ཟླ་ཀླུང་།
ཀརྨ་པ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེའི་ཞལ་སློབ་རྟོགས་ལྡན་གྲགས་པ་སེང་གེ་ནས་ད་བར་ཞྭ་དམར་སྐྱེ་ཕྲེང་བཅུ་བཞི་ལྔ་ཞིག་བྱོན་དགོས་པ་འདྲ་བ་ཡོད་ནའང། ཞྭ་དམར་བཅུ་པའི་གླེང་རྙོག་ལ་བརྟེན་ནས་དགའ་ལྡན་ཕོ་བྲང་གིས་ཡང་སྲིད་ཁྲི་འདོན་བྱར་མ་བཅུག་པས་དིང་གི་ཞྭ་དམར་མི་ཕམ་ཆོས་ཀྱི་བློ་གྲོས་མཆོག་ནི་ཞྭ་དམར་ཁྲི་འཛིན་བཅུ་གཅིག་པ་ཡིན།
ཁོང་ནི་ཀརྨ་པ་རིག་པའི་རྡོ་རྗེའི་རྗེ་དབོན་དུ་འཁྲུངས་པ་རྒྱལ་བ་ཞྭ་དམར་པའི་ཡང་སྲིད་དུ་ངོས་འཛིན་གྱིས་འབྲས་ལྗོངས་རུམ་བཏེག་དགོན་པར་ཁྲི་འདོན་མངའ་གསོལ་མཛད་པ་སྟེ། གོང་ས་བཅུ་བཞི་པས་ཀྱང་རྒྱབ་གཉེར་ཕྱག་བྲིས་གནང་ཡོད། ཁོང་གིས་སྐུ་ཚེའི་གནས་བབ་མཐོ་དམན་རྔ་མོང་གི་སྒལ་པ་འདྲ་བ་དང་། དགྲ་གྲོགས་ཀྱི་འགྱུར་བ་ཟློས་གར་འཁྲབ་པ་འདྲ་བ། ལས་ཀའི་རྙོག་ཟིང་ཉ་བྱེ་ཚན་དུ་ལྷུང་བ་འདྲ་བ། ཕྱི་ནང་དུ་རྒྱུ་འགྲུལ་བུང་བ་ཚང་ཞིག་པ་འདྲ་བ་དག་བརྒྱུད་དེ། དགུང་ལོ་དྲུག་ཅུ་རེ་གསུམ་པར་ཕེབས་པ། སྤྱི་ལོ་༢༠༡༤ ཟླ་༦ ཚེས་༡༡ ཉིན། ནུབ་ཕྱོགས་ཡོ་རོབ་ཀྱི་ཡུལ་འཇེར་མ་ནིའི་(Germany)ས་གནས་རེན་ཆེན་ཨུ་ལམ་(Renchen Ulm)བྱ་བར་གློ་བུར་དུ་དགོངས་པ་རྫོགས།
ཁོང་ཞི་བར་གཤེགས་པ་ན་སེམས་གཏིང་ནས་སྐྱོ་མཁན་དང་། ཁོང་ལ་མྱ་ངན་ཞུ་ཚིག་འབུལ་མཁན། ཁོང་ལ་དགོངས་རྫོགས་མཆོད་འབུལ་སྒྲུབ་མཁན། ཁོང་གི་ཤུལ་ལུས་སྤུན་མཆེད་རྣམས་ལ་སེམས་གསོ་གནང་མཁན་གཙོ་བོ་ནི། ཁོང་གིས་དགྲ་ཡི་དྭངས་མར་བརྩིས་པའི་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་བླ་སློབ་འབྲེལ་ཡོད་རྣམས་ཡིན་པ་ལས་ཁོང་གི་ཕྱག་དངུལ་ལ་རེ་བའི་མིག་ཞགས་འཕེན་པའི་སྒབ་འདྲེ་དག་ནི་མིན་པ་རེད། འདི་ནི་འཇིག་རྟེན་པའི་ཁ་དཔེ། ངན་པའི་གཉེན་ལས་བཟང་པོའི་དགྲ་དགའ། ཞེས་པ་ལྟར་གྱུར་ཡོད།
དགྲ་གྲོགས་འགྱུར་བའི་གནས་ཚུལ་འདིས་མི་བུ་མང་པོ་ཞིག་མགོ་འཐོམ་གྱི་ཡོད་སྐད་དེ། དོན་དངོས་ལ་གཞིག་ན། རྒྱལ་བ་ཞྭ་དམར་པ་ནི་ཀཾ་ཚང་གི་བླ་མའི་སྐྱེས་རབས་ཤིག་ཡིན་ལ། དིང་གི་སྐྱེ་ཕྲེང་འདི་ཉིད་ཞྭ་དམར་པ་མིན་པ་ནི་ཀཾ་ཚང་པ་སུས་ཀྱང་ཁུངས་སྐྱེལ་ར་སྤྲོད་བྱེད་ཐུབ་ཀྱི་མེད། འོན་ཏེ་ཁོང་གི་ཕྱག་ལས་མང་པོ་ཞིག་ནི་ངོས་ལེན་བྱ་ཐབས་བྲལ་བས་ན་ཀཾ་ཚང་པའི་ནང་ལོགས་སུ་རྙོག་གླེང་མི་ཉུང་བ་བྱུང་བ་བདེན་ནའང་། ཁོང་ཞི་བར་གཤེགས་པ་ནི་ཀཾ་ཚང་པའི་ནང་མི་ཞིག་གཤེགས་པ་ཡིན་ཕྱིར། ཀཾ་ཚང་པའི་བསྟན་པའི་བདག་པོ་ཞིག་ཡིན་ན་ཁོང་གི་དགོངས་རྫོགས་སྒྲུབ་པའི་འོས་འགན་ཡོད་ཡོད་པ་རེད། མ་འོངས་པར་ཞྭ་དམར་པའི་ཡང་སྲིད་ཀྱི་མཛད་ཕྲིན་འགག་ནའང་ཀཾ་ཚང་པའི་བླ་མའི་ཡང་སྲིད་ཀྱི་མཛད་ཕྲིན་འགག་པ་ལས་ཆོས་བརྒྱུད་གཞན་པར་གྱོང་ཅི་ཡང་མེད། གེགས་བར་མེད་པའི་ཡང་སྲིད་ཡག་པོ་ཞིག་ཡོང་བའི་ཐབས་ལམ་ནི་དགེ་ཚོགས་གསོག་སྒྲུབ་བྱེད་པ་ལས་ལྷག་པ་གཞན་བྱར་ཅི་ཡོད།
ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེའི་བཀའ་ངག་བཞིན་གཞི་བྱེས་གང་སར་ཡོད་པའི་ཀཾ་ཚང་པ་རྣམས་ཀྱིས་ཞྭ་དམར་པའི་དགོངས་རྫོགས་མཆོད་འབུལ་རྒྱ་ཆེར་སྒྲུབ་པ་ནི་མགོ་ན་ཀླད་པ་ཁོག་ན་དྲན་པ་ཡོད་པའི་མི་བུ་རྣལ་མ་ཞིག་གིས་རང་དོན་རང་གཅེས་བྱས་པ་ཙམ་ལས་གཞན་པ་ཅི་ཡང་མིན་པ་ནི་ཟུར་བལྟས་ལེབ་མཐོང་དུ་འདུག་གོ། །
བཀའ་བརྒྱུད་བསྟན་པའི་གཙུག་རྒྱན་རྗེ་བཙུན་མི་ལ་རས་པའི་གསུང་།
རྒྱུད་ལྡན་གྱི་བླ་མ་མ་བསྟེན་པའི། །དབང་བསྐུར་ཞུས་པས་ཅི་ལ་ཕན། །རང་རྒྱུད་ཆོས་དང་མི་བསྲེ་བའི། །རྒྱུད་སྡེ་བཟུང་“བས་ཅི་ལ་ཕན། །འཇིག་རྟེན་བྱ་བ་མ་བཏང་བའི། །གདམས་ངག་བསྒོམས་པས་ཅི་ལ་ཕན། །སྒོ་གསུམ་ཆོས་དང་མི་བསྟུན་པའི། །ཆོ་ག་བྱས་པས་ཅི་ལ་ཕན། །ཚིག་ངན་གཉེན་པོས་མི་ཟིན་པའི། །བཟོད་པ་བསྒོམས་པས་ཅི་ལ་ཕན། །ཕྱོགས་རིས་ཆགས་སྡང་མ་སྤངས་པའི། །མཆོད་པ་ཕུལ་བས་ཅི་ལ་ཕན། །རང་འདོད་རྩ་བ་མ་སྤངས་པའི། །སྦྱིན་པ་བཏང་བས་ཅི་ལ་ཕན། །འགྲོ་དྲུག་ཕ་མར་མ་ཤེས་པའི། །གདན་ས་བཟུང་བས་ཅི་ལ་ཕན། །སེམས་ལ་དག་སྣང་མ་སྐྱེས་པའི། །མཆོད་རྟེན་བཞེངས་པས་ཅི་ལ་ཕན། །ཐུན་བཞིའི་རྣལ་འབྱོར་མི་ནུས་པའི། །ཚ་ཚ་བཏབ་པས་ཅི་ལ་ཕན། །གསོལ་བ་སྙིང་ནས་མི་འདེབས་པའི། །དུས་མཆོད་ཕུལ་བས་ཅི་ལ་ཕན། །གདམས་ངག་རྣ་བར་མི་འཇོག་པའི། །སྡུག་བསྔལ་བྱེད་པས་ཅི་ལ་ཕན། །གསོན་ཚེ་དད་གུས་མ་སྐྱེས་པའི། །གདུང་ཞལ་བལྟས་པས་ཅི་ལ་ཕན། །སྐྱོ་ཤས་ངེས་འབྱུང་མ་སྐྱེས་པའི། །སྤོང་དག་བྱས་པས་ཅི་ལ་ཕན། །བདག་པས་གཞན་གཅེས་མི་བསྒོམ་པའི། །ཁ་བཟང་སྙིང་རྗེས་ཅི་ལ་ཕན། །ཉོན་མོངས་འདོད་པ་མ་སྤངས་པའི། །ཞབས་ཏོག་བྱེད་ལོས་ཅི་ལ་ཕན་། །ཅི་གསུང་ཚད་མར་མི་འཛིན་པའི། །བུ་སློབ་མང་པོས་ཅི་ལ་ཕན། །ཕན་པ་མེད་པའི་བྱ་བྱེད་དེ། །གནོད་པར་འགྱུར་བས་ཅོག་གེ་ཞོག །བྱ་བ་བྱས་པའི་རྣལ་འབྱོར་ལ། །བྲེལ་བ་མང་པོས་དགོས་པ་མེད། །
དངོས་གནས་ཁྱོད་རང་གི་མགོ་ན་གླད་པ་དང་ཁོག་ན་དྲན་པ་ཡོད་ན་སངས་རྒྱས་ཀྱི་གསུང་ལ་མེད་པའི་བླ་མའི་ཡང་སྲིད་ཟེར་བ་
ངོས་འཛིན་མ་བྱས་ན་དགའ་ ད་དུང་བླ་མ་གཅིག་ལ་ཡང་སྲིད་གཉིས་རེ་བྱས་པ་ནི་ཚོང་དང་སྲིད་དོན་རང་ཡིན་པས་དེས་བོད་པ་
ཚང་ཡོངས་ཀྱི་ད་ལྟའི་གནས་སྟངས་ལ་གནོད་པ་ལས་ཕན་པ་རྩ་བ་ནས་མེད་པ་ཁྱོད་ཀྱི་གླད་པ་དང་དྲན་པས་ཤེས་པ་བྱེད་དགོས།
མདོ་ལང་ཀར་གཤེགས་པ་ལས། རབ་བྱུང་ཆས་ལ་ཞྭ་ནག་ཅན། །སྟོང་གི་བསྟན་པ་མ་ནུབ་བར། །འགྲོ་བའི་དོན་ལ་རྒྱུན་ཆད་མེད། ཞེས་གསུང་འདུག་པ་ལྟར་ན་སྤྲུལ་སྐུའི་ཡང་སྲིད་ལས་སླ་པོར་མེད་པ་ཆགས་བཟོ་མིན་འདུག་་དགོས་མེད་ཀྱི་སེམས་ཁྲལ་མ་རེད་པའི། རྒྱལ་བ་ཞྭ་དམར་པའི་ཡང་སྲིད་འཁྲུལ་བྲལ་ཞིག་འབྱོན་པར་ཤོག་
ཟླ་ཀླུང་ལགས་ནས་བོད་པའི་གནས་སྟངས་སྐྱོ་བོ་འདི་ལྟའི་དུས་སུ་གཡག་ཞར་གི་རྩ་ཟོས་པ་ལྟ་བུའི་སྐད་ཆ་དེ་རིགས་མི་གསུངས་བར་ཞུ།།
ད་ཡང་རྡ་སའི་ཀ་རྨ་པས་ཆོས་མ་སྦྱང་པར་ཚོང་དང་སྲིད་དོན་གྱི་བོད་མི་རྣམས་ལ་ཟློས་གར་ཞིག་ཁྲབ་རྩིས་མེད་དམ་མཉམ་པ་འདུག་་
དངོས་གནས་སྐྱོ་འོས་པ་རེད། ངུ་་སྐྱོ་འོས་པ་རེད། ད་ཡང་སི་ཤོག་གིས་རོ་ཐོག་རྟ་རྒྱུག་གི་མི་འདུག་གམ། སི་ཀར་གྱིས་ཞེ་འཁོར་ངན་པསི་དུག་མདས་ནུབ་ཕྱོགས་ཡོ་རོབ་ཀྱི་ཡུལ་འཇེར་མ་ནིའི་(Germany)ས་གནས་རེན་ཆེན་ཨུ་ལམ་(Renchen Ulm)བྱ་བར་གློ་བུར་དུ་དགོངས་པ་རྫོགས་པ་རེད། ཁོང་ཞི་བར་གཤེགས་པ་ན་སེམས་གཏིང་ནས་སྐྱོ་མཁན་དང་། ཁོང་ལ་མྱ་ངན་ཞུ་ཚིག་འབུལ་མཁན། ཁོང་ལ་དགོངས་རྫོགས་མཆོད་འབུལ་སྒྲུབ་མཁན་བསམ་ཡུལ་ལས་འདས་པ་བྱོན་པ་རེད། ཁོང་གི་ཤུལ་ལུས་སྤུན་མཆེད་རྣམས་ལ་སེམས་གསོ་གནང་མཁན་གཙོ་བོ་བོད་ཕྱི་ནང་གི་བོད་མི་དྲང་བདེན་ཅན་ཚོ་ཡིན་པ་སྨོས་ཅི་དགོས། ཟླ་ཀླུང་ཟེར་བས་ཁོང་གིས་དགྲ་ཡི་དྭངས་མར་བརྩིས་པའི་ཀརྨ་པ་ཕྲིན་ལས་རྡོ་རྗེ་བླ་སློབ་འབྲེལ་ཡོད་རྣམས་ཡིན་པ་ལས་ཁོང་གི་ཕྱག་དངུལ་ལ་རེ་བའི་མིག་ཞགས་འཕེན་པའི་སྒབ་འདྲེ་དག་ནི་མིན་པ་རེད། འདི་ནི་འཇིག་རྟེན་པའི་ཁ་དཔེ། ངན་པའི་གཉེན་ལས་བཟང་པོའི་དགྲ་དགའ། ཞེས་པ་ལྟར་གྱུར་ཡོད། ཟེར། འཇིག་རྟེན་པའི་ཁ་དཔེར། ཤི་མདའ་ཁོག་ཏུ་རྒྱབ།།རྨ་ཁ་ཚིལ་གྱིས་བསིལ། ཟེར་བ་ཅི་མ་བདེན། ཤི་བླ་རྡོ་རྡུག་གིས་ཡིག་ནག་གིས་ལོ་རྒྱུས་ནག་པོས་མཆིལ་ཞགས་འཕོང་པ་ནི་སྐྱུག་བྲོ་བའི་རང་བཞིན་དུ་མཆིས་སོ།། xxxx
# 54 འབུམ་ཤུལ་ལགས་ཀྱིས་བྲིས།
June 13th, 2014 at 5:49 AM
དེ་རིང་ས་ག་ཟླ་བའི་དུས་ཆེན་གསུམ་འཛོམས་ཀྱི་ཉིན་མོ་འདིར་གོང་གསལ་མཆན་དག་ལས་འཕྲོས་པའི་བསམ་ཚུལ་འགའ་ལས་འབྲས་དཔང་བཞག་གིས་ཞུ་འདོད་བྱུང་།
༡ ཀརྨ་བཀའ་བརྒྱུད་པའི་ལོ་རྒྱུས་ཐོག་གི་བླ་ཆེན་ཞྭ་དམར་ནག་གཉིས་ཞེས་ཡོངས་སུ་གྲགས་པའི་ནང་ཚན་ཞྭ་དམར་སྐུ་ཕྲེང་བཅུ་བཞི་པ་མི་ཕམ་ཆོས་ཀྱི་བློ་གྲོས་མཆོག་སྐུ་གྲོངས་ཟིན་པ་རེད། དེ་རིང་ཞག་གསུམ་རེད། ཀརྨ་བཀའ་བརྒྱུད་པའི་ནང་ཁུལ་རྙོད་རྙོག་འདུམ་འགྲིག་མ་བྱུང་བར་དགོངས་པ་གཞན་དུ་གཏད་པར་བློ་ཕམ་དང་བཅས་མྱ་ངན་གུས་འདུད་ཞུ་གི་ཡོད།
༢༽ ཀརྨ་ཞྭ་དམར་ནག་གཉིས་ཕན་ཚུན་ངོས་འཛིན་གནང་རེས་འདི་འགྲོ་མགོན་བཀའ་བརྒྱུད་པའི་གདན་རབས་རིམ་པའི་ནང་གསལ་ཡོད་པ་ཞིག་རེད། དེ་འདྲའི་ཆོས་ཕྱོགས་ཀྱི་ལོ་རྒྱུས་འགན་དབང་གཞིར་བཞག་ཀརྨ་ཞྭ་དམར་པ་བཅུ་བཞི་པས་འཕྲིན་ལས་མཐའ་ཡས་རྡོ་རྗེ་མཆོག་ཀརྨ་ཞྭ་ནག་པ་སྐུ་ཕྲེང་བཅུ་བདུན་པར་ངོས་འཛིན་མཛད་པ་རེད། ཀརྨ་པ་འཕྲིན་ལས་མཐའ་ཡས་རྡོ་རྗེ་མཆོག་ནི་ཁམས་རྫ་ཆུ་ནས་ཡིན་པ་དང་། ཁོང་བོད་ཀྱི་རྒྱལ་ས་ལྷ་སར་སྐུ་འཁྲུངས་པ་རེད། གང་ལྟར་ཞྭ་དམར་རིན་པོ་ཆེས་གང་ངོས་འཛིན་གནང་བའི་གནས་ཚུལ་འཛམ་གླིང་ཡོངས་གྲགས་དང་འཇིག་རྟེན་ཀུན་ཤེས་ཤིག་ཡིན་པ་རེད་ལ། ཀརྨ་ཞྭ་དམར་པ་དེ་ཞྭ་དམར་རིན་པོ་ཆེར་ངོས་ལེན་ཡོད་ན་ཁོང་གིས་ངོས་འཛིན་གནང་བ་དེ་ཡང་ཆོས་ཕྱོགས་ནས་ཁས་ལེན་དགོས་པ་ཞིག་ཆགས་ཡོད་པ་དེ་ཆོས་ཕྱོགས་ཀྱི་རྩ་དོན་ཞིག་རེད།
