ཆུང་ཚེ་རིང་།
༄༅།།བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་གི་སྐད་ཡིག་དེབ་ཕྲེང་ ༡༧ པར། ཕྲན་ཆུང་ཚེ་རིང་གི་རྩོམ་ཡིག་ཁོངས་ནས། སྐད་ཡིག་རྩོམ་རིག་དང་འབྲེལ་བ་ཁག་ཅིག་ཕྱོགས་སྒྲིག་གིས་མིང་དུ་“ཨོཾ་ཏོག”ཅེས་པའི་དཔེ་དེབ་ཅིག་ཉེ་ཆར་པར་སྐྲུན་གནང་འདུག
བོད་ཀྱི་དཔེ་མཛོད་ཁང་གི་པར་སྐྲུན་གསལ་བཤད་ནང་ “འདི་ནས་རྩོམ་པ་པོ་རེ་ཟུང་གི་བརྩམས་ཆོས་ལ་དམིགས་བསལ་ཁྱད་ཆོས་མཐོང་ཚེ་ང་ཚོར་དཔར་སྐྲུན་བྱེད་དུ་འཇུག་རྒྱུའི་གོ་སྐབས་གནང་རོགས་ཞུ་གི་ཡོད་ན། ད་ལམ་གྱི་བརྩམས་ཆོས་འདི་ཡང་དེ་དག་ཁྲོད་ནས་གཅིག་ཡིན་”ཞེས་བཀོད་འདུག
དཔེ་དེབ་འདིའི་ནང་། ཕྲན་གྱིས་བརྩམས་པ་དང་བསྒྱུར་བ་ཅི་རིགས་ཀྱི་སྒྲུང་རྩོམ་ཁག་བརྒྱད་དང་། སྙན་ངག་དང་ལྷུག་རྩོམ་ ༣༠ ལྷག དཔྱད་རྩོམ་དང་མྱོང་བྱང་ཁག་དྲུག་བཅས་བཀོད་འདུག
དེབ་ཀྱི་མིང་གི་ཐད་ཕྲན་གྱིས་བྲིས་པའི་སྔོན་གླེང་ནང་ “རྩོམ་རིག་ནི་ང་ལ་མཚོན་ན། མི་ཚེའི་ཉམས་མྱོང་གི་གཏེར་ནས་ཐོན་པའི་གཏེར་རྫས་ཡིན་ཞིང་། གལ་ཏེ་ཉམས་མྱོང་དེ་དག་ཡི་གེ་“ཨོཾ”ཡིན་ན། རྩོམ་རིག་ནི་དེའི་སྟེང་གི་“ཏོག་” ཡིན། ངས་བོད་གཞིས་བྱེས་དང་སྐྱ་སེར། བཙོན་ཁང་དང་བཙོན་ཁང་གི་ཕྱི་ལོགས། ཞིང་ཁུལ་དང་གྲོང་ཁྱེར། ཤར་ཕྱོགས་དང་ནུབ་ཕྱོགས། དམར་ཤོག་དང་དམངས་གཙོ། སྤྱི་ཚོགས་རིང་ལུགས་དང་མ་རྩའི་རིང་ལུགས། གཞུང་ཞབས་དང་མི་མང་། དགེ་རྒན་དང་སློབ་ཕྲུག་སོགས་སྤྱི་ཚོགས་ཀྱི་གནས་བབས་མང་པོ་འགྲིམས་པའི་དེ་རིང་། རང་རྒྱུད་ལ་ཐོབ་པ་ནི་ཉམས་མྱོང་ཕྲན་བུ་ཡིན་ལ། དེ་དག་གི་སྙིང་པོ་ནི་རྩོམ་ཡིག་ཐར་ཐོར་དེ་ཚོ་ཡིན་ཞེས་བཤད་ཆོག་པ་འདྲ།”ཞེས་བྲིས་ཡོད།
དེབ་འདི་ནི་ཕྲན་གྱིས་རང་གི་ཕ་མ་གཉིས་ཀྱི་བཀའ་དྲིན་དྲན་གསོའི་སླད་དུ་བྲིས་པ་ཞིག་ཡིན་ཞིང་། དེ་ཡང་ང་རང་གིས་བྲིས་པའི་སྔོན་གླེང་ནང་ “ད་ལྟ་ང་ལ་ཡོན་ཏན་ཆེ་ཆུང་གང་འདྲ་ཞིག་འཇགས་ཡོད་རུང་། མཐར་གཏུགས་ན་ཕ་མ་གཉིས་ཀྱི་བཀའ་དྲིན་ཡིན། དེར་བརྟེན་དཔེ་དེབ་འདི་ངའི་ཕ་མ་དམ་པ་གཉིས་དང་། ལྷག་པར་ཉེ་ཆར་འདས་གྲོངས་ཕྱིན་པའི་ཨ་མ་ལགས་དམ་པ་དེའི་བཀའ་དྲིན་དྲན་གསོའི་ཆེད་དུ་ཕུལ་བ་ལགས།”ཞེས་བཀོད་ཡོད།
