འབྲོག་རུ་ཆོས་གྲགས།
ཚང་མས་ཤེས་གསལ་◌ལྟར་༡༩༧༩ལོ་ལ་སྐུ་ངོ་རྒྱལ་ལོ་དོན་འགྲུབ་རྒྱ་ནག་◌གི་དཔོན་རིགས་ཏིན་ཞོའོ་ཕིང་དང་མཇལ་འཕྲད་གནང་བའི་རྗེས་སུ་བོད་རྒྱ་ཞི་མོལ་གྱི་ལམ་ལུགས་འདི་བྱུང་བ་རེད། འདས་པའི་ལོ་སུམ་ཅུའི་རིང་ལ་གྲུབ་འབྲས་ག་འདྲ་ཅིག་ཐོན་ཡོད་མེད་ང་ཚོས་མིག་མཐོང་ལག་ཟིན་རེད། ཡིན་ན་འང་། ང་ལ་དོགས་གཞི་ཆེན་པོ་ཞིག་ཡོད་པ་ནི་བར་སྐབས་ཤིག་ནས་ཏིང་ཀོན་ཀུན་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་འགན་འཛིན་པ་ཡིན་དུས་སྐད་ཆ་འདི་འདྲ་ཅིག་ལབ་འདུག ༸རྒྱལ་པ་རིན་པོ་ཆེ་ཡིན་གཅིག་མིན་གཅིག་ཕར་གདན་འདྲེན་ཞུ་དགོས་འདུག ༸རྒྱལ་བ་རིན་པོ་ཆེ་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་རྒྱ་ནག་ལ་ཕེབས་ནས་ཁོང་ཆོས་ཕྱོགས་ཀྱི་དབུ་འཁྲིད་གནང་རོགས་གནང་། ཞེས་ནས་སྐད་ཆ་ཞིག་བཤད་འདུག ད་དུང་དེའི་རྗེས་ནས་སྤྱི་ལོ་༡༩༩༡ལོ་ལ་ལྡི་ལིར་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཀྱིས་ཀྱང་འདི་འདྲ་ཅིག་བཤད་འདུག ད་ཡུལ་གྱར་གྱི་གཞུང་དེ་སྔོན་ལ་ཕར་བོད་རང་སྐྱོང་ལྗོངས་ལ་སྤོ་རོགས་གནང་། ཕར་སྤོས་ནས་སྔོན་ལ་རང་སྐྱོང་ལྗོངས་དེ་སྲ་ཐག་ཐག་ཅིག་བཟོ་རོགས་གནང་། སྲ་ཐག་ཐག་བཟོས་ཏེ་དེ་ནས་ང་ཚོ་རྒྱ་ནག་གཞུང་དང་བོད་རང་སྐྱོང་ལྗོངས་དང་མཉམ་དུ་བོད་ཆོལ་ཁ་གསུམ་ཆིག་སྒྲིལ་བྱ་རྒྱུའི་སྐོར་ལ་བཀའ་མོལ་ཞུ་གི་ཡིན་ཟེར་ནས་ད་སྐབས་ང་ཚོས་རེ་བཞིན་པའི་སྐད་ཆ་མང་བོ་ཞིག་བཤད་འདུག་སྟེ་ཡིན་ན་འང་ང་ཚོའི་གཞུང་གིས་ཅི་ཞིག་ལ་དེ་དག་དང་ལེན་མ་བྱས་པ་མི་ཤེས།
བློ་ཡིད་ལས་འདས་པ་ཞིག་ལ་ད྄ྭ་སྐབས་འུ་ཚང་གིས་སྔོན་མ་རྒྱ་ནག་གིས་ང་ཚོ་ལ་བཏབས་པའི་དྲི་བ་དེ་ཚོ་ཕྱིར་རྒྱ་ནག་ལ་འདེབས་ཀྱིན་ཡོད་པ་རེད།
ཕལ་ཆེར་ངས་བསམ་ཚུལ་ལ་སྐབས་དེ་དུས་དྲི་བ་དེ་ཚོ་དང་ལེན་མ་བྱས་པ་ནོར་འཕྲུལ་རེད་བསམ་གི་འདུག ད་སྐབས་རྒྱ་ནག་གི་མགོ་དེ་སུས་བཟུང་ཡོད་པ་རེད་དམ། ཧུའུ་ཅིན་ཐོའུ་གོ་ས་དེ་འདྲ་ཅིག་ལ་འཕར་བའི་གནད་འགག་གཙོ་བོ་དེའི་འབྱུང་རྐྱེན་གང་ནས་བྱུང་བ་རེད་དམ། ད་ང་ཚོའི་མི་རིགས་འདི་ནད་ཀྱིས་མནར་ནས་མལ་སའི་ནང་ལངས་ཐུབ་ཀྱི་ཡོད་པ་མ་རེད་དེ་ང་ཚོའི་ནད་འདི་གསོ་མཁན་ཡང་རྒྱ་ནག་ལས་གཞན་སུ་ཡང་མ་རེད།
ཁྱེད་ཀྱིས་ཙི་ཙི་འཛིན་སྟངས་རིག་ཨེ་མྱོང་།