༢༽ ༡༩༩༣ལོར་སི་ཏུ་རིན་པོ་ཆེ་པདྨ་དོན་ཡོད་ཉིན་བྱེད་མཆོག་གིས་ཀརྨ་པ་བཅུ་དྲུག་པ་ཆེན་པོའི་ཞལ་ཆེམས་རྙེད་སོན་བྱུང་གསུངས་པ་དང་། ཞལ་ཆེམས་ཕྱག་བྲིས་དེ་ལ་དོགས་པ་བྱུང་ནས་ནང་ཁུལ་རྩོད་རྙོག་ལྷགས་ནས་ཚན་རིག་བརྟག་དཔྱད་དགོས་པའི་བསམ་ཚུལ་བྱུང་ཡང་། སི་ཏུ་རིན་པོ་ཆེ་ནས་ཚན་རིག་བརྟག་དཔྱད་ལ་ཞལ་བཞེས་མ་གནང་བ་དང་། རྗེས་སུ་ཞྭ་དམར་རིན་པོ་ཆེས་དགོས་འདུན་ལ་ངང་འཐེན་གནང་བ་དང་། ཟུར་བཞུགས་མཛད་པ་རེད། གང་ལྟར་ཡང་སི་ཏུ་རིན་པོ་ཆེ་མཆོག་ནས་སྟོད་ལུང་འཚུར་ཕུར་ཁམས་ལྷ་ཐོག་ཏུ་འཁྲུངས་པའི་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཀརྨ་པ་བཅུ་བདུན་པར་ངོས་འཛིན་གྱིས་ཁྲི་འདོན་མཛད་པ་རེད། དེ་ལ་སྲིད་ཕྱོགས་ནས་རྒྱ་ནག་གཞུང་དང་། བོད་གཞུང་གཉིས་ཀས་ངོས་ལེན་ཆོག་མཆན་གནང་བ་རེད། འདི་ཡང་དངོས་ཡོད་གནས་ཚུལ་རེད།
༣༽ ཀརྨ་ཞྭ་དམར་པས་རང་གིས་ངོས་འཛིན་མཛད་པའི་ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་ལ་༧གོང་ས་༧སྐྱབས་མགོན་ཆེན་པོས་དགེ་ཚུལ་བསྒྲུབ་གནང་ཡོད་པ་ཞུས་པ་ལྟར་ཞལ་བཞེས་གནང་བ་རེད། ཡིན་ནའང་རྗེས་སུ་དེ་ལ་སྙན་ཞུ་ཕུལ་ནས་བཀག་འགོག་བྱེད་མཁན་བྱུང་ནས་བསྒྲུབ་མ་ཐུབ་པ་རེད། གནས་ཚུལ་འདི་དག་ཀྱང་ད་ལྟ་༧གོང་ས་མཆོག་ཞལ་བཞུགས་དང་། དགའ་ལྡན་ཕོ་བྲང་བླ་བྲང་གི་ཡིག་ཚང་གི་ཡིག་ཚགས་སུ་ཡོད་པའི་དོན་དངོས་གནས་ཚུལ་ཞིག་རེད།
༤༽ ཀརྨ་པའི་ཡང་སྲིད་ལ་བརྟེན་ནས་ལྷགས་པའི་གནས་ཚུལ་འདི་ཀམ་ཚང་ནང་ཁུལ་གྱི་རྩོད་པ་ཞིག་ཡིན་པ་ལས། ད་ལྟ་ཞལ་བཞུགས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧པཎ་ཆེན་ཡང་སྲིད་ངོས་འཛིན་གནང་བ་བཞིན་རྒྱལ་བ་རིན་པོ་ཆེའི་ཡེ་ཤེས་ཀྱི་གཟིགས་ངོར་འཆར་བའི་ཀརྨ་པའི་ཡང་སྲིད་ངོས་འཛིན་གནང་བཞག་པ་ཞིག་འཇིག་རྟེན་འདིར་ཡོད་མ་རེད། གོང་ཞུས་བཞིན་སི་ཏུ་རིན་པོ་ཆེ་མཆོག་གིས་བདག་སྤྲོད་གནང་བ་དེར་གཞུང་འབྲེལ་ཆོག་མཆན་གནང་བ་རེད། དེ་མཚུངས་ཞྭ་དམར་རིན་པོ་ཆེས་ངོས་འཛིན་མཛད་པ་དེ་ལ་ཡང་དགེ་ཚུལ་བསྒྲུབ་ཡག་ཞལ་བཞེས་གནང་ཡང་བཀག་འགོག་བྱུང་བ་གོང་ཞུས་ལྟར་རེད། མདོར་ན་རྒྱལ་བ་རིན་པོ་ཆེ་མཆོག་གི་མཚན་དོན་གཉིས་ཀ་ཀརྨ་པའི་ཡང་སྲིད་ངོས་འཛིན་ལ་ཐེ་བྱུས་གནང་མེད་ཅེས་ཀརྨ་པ་རྣམ་གཉིས་རྒྱ་གར་དུ་ཞབས་སོར་འཁོད་ཟིན་པའི་རྗེས་སུ་སྐུ་སྒེར་ཡིག་ཚང་ནས་ལས་ཤོག་ཐོག་གསལ་པོ་བཟོས་ཡོད་པ་རེད། གནས་ཚུལ་འདི་བདེན་པ་མ་རེད་དགོངས་ན་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་རྣམ་པར་བཀའ་འདྲི་ཞུས་དང་མཁྱེན་གྱི་རེད།
༥༽ གང་ལྟར་ཀརྨ་ཞྭ་དམར་པ་སྐུ་ཕྲེང་བཅུ་བཞི་པ་དགོངས་པ་རྫོགས་ཟིན་པ་དང་། དེ་ལ་ཆོས་ཕྱོགས་ནས་ཁོང་གི་དད་ལྡན་སློབ་འབངས་ཡོངས་ནས་དགོངས་རྫོགས་གསོལ་འདེབས་སྨོན་ལམ་དང་གདུང་སེམས་བྱེད་བཞིན་པའི་དུས་ཤིག་རེད། སྲིད་ཕྱོགས་ནས་བཙན་བྱོལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གཞུང་འབྲེལ་མྱ་ངན་གུས་འདུད་ཞུ་འོས་ཤིག་ལ་གཟིགས་ནས་མྱ་ངན་ཞུ་བཞིན་པའི་སྐབས་ཤིག་ཆགས་ཡོད་པ་རེད། སྤྱིར་ན་ཀརྨ་ཞྭ་དམར་པ་ཁོང་༧གོང་ས་མཆོག་གི་དངོས་སློབ་ཞིག་ཡིན་པ་དང་། བཀའ་བརྒྱུད་ནང་ཁུལ་རྙོག་གླེང་དེ་ལྷགས་པའི་རྗེས་སུ་ཡང་ཐེངས་མང་༧གོང་ས་མཆོག་ལ་མཇལ་ཁ་ཡོངས་གྲགས་དང་ཡོངས་གྲགས་མ་ཡིན་པའི་ལམ་ནས་ཞུས་ཡོད་པ་དང་། ཡོངས་གྲགས་མཇལ་ཁ་མཐའ་མ་དང་གསུང་ཆོས་མཐའ་མ་དེ་༧གོང་ས་མཆོག་ཀ་སྦུག་ལ་ཕེབས་སྐབས་དེ་ཆགས་ཡོད་པ་རེད།
༦༽ ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་ལ་མཚོན་ན་ཡང་། ཆོས་ཕྱོགས་ནས་ཞིང་གཤེགས་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་དང་། ས་སྐྱའི་ངོར་ཀླུ་ལྡིང་མཁན་ཆེན་སོགས་ཀྱི་མདུན་ནས་བཀའ་ཆོས་ཞུ་བ་དང་། ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་བཞིན་བཞུགས་པ་ལས་བོད་ཀྱི་རྩ་དོན་དང་། བོད་མི་མང་ལ་གནོད་པའི་ཕྱག་ལས་གང་ཡང་གནང་ཡོད་པ་མ་རེད། དེར་བརྟེན་ང་ཚོས་ཁོང་ལ་དད་གུས་ཞུ་མ་ཐུབ་ན་ཡང་ངན་རྒུ་ཚང་བའི་ཚིག་མཚོན་འདེབས་པ་སོགས་བྱེད་དགོས་དོན་མི་འདུག་སྙམ། ཁོང་ཡང་བོད་མི་ཞིག་དང་། མི་ཡུལ་ལ་བཙན་བྱོལ་དུ་སླེབས་པའི་བཙན་བྱོལ་བོད་མི་ཞིག་རེད།
གོང་ན་དབུ་ཁྲིད་ཚང་མས་ཆབ་སྲིད་ཕྱོགས་ཁག་བརྩད་ནས་ནམ་ཡང་ཁོམས་པ་མེད།།
བར་ན་བླ་མ་རྣམས་ཀྱིས་ཆོས་དང་གྲུབ་མཐའ་རྩད་ནས་གཡས་གཡོན་ཀུན་ལ་འདུར།།
མཐའ་ན་འབངས་མི་ཚང་མ་ཅི་བྱ་གཏོལ་མེད་ཕྱོགས་དང་ཕྱོགས་སུ་འཁྱམས།།
བོད་འབངས་ཡོད་དོ་ཅོག་ལ་ཕྱོགས་སྟོན་འཁོར་ལོ་མེད་པར་ཟོ་ཆུན་བཞིན་དུ་འཁོར།།
ད་ལན་ཞྭ་དམར་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་ཐིམ་པ་ལ་སྙིང་ནས་ཡིད་སྐྱོ་བའི་གནས་སུ་གྱུར། ཁོང་འུ་བུ་གཉིས་ཀྱི་བར་ཆོས་དང་ཟང་ཟིང་གི་འབྲེལ་བ་མེད་ནའང་།་དམ་པ་གང་གི། སྐུའི་མཛད་སྤྱོད་དང་། གསུང་གི་འཕྲིན་ལས། ཐུགས་ཀྱི་དགོངས་པ་སོགས་ལ་གང་དུ་དཔྱད་ནའང་སྙིང་དབུད་ནས་དད་དམ་དགའ་ཞེན་གྱི་ཟིལ་བ་དབང་མེད་དུ་ཁོལ་བཞིན་པའི་གྲས་སུ་སྙམས། འོན་ཏེ་ཁོང་ནི་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ལ་གུས་ཞབས་དང་། གཟིགས་སྟངས་སོགས་གང་སྤྱི་ཐོག་ལ་བརྟགས་ནའང་སྐྱེས་བུ་དམ་པ་ལུས་ཡིན་སྙམས་པས། རང་རེ་ཚང་དྲ་བ་ནང་ལས་རྟོགས་སླར་ཡང་ཞུ་མི་དགོས། སྐབས་དེ་དུས་ང་དང་ང་ལྟ་བུ་མིའུ་ཐ་ཤལ་རྣམས་ཀྱང་ཡི་རང་དང་བློ་དགའ་ཤར། འོན་ཏེ་སྟབས་མ་ལེགས་པ་ཞིག་ལ་དེང་སང་རུམ་ཏེག་སོགས་ལ་བཞུགས་པའི་མཁས་བཙུན་བཟང་གསུམ་ཅན་མཁན་པོ་འགས་དོན་མེད་ཀྱི་ལབ་གླེང་འབྲུག་ཆར་ལྟར་ཕེབས་ཏེ་བཟང་འབྲེལ་གྱི་ལམ་བུ་དར་སྣ་དཀར་པོ་དེའང་འཇའ་ལྟར་ཡལ། གང་ལྟར་མི་ཤི་ན་ཡག་ཟེར་བ་ལྟར་ཁོང་ནི་ཞི་བར་གཟིམས་ནའང་། དགོངས་རྫོགས་ཟབ་མོ་དེ་ལྟར་གནང་བ་དེ་ལ་ཡི་རང་ཡོད། འོན་ཏེ། རེ་བསྐུལ་གཅིག་ནི་དམ་པ་གང་གི་ཡང་སྲིད་དེ་ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་རང་གི་གནང་རྒྱུ་ལ་འགོག་རྐྱེན་མ་གནང་ཞུ་གིས་ཡོད།
དེ་རིང་འདིར་ཏི་སེ་དང་སྤྱང་ཤོག་ཨ་ཕྱི་ཚང་མ་ཕེབས་བཞག སེམས་ཚོར་ཀྱང་འདྲ་བོ་རེད་བཞག ངས་འདི་ནས་ངས་འགྲེལ་བཤད་མདོར་བསྡུས་ཞུ་ན་འདོད། ༧དཔལ་རྒྱལ་བ་ཀརྨ་པ་ཞྭ་དམར་རིན་པོ་ཆེ་དང་སི་ཏུ་རིན་པོ་ཆེས་ཀརྨ་པ་སོ་སོས་རེ་རེར་ངོས་འཛིན་ནས་༡༧ཀརྨ་པ་མཐའ་ཡས་རྡོ་རྗེ་དང་༡༨ཀརྨ་པ་འཕྲིན་ལས་རྡོ་རྗེ་ཞེས་བཏགས་པ་རེད། ཕྱིས་སུ་སྔ་འགྱུར་རྙིང་མའི་ཨོ་རྒྱན་སྟོབས་རྒྱལ་རིན་པོ་ཆེས་གལ་ཏེ་སི་སྐར་བཙན་བྱོལ་བོད་གཞུང་གིས་ངོས་ལེན་དང་རྒྱལ་བ་རིན་པོ་ཆེས་ངོས་ལན་མ་བྱས་ཚེ་རྡར་ས་གཏོར་རྒྱུ་བཤད་པའི་འཇིགས་བསྐུལ་འོག་ཏུ་རྡར་སའི་སྐུ་སྒེར་དང་བཀའ་བློན་ཆེ་རིམ་ཚང་མས་སི་ཏུ་སྐར་མ་པ་ངོས་ལེན་དགོས་ཐུག་པ་རེད། དེས་ན་མིང་གི་ཐོག་མ་ཨོ་རྒྱན་བཏགས་དགོས་པའི་རྒྱུ་མཚན་བྱུང་བ་ལས་ཀརྨ་པའི་སྐུ་ཕྲེང་རིམ་བྱོན་དང་སི་ཏུ་མིང་དང་པོ་བཏགས་སྐབས་ལ་འབྲེལ་བ་གང་ཡང་མེད་པ་རེད། དེས་ན་ད་ཕྱིན་སི་ཀར་གྱིས་ཨོ་རྒྱན་མིང་འདི་བེད་སྤྱོད་ན་ཡག་པོ་མི་འདུག ཨོ་རྒྱན་སྟོབས་རྒྱལ་ལས་གཞན་ལ་གོ་བ་ལེན་ཚུལ་མེད་པས་ལོ་རྒྱུས་ནག་པོའི་རྒྱབ་ལྗོངས་ལས་གཞན་མེད་པ་དང་ཆོས་ལུགས་གཞན་ལ་ཕོ་ཐུག་ལས་མཚམས་བཞག་གནང་རོགས་ཞུ་བ་དེ་ཡིན་ནོ།།
ད་མང་པོ་བཤད་མ་བཤད་མེད་པ་རེད། ཀརྨ་ཞྭ་དམར་པ་འདི་དངོས་གནས་ཀརྨ་ཞྭ་དམར་པ་ལ་ངོས་ལེན་ཡོད་ན་ཁོང་གིས་ངོས་འཛིན་མཛད་པའི་ཀརྨ་ཞྭ་ནག་པ་དེ་ཀརྨ་ཞྭ་ནག་པ་ཡིན་པར་ངོས་ལེན་བྱེད་དགོས་པ་རེད། དེ་མ་བྱས་ན་འདས་མཆོད་དུ་མིང་བཏགས་པའི་སྤྲེའུའི་གར་འདྲ་བོ་མང་པོ་འཁྲབ་མ་འཁྲབ་ཅང་མི་འདུག དེས་མི་བསམ་ཡོད་སུ་གཅིག་གི་ཡིད་ཆེས་འགུགས་ཐུབ་ཀྱི་མ་རེད། དེ་བཞིན་དུ་ཞལ་ཆེམས་ཡིག་ཆ་དེ་ལ་ཡང་ཞྭ་དམར་པས་རེ་འདུན་བཏོན་པ་བཞིན་དུ་དག་ཐེར་བྱེད་དགོས་པ་དེ་ཡང་སྨྲོས་མི་དགོས་པ་རེད།
༄། མྱ་ངན་གྱིས་མནར་བའི་སྨྲེང་གླུ།
ཀུན་གཟིགས་ཀརྨ་ཞྭ་དམར་བཅུ་བཞི་པ་མི་ཕམ་ཆོས་ཀྱི་བློ་གྲོས་རྗེས་དྲན་ཞུ།