དཔེ་དེབ་འདིའི་པར་སྐྲུན་སྦྱིན་བདག་ནི། དེང་སང་ཨའོ་སེ་ཊི་ལི་ཡར་བཅའ་བཞུགས་ཕྱི་དྲིལ་ལས་ཁུངས་ཀྱི་ལས་ཟུར་ཕུན་ཚོགས་ཆོས་རྒྱལ་བཟའ་ཚང་གཉིས་ཡིན་པས་ཁོང་གཉིས་ལ་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ།
དེབ་འདིར་དཀར་ཆག་དང་སྔོན་གླེང་སོགས་མ་ཐེ་བའི་ཁྱོན་བསྡོམས་ཤོག་གྲངས་༣༣༢ ཡོད་ཅིང་། རིན་གོང་དེབ་རེར་ཧིན་སྒོར་༢༨༥ རེད་འདུག་ན། གཟིགས་འདོད་ཡོད་མཁན་ཚོས་བོད་ཀྱི་དཔེ་མཛོད་ཁང་ནས་ཐད་ཀར་གཟིགས་རོགས།། །།
བཀྲ་ཤིས་བདེ་ལེགས་ཡོད་་་
བོད་ཀྱི་དཔེ་མཛོད་ཁང་གིས་རྒན་ཆུང་ཚེ་རིང་ལགས་ཀྱི་བརྩམས་ཆོས<>དཔར་སྐྲུན་གནང་བར་ཐུགས་རྗེ་ཞུ་བ་དང་ལྷན་རྒན་ལགས་ལ་བཀྲ་ཤིས་བདེ་ལགས་ཞུ།
ཆུང་ཚེ་རིང་ལགས་ཀྱི་བྲིས་གནང་བ་ཡིན་ན་ཀློག་བདེ་པོ་ཡོ་རེད་ དེ་སྔོན་ཁོང་གིས་འགྱུར་པའི་ཕུན་ཚོགས་དབང་རྒྱལ་གྱི་དེབ་དེ་
ཀློག་བདེ་པོ་དང་ནང་དོན་ཡང་གསལ་པོ་ཞིག་འགྱུར་འདུག་ ད་རེས་ཕུན་དབང་གི་དེབ་གསར་པ་ རང་རྒྱལ་གྱི་མི་རིགས་ ཞེས་པ་དེ་རྒྱ་ཡིག་ནང་གང་འདྲ་བྲིས་ཡོད་ནམ་གང་ཤེས་ ཁ་བ་དཀར་པོས་བོད་འགྱུར་བྱས་པ་དེའི་ནང་ དོན་མེད་ཚིག་སྟོང་པ་མང་པོ་དང་ནང་དོན་དེ་རྩམ་གསལ་པོ་མེད་པ་ཞིག་འདུག་ གཅིག་བྱས་ན་ང་རང་གི་ཆུ་ཚད་མི་མདངས་བས་ཡིན་སྲིད་ ད་དུང་ཕུན་དབང་གིས་རང་རྒྱལ་གྱི་མི་རིགས་ཞེས་པའི་རང་རྒྱལ་དེ་རྒྱ་ནག་ལ་གོ་དགོས་པས་ ང་ཚོ་བོད་པ་གཙང་མ་ཞིག་གིས་རྒྱ་ནག་དེ་ང་ཚོའི་རྒྱལ་ཁབ་ཡིན་བསམ་པ་རྩ་བ་ནས་མེད་ལ་ཁ་ནས་ཀྱང་རང་རྒྱལ་རྩ་བ་ནས་ཟེར་གྱི་མ་རེད་ དེ་རྒྱ་ནག་ལ་རང་གི་རྒྱལ་ཁབ་ཡིན་བསམ་ནས་རྒྱ་མི་བོད་ལ་ཁྲིད་ཡོང་མཁན་དེར་དཔའ་བོ་རེད་ཟེར་མཁན་ཚོས་གསལ་པོ་ཤེས་པ་དགོས།
དཔེ་་ཡག་པོ་འདུག རྗེས་སུ་ཡི་རངས་ཞུ། རང་རེ་བོད་མི་རྣམས་ཁྲོད་ལ་རྩོམ་འབྲི་མཁན་དང་བསམ་བློ་བ། དེ་བཞིན་མཁས་དབང་ག་ཚོད་མང་བ་འཐོན་པ་དེས་རང་མི་རིགས་ཀྱི་ཁེ་ཕན་དང་རྩ་དོན་ལ་ཕན་རླབས་ཆེ་བས། ད་ནས་བཟུང་བོད་མི་རིགས་ཀྱི་སེམས་འཁུར་བླངས་ནས་ཕྱག་ལས་མཛད་མཁན་ཚང་མར་རྒྱབ་སྐྱོར་དང་ཞབས་འདེགས་ཞུ་རྒྱུ་ལགས།