ད་དུང་༼ཁ་ནས་ཡག་པ་བཤད་དེ་མགོ་བོ་འོག་ལ་བསྡུས༽ཞེས་པའི་གཏམ་དཔེ་འདི་གོ་ཨེ་མྱོང་། དགྲ་གུང་ཁྲན་འདི་འཐོར་གཤིག་ལ་མ་སོང་གི་བར་ཏུ་རང་རེར་མགོ་བསྐོར་དང་ཉེན་ཁ་ཡོད་ཡོད་པ་ཡིན་པས་གཞུང་དམངས་གཉིས་ནས་ནམ་ཡང་རིག་པ་སྣ་མགོ་ལ་གཏད་དེ་འདུག་དགོས་པ་གལ་ཆེན་པོ་རེད། ངས་བལྟས་ན་དེང་སྐབས་དགྲ་བོའི་རླུང་ལྟ་དར་བའི་སྒང་ཡིན་པས་རང་རེའི་རེ་བ་འགྲུབ་པ་ལ་གནས་སྐབས་རེ་བ་ཆུང་ཆུང་རེད། བྱས་ཙང་བྲེལ་བ་མ་བྱས་པར་རེ་བ་བཟུང་ནས་ག་ལེར་མདུན་ལ་འགྲོ་དགོས་པ་གལ་ཆེན་པོ་རེད།།
མ་གཞི་བཤད་ན་བོད་པ་ཚང་འདི་ལྟ་བུ་ཞིག་རེད། ཕར་ཕྱོགས་ནས་རེ་བ་བྱས་དུས་དང་ལེན་མ་བྱས་གོ་སྐབས་ཡལ་དུས་འགྱོད་པ་སྐྱེས་གཅིག་གིས་གཅིག་ལ་ལས་བདའ་བྱས་ནས་འདུག་པ་མ་གཏོགས་ཅི་ཞིག་ཐུབ། རྒྱ་ནག་གིས་ང་ཚོ་ལ་གོ་སྐབས་མ་སྤྲད་པ་མ་རེད། གོང་ནས་རྩོམ་པ་པོས་བཤད་པ་ནང་བཞིན་རེད། དཔྱོད་ཤེས་ཀྱིས་གནད་དོན་ལ་འཇུག་མ་ཤེས་པ་རེད། ང་ཚོ་ལ་གྲ་སྒྲིག་མེད་སོང་བ་རེད། དེ་མ་གཏོགས་གོ་སྐབས་ནི་ནམ་ཡང་གྲ་སྒྲིག་ཡོད་པའི་མི་ལ་དབང་བྱས་པ་དེ་ཁྱེད་གཉིས་ཀྱིས་གོ་ཨེ་མྱོང་྄།
ཕོ་ཉའི་ཟེར་ན་དགྲ་བོས་རང་རེར་གོ་སྐབས་ཐེངས་མང་ཕུལ་རུང་བོད་པ་འདི་བ་ལྐུགས་དྲགས་ནས་དངས་ལེན་བྱེད་ཐུབ་མ་སོང་ནས་རེད་ཟེར། ཁྱོད་རང་མགོ་བསྐོར་དང་གོ་སྐབས་གཉིས་ནོར་བ་མིན་ན་དགྲ་བོས་བཙན་པོ་དབང་ཡོད་ལས་ཁེ་བཟང་ཞིག་གནའ་ནས་དེ་རིང་བར་བྱིན་ནས་ཤོར་སོང་བ་ངས་ནི་དྲན་ཡུལ་ན་མི་འདུག མི་ཁ་ཤས་ཀྱིས་རང་ཉིད་བཙན་བྱོལ་ན་ཡོད་རུང་བཙན་བྱོལ་བ་ཡིན་པར་ངོ་ཡང་ཡག་པོ་ཤེས་གྱིན་མི་འདུག མིས་འདི་དང་དེ་བྱེད་ཀྱི་འདུག་རང་རེ་ཡང་བྱེད་དགོས་རེད་ཟེར། ཡང་བཙན་བྱོལ་གཞུང་དང་མི་མང་གི་མ་འཇོན་པ་དང་མ་འཐུས་པ་མང་རབས་ཟེར། འཇམ་གླིང་འདིར་བཙན་བྱོལ་བ་ཁྲི་སྟོང་མང་བོ་ཡོད་རེད། སྟབས་མ་ལེགས་པར་དགྲ་བོའི་སྟོབས་ཤུགས་རང་རེའི་དགྲ་ལས་ཆེ་བ་ཞིག་སུ་ལ་ཡང་ཡོད་མ་རེད། མི་ཤེས་ན་མིག་གདངས་ནས་གཞན་ལ་ལྟོས་དང་དེ་ནས་བཙན་བྱོལ་བོད་གཞུང་མང་གི་འདི་ལས་ལྷག་ཅིག་འཇོན་ས་འགྲོ་མིན་གྱི་གནད་འགག་ཧ་གོ་ཡོང་གི་རེད། མ་གཞི་དགྲ་བོས་བོད་པ་ཆེས་ཀླ་ཀློ་དང་བོད་ཆེས་མུན་ནག་ཟེར་ནས་དམའ་འབེབ་བཏང་བཏང་བའི་རྨ་སོས་མེད་པའི་སྒང་ལ་ཁྱོད་རང་གི་གྲངས་མགོ་ཡོད་རུང་ཀླད་པ་མེད་པའི་ནང་མིའི་གཤེ་གཤེ་འདི་གནས་སྐབས་གོ་ན་ཁྱག་འཁོལ་ཏེ་འབར་ཐལ།།
འབྲོག་རུ་ཆོས་གྲགས། ཁྱོད་རྒྱ་ནག་གི་སྐད་ཆ་ལ་དེ་འདྲའི་ཡིད་ཆེས་འདོག་ལ། མ་གཞི་ནས་བོད་པ་ཚང་མ་འདི་འདྲ་རེད། སྐད་ཆ་ཞིག་གོ་དུས་དེ་ལ་ཡིད་ཆེས་བྱས། དེ་ནས་ཅིག་འགྲིག་མ་སོང་ཉིག་འགྲིག་མ་སོང་ཟེར་ནས་སྐད་བརྒྱག་པ་དང་གཅིག་གཅིག་ལ་ལེ་འདའ་བྱེད་རྒྱུ་དེ་ཁོང་ཚོའི་སྲོལ་རྒྱུན་ཆགས་སྡད་ཡོད་པ་རེད། ཨ་ཡོ་ངོ་མའི་ཐང་ཆད་གི་ཡ།