སེམས་སྤྲོ་དགའི་ཉི་མ་དགུ་ཤར་གྱིས་འཚོ་དུས། །གཏམ་ཚིག་གཅིག་ཐོས་པས་མྱ་ངན་གྱིས་བརྡུང་བྱུང་། །ཡིད་མ་བདེ་ཕྱོགས་བཞིའི་མཁའ་ལམ་ལ་ཉུལ་དུས། །ཡུལ་ཁ་བའི་རྡུལ་མང་ཐལ་མདོག་གིས་གོས་འདུག །མགོན་བཀའ་བརྒྱུད་བསྟན་པ་རྒྱ་མཚོ་ལས་འགོངས་དུས། །ཞྭ་དབང་མདོག་ཅོད་པན་ཉི་འོད་ལ་འགྲན་བཞིན། །ཕ་རིག་པའི་རྡོ་རྗེའི་ཟབ་གསང་གི་བདུད་རྩིས། །མ་འགྲོ་ཁམས་ཡན་ལག་བརྒྱད་ལྡན་ལ་བསྒྱུར་ཐལ། །དུས་རྙིགས་མ་ལྔ་བདོའི་གཞན་དབང་གིས་གཙེས་ཤིང་། །ཐན་སྲིན་བྱ་ཉིན་འགྲོས་རང་གར་ལ་རྒྱུ་དུས། །བློ་འཆིང་ཐག་བྲལ་བར་སྒམ་ཚུགས་ཀྱིས་བཟུང་པས། །བདུད་ཁ་སྨྲས་མགོ་བོ་ཞུམ་ཞུམ་གྱིས་སྨད་ཀྱིན། །ཕྱི་ཞི་དུལ་ཁེངས་དྲེགས་མར་མར་ལ་གནོན་བཞིན། །ནང་རྟོགས་པའི་ནམ་འཕང་ཡར་ཡར་ལ་བཏེགས་དུས། །ས་དཔག་ཚད་བགྲང་དཀའི་ཤར་ནུབ་ཀྱི་ཡུལ་ནས། །འཁོར་མ་བོས་འདུ་བ་ཆར་སྤྲིན་བཞིན་བཏིབས་པ། །གནས་མ་གྷ་དྷ་ཡི་ལྗོན་ཤིང་གི་དྲུང་ནས། །དཔལ་སྨོན་ལམ་རྒྱལ་པོ་དབྱངས་རྟ་ལ་དྲངས་ཚེ། །སྐུ་བརྗིད་ཆེ་དལ་བུར་ཕེབས་ཚུལ་དེ་དྲན་དུས། །བློ་གངས་དཀར་གཏིང་ནས་མཆི་མ་རེ་འཐོར་ཡོང་། །ནུབ་བདེ་ཆེན་ཞིང་དུ་ཕེབས་པ་དེ་སྔ་སོང་། །བོད་ཁ་བའི་ལས་དབང་དོར་བ་དེ་སྔ་སོང་། །གཏམ་བདེན་པ་དཀའ་བའི་སྙིང་ཆུང་ལ་སྤུ་གྲི །སེམས་གཏད་སོ་བྲལ་བའི་རྒྱ་ཡན་ལ་ཤོར་གྱི །ཕ་བྱ་རྒྱལ་གླིང་ཆེན་ཕར་ཕར་ལ་གཤེགས་དུས། །བུ་རྩལ་དྲུག་ངོམ་པ་མང་མང་ཞིག་ཨེ་ལྷག །དཔལ་སྒྲུབ་བརྒྱུད་མངའ་ཐང་ཐང་མ་རུ་བརྡལ་ཡང་། །གདེང་ཁེལ་བའི་གཅེས་ཕྲུག་འཇིགས་མེད་དེ་སུ་ཞིག །རྒྱ་ཡངས་པའི་འཇིག་རྟེན་ངུ་སྒྲ་ཡིས་འགེངས་ཤིང་། །ཡིད་སྐྱོ་བའི་མིག་ཀོང་མཆི་མ་ཡི་ནར་ནར། །དབུགས་སྟོད་ལ་འཚང་བའི་ངོ་གདོང་རེ་མཐོང་བས། །གནས་འདི་ཡི་བདེ་སྐྱིད་མག་མོག་ལ་འགྲན་འདུག །རྗེ་ཀུན་གཟིགས་མི་ཕམ་ཆོས་བློ་དེ་དྲན་གྱིན། །དཔལ་སྣང་མཐའ་མི་གཟུགས་འཆང་བ་དེ་དྲན་གྱིན། །མགོན་སྒྲུབ་བརྒྱུད་བསྟན་པའི་གཙུག་ནོར་དེ་དྲན་གྱིན། །བོད་སྒང་པར་བཀའ་དྲིན་ཆེ་བ་དེ་དྲན་གྱིན། །སྐུ་བརྗིད་ཆེ་རི་དབང་ལྷུན་པོ་དེ་ཕེབས་ཤོག །གསུང་མི་འགག་ཚངས་དབྱངས་དྲུག་ཅུ་དེ་་སྒྲོག་ཤོག །ཐུགས་གཡོ་མེད་མཁྱེན་བརྩེའི་འོད་མདངས་དེ་ངོམ་ཤོག །གནས་ཞི་བར་མ་གཟིམ་མྱུར་མྱུར་དུ་བཞེངས་ཤིག ། དེ་ལྟར་ཀུན་གཟིགས་ཀརྨ་ཞྭ་དམར་བཅུ་བཞི་པ་མི་ཕམ་ཆོས་ཀྱི་བློ་གྲོས་མཆོག་རེ་ཞིག་ཞིང་འདིའི་གདུལ་བྱ་རྫོགས་ཤིང་དག་པའི་ཀློང་དུ་གཟིམས་པར་མྱ་ངན་རྗེས་དྲན་ཚུལ་དུ་གང་གི་སྐྱེ་འཕྲེང་ན་རིམ་ལ་མི་ཕྱེད་པའི་བློ་ཅན་འབྲོང་ངུར་ཕོ་ཉར་འབོད་པས། ༢༠༡༤ / ༦ / ༡༤ ཉིན་ལ།
དེང་ཕྱིན་ཆོས་ལུགས་ཐད་ཀྱི་རྙོག་དྲ་ཡོད་ཚད་རྩོད་རྒྱུགས་ཆེན་མོའི་ལམ་ནས་ཐག་གཅོད་བྱེད་འོས་པ་ཞིག་རེད།
ཀརྨ་བློ་གསལ་ལེགས། བདེན་པའི་ལམ་ནས་བཤད་ན་ཞྭ་དམར་ཕྱོགས་རྒྱལ་བ་རེད། རྫུན་པའི་བརྣན་ཤུགས་ཀྱིས་རྩོད་ན་སི་ཤོག་ཁེ་ས་རེད་ཀོ།
༧ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་སྐུ་གཤེགས་པར་མྱ་ངན་དང་གདུང་སེམས་མཉམ་བསྐྱེད་ཞུ། ཕྲནཁོང་ལ་མཇལ་མྱོང་མེད་ཀྱང་ཁོང་ནི་བོད་མི་གཙང་མ་ཞིག་དང་བོད་ཀྱི་བླ་ཆེན་ཞིག་ཡིན་པས་སོ། །སི་ཏུ་དང་ཞྭ་དམར་གཉིས་ཀའི་གསུང་བཤད་བརྙན་ཐག་མང་པོ་ཞིག་བལྟ་མྱོང་། ཕྲན་ཀརྨ་བཅུ་དྲུག་པ་ལ་ཡིད་ཆེས་བྱེད་མཁན་ཞིག་གི་ངོས་ནས་ཁོང་གི་ངོས་འཛིན་བྱས་པའི་བླ་མ་གཉིས་ལ་གུས་པ་ཡོད། མཛད་པ་སྟོན་ཚུལ་མིའདྲ་བ་བྱུང་བ་ཡིན་སྙམ། ༡༽ཞྭ་དམར་པའི་མི་རྒྱུད་ཐད། སྐྱོ་བྲག་བླ་མ་དགེ་འདུན་རིན་པོ་ཆེ་དགུང་ལོ་༨༠་ཕེབས་པའི་གསུང་བཤད་ཟེར་ལྡེར་ཞིག་མཇལ་བར། ཞྭ་དམར་པ་ཀརྨ་༡༦་པའི་སྲིང་མོའི་སྲས་དངོས་རེད། གསང་སྔགས་ཀྱི་བླ་མ་བསྟེན་ཚུལ་ཁས་ལེན་ཡོད་དུས། སྐུ་ཚ་རྒྱལ་ཚབ་བླ་མ་བཞིན་བརྩི་ལོས་དགོས། འཇིག་རྟེན་ལ་རྒྱ་ཅན་ཞིག་ཡིན་ཚེ་བླ་མའི་ཚ་བོ་ལ་དཀའ་ངལ་ཞིག་འཕྲད་དུས་རྒྱབ་ཏུ་སྐྱུར་བ་ནི་ངོ་ཚ་བའི་གནས་རེད། ༡༦་པ་ཞལ་བཞུགས་དུས་པཡི་རྒྱལ་དུ་བླ་སྐོས་༢༠ལྷག་ཡོད་པའི་ནང་ནས་༤་ཙམ་མ་གཏོགས་ཚང་མ་ཞྭ་དམར་པའི་ཕྱོགས་སུ་ཡོད། ངའི་དྭགས་པོའི་ཆོས་ཚོགས་འཛུག་དུས་ཀརྨ་༡༦་པའི་ཞལ་དྲོན་མོས་གསུང་དོན། ང་ཡང་ཡང་ཡོང་མ་ཐུབ་ཀྱང་ངའི་ཚབས་ཞྭ་དམར་པ་ཡོད་པས་ཁོང་གིས་གཟིགས་ཡོང་། དེའི་བཀའ་བཞིན་སྒྲུབས་ཅེས་གསུངས་པ་འདི་རྡོ་རྗེའི་ཚིག་ཡིན། ངས་རྒྱུ་མཚན་དེ་དག་གིས་སྒོ་ནས་ཧྥ་རན་སི་དང་ཇར་མན་གྱི་དགོན་པ། སྒྲུབ་གྲྭ། ཆོས་ཚོགས་ཚང་མ་ཞྭ་དམར་པར་ཕུལ་པ་ཡིན། ཅེས་གསུང་འདུག
༢༽ཞྭ་དམར་པའི་ངོས་འཛིན་ཐད། ཀརྨ་༡༦་པས་༧གོང་ས་ཏཱ་ལའི་བླ་མ་ལ་དངོས་བརྒྱུད་གཉིས་ནས་ཡང་ཡང་ཞུས་ཏེ་ངོས་འཛིན་ཆོག་མཆན་ཐོབ་པར་མ་ཚད། བོད་གཞུང་སྐུ་ཚབས་ཀྱི་གཙོ་སྐྱོང་འོག་སྒར་ཆེན་དང་། རྙིང་མའི་དིལ་མགོ་མཁྱེན་བརྩེ།
སྨིན་གླིང་ཁྲི་ཆེན། རྫོགས་ཆེན་དཔོན་སློབ། བཀའ་བརྒྱུད་པའི་ཀརྨ་པ། ཁམས་སྤྲུལ། འབྲུག་ཐུགས་སྲས། དགེ་ལྡན་པའི་ར་རྭ་སྟོད་སྤྲུལ་སྐུ་སོགས་གནད་ཡོད་མི་སྣ་འཛོམས་པས་འབྲས་ལྗོངས་རུམ་བཏེགས་དགོན་པ་རྙིང་པར་ཁྲི་འདོན་གནང་པ་དང་། སྐབས་དེར་༧གོང་ས་མཆོག་གིས་ཐུབ་པ་རྡོར་གདན་མའི་སྐུ་དང་བཀའ་ཤོག་ཆེན་པོ་གནང་ཡོད། དེ་བཞིན་རྒྱ་ནག་གི་ཆོས་སྒོ་ཕྱེ་དུས། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་ཡངས་པ་ཅན་དགོན་པ་མི་མང་ཤོས་བཀའ་བརྒྱུད་ལ་མོས་ན་སྔར་ལྟར་བཀའ་བརྒྱུད་ལ་རྩིས་སྤྲོད་ཅེས་བཀའ་བབས་པ་དང་། ཞིབ་འཇུག་རྗེས་པཎ་ཆེན་མཆོག་གིས་བཀའ་བརྒྱུད་ལ་རྩིས་སྤྲོད་པར་ཐག་བཅད་དེ་སྐུ་ཕར་ཆེན་པོ་ཕྱག་བྲིས་དང་བཅས་པ་གནང་དུས། ཡོངས་ཁྱབ་ཏུ་ཞྭ་དམར་སྤྲུལ་སྐུ་རྒྱ་གར་ཏུ་བཞུགས་པ་དེ་རྒྱལ་ནང་དུ་ལོག་དུས་གདན་ས་གཙོ་བོ་འདི་ལ་བཞུགས་པའི་སྨོན་ལམ་བཅས་མང་མོས་ཀྱི་འདོད་པ་ལྟར་བཀའ་བརྒྱུད་པར་རྩིས་སྤྲད་པ་ཡིན་ཞེས་གསུངས་ཡོད།
༣༽ཞྭ་དམར་པའི་མི་གཤིས་ཐད། ཕྲན་གྱི་ངོ་ཤེས་ཕྱི་ནང་གི་མི་སེར་མང་པོའི་མིག་སྔར་ཁོང་ཐུགས་སྒམ་པ། བསྒྱུར་དཀའ་བ། མི་གཞི་བརྟན་པོ། ངོ་ཚུགས་རྟག་པ། ཐག་ཆོད་པོ། སྙིང་སྟོབས་ལྡན་པ། མངོན་ལྐོག་མེད་པ། བྱ་བ་གང་ཡིན་ཡང་ཕྱི་གསལ་ནང་གསལ་དགོས་མཁན་ཞིག་ཡིན་པར་གྲགས། དེ་བཞིན་ཐུགས་ལ་མ་བབ་པའི་བྱ་བ་ཞིག་ཡིན་ཚེ་འཛེམས་བག་མེད་པར་ཐད་དཀར་གསུངས་པས་བསྟུན་དཀའ་བ་ཞིག་ཡིན་སྐད། མི་མང་པོར་དབུ་ཕོག་ཞབས་རེག་འགྲོ་བའི་རྐྱེན་ཡང་དེ་འདྲ་ཞིག་ཡིན་ཟེར།ད་བར་བོད་སྤྱིའི་ལ་རྒྱ་ལ་གནོད་པ་དང་། བསྟན་པ་ལ་རྨ་འབྱིན་པའི་ཕྱག་ལས་ཞིག་གནང་བ་མ་མཐོང་ཞིང་། ཀརྨ་པའི་སྤྲུལ་སྐུ་གཉིས་ཀའི་དོན་དུའང་ཁོང་གིས་རྩུབས་སྤྱོད་དང་། སྐུར་འདེབས་ནན་པོ་ཞིག་གསུངས་པ་མ་ཐོས་པས། ཐུགས་རྒྱ་གཏིང་ཟབ་མོ་མངའ་བ་ཞིག་ཡིན་པ་གོར་མ་ཆགས་སོ། ། མདོར་ན་དམ་པ་གང་གིས་ཐུགས་བཞེད་འགྲུབ་པའི་སྨོན་ལམ་འདེབས། །
དྲི་མེད་ལགས་ནས་གསུངས་པར་མོས་མཐུན་ཡོད།
ད་དངོས་ནས་ཡིན་ན་སི་ཏུ་ཀརྨ་པས་ང་ནི་ཀརྨ་བཅུ་དྲུག་རིག་པའི་རྡོ་རྗེའི་ཕྱག་མཛོད་སྟོབས་དགའི་ཀུན་རྟོག་རི་མོ་དང་སི་ཏུ་རང་རིག་ཀུན་བདེ་སོགས་ལ་དཔྱད་ན་ཁྱབ་སྲིད་ཀྱི་ཀརྨ་པ་ཞིག་ཏུ་སི་ཏུས་བཟོས་པ་རེད་བཞག ངོས་ཆུང་ནས་དད་གུས་བཞག་ས་ཀུན་གཟིགས་ཀརྨ་པ་ཞྭ་དམར་ཆོས་ཀྱི་བློས་གྲོས་ཡིན། ཀརྨ་པ་ཡང་བདེན་པ་དེ་ཞྭ་དམར་པས་ངོས་འཛིན་གནང་བའི་མཐའ་ཡས་རྡོ་རྗེ་ཁོང་རེད་བཞག། ཞྭ་དང་རིམ་སྟེགས་ཆེད་ཡིན་ཡང་། བཙན་བྱོལ་བཀའ་དྲིན་ཅན་དང་༧གོང་ས་མཆོག་གི་སྐུ་དྲིན་གྱིས་ང་ལ་ཀརྨ་པ་མཚན་ཐོག་སོང་བ་འདི་གངས་ཅན་བོད་ཕན་ཐོག་སོང་ན་བློ་བཟང་སེངྒེ་ངེད་ཚོ་གཅིག་པ་རེད་བཤད་ཐུབ་ན་སྐྱེས་པ་ཕོ་རེད། གངས་ཅན་ཡོངས་ལ་བདེན་པའི་ལམ་སྟོན་རེད།ངོ་ལྐོག་མཚུངས་པའི་དད་གུས་དང་ཆོས་བརྒྱུད་གཅེས་པའི་དྲང་བདེན་རེད། བདེན་པ་དང་ལས་འབྲས་བཟང་པོས་ཁ་གྲགས་ཁ་ཡིན་པས་ཁོང་ལ་དད་པ་དང་འབྱུང་འགྱུར་རྒྱལ་བའི་རྒྱལ་ཚབ་ཏུ་ཆགས་སྲིད་པ་རེད། དེ་མིན་འུག་པའི་རྫུན་དྲུག་འདྲ་བཤད་ན་གངས་ཅན་པ་སྤྱི་དང་ཀྃ་ཚང་གི་བསྟན་པ་ལ་ཤ་ཞེན་གྱི་སྐད་ཆ་བདེན་པ་རེད། ཁྱད་པར་ཁོང་གིས་དགྲ་ཡི་དྭངས་མར་བརྩིས་པའི་ཀརྨ་པ་མཐའ་ཡས་རྡོ་རྗེ་ལ་དགོངས་དག་དང་། སི་ཀར་ཉིད་དང་བླ་སློབ་འབྲེལ་ཡོད་རྣམས་ཡིན་པའི་ཕྱག་དངུལ་ལ་རེ་བའི་མིག་ཞགས་འཕེན་ཅིང་ནག་ཚོང་སྡིག་པའི་འཁོར་ལོ་བསྐོར་འཁན་གྱི་སྒབ་འདྲེ་དག་ལ་མཆིལ་ཞགས་བཅས་བདེན་ཚིག་གསུང་ཞིག་འབྱོན་ཐུབ་ན་སྒྲུབ་བརྒྱུད་གོང་མའི་རྗེས་འཇུག་ཆོས་པ་རྣམ་དག་གི་ཚིག་རེད། དེ་མིན་དྲི་མེད་དང་སྤོབས་པ་མཐའ་ཡས་དང་སོགས་དཔྱོད་ལྡན་ཚོས་གསུངས་ལ་བལྟས་ན་བོད་མི་ཡོངས་ཀྱི་ཞབས་འདྲེན་ཞིག་ཏུ་འགྱུར་མི་འདུག་གམ།
