ཁྱོད་སུ་ཡིན།
ང་རི་དྭགས་ར་བ་དེར་འགྲོ་ཐེངས་རེར།
དུས་རྒྱུན་ལྕགས་ཟམ་མཐོན་པོ་དེའི་འོག་ན་ཁ་གནམ་ལ་འཁོར་ཏེ་འགྲེང་བཞིན་པའི་དོན་དྲེད་དེ་དག་མཐོང་ཡོང་།
མི་རྣམས་ཀྱིས་གཅན་གཟན་གཏུམ་པོ་དེ་རྣམས་ཀྱི་འཚེ་བར་གཡོལ་ཆེད་དང་།
དེ་དག་གི་འགུལ་སྐྱོད་ལ་ལྟད་མོར་བལྟ་ཆེད་ར་བའི་ཕྱོགས་ཤིག་ཏུ་རྣོ་ལྕགས་དང་ཨར་འདམ་གྱིས་གྲུབ་པའི་ཟམ་པ་མཐོ་ལ་རིང་བ་ཞིག་བསྐྲུན་ཡོད།
རི་དྭགས་ར་བ་དེར་དུས་རྒྱུན་དུ་ལྟད་མོ་བ་ཧ་ཅང་མང་ཞིང་།
ལྟད་མོ་བ་མང་བོ་ཞིག་གིས་རི་དྭགས་དང་གཅན་གཟན་དེ་དག་ལ་རང་རང་གི་ལག་ཏུ་གང་འཛོམས་ཀྱི་ཤིང་ཏོག་སོགས་ཟས་རིགས་སྣ་ཚོགས་སྦྱིན་པར་བྱེད།
སྣང་ཚུལ་དེ་མཐོང་རྗེས་ར་སྐོར་གྱི་ལྟ་སྲུང་བ་རྣམས་ལ་བསམ་བློ་ཞིག་འཁོར་བྱུང་།
ཁོ་ཚོས་སྲོག་ཆགས་དེ་དག་གི་འཕྲོད་བརྟེན་དང་བདེ་འཇགས་ལ་བསྙད་དེ་ཟས་རིགས་ལ་ཚད་བཀག་དང་སྦྱིན་ཡུལ་ལ་བཀོད་འདོམས་བདག་འཛིན་བྱས།
ཟམ་སྟེང་བདག་ཏུ་ཐོབ་པའི་རྒྱ་རྒན་དར་གཡོལ་དེས་ཁོ་རང་ཉིད་ཀྱིས་བཙོང་བཞིན་པའི་ལ་ཕུག་སྐམ་པོ་ཁོ་ན་ལས་ལྟད་མོ་བ་རང་ངོས་ནས་ར་སྐོར་ཕྱི་རོལ་ལས་ཁྱེར་ཡོང་བའི་ཤིང་ཏོག་སོགས་ཟས་རིགས་སྦྱིན་མི་ཆོག་པའི་འགོག་བསྡོམས་བྱས།
མཚམས་ལ་རེར་དོམ་དྲེད་དེ་དག་ཟམ་པ་དེ་ལས་ཁ་ཐག་རིང་བོར་ཡང་བུད་འགྲོ་བས།
སྐབས་དེ་དག་ཏུ་ལྟ་སྲུང་བའི་ལ་སྐམ་གྱི་ཚོང་ལ་ཡང་ཤུགས་རྐྱེན་ངེས་ཅན་རེ་ཐེབས་འགྲོ།
དེ་བས་ལྟ་སྲུང་བས་བསླུ་བྲིད་ཀྱི་རིག་པ་གཞན་ཞིག་བཏང་བྱུང་།
ཁོས་ཀུ་ཤུ་གཅིག་སྐུད་པ་རིང་བོ་ཞིག་ལ་བཏགས་ཏེ་ཟམ་པའི་སྟེང་ནས་ཐུར་དུ་དཔྱངས།
དོམ་དྲེད་དག་གིས་ཀུ་ཤུ་དེ་མཐོང་རྗེས་རང་ཉིད་ལ་སྟེར་བར་སྙམ་སྟེ།
ཀུ་ཤུའི་ཐད་སོ་ནས་ཙོག་བུར་ཁ་གནམ་ལ་ཕྱོགས་ཏེ་དུས་རྒྱུན་རེ་བས་ལྟོས་ལ།
ཐ་ན་རྟུག་པ་གཏོང་བར་ཡང་ཀུ་ཤུ་དཔྱངས་སའི་གནས་དེ་ལས་ཐག་རིང་དུ་འགྲོ་བར་མི་སྤོབས།