ཨོ་ངས་སྐད་ཆ་དྲང་མོར་བཤད་གི་ནི་ཡིན། ཨོ་ན་ད་སྐབས་ང་ཚོས་རེ་འདི་བཞིན་ཞུ་གི་མེད་དམ། ྋགོང་ས་མཆོག་བོད་ལ་ཕེབས་དགོས་གི་ཡོད། བོད་ལ་རང་སྐྱོང་གཙང་མ་དགོས་གི་ཡོད་ཟེར་བ་མ་ཟད་ཉེ་ཆར་བོད་རྒྱ་ཞི་མོལ་གྱི་ཚོགས་འདུ་འཚོགས་ནས་ད་ཐེངས་བོད་རྒྱ་ཞི་མོལ་ཐེངས་བརྒྱད་པའི་བརྗོད་བྱ་གཙོ་བོ་རང་སྲིད་རང་སྐྱོང་གི་སྐོར་བྱེད་རྒྱུ་ཐག་བཅད་པ་མ་ཡིན་ནམ། རྒྱ་ནག་གིས་སྔོན་ནས་ང་ཚོར་གོ་སྐབས་འདི་སྤྲད་པ་རེད་དེ་ང་ཚོར་གྲ་སྒྲིག་ཡག་པོ་མེད་ཙང་དང་ལེན་བྱས་མ་ཐུབ་པ་རེད་ཟེར་གི་ཡོད། དངོས་གནས་རེད་རྒྱ་ནག་གིས་ད་ལོར་བོད་ས་ཡོངས་རྫོགས་ལ་བརྙེས་བཅོས་ཚད་མེད་བྱས་པ་རེད། དེ་ལ་ང་རང་ཡང་བློ་ཕམ་ཡོད་པ་མ་ཟད་ད་དུང་དེ་འདྲ་ཡོང་རྒྱུར་ཞེ་ནས་ལྷག་བསམ་རྣམ་དག་གིས་སྐད་ཆ་འདི་འདྲ་ཞིག་གི་མགོ་བརྩམས་པ་ཡིན། ངས་དྲང་མོར་བཤད་ཀྱི་ཡོད། སྐད་ཆ་ཁ་ཐུག་གི་ལབ་གི་ཡོད། རྒྱ་ནག་ལ་སྐྱོན་ཡོད་པ་རེད་དེ་ང་ཚོ་འང་དེའདྲ་གི་བཟང་ངོ་དེ་ཡིན་ནི་མ་རེད། ངས་ཐོག་མར་ང་ཚོའི་སྐྱོན་ཐེར་འདོན་བྱེད་ན་འདོད་གོ་ནི་ཡིན། ངོ་མ་བཤད་ན་སོ་སོ་ཡར་རྒྱས་འགྲོ་དགོས་ན་ངོ་བསྟོད་བྱས་ནས་ཡོང་རྒྱུ་ཡོད་པ་མ་རེད། ང་ཚོའི་སྐྱོན་གང་འདུག དེ་སེལ་ན་ཅི་འདྲ་བྱས་ནས་སེལ་དགོས་གི་འདུག ཨོ་དེ་ཚོ་གནད་འགག་ལ་ཐུག་ཡོད་ཁུ། དེ་མ་གཏོགས་རྒྱ་ནག་གིས་ང་ཚོར་མགོ་སྐོར་གཏོང་གི་རེད། ཟེར་ནས་རྒྱ་ནག་དུག་ནང་བཞིན་བརྩིས་ནས་བསྡད་ན་ཡོང་རྒྱུ་ཞིག་ཡོད་པ་རེད་དམ། ཐུགས་རྗེ་ཆེ་མུ་མཐུད་དུ་ཤོག
བོད་ནས་ཚེ་རིང་རྣམ་རྒྱལ་གྱིས་ཟེར་ན
ངས་བོད་རྒྱ་གྲོས་མོལ་སྐོར་གྱི་ནང་དོན་མང་པོ་(ཀྲུང་གོའི་གསར་འགྱུར་དང་ཕྱི་གླང་FOXགསར་འགྱུར)ཞིག་ལ་བལྟས་རྗེས་བསམ་ཚུལ་འདི་འདྲ་ཞིག་སྐྱེས་ཡོང༌།
གོང་ས་མཆོག་གིས་ངེས་པ་དོན་གྱི་ཡང་དག་{བོད་མི་རྣམས་ཡིད་མགུ་ཞིང་འཛམ་གླིང་གིས་ཁས་ལེན་པ(རང་མི་རིགས་རིག་གནས་དང་སྐད་རིགས། ཆོས་ལུགས་སོགས་རང་དབང་ངང་དར་སྤེལ་དང་རྒྱུད་འཛིན་བྱེད་པའི་ཆོག་མཆན)}གི་བོད་རང་སྐྱོང་ས་ཁུལ་བརྩོན་ལེན་ཀྱི་ཆེད་དུ་འབད་བཞིན་ལས་རང་བཙན་གླེང་གིན་མེད་པ་འཛམ་གླིང་གི་མིའི་རིགས་ཀྱིས་ཤེས་བ་ཞིག་རེད། ད་དུང་ཁོང་གིས་གསུང་རྒྱུར་བོད་ལ་དེ་འདྲའི་་རང་སྐྱོང་ས་ཁུལ་ཞིག་ཐོབ་རྗེས་བོད་ཀྱི་ཆབ་སྲིད་ཀྱི་ལས་དོན་དེ་ཁྲིམས་མཐུན་གྱི་རང་སྐྱོང་ས་ཁུལ་མགོ་ཁྲིད་ལ་སྤྲད་ངེས་ཟེར། དེ་ན་རྒྱ་ནག་དེ་ཁས་མི་ལེན་དོན་ཇི་ཞིག་ཡིན།
