ཚེ་རིང་།
མུན་པ་ནི་ཁྱོད་ཀྱི་ཉེ་ས་ན་ཡོད་པས
ཉི་འོད་ཡལ་རྗེས
ངེས་པར་ཏུ་དོགས་གཟོན་བྱེད་རོགས
འཁྲུལ་ངོ་ན་སྲོད་ཁའི་མུན་པ་དེ
རྒྱང་ནས་འཐིབ་ཀྱིན་པ་ལྟ་བུར་སྣང་ཡང
ཁོ་ལ་ཉེ་རིང་ཅི་ཡང་མེད་པར
གླགས་རྙེད་པའི་སྐབས་སུ
ཁྱོད་རང་ཕྱི་ནང་མེད་པར་ཡོངས་སུ་སྒྲིབ་ངེས
མུན་པ་མིག་ལ་འཐིབ་ན་ཁྱོད་ཀྱི་མཐོང་ལམ་སྒྲིབ་སྲིད་ལ
མུན་པ་སེམས་ལ་བབས་ན་ཁྱོད་ཀྱི་བགྲོད་ལམ་ནོར་འགྲོ
འདྲིས་འདྲིས་འདྲ་བའི་མི་དེ་ཚོའི་ངོ་གདོང་ན
མེ་སྟག་ལྟ་བུའི་མཛུམ་མདངས་རེ་ཡོད་ལ
འཛུམ་མདངས་དེའི་རྒྱབ་ན
གནམ་སྟོང་གི་མཚན་མོ་ལྟ་བུའི་མུན་པ་རེ་བསྐུངས་ཡོད
མུན་པ་དེས་དཔའ་རྒོད་གང་མང་ཞིག་གི་རལ་གྲི
ཆང་ཁ་ནས་ས་རུ་ལྷུང་མྱོང་ལ
མུན་པ་དེས་ལོ་གཞོན་མང་བོ་ཞིག་གི་སྙན་ངག
ས་མཐའ་ནས་རྒས་སུ་བཅུག་མྱོང
མུན་པ་ནི་ཁྱོད་ཀྱི་ཉེ་ས་ན་ཡོད
2014/6/22
གེ་ཆེ་མ་ཧེ་ཞིས་ཐཱ་པ་ Mahesh Thapa ཁྱོད་ལ། །
འདོད་ལྷའི་མདའ་ཕོག་པའི་རྒན་སྨྱོན་པ། །
བོད་ཕྲུག་མི་ཚེ་ལ་གནོད་འཚེ་བཏང་ནས། །
རང་གི་མི་ཚེར་མུན་འཐིབ་ཡིད་མུག་གོ །