི་དཀྱིལ་འཁོར་འཇའ་དང་འོད་དུ་དེངས།།
གསུང་གི་ཆོས་སྐད་མི་འཇིགས་རྣམ་བཞི་མཛེས།།
ཐུགས་རྗེ་ཟབ་གསལ་གཉུག་མའི་བླ་མ་རྗེ།།
ཀུན་ཁྱབ་འགྲོ་བའི་མགོན་དུ་རྟག་འཚོ་ཤོག།
བདག་སོགས་འདི་ནས་ཚེ་རབས་ཐབས་ཅད་དུ།།
བླ་མ་དམ་པའི་ཐུགས་དགོངས་ཡོངས་སུ་རྫོགས།།
རྩ་གསུམ་ཆོས་སྐྱོང་ནམ་ཡང་མི་འབྲལ་ཞིང་།།
བསྟན་འགྲོའི་དོན་ཆེན་བདེ་མྱུར་ལྷུན་འགྲུབ་ཤོག།
ཅེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་ས་ག་ཟླ་བའི་དབང་ཚེས་དགེ་བར་སློབ་དཔོན་སྣ་ཚོགས་གཟུགས་ཀྱི་སྙིང་ཐིག་ཞག་བརྒྱའི་ཟིན་ཐུན་ཞིག་མཇལ་བ་དང་གང་ཤར་དུ་རིག་འཛིན་ཨེ་མ་ཧོས་ནུབ་གླིང་ཚན་རིག་སློབ་གྲྭ་ནས་གུས་པས་ཕུལ་བར་དགེའོ།།
བདག་སོགས་འདི་ནས་ཚེ་རབས་ཐབས་ཅད་དུ།།
བླ་མ་དམ་པའི་ཐུགས་དགོངས་ཡོངས་སུ་རྫོགས།།
རྩ་གསུམ་ཆོས་སྐྱོང་ནམ་ཡང་མི་འབྲལ་ཞིང་།།
བསྟན་འགྲོའི་དོན་ཆེན་བདེ་མྱུར་ལྷུན་འགྲུབ་ཤོག།
ཅེ་པའི་སྨོན་ཚིག་འདི་བཟང་ངོ་། །ཧེ་མ་ཧོ་ལགས།། །།