༡,རྒྱ་གར་ན་གཞི་སྡོད་བྱས་པའི་བོད་སྲིད་གཞུང་གི་མགོ་ཁྲིད་རྣམས་ཀྱི་ཁྲོད་རུལ་སུངས་ཀྱི་་བསམ་བློ་བ་མང་ཆེས་བས་གོས་སའི་གསུང་དག་ངེས་པ་དོན་ཀྱིས་མི་བརྩི་བ། ཁོ་ཚོས་རང་བཙན་ལ་གླེང་བ། དངོས་ཡོད་གནས་ཚུལ་མི་ཤེས་པ། སྒོར་མོ་ཆེད་དུ་མི་རིགས་ཀྱི་བདེ་སྡུག་ལ་ཁ་གཡར་བ།
༢.རྒྱ་ནག་ལ་མ་གཞི་ནས་མི་རིགས་འདི་ཡུད་ཀྱིས་འཁྱུར་མུད་གཏོང་བའི་ལོ་བརྒྱའི་འཆར་གཞི་ཡོད་པ།
༣,སྤྱི་ཚོགས་འདིར་དྲང་བདེན་གྱི་སྐད་ཆ་བཤད་མཁན་དང་ལས་་དོན་སྒྱུབ་མཁན་ཤིན་ཏུ་ནས་ཉུང་ལ། དེ་འདྲའི་བྱ་བ་སྒྲུབ་སའི་གནས་ཤིན་ཏུ་ནས་དཀོན་པ་བཅས་བས་སོ།
ད་གང་ལྟར་ངས་ཚོས་བརྒྱ་བཤད་ཚིག་གི་རྩ་བ་དང་སྟོང་དཀྲུགས་འོ་མའི་མར་ལོ་གང་ཡྀན་ཟེར་ན་བོད་ས་བདེ་འཇགས་ཡོང་ཐབས་དང་བོད་ནང་གི་བོད་མི་ཚོའི་རེ་བ་བསྒྲུབ་ཐབས་ཀྱི་ཐབས་ལམ་འཚོལ་རྒྱུ་དེ་ཡིན། གླེགས་སྟེགས་འདི་ལ་རང་བཙན་མི་དགོས་ལ་དབུ་ལམ་དེ་ལས་ཀྱང་མི་དགོས། འདིར་དགོས་པ་ནི་རེ་བ་གཉིས་ཏེ་བོད་ས་བདེ་འཇགས་ཡོང་ཐབས་དང་བོད་ནང་གི་རེ་བ་བསྒྲུབ་ཐབས་ཁོ་ན་ཡིན།
འདིའི་ཐད་ལ་ཁྱེད་རང་དགོངས་ཚུལ་ལྷག་བསམ་གྱིས་གསུང་རོགས།
བོད་རྒྱ་ཞི་མོལ་གྱི་སྐོར་ལ་སྐད་ཆ་རིང་ཐུང་བཅོ་བརྒྱད་ཡོད་པ་རེད་དེ། ང་ཚོས་མགོ་མ་ཚོས་ནས་བཤད་ན་ཡག་པོ་མ་རེད། དཔེར་ན། འབྲོག་རུ་ཆོས་གྲགས་ཀྱིས་རྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་བཤད་པའི་སྐད་ཆ་ཞིག་བཀོད་འདུག་པ་ལྟ་བུ་རེད། དེ་ནི་འདི་འདྲ་རེད། སྐུ་ངོ་རྒྱ་ལོ་དོན་འགྲིབ་དང་སྐུ་ངོ་བསོད་ནམས་སྟོབས་རྒྱལ་གཉིས་རྒྱ་ནག་ལ་ཕྱིན་པའི་སྐབས་དེར། རྒྱ་ནག་གཞུང་གི་ངོས་ནས་བོད་ཀྱི་གནད་དོན་ཐག་གཅོད་ཀྱི་རྣམ་འགྱུར་གསལ་པོ་མ་བསྟན་པ་དང༌། དེར་སྐུ་ངོ་རྣམ་གཉིས་ནས་ད་ནས་ང་ཚོའི་བར་འབྲེལ་བ་འདི་མུ་མཐུད་བསྡད་དང་མ་བསྡད་ལ་ཁྱད་པར་གང་ཡང་མི་འདུག འདི་འདྲ་ཡིན་ན། རྗེས་མ་ནས་ང་ཚོའི་བར་འབྲེལ་བ་འདི་དགོས་ཀྱི་མི་འདུག གང་ཡིན་ཟེར་ན། ཕན་ཐོགས་མེད་པའི་འབྲེལ་བ་ཞིག་ལ་དུས་ཚོད་གཏོང་བ་ལ་ནང་དོན་གང་ཡང་མི་འདུག་ཅེས་དགོངས་ཚུལ་བསྟན་པར། རྒྱ་ནག་ཕྱོགས་ནས་དེ་འདྲ་མ་རེད། ཉིན་ཤས་ནས་ང་ཚོས་ལན་ཞིག་སྤྲོད་ཀྱི་ཡིན་ལབ་ནས་ཕྱོགས་གཉིས་ཀྱི་གྲོས་མོལ་མཇུག་བསྡུས་ནས། སྐུ་ངོ་རྒྱ་ལོ་དོན་འགྲུན་ཧོང་ཀོང་བརྒྱུད་རྡི་ལི་དང༌། སྐུ་ངོ་བསོད་ནམས་སྟོབས་རྒྱལ་ཐད་ཀར་རྡི་ལིར་ཕེབས་ཏེ་སྐུ་ངོ་རྣམ་པ་གཉིས་རྒྱ་གཞུང་གིས་རྡི་ལིའི་གཞུང་ཚབ་ལ་ཐུག་རོགས་ལབ་དོན་ལྟར། རྡི་ལིའི་གཞུང་ཚབ་ལ་ཐུག་པ་རེད། རྡི་ལིའི་གཞུང་ཚབ་ཀྱིས་ཀྱང་བཙན་བྱོལ་བོད་གཞུང་ལྷ་སར་སྤོར་ན་ལེགས་པའི་སྐོར་དེ་བཤད་པ་རེད། དེ་ནས་སྐད་ཆ་དེ་གོང་ས་མཆོག་ལ་སྙན་སེང་ཞུས་པ་རེད། སྙན་སེང་ཞུ་སྐབས་སྐུ་ངོ་རྒྱ་ལོ་དོན་འགྲུབ་ཀྱིས་དེ་སྐོར་སྙན་སེང་ཞུས་པ་རེད། སྐུ་ངོ་བསོད་ནམས་སྟོབས་རྒྱལ་ལ་བཀའ་བརྩད་གནང་སྐབས། སྐུ་ངོ་བསོད་ནམས་སྟོབས་རྒྱལ་གྱིས། ང་ལ་ནི་སྐད་བསྒྱུར་གྱིས་དེ་སྐོར་ཁྱོན་ནས་གསུངས་མ་སོང་ཞེས་ཞུས་པ་རེད།
