སྐྱོ་བྲག་དགའ་དབང་།
ང་ང་རང་གི་ཆེད་དུ་གནས་དགོས་ལ། ང་ང་རང་གི་ཕ་མ་སྤུན་མཆེད་ཆེད་དུ་གནས་དགོས། ང་མེད་ན་ང་རང་གི་ཕམ་ཁ་རེད་ལ། ང་མེད་ན་ང་རང་གི་ཕ་མ་སྤུན་མཆེད་ཕབ་ཁ་རེད། ངས་ང་རང་གི་བདེ་སྐྱིད་ཆེད་དུ་སེམས་ཤུགས་སྐྱེད་དགོས་ལ། ངས་ང་རང་གི་ཕ་མ་སྤུན་མཆེད་བདེ་སྐྱིད་ཆེད་དུ་སེམས་ཤུགས་སྐྱེད་དགོས། ང་གཞན་གྱི་རྩེད་ཆས་མིན་ལ། ཁྲེལ་གཞུག་མེད་པའི་ཁྱོ་གའི་རྩེད་ཆས་དེ་བས་ཀྱང་མིན། འདུ་འབྲལ་འཁོར་བའི་ཆོས་ཉིད་རེད་ལ། འདུ་འབྲལ་སེམས་ཀྱི་འཛིན་སྟངས་ཙམ་རེད། འཛིན་སྟངས་སྒྱུར་བ་ནི་སྐད་ཅིག་མ་གཅིག་ཡིན་པས། ངས་ང་རང་ལ་གནོད་པའི་སེམས་སྡུག་ཅིའི་ཕྱིར་བྱེད། ངས་དོན་དངོས་ལ་བསམ་གཞིག་མེད་པར་གཏན་གྱི་དགའ་རོགས་སུ་རེ་འཆའ་བ་ནི་ཚབས་ཆེའི་ལྐུག་ལས་ཤིག་མིན་ནམ།
ང་མི་བུ་ཞིག་ཡིན་ལ། ང་ལ་མི་བུའི་ཁྱད་ཆོས་ཆ་ཚང་ཡོད། ངས་ད་ནས་བཟུང་མི་བུའི་རྣམ་ཤེས་བེད་སྤྱོད་ཀྱིས། ངས་ང་རང་གི་བདེ་སྐྱིད་དང་འཚོ་གནས་ཀྱི་ཆེད་དུ་སེམས་ཤུགས་སྐྱེད་ཀྱི་ཡིན་ལ། ང་རང་གི་སེམས་ཤུགས་ང་རང་གིས་མ་སྐྱེད་ན། ང་ལ་སེམས་ཤུགས་སྐྱེད་མཁན་གཞན་སུ་ཞིག་ཡོང་གི་རེད་དམ། གལ་ཏེ་ང་ལ་སེམས་ཤུགས་ཡོད་ན། བྱ་བ་ག་རེ་ཡིན་ནའང་འགྲུབ་ཐུབ་ཀྱི་རེད། ང་ལ་ཡིད་ཆེས་ཡོད། ང་རང་གི་ཆེད་དུ་ང་རང་གིས་འཇོན་པ་ཡིན་ན། ང་ལ་གཞན་གྱིས་རོགས་པ་དགོས་དོན་མེད་ལ། ཁྲེལ་གཞུག་མེད་པའི་ཁྱོ་ག་དེ་བས་དགོས་དོན་མེད། གནོད་ལས་ཕན་མེད་པའི་ཁྱོ་ག་ནི་ཡོད་པ་ལས་མེད་པ་བཟང་བས་ཁ་བྲལ་བ་འགྲིག་ཤག །དངོས་གནས་ཡིན། ད་ནི་རང་མགོ་རང་ཐོན་ཡིན་ལ། ནམ་ཡང་རང་མགོ་རང་ཐོན་ཡིན། ཕེབས་པའི་གྲོགས་ལ། ཡག་པོ་ཕེབས་ཞུ་རྒྱུ་ཡིན། ཁྱོད་ཀྱང་ནམ་ཡང་བདེ་བའི་སྨོན་ལམ་ཡོད།
ངོ་དེབ་ནང་གི་བུ་མོ་ཞིག་གི་སེམས་གསོའི་ཆེད་དུ་བྲིས་སོ། །
བྱས་ན་ཡག་པོ་རེད། དམ་བཅའ་དེ་དང་ཁ་གཡང་དེ་འཁྱེར་ནས་འཚོ་བ་དངོས་ཀྱི་ཆུ་ཀློང་ཆེན་པོའི་ནང་། བུད་མེད་ཀྱི་གཟུགས་བརྙན་གསར་བཞེངས་ཐོག་འདོད་ཆགས་ལས་གཞན་བསམ་རྒྱུ་མེད་པའི་སྐྱེས་པ་བོང་ལུས་ཚོར་ཡ་ལན་མཐར་ཕྱིན་པ་ཞིག་སྟེར་དགོས།
སྐྲ་རིང་མ་དང་བློ་ཐུབ་མ་ཟེར་ལེ་རེད། ཁ་བཤད་ཆུ་ཡི་ཝུ་བ། ལག་ལེན་གསེར་གྱི་ཐིགས་པ་་་་་་་་མཇེ་རྒན་ཟིག་སྟོན་ར་་་་་སྙིང་རྗེ་་་་་རྒྱུག་ཡོད་ནི་རེད་་་་་་་་་་་་་་་་་་
སེམས་ཤུགས་འཕར་བ་ཞིག་བྲིས་སོང་། མཁན་པོ་བཀའ་དྲིན་ཆེ། མུ་འཐུད་ཤོག་ཨ། ཁྱེད་ཚང་ལ་རེ་བ་འདུག་གདའ།