གོང་དུ་མང་པོ་ཞིག་ནས་བསམ་ཚུལ་གསུངས་པར་བཀའ་དྲིན་ཆེ། ཀརྨ་པ་སུ་ཡིན་གྱི་སྐོར་ལ་དེ་ཙམ་གྱི་ངལ་བ་གནང་དགོས་མི་འདུག ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་ནི་སི་ཏུ་རིན་པོ་ཆེ་ནས་ངོས་འཛིན་གནང་བ་ཞེས་པར་མོས་མཐུན་མེད། སྐུ་གོང་མའི་ཟླ་ཁའི་ཞལ་ཆེམས་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གཟིམས་སྣང་གཉིས་ཐོག་ནས་ཐག་གཅོད་བྱུང་བ་ཡོངས་གྲགས་རེད་ལ་YouTube སོགས་སུ་འདིའི་སྐོར་གསལ་པོ་ཡོད། ཨ་ཕྱི་ཆོས་སྒྲོན་ལ་སོགས་ཕྱོགས་རིས་ཀྱི་བསླུས་པ་འགའ་ཞིག་ལ་ལན་འདེབས་པའི་ངལ་བ་བརྟེན་དགོས་མི་འདུག
ཀརྨ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ངོ་མ་བྱས་རྙིང་མའི་སྤྲུལ་སྐུ་ཞིག་ཡིན་ཚུལ་བརྗོད་བཞིན་པར། ཀན་ཏིང་ཏ་ཡི་སི་ཏུ་རིན་པོ་ཆེས་ཀརྨ་པ་༡༦ པའི་ཡང་སྲིད་མཚན་བཏགས་པ་རེད། དཔེར་ན་ད་ལྟ་༧སྐྱབས་མགོན་ས་སྐྱ་བདག་ཁྲི་རིན་པོ་གཏེར་སྟོན་ཨ་བང་ཡང་སྲིད་འཁྲུལ་མེད་ཡིན་ཀྱང་་ས་སྐྱའི་ཁྲི་འཛིན་གནང་བ་བཞིན་དེ་འདྲ་རེད། དེ་ལ་ཁྱད་པར་རྩ་ན་ས་ཡོད་མ་རེད། བསྟན་པ་སུ་ལ་མཛད་འཕྲིན་བསྐྱངས་ནའང་དད་པ་དང་གུས་པའི་ཡུལ་དུ་མཆིས། འོན་ཏེ་ཁོང་རྣམས་ཁ་ཤས་ཤིག་ནས་ཀུན་གཟིགས་ཞྭ་དམར་གྱི་མཛད་པ་ཆེ་ཆུང་ཐམས་ཅད་ལ་མ་དག་པ་དང་། བཀྲ་མ་ཤེས་པ་ཅང་གཟིགས་པ་དེ་ལ་ང་ཚོ་ཆོས་རྒྱུད་དགེ་ལུགས་པ་དང་། རྙིང་མ་ས་སྐྱ་བ་སོགས་རྣམས་ནས་བློ་མ་བདེ་བ་ཞིག་དང་། ཞྭ་དམར་རིན་པོ་ཆེ་ལ་ཞེ་ས་མ་ཞུས་ན་སྙིང་རྗེ་དགོས་ཡག་དང་། རྒྱབ་སྐྱོར་དང་གུས་ཞབས་རང་བཞིན་ཡོང་བསྡད་ཀྱིས་འདུག དེ་ནས་ང་ཚོ་ཕྱིགས་རེས་དང་། གཞན་ཕྱོགས་ལ་གཡམ་རྒྱུགས་ག་ལ་ཡིན། རྒྱུ་མཚན་ཡང་དག་ལ་བརྟེན་ནས་དེ་འདྲ་རེད། ཐབས་སྐྱོ་ཤོས་དེ་ནི། ལྷ་མོ་འདྲེ་མོ་སུས་སྤྲུལ་བ་ཡིན་རུང་མིན་རུང་། ཨོ་རྒྱན་འཕྲིན་རྡོ་རྗེའི་ལྕམ་སྲིང་མ་དེ་དང་། ཡང་ནང་ཆེན་བ་ཡུག་ས་མ་སྒྲོལ་མ་རྣ་རྡེ་ཟེར་བ་སོགས་དང་། ཀམ་ཚང་མཁན་པོ་རེ་གཉིས་བཅས་ཀྱིས་གནས་ཚུལ་ཐབས་སྐྱོ་བོ་གནང་བ་དེ་འདྲ་མ་གནང་རོག ཞུས་ཡག་ཡིན། སླད་གལ་པོ་ཆེ་ནན་གཏན་དུ་ཞྭ་དམར་ཡང་སྲིད་ལ་འདྲེ་ལག་མ་འཆང་རོག། མི་གསོན་དུས་མ་ལོ་བ་དང་་བདུད་སྤྲུལ་ཟེར་བསྡད་ཀྱིས་ཡོད་རེད། དེ་འདྲ་མི་དེ་ཤི་ཚར་དུས་ཡང་སྐྱར་ལག་པ་མ་སྙོབ་པ་ཞུ། ཕ་ཤི་ན་རྒྱ་རྔ་བརྡུང་ཟེར་བའི་དོེ་ཡིན་ཚོད་མི་འདུག་ཏེ། སྐུ་བཞུགས་དུས་མི་དེའི་མིང་ཙམ་སྒྲོག་ཡག་ལ་རྣམ་རྟོག་ཡོང་བསྡད་པའི་བཟོ་འདྲ་ཡོད། ཡང་དགོངས་རྫོགས་ཡིན་ཟེར་ནས་མང་པོ་འཛུམ་ནས་མཆོད་སྨོན་ལམ་བྱེད་པ་དེ་ཙམ་ཐུགས་ཕན་ཡོང་མི་ཡོང་ཤིན་ཏུ་རྟོགས་་དཀའ། གང་ཡིན་ཟེར་ན་ཁོང་གི་དབར་ཀ་དམ་ཚིག་བརྒྱ་ཆ་༠༡%ལྡན་ཨི་ཡོད། དྲི་འདི་ལན་ཤིན་ཐེབས་དཀའ་འོ་སྙམས། ༧ གོང་ས་མཆོག་དང་། ༧ འབྲི་གུང་༧སྐྱབས་མགོན་རིན་པོ་ཆེ་མཆོག་དང་། ས་སྐྱ་བདག་ཁྲི་། རྒྱལ་བ་འབྲུག་ཆེན་མཆོག་དང། སྤྲུལ་སྐུ་ཆིས་ཀྱི་ཉི་མ་ཡབ་སྲས་སོགས་རྣམས་ཐུགས་སྨོན་ཤིན་ཏུ་ཟབ་མོ་གནང་བར་དེས་ངོ་མ་ཕན་ཐོགད་དང་ཁོང་གི་ས་ལམ་ལའང་རོག་འདེག་ཡིང་ཡིད་ཆེས་ཡོད། འོན་ཏེ་འདི་ནི་ངས་སྒེར་གྱི་བསམ་ཚུལ་ལས་གཞན་ཅང་མ་ཡིན་པས་དགིངས་འཇག་གོ
ཞྭ་དམར་རིན་པོ་ཆེ་བླ་མ་ཡག་པོ་ཡིན་པ། དྲང་པོ་ཡོད་པ། ཐུགས་སྒམ་པོ། ཆ་ཚང་ཚང་འདུག ཡིན་ནའང་ཁོ་རང་ལ་སྡོམ་པ་མི་འདུག ཁོ་རང་གི་དབྱིན་སྐད་ནངདྲྭ་རྒྱའི་ནང་་དྲི་བ་དྲིས་ལན་གནང་འདུག དེ་ཡང་༡༩༨༢ ལོར་སྡོམ་ཕུལ་བའི་རྒྱུ་མཚན་དང་བཅས་པ་གསུངས་འདུག
ཞྭ་དམར་རིན་པོ་ཆེ་བླ་མ་ཡག་པོ་ཡིན་པ། དྲང་པོ་ཡོད་པ། ཐུགས་སྒམ་པོ། ཆ་ཚང་ཚང་འདུག བཤད་པ་ཚང་མ་བདེན་པ་རེད། ནུབ་ཕྱོགས་པས་ཡིན་ནའང་ཁོ་རང་ལ་སྡོམ་པ་མི་འདུག ཁོ་རང་གི་དབྱིན་སྐད་ནངདྲྭ་རྒྱའི་ནང་་དྲི་བ་དྲིས་ལན་གནང་འདུག དེ་ཡང་༡༩༨༢ ལོར་སྡོམ་ཕུལ་བའི་རྒྱུ་མཚན་དང་བཅས་པ་གསུངས་འདུག ་དང་གང་ན་འདུག་གླིང་རྟགས་འདིར་སྐུར་དང་བདེན་ཁ་སྟེར་ཆོག དེ་མིན་སོ་སོར་མི་དུས་གླེང་ཕྱོགས་འདྲ་མིན་བྱས་ན་ཡག་པོ་མི་འདུག དོལ་ཚོགས་ཀྱིས་༡༩༧༦ ལོ་རྒྱལ་བ་རིན་པོ་ཆེས་སྡོམ་པ་ཕུལ་ཟིན་པ་རེད་བཤད་པ་ནང་བཞིན་རེད། དེ་ཤུགས་ལྡན་སྡོམ་པ་ཕུལ་བ་ལས་སོར་བྱང་སྔགས་སྡོམ་གང་ཡང་ཕུལ་མེད་པར་གསལ་བོ་རེད། ས་སྐྱ་གོང་མ་གཏན་ནས་འདྲ་ཀི་མ་རེད། སི་སྐར་ནི་ཀརྨ་པ་མཐའ་ཡས་རྡོ་རྗེ་ཞེས་པ་གཞན་ཞིག་ཡོད་བཞིན་རྩོད་གླེང་དང་རྒྱུ་ནོར་དང་གོ་སའི་ཆེད་དུ་སི་ཏུ་ཁྲ་འགུ་མཁན་ཆེན་དང་རྒྱལ་ཚབ་རྣམ་པས་དམིགས་བསལ་གྱི་བསྟན་དཀྲུག་གི་ཏེ་བོ་རུ་བཟོས་པ་རེད། བོད་པས་བདེན་མཐའ་བདེན་མཐའ་ཟེར་བའི་སྙན་པོ་དེ་འདི་ཡག་པོ་མ་ཤོད་ཚེ་རྫུན་མཐའ་གསལ་བ་ལས་བདེན་མཐའ་ཟེར་བ་མི་སྲིད་པ་རེད།
ཀརྨ་པ་གཉིས་ཀྱི་རྩོད་པ་འདི་ཀྃ་ཚང་ཁོ་ན་མིན་པ་འདྲ་བོ་ཞིག་བཤད་སྲོལ་འདུག༡༽ཞྭ་དམར་ཀརྨ་པ་ཁྲི་འདོན་བྱེད་དུས་དགོན་པ་གཏོར། གྲྭ་བ་མང་པོའི་དབུ་རྨས། ཕྱི་རྒྱལ་གསར་འགྱུར་འགོད་མཁན་མང་པོས་གྲྭ་བའི་དམག་འཁྲུགས་ཅེས་གྲགས་ཆེན་པོ་ཞིག་བྱུང་བ་རེད། དེ་ཨོ་རྒྱན་སྟོབས་རྒྱལ་སོགས་རྙིང་མས་བྱས་པ་ལས་བཀའ་བརྒྱུད་པ་ལ་འབྲེལ་བ་མེད་ཅེས་བཤད་ཡོད། ༢༽༧གོང་ས་མཆོག་གིས་ཞྭ་དམར་ཀརྨ་པ་རབ་བྱུང་སྒྲུབ་པར་ཞལ་བཞེས་གནང་ནའང་དེ་ལ་ངོ་རྒོལ་གནང་སྟེ་ཕྱིར་འཐེན་བྱས་འདུག དེ་ནི་ས་སྐྱ་པ་འཇུ་ཆེན་ཐུབ་བསྟན་གྱིས་བྱས་སོང་ཞེས་བསྒྲགས་སོང་། ༣༽འབྲས་ལྗོངས་རུམ་བཏེགས་ཀྱི་བཤད་གྲྭའི་མཁན་པོ། ཐུགས་དམ་གསང་བའི་མགོན་ཁང་གི་མགོན་བླ། དབུ་མཛད། ཀརྨ་༡༦་པའི་གསོལ་དཔོན་སོགས་བཤད་གྲྭ་དང་དགོན་པ། མགོན་ཁང་བཅས་ཀྱི་གནད་ཡོད་མི་སྣ་༢༠་རྩ་གྲངས་ཉིན་གཅིག་ལ་ཁྲིམས་ཁང་དུ་བཅུག་འདུག དེ་ནི་འབྲས་ལྗོངས་བློན་ཆེན་བྷནྡྷ་རིས་བྱས་པ་ལས་ཀྃ་ཚང་་ལ་འབྲེལ་བ་མེད་ཟེར། ༤༽དགོན་པ་དང་ས་ཆ་རྒྱུ་ནོར་སོགས་ཀྱི་ཆེད་དུ་ཁྲིམས་གཏུགས་ལོ་མང་བར་བྱས་འདུག མཐར་ཁྲིམས་རྩོད་པས་ཞིབ་འཇུག་བྱས་དུས་གཏུག་བཤེར་ཡི་གེ་ཚང་མར་རྒྱལ་ཚབས་རིན་པོ་ཆེའི་མཚན་འཁོད་པར། རྒྱལ་ཚབས་རིན་པོ་ཆེས་ན་ནིང་ལོར་ངས་གཏུག་བཤེར་བྱེད་མ་མྱོང་། རྒྱ་གར་དང་དབྱིན་ཡིག་ཡང་མི་ཤེས། ས་རྩོད་ཁང་རྩོད་བྱེད་འདོད་ཡང་མེད། ང་རང་ལ་དགོན་པ་ཡོད་པས་ནམ་དགོས་དུས་སུ་འགྲོ་ཆོག གཏུག་བཤེར་ཡི་གེའི་ནང་དོན་ཡང་མི་ཤེས་གསུངས་ཟེར་བ་བདེན་ན་རྩོད་པ་བྱེད་མཁན་སུ་ཡིན་ཡང་བཤད་དཀའ། འདི་དག་ནི་ཕྲ་མེན་མའི་ཆོ་འཕྲུལ་ལྟར་ཁུངས་བཙལ་རྒྱུ་མི་རྙེད་པ་ཞིག་མིན་ནམ།
དྲི་མེད་སང་གིས་རྐུན་མ་སྡུག་ཆག་གིས་གཏམ་བཤད་ལྟ་བུ་གནང་བ་མཆོག་གིས་སྐྱོན་མ་རེད། ཚང་མ་སི་ཏུས་བྱས་པ་རེད། སི་ཏུ་དང་ཁྲ་འགུས་སོ་སོས་བཟོས་ནས་གཞན་གྱིས་མགོ་ན་བཙན་བཞག་བྱས་པ་རེད། རྒྱུ་འབྲས་མེད་པའི་ལས་ཀ་དང་མཆོད་འོས་བསླུས་པ་རང་རེད། དེ་མིན་འཇུ་ཆེན་དང་ཨོ་རྒྱན་སྟོབས་རྒྱལ་དང་ས་སྐྱ་དང་གོང་ས་མཆོག་ལ་ཇུས་དྭོགས་གང་ཡང་ཡོད་མ་རེད། ཞྭ་དམར་པས་འདི་ལས་ཐག་བཅད་འདུག
http://www.youtube.com/watch?v=ZE0e-W4eCPU
༄༅། །སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་རྡོ་རྗེ་འཆང་༧ཀུན་གཟིགས་རྒྱལ་བ་ཞྭ་དམར་པ་༧མི་ཕམ་ཆོས་ཀྱིས་བློ་གྲོས་མཆོག་སླར་ཡང་བསྟན་འགྲོའི་དོན་དུ་མཆོག་གི་སྤྲུལ་པའི་སྐུའི་ཡང་སྲིད་རིན་པོ་ཆེ་མཆོག་འཁྲུལ་བྲལ་འཇིག་རྟེན་འདིར་སྤྲུལ་པའི་ཟླ་ཞལ་མྱུར་དུ་མཇལ་རྒྱུ་ཡོང་གི་རེད་།།
༼༧ཀུན་གཟིགས་རྒྱལ་བ་ཞྭ་དམར་པ་མཁྱེན་ནོ་།།༽
ཁྱེད་ཚོས་ཞྭ་དམར་རིན་པོ་ཆེ་དང་འབྲེལ་བའི་བསམ་ཚུལ་བཤད་འདོད་ན་དང་པོ་བློ་གཟུར་བོ་གནས་པའི་སྒོ་ནས་འདས་ཟིན་པའི་ཡར་སྔོན་སྟེ་ལོ་ངོ་བཅོ་ལྔ་ཉི་ཤུའི་ནང་དུ་བྱུང་བའི་གནས་ཚུལ་ངོ་མ་དག་ཕྱི་དྲན་རེ་བྱས་ནས་བཤད་ན་མུན་ནག་ནང་དུ་སྦར་མོའི་དཔེ་ནང་བཞིན་མ་ཡིན་པར་བསམ་བློའི་གནས་ཚད་ཏོག་ཙམ་ཡར་རྒྱས་འགྲོ་ངེས་རེད་ལ། དོན་ངོ་མའི་ཞྭ་དམར་རིན་པོ་ཆེ་དེ་ཡང་ངོས་ཟིན་ངེས་རེད།
དེ་ཡང་དང་པོ་ཞྭ་དམར་རིན་པོ་ཆེས་སོ་སོའི་ཆོས་རྒྱུད་ཀྱི་དབུ་འཁྲིད་དམ་ཡང་ན་གཙོ་འཛིན་སྟེ་རྒྱལ་བ་ཀརྨ་པའི་ཡོང་སྲིད་ངོས་འཛིན་གནང་བར་དེ་ཡང་ལོ་རྒྱུས་རང་བཞིན་ལྡན་པའི་བདག་དབང་དང་ཐོབ་ཐང་བླ་ན་མེད་པ་ཞིག་ཡིན་མོད་དེ་ཡང་མི་སྣ་རེ་ཟུང་གིས་ཆབ་སྲིད་དང་བསྲེས་གང་ཐུབ་བྱས་པ་དང་། མཐར་གཞུང་དང་ཚོགས་སྡེ་མང་པོ་ཞིག་གིས་དངོས་ཤུགས་ཅི་རིག་པའི་སྒོ་ནས་གནོན་ཤུགས་དང་ངོ་རྒོལ། ཐ་ན་ཀརྨ་པ་འཕྲིན་ལས་མཐའ་ཡས་རྡོ་རྗེ་མཆོག་གསེར་འཁྲིར་མངའ་གསོའི་སྟ་གོན་སྐབས་སུ་ལྡི་ལིར་དགོན་པ་དང་དད་ལྡན་མི་སྣ་བརྡོ་ཡིས་བརྡུང་ཡོད་པ་དེ་གཅིག་རེད། ད་དུང་རུམ་བཏེག་དགོན་པའི་ནང་དུ་ཟིང་ཆ་སོགས་སྐྱུག་བྲོ་པོའི་བྱ་སྤྱོད་དེ་དག་གིས་ནི་ཤོག་བུར་དཀར་པོའི་ནང་དུ་བསུབ་ཏུ་མེད་པའི་ལོ་རྒྱུས་ནག་པོ་ཞིག་བཀོད་ཟིན་པ་རེད།