དེ་ནས་གོང་ས་མཆོག་གིས་སྐུ་ངོ་རྣམས་གཉིས་ཀྱི་སྟེང་སྐུ་ངོ་བསྟན་འཛིན་རྣམ་རྒྱལ་ཡིན་པ་ཡོད། མི་གསུམ་རྡི་ལི་གཞུང་ཚབ་ཏུ་མངགས་ནས་སྐད་ཆ་དེ་སྐོར་བདེན་པ་ཡིན་མིན་བརྩད་ཞིབ་བྱས་སྐབས། རྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ནས་སྐད་ཆ་དེ་འདྲ་ཞིག་བཤད་ཡོད་སྐོར་ཁས་ལེན་མ་བྱས་པ་རེད། དེ་ནས་སྐད་ཆ་དེ་ཡལ་བ་རེད། གནས་སྟངས་ངོ་མ་ནི་འདི་འདྲ་རེད། འདི་འདྲ་ཡིན་སྟབས། ད་ནི་ང་ཚོས་དེ་བདེན་བདེན་འགྲིག་འགྲིག་ཏུ་བཤད་ནས་ཕན་ཐོགས་མེད་པ་རེད། བོད་རྒྱ་ཞི་མོལ་གྱི་བརྒྱུད་རིམ་ནང༌། བོད་གཞུང་དང་རྒྱ་ནག་གཞུང་བར། བོད་མི་སྒེར་བ་དང་རྒྱ་ནག་གཞུང་བར་བཅས་ཀྱི་འབྲེལ་བ་སྣ་ཚོགས་ཤིག་ཡོད་པ་རེད། དེ་ཚོ་ཚང་མར་ཞིབ་འཇུག་ཅིག་བྱས་པ་ཡིན་ན། གཞི་ནས་བོད་རྒྱ་ཞི་མོལ་འདིས་ཕན་ཐོགས་ཀྱི་ཡོད་དང་མེད་དེ་ཤེས་ཀྱི་རེད། དེ་མིན་ཞི་མོལ་འདིར་ཆོ་མི་འདུག་རྐྱང་རྐྱང་ལབ་བསྡད་ནས་ཕན་གྱི་ཡོད་པ་མ་རེད། མདོར་བསྡུས་ནས་བཤད་ན། བོད་རྒྱ་ཞི་མོལ་གྱི་གོ་རིམ་གང་དུའང་རྒྱ་ནག་གཞུང་གིས་བོད་ལ་གོ་སྐབས་སྤྲད་བཞག་པ་གང་ཡང་ཡོད་པ་མ་རེད། ཐ་ན་གཉིས་སྨན་དབུ་མའི་ལམ་ཡང་ཁས་ལེན་གྱི་ཡོད་པ་མ་རེད། གང་ལྟར། འབྲེལ་མོལ་དང་ཞི་མོལ་གང་ཡིན་ནའང་ཁྱད་མི་འདུག རྒྱ་ནག་གཞུང་གིས་བོད་མིའི་དགོས་འདུན་ལ་ངོས་འཛིན་གསལ་པོ་དང་ཐག་གཅོད་ཀྱི་གོ་སྐབས་གང་ཡང་སྤྲད་མྱོང་ཡོད་པ་མ་རེད། ཡང་གཅིག་བཤད་ན། བོད་རྒྱ་ཞི་མོལ་གྱི་གོ་རིམ་ནང༌། ང་ཚོའི་ངོས་ནས་ཕར་གོ་ཐག་གློད་བཞག་པ་དེ་འདྲའང་ད་ལྟ་ཕན་ལ་བྱུང་ཡོད་པ་མ་རེད། ལག་པ་གཅིག་གིས་ཟློག་པ་ཡོང་གི་མེད་པ་མ་གཏོགས། གཞན་རྒྱ་ནག་གཞུང་གིས་འགྲིག་པ་དང་ང་ཚོས་མ་འགྲིག་པ་བྱས་བཞག་པ་ཅང་ཡོད་མ་རེད་སྙམ། བསམ་ཚུལ་ཙམ་ཡིན།
ཨོ་ཁྱེད་ཀྱིས་བསམ་ཚུལ་ལྷུག་པོར་གནང་པ་ཐུགས་རྗེ་ཆེ། ཡིན་ན་འང་སྐུ་ ངོ་རྒྱལ་ལོ་དོན་འགྲུབ་ཀྱི་སྐད་ཆ་ལ་གཞི་བཞག་ནས་བཤད་ཀྱིན་ཡོད། ད་གང་ཡར་ལྟར་ང་ཚོ་ཉོབ་ནས་འདུག་རན་ཞིག་ཡིན་ནི་མ་རེད། ལྷག་པར་དུ་བོད་དོན་ཚོང་ལས་ལ་འགྲོ་མི་ཉན་གི་ཟེར་གི་ཡོད། དེ་གནད་ཀྱི་དམ་པ་ཞིག་ཡིན།