རྩོམ་པ་པོ་དང་ཁོང་ལ་མཐུན་འགྱུར་གནང་མཁན་ཚང་མའི་བསམ་དོན་ལྷུན་གྱི་གྲུབ་པར་ཤོག
བཀའ་དྲིན་ཆེ། གང་མགྱོགས་རེག་ཐབས་བྱ་རྒྱུ་ཡིན། དེ་སྔོན་ཁོང་གིས་སྒྱུར་བའི་ཕུན་དབང་དང་བཀྲིས་ཚེ་རིང་གི་ལོ་རྒྱུས་བཀླགས་མྱོང། བསྒྱུར་ཚིག་གོ་བདེ་བ་སོགས་ཐུན་མིན་གྱི་ཁྱད་ཆོས་འདུག བཙན་བྱོལ་ནང་ནས་སྒྱུར་རྩོམ་ཁྲོད་ནས་ལེགས་ཤོས་ཞིག་ལ་ངོས་འཛིན་བཞིན་ཡོད།
གྲོགས་པོའི་རྩོམ་དེབ་ལ་ཁྱད་ཆོས་ཡོད་པ་ཏན་ཏན་རེད། དབུས་ཕྱོགས་ཀྱི་རྩོམ་པ་པོ་དང་ཡིག་སྒྱུར་བའི་ཡང་རྩེ་ཞིག་ཡིན།
རྩོམ་པ་པོ་གྲགས་ཅན་ཆུང་ཚེ་རིང་ལགས་ཀྱིས་རྩོམ་ཡིག་ཕྱོགས་བསྡུས་ཀྱིས་ང་ཚོའི་སྤྱི་ཚོགས་ནང་འགྲེམས་སྤེལ་གནང་བར་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་བ་དང་འབྲེལ་མཐུན་འགྱུར་གནང་མཁན་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་ལེགས་ཞུ་རྒྱུ་ཡིན། ང་ཚོའི་ཚོགས་ནང་དེ་འདྲ་དཔར་སྐྲུན་གྱི་མཐུན་འགྱུར་གནང་བ་ནི་རླབས་ཆེན་དང་། བྱ་བཞག་བཟང་པོ་ཞིག་ཀྱང་རེད་སྙམ།
དགོངས་དག་ཡི་གེ་ཞིག་ཆད་འདུག་ན། སྤྱི་་་་་སྤྱི་ཚོགས།
བཀྲ་ཤིས་བདེ་ལེགས་ཡོད
ཨོཾ་ཏོག།
ཨོཾ་ཀྱི་སྟེང་གི་ཏོག། ག་འདྲ་འདྲ་ཞིག་ཡོད་པ་རེད། སྔགས་ཡིག་ཞིག་ན་གོ་བ་འདྲ་ཡོད་སྲིད་པ་རེད། དེ་འདྲ་མེད་ན། གཟིགས་དཔེ་འདི་འདྲ་ཞིག། མྱིག་བཙུམས་ན་ཤར་རྒྱུ་མེད་ཀི། མྱིག་ཕྱེ་ན་རིག་རྒྱུ་མེད་ཀི། འཆར་རྒྱུ་ཤར་རྒྱུ་གང་ཡང་མེད་པའི་ཨོཾ་ཏོག་གི་མྱིང་འདི། ཡི་གེ་འབྲི་ཤེས་ནི། དཔྱད་པ་བྱེད་མི་ཤེས་ནི་ཞིག་ལ་དངོས་འཛིན་བྱས་ཡོད་དོ། ཧ་ཧ་ཧ།
བཀྲ་ཤིས་བདེ་ལེགས་ཡོད། མ་འོངས་པར་ཀློག་ཐུབ་པའི་རེ་བ་ཡོད།
རྒན་ཆུང་ཚེ་རིང་ལ་རྟེན་འབྲེལ་ཞུ། ཡག་པོ་ཡོད་པའི་ཡིད་ཆེས་ཡོད། ངའི་དེབ་ཀློག་གི་སྨྲ་ལྕེ་འགྱུར་བ་མིན་ན་ཕུན་དབང་གི་ལོ་རྒྱུས་དེབ་ལས་བཀྲ་ཤེས་ཚེ་རིང་གི་ལོ་རྒྱུས་དེབ་དེ་འགྱུར་ཉམས་སོགས་ཕྱོགས་གང་ཐད་ཞན་པར་མཐོང་སོང་། དེབ་འདི་ནི་སྒྱུར་རྩོམ་མིན་དུས་ཡག་པོ་ཡོད་པའི་ཡིད་ཆེས་ཡོད། མགྱོགས་མྱུར་གྱིས་ཀློག་ཐུབ་པའི་རེ་བ་ཡོད།
ཆུང་ཚེ་རིང་གི་རྩོམ་དེབ་དེ་ཉོ་འདོད་ཀྱི་མེ་འབར་བཞོན་པ་ཡིན།
བཞིན་པ་ཡིན་་་ཆད་ནོར་ཤོར