དུས་དེ་ནས་བཟུང་སྟེ་ཞྭ་དམར་རིན་པོ་ཆེ་ནི་བོད་པའི་སྤྱི་ཚོགས་ནང་དུ་དོལ་རྒྱལ་ཚོགས་པ་དང་གཅིག་མཚུངས་སུ་ངོས་འཛིན་བྱེད་མཁན་ཡང་བྱུང་ཡོད་པ་སྟེ། དཔེར་ན་ལྷོ་ཕྱོགས་སུ་༸གོང་ས་མཆོག་གིས་གསུངས་ཆོས་གནང་སྐབས་ཤིག་ལ་དོལ་ཚོགས་དང་ཞྭ་དམར་ཚོགས་པའི་མི་སྣ་ཡོང་མི་ཆོག་ཅེས་པའི་སྦྱར་ཡིག་ཡང་གང་སར་སྦྱར་ཡོད་པ་དང་། ད་དུང་ཞྭ་དམར་ནི་༸གོང་ས་མཆོག་དང་བཙན་བྱོལ་གཞུང་ལ་ངོ་རྒོལ་བྱེད་མཁན་དང་། ཁ་གཏད་གཅོག་མཁན་ཡིན་ཚུལ་གྱི་གཞི་མེད་སྐྱོན་བརྗོད་ཀྱང་བསམ་ཡུལ་ལས་འདས་པ་བྱས་ཡོད། སྐབས་དེར་བདག་ལ་མཚོན་ན་བཙན་བྱོལ་བོད་མི་སྤྱིའི་གནས་སྟངས་སྤྱི་དང་། ལྷག་པར་དུའང་ཆོས་རྒྱུད་ཀྱི་ཆ་ནས་ཁོར་ཡུག་མི་འདྲ་བ་ཞིག་གི་ནང་དུ་སློབ་གཉེར་དགོས་སྟབས་ཞྭ་དམར་རིན་པོ་ཆེ་དང་འབྲེལ་བའི་གནས་ཚུལ་དེ་ཚོ་ནི་རྣ་ཐོས་ཙམ་ལས་གནད་དོན་ངོ་མ་དག་ནི་མིག་མཐོང་ལག་ཟིན་གང་ཡང་བྱུང་མྱོང་མེད་ལ་དག་སྣང་ཡང་དེ་ཙམ་བྱས་མྱོང་མེད།
དེ་ནས་རིན་བཞིན་དྲྭ་རྒྱའི་རྒྱུད་ལམ་དང་། སྤྱི་ཚོགས་ཀྱི་གནས་བབ་གུ་ཡངས་དང་། ཕན་ཚུན་འགྲོག་འབྲེལ་སྟབས་བདེ་རུ་འགྲོ་བཞིན་པའི་སྐབས་དང་སྟུན་ནས་ཕྱོགས་ཡངས་ལ་དག་སྣང་གང་ཡང་ཙམ་བྱེད་འགོ་རྩོམ། ལྷག་པར་དུ་ཡང་རྙོག་གླེང་ཆེ་བའི་ཞྭ་དམར་རིན་ཆེ་དེ་ཡང་དོན་དངོས་གང་འདྲ་ཞིག་ཡིན་མིན་ཧ་ཅང་ཤེས་འདོད་ནས་དཔྱད་པའི་སྒོ་མོར་ཞུགས་འགོ་རྩོམ་ནས་རིན་པོ་མ་སོང་བ་ཞྭ་དམར་རིན་པོ་ཆེ་དང་༸གོང་ས་མཆོག་མཇལ་ཕྲད་གནང་སྐོར་གནས་ཚུལ་ཞིག་འབྲེལ་ཡོད་གྲོགས་པོ་ཞིག་གི་ངག་ལམ་ནས་ཐོས། དེ་ཡང་བདེན་མིན་ཇི་ལྟར་ཡིན་སྙམ་པའི་སྐབས་དེར་སླར་ཡང་༸གོང་ས་མཆོག་ཀ་ལིན་པོང་དུ་ཕེབས་སྐབས་ཤིག་ཁེལ་ནས་སྐབས་དེ་ལའང་ཕེབས་བསུ་གོ་སྒྲིགས་ཞུ་མཁན་གཙོ་བོ་ནི་ཞྭ་དམར་རིན་པོ་ཆེ་དང་ས་གནས་དེར་ཡོད་པའི་ཁོང་གི་དགོན་པ་རེད་འདུག་ཅེས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་རླུང་འཕྲིན་ལས་ཐོས་པས་སྔར་ལྷག་ལས་པའི་ཡ་མཚན་གི་ངང་ནས་ཁོང་ཉིད་བླ་མ་གང་འདྲ་ཡིན་མིན་ཤེས་འདོད་ཧ་ཅང་སྐྱེས། རྒྱུ་རྐྱེན་དེ་དག་གིས་རྐྱེན་བྱས་ནས་སྐབས་དང་དུས་ནམ་བྱུང་ལ་རིན་པོ་ཆེའི་སྐོར་ཡང་ཡང་དག་སྣང་བགྱིས་པའི་འབྲས་བུ་དག་ནི་འདི་ལྟ་སྟེ།
ཁོང་ནི་མིང་དོན་གཉིས་ཀྱི་ནང་ནས་དོན་དག་གཙོ་བོར་འཛིན་མཁན་ཞིག་དང་། སུ་ལའང་ངོ་བསྲུང་མི་དགོས་པར་རང་ཉིད་ཀྱི་བྱ་བ་གང་ཞིག་གཉེར་རུང་རང་ཉིད་ཀྱི་ཐག་གཅོད་གཙང་མ་གནང་མཁན་ཞིག་དང་། ཆེན་པོ་སུ་ལ་ཕོག་ཐུག་ཤོར་ཀྱང་དྲང་བདེན་དང་ལྷག་བསམ་གྱི་རྒྱ་ལས་མི་གཡོལ་བ་ནི་ཁོང་རང་ཉིད་ཀྱིས་གཤིས་ཀ་བཅོས་སུ་མེད་པ་ཞིག་དང་ །དེ་ལས་ཀྱང་དགའ་སྡུག་གི་ཚོར་བ་ཧ་ཅང་མངོན་ཆུང་བ་དང་། ཆབ་སྲིད་ཀྱི་གཡོ་ཁྲམ་སོགས་ཀྱི་དྲི་མ་ཙམ་ཡང་མ་གོས་པ་ཡིན་ཅེས་སྐད་སེང་མཐོན་པོའི་སྒོ་ནས་སྒྲོག་ཐུབ་ལ། ༸གོང་ས་མཆོག་དང་བཙན་བྱོལ་གཞུང་ལ་དགྲ་ཁ་གཏད་འཛིན་མཁན་ཞིག་མ་ཡིན་པ་ཡང་གསལ་པོ་ཤེས་སོང་།
དཔེར་ན་སྤྱི་ལོ་༢༠༠༨་ཡས་མན་ཞིག་ལ་གཞུགས་སྒར་ཕོ་བྲང་དུ་༸གོང་ས་མཆོག་དང་མཇལ་ཕྲད་སྐབས་སུ་གནད་དོན་གལ་གནད་ཅན་ཡོད་ཚད་སྙན་སེང་ཞུས་པ་ནི་བཤད་ག་ལ་དགོས། ཡིན་ནའང་སྐབས་དེར་ཁོང་རྣམ་གཉིས་བར་གྱི་བཀའ་མོལ་དེ་དག་ནི་ནང་མོལ་གྱི་བཀའ་མོལ་རང་ཡིན་སྟབས་སྤྱི་ཚོགས་སུ་དྲིལ་བསྒྲགས་སོགས་གང་ཡང་གནང་མེད། འོན་ཅང་གནད་དོན་གང་ཡིན་ཕྱིན་ནང་གསལ་བྱུང་ཡོད་པ་ནི་མཇལ་ཁ་གྲུབ་མཚམས་སུ་༸གོང་ས་མཆོག་རང་ཉིད་ཀྱིས་གཟིམས་ཆུང་སྒོའི་བར་དུ་ཕེབས་སྐྱེལ་གནང་འདུག་པ་དང་། ད་དུང་རིན་པོ་ཆེ་ཉིད་དུས་ཚོད་ནམ་བྱུང་ལ་ཡང་ཡང་ཕེགས་ཤོགས་ཅེས་གཞན་དང་མི་འདྲ་བའི་ཐུགས་དགྱེས་ཚོར་ཆེན་པོ་གནང་འདུ་པས་དེ་རང་གིས་ཐོག་ནས་གསལ་པོ་ཤེས་ནུས་པ་ཞིག་རེད།
ཕྱིས་སུ་བལ་ཡུལ་ནང་པའི་སྨོན་ལམ་ཆེན་པོའི་སྐབས་ཤིག་ལ་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁོང་གི་ས་གནས་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ཀྱིས་ཀརྨ་པ་གཉིས་ཀྱི་སྐོར་དྲི་བ་ཕུལ་བར་ལན་འདེབས་གནང་བའི་སྙིང་དོན་གཙོ་བོ་ནི་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་ནི་སི་ཏུ་རིན་པོ་ཆེ་དང་རྒྱ་ནག་གཞུང་འབྲེལ་ཐོག་ནས་ངོས་འཛིན་ཞུས་ཡོད་པ་དང་། དེ་ཡང་ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས་༸གོང་ས་མཆོག་གིས་ངོས་ལེན་གནང་ཟིན་པ་ཡིན་དུས་ངས་ཀྱང་རྩོད་གླེང་གང་ཡང་མེད་པར་ངོས་ལེན་ཡོད། ཡིན་ནའང་ཀརྨ་སྐུ་གོང་མ་རིག་པའི་རྡོ་རྗེ་རིན་པོ་ཆེ་ལ་འབྲས་ལྗོངས་གཞུང་གིས་རུམ་བཏེག་ས་ཆ་ཕུལ་ནས་དེར་གདན་ས་ཡོད་པ་རེད། དེའི་འཁྲི་འཛིན་དང་བདག་དབང་ནི་ངས་ངོས་འཛིན་བྱས་པའི་ཀརྨ་པ་འཕྲིན་ལས་མཐའ་ཡས་རྡོ་རྗེ་རིན་པོ་ཆེ་ཆགས་ཀྱི་ཡོད་པ་རེད་ཅེས་དང་། ཡང་གསར་འགོད་པའི་དྲི་བར། ཉེ་ཆར་རིན་པོ་ཆེ་ཉིད་༸གོང་ས་མཆོག་དང་མཇལ་འཕྲད་གནང་ཡོད་པ་གོ་ཐོས་་བྱུང་སོང་བའི་དེའི་སྐོར་གསུང་རོགས་ཞུས་པར། ཁོང་གིས་དེ་སྔར་ད་བར་དུ་སྲིད་ཇུས་ངན་པའི་དབང་གིས་མཇལ་ཁ་མ་ཐོབ་པ་དང་། དེའི་རྐྱེན་པའི་གནད་དོན་མང་པོ་ཞིག་གསལ་པོ་མ་ཆགས་པར་ལུས་བསྡད་པ་རེད། ཉེ་ཆར་རིན་མཇལ་ཁར་ཞུ་རྒྱུ་བྱུང་བ་དེ་ཧ་ཅང་ཡག་པོ་བྱུང་སོང་། དེ་སྔར་གྱི་གནས་ཚུལ་དེ་ཚོ་རིམ་གཞིན་ཡག་རུ་འགྲོ་རྒྱུ་རེད་ལ་དེའི་སྐོར་སེམས་བདེ་པོ་གནང་ཆོག་པ་རེད་ཅེས་གསུངས་སོང་། ཡང་གསར་འགོད་པས་མཐར་དོན་གྱི་དྲི་བ་ནི་བོད་མི་མང་ལ་ལམ་སྟོན་གང་ཡོད་ཅེས་པ་དེ་རེད། དེ་ལ་ཡང་ཁོང་གིས་ང་ལ་ལམ་སྟོན་དམིགས་བསལ་ཅན་དེ་འདྲ་གང་ཡང་མེད། བོད་མིའི་ཡོངས་རྫོགས་ཀྱིས་༸གོང་ས་རྒྱ་བ་ཡིད་བཞིན་ནོར་བུའི་བཀའ་དགོངས་འོག་ཏུ་ཤར་སྐྱོད་གནང་ཐུབ་དགོས་པ་དེ་ནི་ཧ་ཅང་གི་གལ་གནད་རང་བཞིན་ཅན་ཞིག་རེད། ཁོང་གིས་མ་འཇོན་པ་ཞིག་དེ་སྔར་བོད་མི་སུ་གང་གིས་འཇོན་ཡོད་མ་རེད་ལ། མ་འོངས་པ་ལའང་སུ་གང་གིས་འཇོན་གི་མ་རེད། དེ་འདྲ་ཡིན་དུ་ངེས་པར་དུ་སེམས་ལ་བརྐྱངས་དགོས་པ་རེད་ཅེས་ཧ་ཅང་ཁ་གསལ་གོ་བདེའི་ལམ་ནས་བཀའ་ལན་དག་བསྩལ་སོང་།
མདོར་བསྡུས་ནས་བཤད་ན་ཁོང་ནི༸གོང་ས་མཆོག་དང་བཙན་བྱོལ་གཞུང་ལ་རྒྱབ་འགལ་བྱེད་མཁན་ཞིག་ཡིན་མིན་དེ་ཡང་གསལ་པོ་རེད་ལ། ལྷག་པར་དུའང་ཁོང་ལ་མ་ཉེས་ཁག་གཡོག་དང་གཞི་མེད་སྐྱོན་བརྗོད་གང་བྱས་རུང་རང་ཚུགས་ནམ་ཡང་ཤོར་མ་མྱོང་མཁན་གྱི་རླབས་ཆེན་གྱི་སྐྱེས་བུ་ཞིག་ཀྱང་ཡིན་པ་ཡང་ཤེས་དགོས། ཁོང་ཉིད་ཀྱིས་ཐེངས་མང་པོ་ཞིག་ལ་༸གོང་ས་མཆོག་མཇལ་བཅར་ཞུ་རྒྱུར་འབད་བརྩོན་བྱས་ཡོད་འདུག་ཀྱང་གཤམ་འོག་གི་འགག་སྒོ་ནས་མ་ཐར་བ་ཙམ་དུ་མ་ཟད་གནས་ཚུལ་དེ་དག་༸གོང་ས་མཆོག་གི་སྙན་ལམ་དུའང་ཐོས་ཡོད་མིན་ནི་དོག་གཞི་ཅན་དུ་གྱུར་ཡོད། གོང་གསལ་གསར་འགོད་པས་དྲི་བར་ལན་གནང་སྐབས་སུ་ད་བར་དུ་སྲིད་ཇུས་ངན་པའི་དབང་གི་མཇལ་ཁ་ཞུས་མ་ཐུབ་སྐོར་ཁ་གསལ་པོའི་སྒོ་ནས་གསུང་པ་དེ་ལས་ཤེས་ནུས།
ད་ནི་མང་པོ་བཤད་རུང་མ་བཤད་རུང་ཁོང་ཉིད་ཞིང་དུ་གཤེགས་ཟིན་པ་ཡིན་པས་འབྲེལ་ཡོད་ཆོས་རྒྱུད་ཁག་དང་དད་ལྡན་སློབ་མ་སོ་སོའི་ངོས་ནས་དམ་པ་ཁོང་གི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་པའི་ཕྱིར་དུ་རྣམ་དཀར་དགེ་སྒྲུབ་སྡིག་སྤོང་ཀྱི་ལས་སུ་བརྩོན་དགོས་པ་ལས། ཆོལ་ཁ་ཆོས་རྒྱུད་ཕན་ཚུན་རྩོད་གླེང་ལ་འབྲས་བུ་ཞིག་ཡོང་མི་སྲིད་པ་ནི་རིག་པའི་དཔོག་ནུས་པ་མ་ཡིན་ནམ། ངས་གོང་དུ་ཞུས་པ་དག་དང་། ལྷག་པར་དུའང་གསར་འགོད་པ་དང་དྲི་བ་དྲིས་ལེན་དེ་དག་དྲན་ཡུལ་དུ་གང་ཡོད་པ་དེ་དག་ཞུས་ཡོད་པ་ལས་རྟོག་བཟོ་དང་སྒྲོ་བསྐུར་གང་ཡང་བྱས་མེད་པར་རློམ་ཡོད། ཡིན་ནའང་ལོ་མང་སྔོན་གྱི་གནས་ཚུལ་དེ་དག་ཡིག་ཐོག་སོགས་གང་ཡང་མེད་པར་དྲན་ངོགས་སུ་གང་ཡོད་པ་དེ་དག་ཞུས་པའི་ཁུལ་ཡིན་མོད་ནོར་ཛོར་ཅི་རིགས་ཡོད་ངེས་་བ་ཙམ་དུ་མ་ཟད་གོ་རིམ་འཁྲུག་པ་སོགས་བྱུང་ཡོད་ངེས་པས་བླང་དོར་གྱི་ལམ་སྟོན་ཡོད་ན་དགའ་བསུ་ཞུ་རྒྱུ་ཡིན།།
ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་རླུང་འཕྲིན་ལས་ཐོས་པས་སྔར་ལྷག་ལས་པའི་ཅེས་པ་འདི་་སྔར་ལས་ལྷག་པར་རྒྱུ་དང་། ད་དུང་ཡིག་ནོར་དམ་ཆད་ལྷག་མང་པོ་འདུག་པར་དགོངས་སེལ་ཞུ་རྒྱུ་ཡིན་་