རྩ་བའི་ང་འདིར་བསམ་ཚུལ་བརྗེ་ལེན་བྱེད་གི་ཡོང་གི་ཡོད། འབྲོག་རུ་ཆོས་གྲགས་དང་དུས་ཀྱི་ཕོ་ཉའི་སྐད་ཆ་འདི་ཚོ་ངས་བསམ་ཚུལ་ཞིག་ཏུ་བརྩི་མི་ཐུབ། འདི་གུང་ཁྲན་ཏང་གི་རལ་གྲིའི་ཁར་སྦྲང་རྩི་བྱུག་སྟེ་ལྡག་འཇུག་པའི་སྲིད་བྱུས་དེ་སྐྱར་ཟློས་བྱས་པ་ཙམ་རེད། ཡང་ན་མགོ་མ་ཚོས་པའི་སྐད་ཆ་ཞིག་རེད། དེ་བས་བསམ་ཚུལ་བརྗེས་འཇོག་རྒྱུ་གང་ཡང་མི་འདུག་ཀྱང་གསལ་བཤད་ཐུང་ཐུང་ཞིག་བྱེད་གི་ཡིན།
འབྲོག་རུས། ་་ད་ཡུལ་གྱར་གྱི་གཞུང་དེ་སྔོན་ལ་ཕར་བོད་རང་སྐྱོང་ལྗོངས་ལ་སྤོ་རོགས་གནང་། ཕར་སྤོས་ནས་སྔོན་ལ་རང་སྐྱོང་ལྗོངས་དེ་སྲ་ཐག་ཐག་ཅིག་བཟོ་རོགས་གནང་། སྲ་ཐག་ཐག་བཟོས་ཏེ་དེ་ནས་ང་ཚོ་རྒྱ་ནག་གཞུང་དང་བོད་རང་སྐྱོང་ལྗོངས་དང་མཉམ་དུ་བོད་ཆོལ་ཁ་གསུམ་ཆིག་སྒྲིལ་བྱ་རྒྱུའི་སྐོར་ལ་བཀའ་མོལ་ཞུ་གི་ཡིན་ཟེར་ནས་ད་སྐབས་ང་ཚོས་རེ་བཞིན་པའི་སྐད་ཆ་མང་བོ་ཞིག་བཤད་འདུག་སྟེ་ཡིན་ན་འང་ང་ཚོའི་གཞུང་གིས་ཅི་ཞིག་ལ་དེ་དག་དང་ལེན་མ་བྱས་པ་མི་ཤེས།་་ ཞེས་བྲིས་འདུག
དོན་དངོས་སུ་རང་སྐྱོང་ཟེར་བ་དེ་ཚོ་རྒྱ་གཞུང་གི་བཅའ་ཁྲིམས་ནང་བཀོད་ཡོད་པ་ཞིག་ཡིན་པས་དེ་རྒྱ་གཞུང་གིས་ལག་ལེན་བསྟར་དགོས་པ་ཞིག་ཡིན་པ་ལས་བཙན་བྱོལ་གཞུང་ལ་འབྲེལ་བ་ག་རེ་ཡོད་པ་རེད། དེས་ན་བཙན་བྱོལ་གཞུང་ཕར་སྤོར་ན་དེ་ལ་ལག་ལེན་ཡོད་པ་དང་མ་སྤོར་ན་དེ་ལ་ལག་ལེན་མེད་པ་འདི་གཅིག་པོའི་ཐོག་ནས་དེ་བསླུ་བྲིད་ཅིག་ཡིན་པ་གསལ་པོ་མ་རེད་དམ། རྒྱ་གཞུང་གི་ཁྲིམས་ཐོག་བཀོད་ཡོད་པ་དེ་ཚོ་ལག་ལེན་འདེབས་ཀྱི་མི་འདུག་ཅེས་བཙན་བྱོལ་གཞུང་དམངས་ཚོས་སྐད་བརྒྱབ་སྡོད་དགོས་པའི་རྒྱུ་མཚན་གང་ལ་ཐུག་ཡོད་པ་རེད། བོད་ནང་གི་བོད་མི་ཚོས་རང་སྐྱོང་དང་འབྲེལ་བའི་སྐོར་སྐད་ཆ་ཤུགས་ཆེན་པོ་གླེང་མི་ཐུབ་པའི་རྩ་བ་གང་ལ་ཐུག་ཡོད་པ་རེད།
གལ་སྲིད་བཙན་བྱོལ་གཞུང་ཕར་སྤོར་བ་ཡིན་ན། ཕྱི་ལོགས་སུ་རྒྱ་གཞུང་གི་ཁྲིམས་མཐུན་མིན་པའི་བྱེད་སྤྱོད་མང་པོ་ཞིག་ལ་རྟག་པར་དགག་པ་རྒྱབ་ནས་སུན་པོ་བཟོ་མཁན་གྱི་སྒྲིག་འཛུགས་སྟོབས་ཤུགས་དང་ལྡན་པ་ཞིག་རྩ་མེད་བཟོ་ཐུབ་པ་ཡིན་པས་རྒྱ་གཞུང་ལ་མཚོན་ན་རྒྱལ་ཁ་ཆེན་པོ་ཞིག་རེད། དེ་ནས་བཟུང་རྒྱལ་སྤྱིའི་ཐོག་བོད་ཟེར་ནས་གླེང་སྡོད་པའི་དོན་དག་འདི་མེད་པར་ཕྱིན་པ་རེད། རྒྱལ་བ་རིན་པོ་ཆེས་གཙོས་པའི་གནད་ཡོད་མི་སྣ་དང་གཞན་རྒྱ་མིས་བེད་སྤྱོད་གཏོང་བདེའི་མི་སྣ་དེ་འདྲར་གོ་གནས་ཀྱང་གང་འཚམས་ཤིག་སྤྲད་རྒྱུ་ཡིན་པ་རེད། དེ་ནས་ཁོང་ཚོས་ཡས་འགྲིགས་ཀྱི་མི་འདུག མས་འགྲིགས་ཀྱི་མི་འདུག་ཟེར་ནས་མང་པོ་ཞིག་ལབ་ན་པན་ཆེན་རིན་པོ་ཆེ་དང་ཕུན་དབང་སོགས་ཀྱི་གནས་སྟངས་དང་དབང་ཚད་ག་ཚོད་ཅིག་ཡོད་མེད་ཁྱེད་ཚོད་ཤེས་ཤེས་པ་ཡིན་པས་ངས་འདིར་གསལ་བཤད་བྱེད་དགོས་དོན་མི་འདུག