དོམ་དྲེད་དེ་དག་ཟམ་འོག་དང་ཁ་མ་བྲལ་བས།
ལྟ་སྲུང་བའི་ལ་ཕུག་སྐམ་པོའི་ཚོང་དེ་ཡང་སླར་བྲིན་པོ་བྱུང་སོང་།
ཨ་ཙི་ཨ་ཙི་རྒྱ་ངན་དེས་ཚོང་ཡག་པོ་རྒྱབ་ཡོད་ས་རེད།
དུས་བབ་ཟིན་བྲིས་ཐོག་བོན་རྒྱ་ཟེར་བ་ཞིག་གིས་ཆོས་རྒྱུད་སྤྱི་འཐུས་སྐོར་ལ་མང་པོ་བྲིས་འདུག འོན་ཀྱང་ང་ལ་ཟིན་བྲིས་མེད་པས་བསམ་ཚུལ་འདི་ཐད་ཀར་འབྲི་མ་ཐུབ་པས་ཟིན་བྲིས་ཡོད་མཁན་ཞིག་གིས་བསམ་ཚུལ་འདི་ཁོང་གི་དགོངས་ཚུལ་གྱི་ཐད་དུ་འཇོག་པར་ཞུ།
ཁྱེད་ཀྱིས་ཆོས་རྒྱུད་སྤྱི་འཐུས་མི་དགོས་པའི་རྒྱུ་མཚན་དུ་བཀོད་པ་དེ་དག་ནི་ང་ལ་མགོ་ན་བཞིན་འདུག ཨམ་རྗེ་ལགས་དེ་ནས་བཟུང་ང་ལ་མགོ་འདིག་དགོས་ས་མ་རེད་ཅེས་པ་འདྲ་བོ་འདུག དེའི་ཁ་ལ་རྒྱུག་པའི་ཨ་མདོ་བ་གླད་ཆུང་འགའ་ཤས་ཀྱིས་མོས་མཐུན་ཡོད་བཟོ་བསྟན་འདུག ཁྱེད་ཚོས་དགོས་པའི་རྒྱུ་མཚན་གཅིག་ཀྱང་མ་ཤེས་པར་མི་དགོས་པའི་རྒྱུ་མཚན་མང་པོ་ཤེས་པ་འདི་ཁྱེད་ཚོའི་བྱ་སྤྱོད་ཀྱི་མཚོན་རྟགས་ཤིག་རེད། རྒྱལ་བ་ཡིད་བཞིན་ནོར་བུས་ཅིའི་ཆོས་རྒྱུད་སྤྱི་འཐུས་ཡོད་པར་བྱས་པ་རེད་དམ། ཁྱེད་ཅག་ལ་གསུངས་རྒྱུ་ཡོད་དམ།
དེ་གདན་ས་གསུམ་དང་ཆོས་རྒྱུད་ཁག་གི་དགོན་སྡེ་ཁག་ལ་མ་ཉེས་ཁ་གཡོགས་ཆེན་པོ་བྱས་འདུག དེ་དག་ཁུངས་སྐྱེལ་དགོས། ཁྱེད་ཚོ་ཟ་སྣོད་ནང་དུ་སྐྱག་པ་གཏོང་མཁན་རྐྱང་རེད། ལྷོ་ཕྱོགས་ཡོང་ནས་རྡ་ས་སྐྱོན་བརྗོད་བྱས། རྡ་སར་སོང་ནས་གྲྭ་སའི་སྐྱོན་བརྗོད། སྤྱིར་ན་གང་ནས་ཀྱང་ཁུངས་མ་འཁྱོལ་ཞིང་རྐང་མ་ཚུགས་པའི་གྲས་ཡིན་པ་དེ་ཤེས་ན་རེད།
བོད་ཕྱི་ནང་གི་ཟིན་བྲིས་ཟེར་བ་དེ་ཚོའི་ནང་ལ་གཅིག་ལྟོས་དང། ཁྱེད་ཚོ་ཨ་མདོ་བ་ཚོས་ནང་ཁུལ་ཁ་རྡུང་གཏོང་རེས་བྱེད་ཚུལ་དེ་ངོ་མི་ཚ་འམ།
བོད་ཀྱི་གཏམ་དཔེ་ལ།
བོད་རེ་བས་ཕོངས།
རྒྱ་དོགས་པས་ཤི། ཟེར།
ཕོངས་མཁན་མང་ངམ། ཤི་མཁན་མང་།
མི་འབོར་ལ་ལྟོས་ན་ཤི་མཁན་མང་དགོས་ཚོད་རེད།