ད་དུངགསལ་བཤད་དགོས་པ་གཞན་ཞིག་ལ་ཉེ་ཆར་དོལ་རྒྱལ་ཚོགས་པའི་འགོ་བྱེད་བདེ་ཆེན་སྤྲུལ་མིང་ཅན་དང་། ཞྭ་དམར་རིན་པོ་ཆེའི་སྐུ་པར་ལྷན་དུ་ཡོད་པ་ཞིག་ངོ་དེབ་དང་སྐད་འཕྲིན་དག་ལས་མཐོང་སོང་མོད། དེ་ནི་ཁུང་མེད་རྫིན་གཏམ་ཞིག་ལས་ཞྭ་དམར་རིན་པོ་ཆེ་ནི་དོལ་རྒྱལ་དང་འབྲེལ་བ་སྤུ་རྩེ་ཙམ་ཡང་མེད་སྟེ་ཆོས་རྒྱུད་ཀྱི་ཆ་ནས་བཤད་ཐུབ་ལ། དེ་བཞིན་ལོ་ཤས་སྔོན་ཁོང་སར་ལྷོ་ཕྱོགས་གདན་ས་ལ་ཡོད་པའི་ཕ་ཡུལ་གཅིག་པ་ཁ་ཤས་ལ་ཁྱེད་ཚོ་ལྡི་ལིར་ཕེབས་སྐབས་ནེའུ་ལྡི་ལིར་དགོན་པའིནང་དུ་བཞུགས་ན་འགྲིག་གི་རེད། ཡིན་ཡང་དོལ་རྒྱལ་བསྟེན་མཁན་དེ་འདྲ་ཡིན་ན་ཡོང་ཐབས་རྩ་བ་ནས་ཡོད་པ་མ་རེད་ཅེས་དངོས་སུ་གསུངས་ཡོད་འདུག འདི་ནི་ཁུང་ལྡན་རང་ཡིན་པས་གསལ་བཤད་དགོས་གལ་མཐོང་།
ཞྭ་དམར་དང་སི་ཏུ་ཁོང་རྣམ་གཉིས་དབར་ལ་འདས་པའི་གནས་ཚུལ་རྣམས་ལ་དཔྱད་པ་མི་དགོས་ད་ལྟའི་ཀརྨ་པ་རྣམ་གཉིས་སུ་བདེན་པ་རེད་འདུག་མཇལ་ཡོང་དུས་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ཡིན་པ་འཇིག་རྟེན་ཀུན་གསལ་རེད། ད་མང་པོ་བཤད་པས་ཕན་པ་མེད། ཁོང་གི་གཟི་རྗིད་དབང་ཐང་སྐུ་ཡོན་ལུགས་གཉིས་གང་ལ་བསམས་ཀྱང་ཐག་ཆོད་པ་འདུག
འཇམ་གཅེས་ནས་གཟུར་གནས་བློ་གྲོས་ལྡན་པའི་མཆན་ཞིག་བཏབས་པར་ཡིད་དབང་འཕྲོག་སོང་། དེ་འདྲ་རེད། ང་ཚོ་རྩོམ་དང་དཔྱོད་མཆན་འདྲི་བ་ཚོས་བདེན་དྲང་གིས་བགྲོ་གླེང་གནང་ན་མ་འོངས་གངས་ཅན་པའི་མདུན་ལམ་ཕན་ངེས། སི་ཏུས་སྤྲུལ་སྐུ་དགུ་བརྒྱ་ལྷག་ངོས་འཛིན་གནང་བར་བཤད་འདུག ཞྭ་དམར་ཚང་གིས་རྩ་གསུམ་ཆོས་སྐྱོང་བདེན་ཚིག་དང་ལྷ་སའི་བར་སྐོར་ནང་ནས་རྒྱལ་ཚབ་རིན་པོ་ཆེ་སྤྲུལ་སྐུ་དཀར་རིལ་ཉིད་ཀྱིས་ངོས་ཟིན་ནས་བདེན་ཐག་བཅད་པ་རེད། མཁས་བཙུན་བཟང་གསུམ་ལྡན་པའི་ཀརྨ་དཀར་རིལ་ལམ་མཐའ་ཡས་རྡོ་རྗེས་དགུང་བདུན་བརྒྱད་ནས་རྒྱལ་སྲས་ལག་ལེན་ལ་འགྲེལ་བ་རྩོམ་ནུས་མཁན་ཞིག་དང་ལོ་བཅུ་དྲུག་ཐོག་དབུ་མ་བཞི་བརྒྱ་པའི་འགྲེལ་ཆེན་དང་། ཕྱག་ཆེན་ངེས་དོན་རྒྱ་མཚོ་ལ་སྤྱི་དོན་མཛད་པ་སོགས་བསྟན་འགྲོ་ཕན་བདེ་ཁོ་ན་དང་ཁྱད་པར་འགྲོ་མགོན་ཀཾ་ཚང་པའི་ཆོས་བརྒྱུད་དང་སློབ་ཚོགས་ལ་ལམ་སྟོན་ཡང་དག་པ་སྟོན་པའི་སྤྲུལ་སྐུ་འཚོ་ཞིང་བཞུགས་པ་རེད། xxxxx། གང་ལྟར་བདེན་པ་ལག་ལེན་གནང་རོགས་ཞུ་བ་དེ་ཡིན་ནོ།།
ཨ་ཕྱི་ལགས། Eric Curren’s interview shamar Rinpoche གཟིགས་རོགས་གནང་།
རྒྱ་མཚོ་ལགས། སྤྱིར་ནི་སྐུ་ཡིན་ཡོད་མཁན་ཁོ་ནར་ཀརྨ་པ་མཆོག་ཡིད་འདང་རྒྱབ་དགོས་ན་། བཅུ་དྲུག་པ་ལ་སྐུ་ཡོན་ག་ཚད་ཡོད་དམ། དེ་དྲི་བ་གཅིག་རེད། དགུང་མོར་དིལ་མགོ་མཁྱེན་བརྩེས་དབང་བསྒྲིགས་གནང་ཏེ་ཉིན་མོར་རྒྱལ་དབང་དམ་པས་གཏེར་མཛོད་དབང་གནང་བ་རེད། དེ་ཚོ་ལ་དགོངས་བཞེས་གནང་དང་། གང་ད་ལྟ་ཀརྨཔ་ཨོ་རྒྱན་ཕྲིན་ལས་ལགས་། ཁྱེད་རང་གསུངས་པ་དེ་བདེན་པ་རེད། གཟི་བརྗིད་ལུས་ཡོད་རྙིང་མའི་སྤྲུལ་སྐུ་ཞིག་ལ་མཚན་ཀརྨ་པ་བཏགས་པ་ཞིག་རེད། སྐུ་གྲལ་བ་རྣམ་ལའང་གཟི་བརྗིད་དང་འཇོན་ཐང་འདུག་བོད་པའི་སྤྱི་ཚོགས་ལ་ད་བར་དུ་བྱུང་མ་མྱིང་བ་དགོན་པ་ཁག་ལ་དངུལ་གྱི་དཀའ་ངལ་ག་ཚད་སྤྲད་སོང་། ཡང་འབོ་གངས་དཀར་ལགས་ནས་བོད་མའི་ཉོམ་ཆུང་ལ་འཚོ་རྟེན་ལ་དཀའ་ལས་ག་ཚད་སྤྲད་སོང་། ཁྱེད་ཡབ་སྲས་དང་ཞབས་གྲས་ཚང་མ་ལ་འཇོན་ཆེ་གྲགས་པ་དང་། ཡང་ན་རྫུ་འཕྲུལ་ཡིན་རློམ་ཆེ། གངལྟར་བཙན་བྱོལ་ཡིན་ཚར་ནས་ཐུགས་འཇམ་པོ་གནང་རིག་ཞུ་གི་ཡོད། ཡིན་ནའང་ཀརྨ་པ་རྣམ་གཉིས་ཕན་ཚུན་ཞལ་མཇལ་དང་ཐུགས་མཐུན་པོ་བཟོ་ཐུབ་ན་ཡག་ཤོས་རེད། རྡོག་རྫིས་དང་། གཉའ་གནོན། དམའ་འབེབས་གཅིག་པུས། ཀུན་གཟིགས་་ཞྭ་དམར་ཡབ་སྲས་ལ་ཕམ་ཁ་དུས་ནམ་ཡང་ཡོང་མི་སྲིད་ད་བར་མི་ལོ་སུམ་ཅུ་ལྷག་ཟིན་འགྲོ་བ་རེད། ཀན་ཏིང་ཏ་ཡི་སི་ཏུ་ཡབ་སྲས་ཀྱི་འདུས་སྡེས། དམའ་འབེབས་དང། བཙན་དབང་ཅང་བྱས་བྱས་ནས་གང་འངྲ་གནང་ཡོད་ཐུགས་ལ་བཞག་ནས། ད་ངེས་པར་དུ་འགྱོད་བཤགས་ཟབ་མོ་དང་དགོངས་གསོལ་སྔོན་དུ་འགྲོ་ནས། ཕན་ཚུན་མཐུན་ཐབས་ཞུས་ན་ནི་ཕོ་རབ་རེད། ངོ་མ་འགྱོན་བཞག་པ་ཞིག་རེད། ཀམ་ཚང་ཀརྨ་ཉི་ཟླ་རྣམ་གཉིས། རྒྱལ་བ་ཡབ་སྲས་རྣམ་ལྔ། བེ་རི་མཁྱེན་བརྩེ་འང་སྲས་ཆེན་ལོ་རྒྱུས་ནང་ལ་ཡོད་མཁན་ཡིན། བློ་ཕམ་པ་ཞིག་ཁྱེད་ཀམ་ཚང་བ་རྣམ་གསང་སྔགས་ཀྱི་དམ་ཚིག་གཙང་མ་མེད་པ་ཐག་གཅོད་ཆོག རང་རེ་ས་དགེ་རྙིང་གསུམ་བ་ཐམས་ཅད་ཀྱིས་ཆོས་དང་འབྲེལ་བ་ཞུ་རྒྱུ་ལ་ངེས་པར་དུ་གཟབ་དགོས།
ཀརྨ་པའི་སྐོར་གླེང་དགོས་དོན། བསྟན་པའི་སྤྱི་དོན། བོད་མིའི་ཆས་དོན། ཀྃ་ཚང་གི་སྒེར་དོན་ཆགས་པས་རེད། ཕྱོགས་གཉིས་མཐུན་ཐབས་ཞིག་བྱུང་ན་བསྟན་པར་བྱ་བ་བྱས་པ་རེད་སྙམ། ༡༽ཕྱོགས་གཉིས་ཀའི་ནང་གི་སྤྱི་དོན་ལ་ཐུགས་བསྐྱེད་ལྡན་པ་དག་གིས་འགལ་བ་ཆེ་ཐབས་མི་གནང་པར་མཐུན་འགྲིགས་ཡོང་ཐབས་ལ་འབད་རྒྱུ་གལ་ཆེན་རེད། ང་རང་ཀརྨ་བཀའ་བརྒྱུད་ཀྱི་ཆོས་རྒྱུན་དུ་མི་གཏོགས་ལ། ཞྭ་དམར་སི་ཏུ་གཉིས་ཀར་མཇལ་མ་མྱོང་ཡང་། ཕྱོགས་གཉིས་སུ་ལ་འཕྲད་ཀྱང་མཐུན་འགྲིགས་བསྐུལ་མ་དེ་བཞིན་ཡོད། ༢༽ལོ་རྒྱུས་གླེང་དུས་སྐྱོན་ཡོན་གྱི་བྱེ་བྲག་མི་འབྱེད་ཐབས་མེད་རེད། དེ་གསུབ་ཐབས་མེད་པའི་འཇིག་རྟེན་གྱི་ཆོས་ཉིད་རེད། ལོ་རྒྱུས་གླེང་ཙམ་གྱིས་སྐྱོན་བརྗོད་དུ་མི་སེམས་པར་འདས་པའི་ལོ་རྒྱུས་ཀྱི་སྐྱོན་རྣམས་སློབ་གསོའི་རང་བཞིན་དུ་འགྱུར་བ་དང་་། ཕྱིན་ཆད་དེ་ལྟ་བུའི་རིགས་མི་འབྱུང་པའི་ཐབས་ལ་བརྩོན་པ་འཇིག་རྟེན་གྱི་ཤེས་རབ་དང་། ཉམས་མྱོང་གི་ཐོབ་པ་མཆོག་ཏུ་གྱུར་པ་རེད་སྙམ། ༣༽ལོ་མང་སྔོན་ཞྭ་དམར་གྱིས་ཧྥ་རན་སི་ནས་བློ་སྦྱོང་དོན་བདུན་མའི་གསུང་བཤད་སྒྲ་ཐག་ཞིག་ཏུ། སྟོབས་དགའ་དང་ངེད་གཉིས་ལ་༡༩༩༦་སྐོར་ཞིག་ལ་རྒྱ་གར་ནས་ཟས་དུག་ཞིག་ཕོག་པ་རེད། དེ་རྩད་གཅོད་བྱས་ན་ཡོང་བ་ཞིག་ཡིན་ཏེ། བློ་སྦྱོང་ལ་ཕན་པར་འདུག་པས་དུག་རོ་འཕར་ཐེངས་རེ་བཞིན་སྡུག་བསྔལ་དྭངས་ལེན་བྱེད་ཅི་ཐུབ་བྱས་ནས་རྩད་གཅོད་གཏན་ནས་མ་བྱས། སྐབས་རེར་ལུས་ཀྱིས་མི་ལྕོག་པ་བྱུང་ནས་ཐེ་ལན་ཋི་ལ་སོང་ནས་སྨན་བཅོས་རེ་མི་བྱེད་ཐབས་མེད་རེད། ཅེས་གསུང་པ་དེས་ཕྲན་ཞྭ་དམར་པར་གུས་པ་བྱེད་པའི་རྐྱེན་དུ་གྱུར། ཀྃ་ཚང་བླ་མ་རྣམས་ཀྱིས་འདི་ལྟར་བསམ་བློ་བཏང་ན་མཐུན་པར་འགྱུར་བ་ལ་དཀའ་ངལ་མེད་སྙམ། བསྟན་འཛིན་ཕུ་ནུ་བཞིན་དུ་མཐུན་པ་ཡིས། །རྒྱལ་བསྟན་དར་རྒྱས་ཡུན་རིང་གནས་གྱུར་ཅིག །
རྒྱལ་དབང་ཨུ་རྒྱན་འཕྲིན་ལས་ལ་བསྟོད་པ།
ཆུང་དུས་འབྲོག་པའི་ཨ་ཕོ་ངར་མ།
བར་ལ་རྒྱལ་བའི་ཐུགས་སྲས་བཙུན་པ།
མཐའ་མ་རྒྱལ་ཁམས་བདེ་ལ་འགོད་མཁན།
སྲིད་གསུམ་དབང་སྒྱུར་ཀརྨ་པ་རྒྱལ་ལོ།
༄། །བོད་དུ་ཆོས་མེད་སྨྲ་བ་དང་ལྟ་ལོག་སྐུར་འདེབས་མཁན་མང་དུ་འགྲོ་བ་ལ་ནང་པ་རྣམས་ཀྱིས་ཐུགས་གཟབ་གནང་ཞིང་ཐུགས་བསམ་བཞེས་དགོས་པའི་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཡིན། སྐུར་འདེབས་དང་ཆོས་སྤང་བྱུང་དོན། བོད་མི་མང་ཆེ་བ་དང་། ཁྱད་པར་རྒན་ཆོས་གནང་མཁན་རྣམས་ཀྱི་མིག་ལམ་དུ། ༡༽བླ་མ་སྐུ་བསོད་ཆེ་ཞེསགུས་པ་བྱེད་དུས་རྣམ་འདྲེན་དོན་ཀུན་གྲུབ་པས་ཟས་གཙང་སྲས་ཀྱི་རྒྱལ་སྲིད་སྤངས་པ་བརྗེད། རང་རེའི་བླ་མ་རྣམས་ལ་ཕྱི་རྒྱལ་གྱི་ཚོང་པ་འབྲིང་པོ་ཞིག་གི་དཔལ་འབྱོར་ཡང་མེད་པ་མ་དྲན། རྒྱུ་ནོར་གྱིས་བླ་མའི་རིན་གོང་གཏན་ལ་འབེབས་པ་ལྟ་བུ་དང་། ༢༽ཕྲིན་ལས་རྒྱས་ཞེས་གུས་པ་བྱེད་དུས་གྲོང་ཆོག་དང་དབང་བསྐུར་དཔེ་ཆ་ཉོ་ཚོང་སོགས་ཆོས་ལ་བརྟེན་ནས་མི་དམངས་འདུ་ཐབས་ཙམ་ཞིག་ལ་ངོས་འཛིན་བྱས། རང་རེའི་བླ་མ་ཚོར་ཕྱི་གླིང་གི་གླུ་མ་སྐད་གྲགས་ཅུང་ཟད་ཡོད་པ་ཙམ་ཞིག་གིས་དབང་སྡུད་མེད་པ་ཡང་བརྗེད། འདུ་བ་ཟང་ཟིང་ཙམ་གྱིས་བླ་མའི་རིན་གོང་བཅད། ༣༽བསྟན་པ་བཙུག་སོང་ཞེས་གུས་པ་བྱེད་དུས་རང་གི་ཉེ་འབྲེལ་གཙོ་བོ་རྣམས་མངའ་ཐང་རྒྱ་བསྐྱེད་སའི་ལྷ་ཁང་ཞིག་བརྩེགས། དེ་དཔལ་འབྱོར་གྱི་ལྟེ་གནས་སུ་སྒྱུར་བའི་ཐབས་སུ་མི་ཚོགས་འདུ་ཐབས་ཀྱི་མཛད་སྒོ་སྣ་ཚོགས་སྤེལ། ༤༽ ཐུགས་རྗེ་ཆེ་འདུག་ཟེར་དུས། སྲོག་བླུ་ཚེ་ཐར། དབུལ་སྐྱོབས་སོགས་ཀྱི་ཞལ་འདེབས་བསྡུས། ཕྱེད་ཙམ་རང་གི་ཁྱུར་མུད་དུ་བཏང་། གཞན་དོན་བྱས་པའི་ཁྱབ་བསྒྲགས་རྒྱ་ཆེན་པོ་གཏོང་བའོ། །༥༽ཤེས་ཡོན་ཕྲན་བུ་རེ་ཡོད་དུས་བསླབ་པ་དང་མི་གཤིས་ལ་མ་བརྟགས་པར་མཁན་པོའི་མིང་གསོལ་དེས་མི་མངས་ལ་ཁྲིམས་གཏམ་བསྒྲགས། སྤྲུལ་སྐུ་གཉིས་གསུམ་རེ་བྱུང་དུས་བྱང་ཎུབ་སེམས་དཔའ་རྣམས་ཁྲོ་བོའི་སྐུར་བཞེངས་བཟོད་པའི་གོ་ཆ་སྤངས་ནས་རྩོད་པ་ལྷུར་ལེན་པའོ། །