བོད་གཞིས་བྱེས་གཉིས་ཀྱི་མི་མང་ཚོའི་འདོད་པ་ཁེངས་པའི་སྲིད་བྱུས་ཤིག་ལག་ལེན་བསྟར་རོགས་བར་བཙན་བྱོལ་བོད་གཞུང་ཕར་སྤོར་དགོས་པའི་རྒྱུ་མཚན་ཡོད་མ་རེད།
མདོར་བསྡུས་ན། གོ་སྐབས་ཤིག་ཤོར་སོང་ཟེར་ནས་མང་པོ་ཞིག་ལབ་སྡོད་མཁན་དེ་ཚོས་སྟོང་གཏམ་བརྗོད་ཀྱི་ཡོད་པ་རེད། རྒྱ་གཞུང་གི་ཁྲིམས་ཡིག་དེ་ཚོ་ཁོ་ཚོས་ལག་ལེན་འདེབས་རྒྱུར་བཟོས་པ་ཞིག་ལས་བཙན་བྱོལ་བོད་གཞུང་ལ་སྟེར་རྒྱུའི་ཆེད་དང་ཡང་ན་བཙན་བྱོལ་བོད་གཞུང་ཕར་འགུགས་རྒྱུའི་ཆེད་བཟོས་པ་ཞིག་ཡིན་རྒྱུ་མ་རེད། ལག་ལེན་འདེབས་རྒྱུར་བཟོས་པ་དེ་ལག་ལེན་འདེབས་གི་མེད་པའི་ཐོག་ནས་དེའི་བར་ན་གོ་སྐབས་ཤིག་ལེན་རྒྱུ་མེད་པ་ལོས་ཤེས།
ཨོ་ཐུགས་རྗེ་ཆེ། ངས་བཙན་བྱོལ་བོད་གཞུང་ཕར་ལ་སྤོ་དགོས་གི་རེད་ཟེར་ནས་སྐད་ཆེན་པོ་རྒྱག་གི་མེད། དེ་ནི་རྒྱ་གཞུང་གི་སྐད་ཆ་ཞིག་རེད་དེ་དེ་འང་མི་འགྲིག་རྒྱུ་ཡོད་པ་མ་རེད། གལ་སྲིད་ང་ཚོའི་བོད་གཞུང་འདི་རྒྱ་ནག་གི་མངའ་ཁུངས་ནས་བསྡད་དེ་རང་སྲིད་རང་སྐྱོང་ལ་བརྩོན་ལེན་བྱས་ནས་དབང་དུ་བཏང་ན་འདི་ལྟ་བུའི་དཀའ་ལས་བོད་དོན་ཚོང་ལས་ལ་ཤོར་ནས་མི་མང་གི་རེ་འདུན་གཙིག་འཛིན་མི་བྱེད་པ།གང་ཡང་ཡོད་པ་མ་རེད། ང་ཚོས་རྒྱ་ནག་གི་རྩ་ཁྲིམས་ལ་གཞིར་བཞག་ནས་རྩ་ཁྲིམས་ནང་བཞིན་རང་སྐྱོང་བརྩད་ན་དེ་ལ་འདི་ལྟ་བུའི་དཀའ་ལས་གང་ཡང་ཡོད་པ་མ་རེད། དོན་དམ་པའི་བཤད་ན་ང་ཚོའི་བཀའ་བློན་རྣམ་དང་སྐུ་ཚབ་རྣམ་པའི་ནང་ན་རྒྱ་ནག་གི་རྩ་ཁྲིམས་གཞིར་བཞག་ནས་རང་སྐྱོང་རྩོད་ཐུབ་ཉན་ཞིག་མེད་པ། ཨོ་གནད་དོན་དེ་ལ་ཐུག་ཡོད་པ་རེད། ངས་སྐུ་ཚབ་རྣམ་དང་བཀའ་བློན་རྣམ་ལ་ལས་བདའ་བྱས་ནི་མིན། དོན་དངོས་ཀྱི་ཐོག་ན་ལབ་གི་ཡོད། དངོས་ཡོད་ཀྱི་ཕྱོགས་ན་ལངས་གི་ཡོད། མ་གཞི་འདིའི་སྐོར་ལབ་ནས་ཡོང་རྒྱུ་ཞིག་མེད་ཁུ་བསམ་གི། ངས་ཡོང་རྒྱུ་ཡོད་ནི་ཞིག་གླེང་གི་ཡོད། དེ་ནི་གནས་སྐབས་ཀྱི་བོད་ས་བདེ་འཇགས་དང་བོད་མི་མང་གི་རེ་ལྟར་གོང་ས་མཆོག་བོད་ལ་ཕེབས་རྒྱུ་དེ་ཡིན། ང་ཚོས་ཀྱང་འདིའི་སྐོར་ལ་བགྲོད་གླེང་བྱས་ནས་རབས་ཤིག་རྙེད་ན་ང་ཚོ་ལ་འདི་བརྗོད་པའི་གོ་སྐབས་ཤིག་ཡོད་ནི་རེད། ངས་འདིའི་ཐོག་ལ་འབད་ཀྱིན་ཡོད། ད་ལོ་རང་སྲོག་བླངས་བཏང་ནས་རེ་བ་ཞུ་མཁན་ཚོའི་ཆེད་དང་མིག་ཆུའི་ནང་ན་མགོ་འགྱོགས་ཐུབ་གི་མེད་པའི་བོད་ནང་གི་རྒན་རྒོ་ཚོའི་དོན་དུ་འབད་ཀྱིན་ཡོད།
