གནས་ཚུལ་གཏོང་མཁན། ཆུ་རླངས་འབྲུག་བྱམས།
བྱང་ཨ་རིའི་ས་གནས་བོད་ཀྱི་གཞོན་ནུ་འགན་འཛིན་ལྷན་ཚོགས་ཐེངས་༡༤ པ་དེ་བཞིན་ཨ་རིའི་མངའ་སྡེ་ཝི་སི་ཁན་སིན་(Wisconsin)གྱི་རྒྱལ་སའི་གྲོང་ཁྱེར་མེ་སྒྲའི་སན་(Madison)གྱི་ཉེ་འཁྲིས་སུ་ཡོད་པའི་ཤྭ་བ་ཚལ་(Deer Park)དགོན་པའི་ནང་དུ་ཕྱི་ལོ་༢༠༡༤ ཕྱི་ཟླ་༦ ཚེས་༢༨ དང་༢༩ ཉིན་གཉིས་རིང་ལ་འཚོགས་ཡོད་ཅིང་། སྐུ་མགྲོན་གཙོ་བོར་བོད་མི་དམངས་སྤྱི་འཐུས་ཀརྨ་ཡེ་ཤེས་མཆོག་དང་། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཆུང་ཚེ་རིང་ལགས་རྣམ་གཉིས་ཕེབས་ཡོད་པ་དང་། ཚོགས་འདུ་གཙོ་སྐྱོང་བར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་ཕེབས་ཡོད་ལ། དེ་འབྲེལ་སྤྱི་འཐུས་ཀརྨ་ཡེ་ཤེས་མཆོག་ནས་ཁོང་རང་སྒེར་གྱི་དགོངས་ཚུལ་ལམ་སྟོན་ཁག་ཅིག་ས་གནས་ཁག་ནས་ཕེབས་པའི་ཚོགས་གཙོ་དང་སྐུ་ཚབ་རྣམ་པར་གནང་ཡོད་པ་རེད།
ཚོགས་འདུ་་ཉིན་དང་པོའི་སྔ་དྲོར་ལོ་སྔོན་མར་བཞག་ཡོད་པའི་གྲོས་ཆོད་རྣམས་ལག་ལེན་ལ་འཁེལ་ཡོད་མེད་ཐད་བསྐྱར་ཞིབ་གནང་བ་དང་། ཉིན་གུང་རྗེས་ནས་མ་འོངས་པར་ལས་དོན་བྱེད་ཕྱོགས་ཐད་ལ་བགྲོ་གླེང་གནང་ཡོད་ཅིང་། ལྷག་པར་དུ་༧རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཕྱྭའི་ཐད་ལ་བགྲོ་གླེང་ཤུགས་ཆེན་གནང་ཡོད།
ཉིན་གཉིས་པར་མུ་མཐུད་ནས་མ་འོངས་པར་ལས་དོན་བྱེད་ཕྱོགས་ཐད་ལ་བགྲོ་གླེང་གནང་བ་དང་། དེ་བཞིན་མ་འོངས་པའི་ལོ་གཅིག་རིང་ལས་ཀ་བྱེད་ཕྱོགས་ཐད་གྲོས་ཆོད་འགའ་ཞིག་ཀྱང་བཞག་ཡོད་པ་རེད།
བོད་དང་བོད་མིའི་ཆེད་དུ་་་་་་གནང་བར་དྲིན་ཆེ། ཤིན་ཏུ་ལེགས།
གཏམ་བཟང་རེད་འདུག ང་ནི་དེང་སང་གཞོན་ནུ་ལྷན་ཚོགས་ཀྱི་གནས་ཚུལ་དང་། ལྷག་པར་ཚོགས་འདུ་གནང་བ་གོ་ཡོང་དུས་སེམས་འཁྲལ་ཡོང་གི་འདུག གང་ལགས་ཞེ་ན་དེང་སང་ས་གནས་གཞོན་ནུ་ཀླད་མེད་མང་པོ་ཞིག་ཅལ་འདྲོགས་དང་གཡམ་རྒྱུག་རྨོངས་དད་དབང་གཞན་དབང་གིས། དབུས་གཞོན་ནུ་རང་བཙན་ལྟ་གྲུབ་རྩ་བ་ནས་དོར་དགོས་ཚུལ་བཤོད་པ་དང་། གྲོས་ཆོད་བཞག་མཁན་ཡོད་སྐད་ཐོས་ཡོང་དུས་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱིས་ཀྱང་ནམ་ཞིག་བོད་མི་རིགས་ཀྱི་ལོ་རྒྱུས་སྟེང་བསུབ་ཏུ་མེད་ནག་ཐིག་ཕབ་བཅུག་ས་རེད་དྲན་གྱི་འདུག སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཕེབས་ཐུབ་པར་དགའ་བསུ་ཡོད།
ཁོང་རྣམ་ཚོས་གསུང་བཤད་ག་རེ་གནང་ཡོད་མེད་ཆ་ཚང་འབྲེལ་བརྗོད་ཤིག་གནང་ཐུབ་ན་་་་
ཐུགས་རྗེ་གཟིགས་ཤེས་འདོད་ཞེ་དྲགས་ཡོད།