ཐམས་ཅད་དེ་འདྲ་ག་ལ་ཡིན་ཏེ། རེ་གཉིས་ཀྱི་མཛད་པ་དེ་ལྟར་ལགས། ལྐོག་གྱུར་གྱི་མངོན་ཤེས་མེད་པས་དེ་དག་གཞནདོན་མ་རེད། བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་འདས་སོ་ཞེས་ཐག་གཅོད་ཐུབ་པའི་སྤོབས་པ་ག་ལ་ཡོད། དག་སྣང་རེ་སྦྱང་ན་ཀུན་ལ་ཕན་ཐོགས་པར་མཆི་ཡང་། ནང་ཆོས་ལ་དད་པ་སྤངས་བའི་རིགས་ཀྱི་རྣ་བར་གཏམ་དེ་མིག་དང་ཚེར་མའི་དཔེ་ལས་མ་འདས། ད་ནི་རང་རེ་ནང་བསྟན་པ་རྣམས་ཀྱིས་ཐུགས་བསམ་བཞེས་པའི་དུས་ལ་བབ་འདུག་སྙམ་མོ། །
དྲི་མེད་ལྷག་བསམ་ཞུ་བ་འདི་མི་རྒན་རྒྱུས་ཤིག་གི་བཟོ་འདུག ཁྱེད་རང་གིས་གོང་དུ་འཇུ་ཆེན་ཐུབ་བསྟན་ལགས་ཀྱང་ཞ་དམར་པའི་ཁ་གཏད་ཡིན་ཚུལ་འདྲ་པོ་ཞིག་བྲིས་འདུག གོ་ཐོས་ཡིན་ན། ཞ་དམར་རིན་པོ་ཆེ་ནི་སྡེ་དགེ་ནས་ཡིན་ས་ཡོད། འཇུ་ཆེན་ཐུབ་བསྟན་དང་ཕ་ཡུལ་གཅིག་མ་རེད་དམ།
བསམ་ཤེས་ལགས་བསམ་བློ་སྔོན་དུ་ནས་སྐད་ཆ་བཤད་ན་ཅི་འདྲ་འམ།། དེ་བདེན་པ་བཤད་འགྲིག་གི་མི་འདུག་གམ
xxx
ལགས་རེད། ཞྭ་དམར་སི་ཏུ་གཉིས་མཆེད་གྲོགས་རེད། འཇུ་ཆེན་ཞྭ་དམར་གཉིས་ཕ་ཡུལ་གཅིག་པ་རེད། ཀརྨའི་ཡང་སྲིད་གཉིས་ཁམས་པ་རེད། ང་ཚོ་ཚང་མ་ཤ་ཁྲག་གཅིག་པའི་བོད་རེད། ནང་པ་སངས་རྒྱས་པ་རེད། ཡིན་རྒྱུ་མང་སྟེ་ཁྱད་པར་ཅུང་ཟད་བྱུང་བ་རེད། ལོ་རྒྱུས་ཞིག་ཞུ་ན། རྫོང་སར་གདོང་སྣ་སྤྲུལ་སྐུས་ཕྲན་ལ་འདི་འདྲ་བཤད་མྱོང་། འཇུ་ཆེན་མི་འཇོན་ཐང་ཆེ་ཡང་ཐེ་གཏོགས་ཚ་བོ་ཡོད། ཡིན་རྒྱུ་ངེད་རྫོང་སར་ཚང་གི་གྲྭ་བ་རེད། ང་རྫོང་སར་དགོན་པའི་དགོན་བདག་རེད། ངེད་གཉིས་གྲོགས་པོ་ཡིན། འོན་ཀྱང་སྐབས་རེར་ཁོང་གིས་ང་ལ་དབང་ཡོད་བཏང་ཡོང་དུས་རྩོད་པ་རེ་ཤོར་འགྲོ། དཔེར་ན་སི་ཏུ་ཀརྨ་པའི་ཆེད་དུ་ང་ལ་ས་ཡིག་རྒྱོབས་ཤོག་ཟེར། ང་སྤྲོ་ལང་ནས་་ཁོ་ལ། ཤི་བོའི་རྣམ་ཤེས་ཟེར་བ་དེ་བླ་མས་ཐག་གཅོད་པ་ལས་ཁྱོད་རྒན་པོས་ས་ཡིག་བསྡུས་ནས་ཐག་གཅོད་རྒྱུ་ཞིག་མ་རེད། ཁ་ཚུམས་བྱས་པ་ཡིན། དེ་བཞིན་ས་སྐྱ་༧གོང་མ་བདག་ཆེན་ཕུན་ཚོགས་ཕོ་བྲང་འབྲས་ལྗོངས་སུ་ཕེབས་དུས་སྐུ་མདུན་ཏུ་གཅར་ཏེ་སི་ཏུའི་ཀརྨ་པཡིན་ཚུལ་མང་པོ་སྙན་སྒྲོན་ཞུས་ཏེ་ཕྱག་བྲིས་ཀྱི་མ་དཔེ་ཡང་བཟོས་ནས་སླེབས་བྱུང་། ༧གོང་མ་མཆོག་གིས་ང་ས་སྐྱ་གོང་མ་རེད་དམ་ཁྱོད་རེད། ང་ལ་བཀའ་གཏོང་མཁན་སུ་ཡང་མེད། ས་སྐྱ་པར་སློབ་མས་བླ་མ་ལ་བཀའ་བགོ་བའི་ལུགས་སྲོལ་ཞིག་མེད། ཤེས་པར་གྱིས་ཞེས་བཀའ་བསྐྱོན་ནས་ཕུད་གསུངས། དེས་ན་འཇུ་ཆེན་ལགས་ཀྱིས་ཀརྨ་པའི་སྐུ་དོན་དུ་ཕྱག་ལས་གནང་ཡོད་པ་ཐག་ཆོད་སྙམ། དེ་ལོ་རྒྱུས་ལས་སྐྱོན་དུ་བཟུང་ནས་བཤད་པ་མིན་པས་དགོངས་འགལ་མེད་པར་ཞུ།
དྲི་མེད་ལགས། འཇུ་ཆེན་དེ་ཀརྨ་དཀར་ནག་གང་གི་ཕྱོགས་གཏོགས་ཡིན་ནམ།
འཇིག་རྟེན་ཁམས་འདིར་བློ་གཏད་མི་རུང་ས་དེ་ཆབ་སྲིད་པ་རེད། འཇུ་ཆེན་དོན་དུ་སུ་ཕྱོགས་ཡིན་བཤད་མི་ཤེས། རྫོང་སར་སྒོ་སྣ་༼གདོང་སྣ༽རིན་པོ་ཆེར་ཁོ་རང་སི་ཏུའི་ཀརྨ་པའི་ཕྱོགས་ཡིན་རབས་བཤད་པ་གོང་སྨོས་ལྟར་རོ། །
ལེགས་སོ། དྲི་མེད་ལེགས།འཇུ་ཆེན་གྱི་ལོ་རྒྱུས་དེབ་ཉེར་གཅིག་པ་དེས་བཙན་བྱོལ་བོད་མིའི་གཅེར་བུ་བྱུང་འདུག་སྙམ། མི་ཆེན་ལ་བླ་གཏད་ས་མེད་ན་འབངས་མི་ལ་ཁག་ཅི་ཡོད་ཡ།
དྲི་མེད་ལགས་ནས་རང་གིས་མཐོང་ཐོས་ཉམས་མྱོང་ཤར་མར་བྲིས་པར་བཀའ་དྲིན་ཆེ། ངོ་མ་ངས་ཁྱེད་རང་ལ་གུས་འདུད་ཡོད། ང་ནི་ཀརྨ་གཉིས་ཀར་ཆོས་དང་ཟང་ཟིང་གི་འབྲེལ་བ་མེད་རུང་སྐུ་གོང་མ་ལ་བློ་ཐག་ཉེ་ཞིང་གུས་བཀུར་ཆེན་པོ་ཡོད་མཁན་ཞིག་ཡིན། རྒྱུ་མཚན་ཁོང་གིས་ཆོས་ལུགས་ཕན་ཚུན་ལ་ཆགས་སྡང་གིས་བཀའ་གནང་བ་གང་ཡང་མ་གོ། དེ་མིན་གོ་ཐོབ་ཡོད་པ་དག་གིས་གནམ་ལས་ས་མི་མཐོང་ཚུལ་གྱིས་ཆོས་ལུགས་གཞན་ལ་ཆགས་སྡང་གིས་གཏམ་དང་མཐོང་ཆུང་དེ་ཚོ་བྱེད་སྟང་གིས་ཡིད་ལ་བབ་པོ་མེད། ག
ཨ་ཕྱི་ཟེར་བ་འདིས་ཀྱང་ག་དུས་ཡིན་ནའང་ཆོས་ལུགས་ཀྱི་སྨྱོ་ལབ་རྒྱབ་མཁན་ཞིག་རེད། གང་ལྟར་ངོས་ལ་ཆ་བཞག་ན་ཀརྨ་དཀར་ནག་གང་ཡིན་རུང་གཉིས་ཆ་ལ་སྐུ་གོང་མའི་འིད་ཟེར་ཕོག་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
འོད་ཟེར་ཕོག་པ་ཞེས་བཅོས་རོགས
ཁ་བརྡ་ཚང་དང་བན་དེ་བ་ལ་གདོན་གཟུགས་ཟེར་དུས་བོན་ལ་ཕོག་འདུག་པས་དགོངས་ཞུ། དེ་རིང་ཡིད་མཐུན་དྲྭ་གྲོགས་ཞིག་གིས་བདག་ལ་༼གཏམ་སྣ་ཚོགས་ཀུན་རྟོག་གྱི་རི་མོ་༽ཞེས་པའི་སྟོབས་དགའ་གཡུ་རྒྱལ་གྱི་དེབ་དེ་གནང་བྱུང་བས། ངས་ཁོང་ལ་བཀའ་དྲིན་ཆེ་ཞེས་ཡང་ཡང་ཞུ་བ་ཡིན། དེབ་འདི་ངས་སྔ་མོ་ཞིག་ནས་ལྟ་འདོད་ཀྱི་མིད་པ་སྐམ་ནས་ཤི་ལ་ཁད་བྱས་མྱོང་།མགོ་ནས་མར་དགོད་བྲོ་བ་སྐོར་ཏོག་ཙམ་བཀླགས་པ་ཡིན། སི་ཏུའི་ལོ་རྒྱུས་ཧ་ལས་པ་ཞུས་འདུག །མ་འོང་ལུང་བསྟན་ཡི་གེ་འབྲི་ཤེས་མི་འདུག་མདོག་མདོག་ཅིག་ལ་གཞི་བཅོལ་ནས་ཁ་བགད་དང་སྣ་བགད་རྐུབ་བགད་མང་ཙམ་བྱས་ནས་བརྡ་དག་ཚུན་ཆད་བཅོས་འདུག །ཡིག་གེ་དེ་གལ་སྲིད་ཀརྨ་པ་བཅུ་དྲུག་པས་བྲིས་པ་ཡིན་པས་དབང་དུ་བཏང་རུང་། བཅུ་དྲུག་པ་ནི་ཕ་རྒན་གྱིས་དྲིན་ལ་དེང་སང་གི་བཅུ་བདུན་པ་དང་མི་འདྲ་བར་བརྡ་དག་དང་སྡེབ་སྦྱོར་བྱང་མ་དང་ཕར་ཞོག་ཐ་ན་ཡི་གེ་སྦྱོར་ཀློག་ཡག་པོ་ཞིག་འདོན་ཡང་མི་ཤེས་མཁན་ཞིག་ཡིན་རབས་ཡོད། རྣམ་པ་ཚོ་ལ་རིམ་བཞིན་བསམ་འཆར་ཞུ་ཆོག་པ་གྱིས། གཙོ་བོ་ཀརྨ་པ་ཕྲིན་ལས་རྡོ་རྗེ་ཁོང་རང་གིས་རིག་ཡོད་དམ། ཁོང་རང་གིས་ངེས་པར་ཏུ་བལྟ་དགོས་ཀྱི་འདུག དེ་ནས་ཁོང་ལ་རྣམ་དཔྱོད་ཅི་ཙམ་ཡོད་མེད་སྤྱོད་པའི་ཐོག་ནས་མཐོང་ཡོང་གི་རེད། སྟོབས་དགས་བྲིས་པ་འདི་ལས་འབུམ་སར་དགེ་བཤེས་ཀྱིས་བརྩམས་པའི་ནང་དུ་གཡས་ལ་སྐུ་ཕྲེང་བཅུ་དྲུག་པའི་ཕྱག་བྲིས་དང་། གཡོན་ཏུ་སི་ཏུའི་ཕྱག་བྲིས། དཀྱིལ་ལ་སྐུ་ཕྲེང་བཅུ་དྲུག་པའི་ཕྱག་བྲིས་ཡིན་སྐད་པའི་ཞལ་ཆེམས་དེ་བཞག་ནས། དེ་གསུམ་པོའི་ཡིག་གཟུགས་དང་། འབྲི་སྟབས། ཡིག་ནོར་ཡོང་སྟངས། བྲིས་རྒྱུན་སོགས་ཕྱོགས་མང་པོའི་ཐོག་ནས་གློག་ཀླད་ཀྱིས་ཆེ་རུ་བཏང་སྟེ་ཞིབ་བསྡུད་བྱས་ཡོད་པ་གཅིག་འདུག དེས་གསད་བཞག་མེད་ཀི་ན་དཀོན་མཆོག་གསུམ་ཀོ གཙོ་བོ་འདི་ཚོ་ཀར་མ་ནག་རིལ་ཁོང་རང་གིས་ཤེས་ན་ཡག་ས་རེད། དེ་མིན་ཉེས་མེད་ཀྱི་ཕྲུ་གུ་ཆུང་ཆུང་ཞིག་ལ་ཐུབ་ཚོད་བཏང་ནས་ཅིག་བཟོས་བཟོས་བཟོས། ཇི་ལྟར་བཟོས་པ་དེ་ཕྲུ་གུ་ཁོ་རང་ལ་དུས་ནམ་ཡང་ཤེས་སུ་མ་བཅུག་ན་ལས་རྒྱུ་འབྲས་ཀྱི་ར་བ་ལས་ཡོངས་སུ་འདས་པ་ཞིག་རེད། དེ་ནས་ཨ་ཕོ་ཁོ་རང་གིས་བསམ་བློས་དཔྱོད་དགོས་པ་རེད། ཀ་ལི་རིན་པོ་ཆེ་ཟེར་བ་ཡང་ཅི་འདྲ་རེད་སོང་། ད་མང་ཐལ། གཙོ་བོ་གཡོ་རྫུན་བྱས་པའི་བྱ་བ་བོན་གསར་དང་སི་ཡིག་འདི་ཚོ་བདེན་པ་ཆགས་ན་ཡ་རབས་དང་བདེན་པ་ཟེར་བ་མེད་པ་ཆགས་ནས་ཞུས་པ་ལས་སྒེར་འཁོན་སོགས་གང་ཡང་མེད་པས་དཔྱོད་ལྡན་ཚོས་མཁྱེན་འཚལ་ལོ།།
བླ་བྲང་གི་བདག་པོ་དང་སྐུ་ཕྲེང་གི་བདག་པོ་དེ་ཚོ་རང་རང་གི་ཁ་རྗེ་དབང་ཐང་གི་དོན་ལ་རྩོད་པ་རྒྱག་དགོས་དུས་རྩེ་གྲ་རེད། རེ་བ་ཅང་མེད། དགོས་རྒྱུ་ངོ་མ་དེ་ང་ཚོའི་སྤྱི་ཚོགས་འདི་ཁོ་ཚོའི་རྗེས་ལ་མི་འབྲངས་མཁན་ཞིག་ཏུ་འགྱུར་དགོས་པ་དེ་རེད། ང་ཚོ་འདིར་དྲ་ཐོག་ན་བསམ་ཚུལ་བརྗེ་རེས་བྱེད་མཁན་ཚོར་ང་སྒེར་ངོས་ནས་ཞུ་འདོད་པ་དེ་ཡིན།
བླ་མ་གཅིག་ལ་ཡང་སྲིད་གཉིས་དང་གསུམ་ལབ་དུས་ཧ་ལས་ལས་དང་ཧང་སང་སང་བྱེད་སྟངས་དང་། ཡང་བླ་མ་དེ་སངས་རྒྱས་ག་གེ་མོ་དང་། བྱང་སེམས་ཆེ་གེ་མོ་དག་གི་སྤྲུལ་པ་རྐྱང་ཡིན་རབས་སྨྲ་ཡོང་གི གལ་ཏེ་བླ་མ་དེ་སངས་རྒྱས་དང་བྱང་སེམས་ཡིན་ན་གཅིག་དང་གཉིས་ཀྱི་མི་ཚད་ཁྲི་འབུམ་མང་པོ་ཡོང་ཆོག་ཆོག་ཡིན་པར་ནང་གཞུང་གི་དགོངས་པ་ཡིན། ང་ཚོས་ནམ་རྒྱུན་བླ་སྤྲུལ་ཕལ་ཆེར་སྤྱན་རས་གཟིགས་དང་གུ་རུ་རིན་པོ་ཆེ་སོགས་ཀྱི་རྣམ་སྤྲུལ་རྐྱང་རྐྱང་ཡིན་ལབ་དུས། སུ་ཞིག་གིས་འཁྲུགས་པ་རྒྱག་གི་མེད་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ། བླ་མ་གཅིག་ལ་ཡང་སྲིད་གཉིས་གསུམ་ཡོང་མི་ཆོག་པའི་ལྟ་སྟངས་འདི་མཐོང་དུས་ཡོད་ཚད་གོང་མའི་རྒྱུ་དང་དབང་ཤུགས་སོགས་ཀྱི་ཆེད་ཡིན་པར་གསལ་པོ་རེད། མདོར་ན་་སྡུག་ཅག་འདི་འདྲ་བཟོ་མཁན་བླ་སྤྲུལ་ཚོ་མིན་པར་ཆགས་སྡང་ཅན་པ་འདི་ཚོ་ཡིན་པར་ཤེས་དགོས།
ཨ་ཕྱི་ཟེར་བ་ཕོ་མིན་མོ་མིན་དེ་ཚོའི་སྐད་ཆ་ལ་བདག་པོ་རྒྱབ་འདོད་མེད། དང་པོ་ནང་པ་བ་ཟེར་ནས་ཤི་འཐམ་རོ་འཐམ་བྱེད་ཀྱི་རེད། དེ་ནས་གཙོང་སྒོག་བཤུས་དུས་ཚར་རྒྱུ་མེད་པའི་ནང་འཁྲུག་རྐྱང་རྐྱང་རྒྱབ་ཀྱི་རེད། མི་དེ་རིགས་ལ་ནང་ཆོས་ཀྱི་བསླབ་བྱའི་དྲི་མ་སྤུ་རྩེ་ཙམ་ཀྱང་ཡོད་པ་མ་རེད། བོན་པོར་ག་རེ་ལབ་ནའང་ལབ། དབང་དང་བརྒྱུད་པའི་དམ་ཚིག་གི་འབྲེལ་བ་མེད་དུས་དེ་ག་རང་རེད། འོན་ཀྱང་ཁྱེད་རང་ཚོ་བླ་མ་གཅིག་གི་འོག་ནས་བུམ་ཆུ་མཉམ་དུ་བཏུང། གཏོར་མ་མགོ་ཐོག་ཏུ་མཉམ་འཇོག་བྱས་པའི་དམ་ཚིག་མཆེད་གྲོགས་ཡིན་དུས་ཀརྨ་ནག་རིལ་དང་ནག་རིལ་ཟེར་ནས་ལུང་པ་ཀུ་ཅོས་བཀང་ཚུལ་དེ་ལ་གཟིགས་དང་རྣམ་