རྒྱལ་བ་རིན་པོ་ཆེ་ཕར་ཅིག་ཕེབས་ཐུབ་ན་ཡག་པོ་རེད་བསམ་མཁན་བོད་ཕྱི་ནང་གཉིས་ནང་མི་མང་པོ་ཞིག་ཡོད་པ་མ་ཟད་རྒྱ་ནག་ནང་ཡང་དེ་འདྲའི་རེ་བ་ཡོད་མཁན་ཡོད་པ་འདྲ། ཡིན་ན་ཡང་། ཅིའི་ཕྱིར་ཕེབས་ཐུབ་ཀྱི་མེད་པ་རེད།
རྒྱ་ནག་གི་ཐོག་ནས་དངོས་གནས་ལྷག་བསམ་ཞིག་མཐོང་བ་དང་ཕར་ཕེབས་ན་ཁ་ཡོད་ལག་ཡོད་ཀྱི་གྲུབ་འབྲས་ཤིག་ཡོད་པ་མཐོང་ན། རྒྱལ་བ་རིན་པོ་ཆེ་ལམ་སང་ཕར་ཕེབས་གི་རེད་སྙམ། དེ་མིན་རྒྱ་ནག་གི་སྲིད་དོན་གྱི་གཡོ་སྒྱུའི་རྣམ་འགྱུར་དངོས་སུ་མཐོང་བཞིན་དུ་ཕར་ཕེབས་ན་དགོས་པ་མེད་པ་རེད། བོད་ནང་ད་བར་པན་ཆེན་རིན་པོ་ཆེས་གཙོས་པས་ལོ་ལྔ་བཅུའི་རིང་རང་སྐྱོང་རྩོད་པ་རེད། མཐའ་མཇུག་ཁོང་ཤི་བསད་ཆ་མ་འཚལ་བའི་གནས་སུ་གྱུར་པ་དེ་ཁྱེད་ཀྱིས་ཤེས་བཞིན་དུ་དེ་ལྟར་ཨུ་ཚུགས་རྒྱག་དགོས་པའི་རྒྱུ་མཚན་ངས་ཤེས་དཀའ།
འབྲོག་རུ་ཆོས་གྲགས་ཟེར་བས་བཤད་པ་དེ་སྐྱག་རྫུན་རེད། དོན་དངོས་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་གྱིས་ྋགོང་ས་མཆོག་ཆོས་ཀྱི་དབུ་ཁྲིད་ཅིག་ཏུ་ངོས་ལེན་ཞུས་ཡོད་ན་འགྲིག་པ་དང༌། ད་དུང་རྒྱ་ནག་གི་ཆོས་ལུགས་ཀྱི་དབུ་ཁྲིད་གནང་རོགས་ཟེར་ལྟ་བུ་༡༩༧༩ ལོ་ནས་བར་གཏན་ནས་ངོས་ལེན་བྱེད་མ་མྱོང་བ་ཞིག་རེད། ཡུལ་གྱར་སྲིད་གཞུང་དེ་བོད་རང་སྐྱོང་ལྗོངས་ལ་སྤོ་རོགས་ཞེས་ལྡི་ལི་གཞུང་ཚབ་པས་བཤད་སོང་ཟེར་བ་དེ་ཡང་སྐྱག་རྫུན་རེད། གཏམ་བརྗོད་རང་དབང་ཡིན་ཡང་སྐྱག་རྫུན་བཤད་རྒྱུའི་རང་དབང་ཡོད་པ་མ་རེད། རྗེས་ནས་སྐྱག་རྫུན་འདིའི་རིགས་གཏན་ནས་དྲ་སྟེང་དུ་མ་འགོད། གལ་སྲིད་དེ་འདྲ་བཤད་ཡོད་པ་རེད་ཅེས་ཨུ་ཚུགས་རྒྱག་གི་ཡོད་ན་གང་ནས་བཤད། ག་དུས་བཤད། གང་དུ་བཀོད་ཡོད་སོགས་གསལ་པོ་བཤད་དགོས་པ་རེད།
ངས་ལྟ་ཚུལ་ལ་འབྲོག་ཆོས་ཀྱིས་བཤད་པ་དེ་སྐུ་ངོ་རྒྱལ་ལོའི་སྐད་ཆ་ལ་གཞི་བཞག་ནས་བཤད་ཀྱིན་ཡོད་པ་འདྲ། ཏག་ཏག་སྐུ་ངོ་རྒྱལ་ལོ་་་་་་་མཐོ་སྒང་གི་རྒྱབ་མདུན་་་་་་་་་་རྩོམ་སྒྲིག་པས་བཅར་འདྲི་བྱས་སྐབས་སྐད་ཆ་འདི་ཏག་ཏག་ལབ་འདུག གལ་སྲིད་ཁྱེད་ལ་དོགས་པ་ཡོད་ན་སྐུ་ངོ་རྒྱལ་ལོ་ལ་ཐད་ཀར་ཐུག་ནས་སྐད་ཆ་ཤོད་དང་དེ་ནས་ཁྱེད་རང་གི་རྨོངས་པ་དེ་སེལ་གྱི་རེད།
ངས་ལྟ་ཚུལ་ལ་འབྲོག་ཆོས་ཀྱིས་བཤད་པ་དེ་སྐུ་ངོ་རྒྱལ་ལོའི་སྐད་ཆ་ལ་གཞི་བཞག་ནས་བཤད་ཀྱིན་ཡོད་པ་འདྲ། ཏག་ཏག་སྐུ་ངོ་རྒྱལ་ལོ་་་་་་་མཐོ་སྒང་གི་རྒྱབ་མདུན་་་་་་་་་་རྩོམ་སྒྲིག་པས་བཅར་འདྲི་བྱས་སྐབས་སྐད་ཆ་འདི་ཏག་ཏག་ལབ་འདུག གལ་སྲིད་ཁྱེད་ལ་དོགས་པ་ཡོད་ན་སྐུ་ངོ་རྒྱལ་ལོ་ལ་ཐད་ཀར་ཐུག་ནས་སྐད་ཆ་ཤོད་དང་དེ་ནས་ཁྱེད་རང་གི་རྨོངས་པ་དེ་སེལ་གྱི་རེད།