་དཔྱོད་ཅན་ཚོས། གང་ལྟར་ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་མཆོག་དགུང་ན་ཕྲ་བ་དང་འཕྲིན་ལས་ཀྱི་མཐའ་འཇུག་མ་རྫོགས་ནས་དགོངས་པ་རྫོགས་པར་བློ་ཕམ་ཆེན་པོ་ཡོད་པར་མ་ཟད་་་བོན་གྱི་ལྷ་སྡེ་མི་སྡེ་ཆོས་ཚོགས་ནས་མཆོད་འབུལ་སྨོན་ལམ་ཀྱང་གང་སར་ཞུས་སོང། མ་ཟད་ལྡི་ལིར་ཡོད་པའི་ཀུན་གཟིགས་ཞྭ་དམར་རིན་པོ་ཆེའི་དགོན་པ་ནས་བོན་དགོན་དུ་བསྔོ་སྨོན་མཆོད་འབུལ་ཞུ་བར་བཅར་འདུག་པས་ངོ་མ་སེམས་ཐག་ཉེ་བོ་ཡོད་པའི་རྟགས་མཚན་རེད། ཨ་ཕྱི་ལྟ་བུ་བཀའ་རྒྱུད་པ་དེ་རིགས་ཀྱིས་བཀའ་བོན་གཉིས་དབར་ལ་ནམ་ཡང་དཀྲུག་མི་ཐུབ།
ང་ཚོས་བོན་ལའང་སྡང་ཟུག་དང་སྨོད་ཚིག་མ་གནང་རོག རང་ལ་གོ་མིང་གསར་པ་ཞིག་ཐོབ་རྒྱུ་ཅང་མེད། མ་ཟད་བོན་བསྟན་ལའང་ཐུབ་འགྲོ་རྒྱུ་དང་དམའ་འགྲོ་རྒྱུ་གང་ཡང་ཡོད་མ་རེད། རང་བསྟན་རང་གི་སྲུང་། ཕན་ཚུན་འབྲེལ་བཟང་བྱས་དགའ། བོན་ཚོ་ཡིན་ལ་ལས་མཁན་ཆེན་ཚུལ་བློ་ལའང་དཔེ་མེད་ཀྱི་དམའ་འབེབ་བྱས་ཀྱི་འདུག་དེ་ཚོ་ཡང་ཐབ་སྐྱོ་བོ་ཞིག་སྣང་སོང་། གནས་ཚུལ་ཅི་བྱུང་གྲོས་མོལ་གྱི་སྟེང་སེལ་ན་དགེ་ཞེས་སྐྱཙས་མགོན་རིན་པོ་ཆེསདགོངས་བཞེདཀྱང་ཡིན
པས་དེ་ལུགས་ཞུ
འབྲོང་ངུར་བསྟན་འཛིན་ལམ་བཟང་གིས་ཡག་པོ་བཤད་སོང་། ཡིན་ན་ཡང་ཀརྨ་པ་ལ་ཡང་སྲིད་གཅིག་ལས་གཉིས་མེད་ཟེར་མཁན་གཙོ་བོ་ཁྲ་འགུ་དང་སི་ཏུའི་ཕྱོགས་རེད། ལྔ་འབྱུང་མི་སྲིད་པ་མེད་གསུངས་པ་ཞྭ་དམར་ཚང་རེད། ཡོད་ཚད་གོང་མའི་རྒྱུ་དང་དབང་ཤུགས་སོགས་ཀྱི་ཆེད་རྩོད་པ་ཡིན་པར་གསལ་པོ་རེད། མདོར་ན་་འདིས་སྐབས་སུ་སྡུག་ཅག་འདི་འདྲ་བཟོ་མཁན་ཁྲ་འགུ་མཁན་ཆེན་དང་ཏྰ་ཡི་སི་ཏུ་དང་རྒྱལ་ཚབས་རིན་པོ་ཆེ་ཞེས་བླ་སྤྲུལ་མིང་འཛིན་པ་ཚོ་་ཡིན་པར་གསལ་པོ་ཤེས་དགོས། མ་ཟད་སི་ཏུ་ཕྱོགས་ཀྱིས་འཇུ་ཆེན་འདས་པ་དང་ཨོ་རྒྱན་སྟོབས་རྒྱལ། ས་སྐྱ་པ་དང་ཏྰ་ལས་བླ་མས་བཟོས་པ་རེད་ཟེར་བ་ངོ་ཚ་མེད་པ་ཞིག་མ་ཡིན་ནམ།
ཨབ་ཕྱི་ཁྱོད་རང་ཀརྨ་པ་འཕྲིན་ལས་རྡོ་རྗེ་ལ་སྐུར་འདེབས་ག་ཚོད་བྱས་ཀྱང་ལས་ངན་གསོག་རྒྱུ་ཞིག་དང་དྲ་གྲོགས་སུ་གཅིག་གིས་ཡིད་ཆེས་ཀྱི་མ་རེད། ཁྱོད་ལྟ་བུ་ལ་བཤད་པའི་ཕན་ཐོགས་མེད་ཀྱང་གསལའདེབས་ཙམ་ཡིན།
ཡིད་མ་མཆིས་ན་འདིར་གཟིགས།
http://www.youtube.com/watch?v=NNzc73yQKIQ
ཨུ་རྒྱན་འཕྲིན་ལས་ཀྱི་རྟོགས་པ་ཚིག་གསུམ་མ།
རྒྱལ་དབང་ཀརྨ་པ།
སྒྲུབ་བརྒྱུད་བསྟན་བདག
ནང་པའི་རྒྱན་མཆོག
འགྲོ་བའི་འདེད་དཔོན།
རྒྱལ་དབང་ཀརྨ་པ།
རྒྱལ་བའི་ཐུགས་སྲས།
བོད་མིའི་རེ་བ།
སྟོན་པ་གཉིས་པ།
རྒྱལ་དབང་ཀརྨ་པ།
བདུད་ལས་རྣམ་རྒྱལ།
བྱང་སེམས་བདག་པོ།
སྙིང་རྗེའི་རྣམ་སྤྲུལ།
ཀརྨ་པ་མཁྱེན་ནོ། ཀརྨ་པ་མཁྱེན་ནོ། ཀརྨ་པ་མཁྱེན་ནོ།
༄༅། །ཀུན་གཟིགས་༧ཞྭ་དམར་པ་མི་ཕམ་ཆོས་ཀྱི་
བློ་གྲོས་རིན་པོ་ཆེའི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་
སྒོ་ནས་བྱུང་བ་མདོར་ཙམ་བརྗོད་པ།
ལོ་རྒྱུས་གང་ཞིག་འབྲི་རྩོམ་བྱ་དགོས་ཚེ་མེད་དུ་མི་རུང་བའི་ཆ་རྐྱེན་ཁ་ཤས་ཀྱི་ནང་ནས་དང་པོ་ནི་དོ་བདག་རང་ངོས་ནས་གང་འབྲི་རྒྱུའི་ལོ་རྒྱུས་དང་། ལོ་རྒྱུས་དེ་དང་འབྲེལ་ཡོད་དག་ལ་ཞིབ་འཇུག་སྔོན་དུ་འགྲོ་དགོས་པ་དང་། གཉིས་པ་ནི་ཕྱོགས་ལྷུང་དང་ངོ་བསྲུང་མེད་པའི་སྒོ་ནས་དྲང་བདེན་དགོས་པ་དེ་ཡིན། དེ་དང་འབྲེལ་ནས་ངས་དེ་རིང་བཤད་འདོད་པ་ནི༧ཞྭ་དམར་རིན་པོ་ཆེ་དང་འབྲེལ་བའི་བསམ་ཚུལ་བཤད་མཁན་དང་། དཔྱད་བརྗོད་སྤེལ་དག་ལ་རང་ཉིད་ཀྱིས་ལྟ་ཚུལ་དང་། དངོས་བྱུང་གི་ལོ་རྒྱུས་རེ་ཟུང་ཞིག་ཞུ་ན་འདོད། དེ་ཡང་གོང་དུ་ཞུས་མ་ཐག་པ་བཞིན་འདས་ཟིན་པའི་ཡར་སྔོན་སྟེ་ལོ་ངོ་བཅོ་ལྔ་ཉི་ཤུའི་ནང་དུ་བྱུང་བའི་གནས་ཚུལ་ངོ་མ་དག་ཕྱི་དྲན་རེ་བྱས་ནས་བཤད་ན་མུན་ནག་ནང་དུ་སྦར་མོའི་དཔེ་ནང་བཞིན་མ་ཡིན་པར་བསམ་བློའི་གནས་ཚད་ཏོག་ཙམ་ཡར་རྒྱས་འགྲོ་ངེས་རེད་ལ། དོན་ངོ་མའི་༧ཞྭ་དམར་རིན་པོ་ཆེ་དེ་ཡང་ངོས་ཟིན་ངེས་རེད།
དེ་ཡང་དང་པོ་༧ཞྭ་དམར་རིན་པོ་ཆེས་སོ་སོའི་ཆོས་རྒྱུད་ཀྱི་དབུ་ཁྲིད་དམ་ཡང་ན་གཙོ་འཛིན་སྟེ་༧རྒྱལ་བ་ཀརྨ་པའི་ཡང་སྲིད་ངོས་འཛིན་གནང་བར་དེ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་བདག་དབང་དང་ཐོབ་ཐང་བླ་ན་མེད་པ་ཞིག་ཡིན་མོད་དེ་ཡང་མི་སྣ་རེ་ཟུང་གིས་ཆབ་སྲིད་དང་བསྲེས་གང་ཐུབ་བྱས་པ་དང་། མཐར་གཞུང་དང་ཚོགས་སྡེ་མང་པོ་ཞིག་གིས་དངོས་ཤུགས་ཅི་རིག་པའི་སྒོ་ནས་གནོན་ཤུགས་དང་ངོ་རྒོལ། ཐ་ན་༧ཀརྨ་པ་འཕྲིན་ལས་མཐའ་ཡས་རྡོ་རྗེ་མཆོག་གསེར་འཁྲིར་མངའ་གསོའི་སྟ་གོན་སྐབས་སུ་ལྡི་ལིར་དགོན་པ་དང་དད་ལྡན་མི་སྣ་མང་པོ་བརྡོ་ཡིས་བརྡུང་ཡོད་པ་དེ་གཅིག་རེད། ད་དུང་རུམ་བཏེག་དགོན་པའི་ནང་དུ་ཟིང་ཆ་སོགས་སྐྱུག་བྲོ་པོའི་བྱ་སྤྱོད་དེ་དག་གིས་ནི་ཤོག་བུར་དཀར་པོའི་ངོས་སུ་བསུབ་ཏུ་མེད་པའི་ལོ་རྒྱུས་ནག་པོ་ཞིག་བཀོད་ཟིན་པ་རེད།
དུས་དེ་ནས་བཟུང་སྟེ་༧ཞྭ་དམར་རིན་པོ་ཆེ་ནི་བོད་པའི་སྤྱི་ཚོགས་ནང་དུ་དོལ་རྒྱལ་ཚོགས་པ་དང་གཅིག་མཚུངས་སུ་ངོས་འཛིན་བྱེད་མཁན་ཡང་བྱུང་ཡོད་པ་སྟེ། དཔེ་ན་ལྷོ་ཕྱོགས་སུ་༸གོང་ས་མཆོག་གིས་གསུངས་ཆོས་གནང་སྐབས་ཤིག་ལ་དོལ་ཚོགས་དང་༧ཞྭ་དམར་ཚོགས་པའི་མི་སྣ་ཡོང་མི་ཆོག་ཅེས་པའི་སྦྱར་ཡིག་ཡང་གང་སར་སྦྱར་ཡོད་པ་དང་། ད་དུང་༧ཞྭ་དམར་རིན་པོ་ཆེེ་ནི་༸གོང་ས་མཆོག་དང་བཙན་བྱོལ་གཞུང་ལ་ངོ་རྒོལ་བྱེད་མཁན་དང་། ཁ་གཏད་གཅོག་མཁན་ཡིན་ཚུལ་གྱི་གཞི་མེད་སྐྱོན་བརྗོད་ཀྱང་བསམ་ཡུལ་ལས་འདས་པ་བྱས་ཡོད། སྐབས་དེར་བདག་ལ་མཚོན་ན་བཙན་བྱོལ་བོད་མི་སྤྱིའི་གནས་སྟངས་དང་། ལྷག་པར་དུའང་ཆོས་རྒྱུད་ཀྱི་ཆ་ནས་ཁོར་ཡུག་མི་འདྲ་བ་ཞིག་གི་ནང་དུ་སློབ་གཉེར་དགོས་སྟབས་༧ཞྭ་དམར་རིན་པོ་ཆེ་དང་འབྲེལ་བའི་གནས་ཚུལ་དེ་ཚོ་ནི་རྣ་ཐོས་ཙམ་ལས་གནད་དོན་ངོ་མ་དག་ནི་མིག་མཐོང་ལག་ཟིན་གང་ཡང་བྱུང་མྱོང་མེད་ལ་དག་སྣང་ཡང་དེ་ཙམ་བྱས་མྱོང་མེད།
དེ་ནས་རིམ་བཞིན་དྲྭ་རྒྱའི་རྒྱུད་ལམ་དང་། སྤྱི་ཚོགས་ཀྱི་གནས་སྟངས་གུ་ཡངས་ཀྱི་སྒོ་ནས་ཕན་ཚུན་འགྲོག་འབྲེལ་སྟབས་བདེ་རུ་འགྲོ་བཞིན་པའི་སྐབས་དང་སྟུན་ནས་ཕྱོགས་ཡོངས་ལ་དག་སྣང་གང་ཙམ་བྱེད་འགོ་རྩོམ། ལྷག་པར་དུ་ཡང་རྙོག་གླེང་ཆེ་བའི་༧ཞྭ་དམར་རིན་པོ་ཆེ་དེ་ཡང་དོན་དངོས་གང་འདྲ་ཞིག་ཡིན་མིན་ཧ་ཅང་ཤེས་འདོད་ནས་དཔྱད་པའི་སྒོ་མོར་ཞུགས་འགོ་རྩོམ་སྟེ་རིང་པོ་མ་སོང་བར༧ཞྭ་དམར་རིན་པོ་ཆེ་དང་༸གོང་ས་མཆོག་རྣམ་གཉིས་མཇལ་ཕྲད་གནང་སྐོར་གྱི་གནས་ཚུལ་ཞིག་འབྲེལ་ཡོད་གྲོགས་པོ་ཞིག་གི་ངག་ལམ་ནས་ཐོས། དེ་ཡང་བདེན་མིན་ཇི་ལྟར་ཡིན་སྙམ་བཞིན་པའི་སྐབས་དེར། སླར་ཡང་༸གོང་ས་མཆོག་ཀ་ལིན་པོང་དུ་ཕེབས་སྐབས་ཤིག་ཁེལ་ནས་སྐབས་དེ་ལའང་ཕེབས་བསུ་གོ་སྒྲིགས་ཞུ་མཁན་གཙོ་བོ་ནི་༧ཞྭ་དམར་རིན་པོ་ཆེ་དང་ས་གནས་དེར་ཡོད་པའི་ཁོང་གི་དགོན་པ་རེད་འདུག་ཅེས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་རླུང་འཕྲིན་ལས་ཐོས་པས་སྔར་ལས་ལྷག་པའི་ཡ་མཚན་གི་ངང་ནས་ཁོང་ཉིད་བླ་མ་གང་འདྲ་ཞིག་ཡིན་མིན་ཤེས་འདོད་ཧ་ཅང་སྐྱེས། རྒྱུ་རྐྱེན་དེ་དག་གིས་རྐྱེན་བྱས་ནས་གོ་སྐབས་དང་དུས་ཚོད་ནམ་བྱུང་ལ་རིན་པོ་ཆེའི་སྐོར་ལ་ཡང་ཡང་དག་སྣང་བགྱིས་པའི་འབྲས་བུ་དག་ནི་འདི་ལྟ་སྟེ།
ཁོང་ནི་མིང་དོན་གཉིས་ཀྱི་ནང་ནས་དོན་དག་གཙོ་བོར་འཛིན་མཁན་ཞིག་དང་། སུ་ལའང་ངོ་བསྲུང་མི་དགོས་པར་རང་ཉིད་ཀྱིས་བྱ་བ་གང་ཞིག་གཉེར་རུང་རང་ཉིད་ཀྱིས་ཐག་གཅོད་གཙང་མ་གནང་མཁན་ཞིག་དང་། ཆེན་པོ་སུ་ལའང་ཕོག་ཐུག་ཤོར་ཀྱང་དྲང་བདེན་དང་ལྷག་བསམ་གྱི་རྒྱ་ལས་མི་གཡོལ་བ་ནི་ཁོང་རང་ཉིད་ཀྱི་གཤིས་ཀ་བཅོས་སུ་མེད་པ་ཞིག་དང་། དེ་ལས་ཀྱང་དགའ་སྡུག་གི་ཚོར་བ་ཧ་ཅང་མངོན་ཆུང་བ་དང་། ཆབ་སྲིད་དང་འབྲེལ་བའི་གཡོ་ཁྲམ་སོགས་ཀྱི་དྲི་མ་ཙམ་ཡང་མ་གོས་པ་ཡིན་ཅེས་སྐད་སེང་མཐོན་པོའི་སྒོ་ནས་སྒྲོག་ཐུབ་ལ། ༸གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་ལ་དགྲ་ཁ་གཏད་འཛིན་མཁན་ཞིག་མ་ཡིན་པ་ཡང་དེ་ལས་ཀྱང་གསལ་པོ་ཤེས་སོང་།
དཔེར་ན་སྤྱི་ལོ་༢༠༠༨་ཡས་མན་ཞིག་ལ་གཞུགས་སྒར་ཕོ་བྲང་དུ་༸གོང་ས་མཆོག་དང་མཇལ་ཕྲད་སྐབས་སུ་གནད་དོན་གལ་གནད་ཅན་ཡོད་ཚད་སྙན་སེང་ཞུས་པ་ནི་བཤད་ག་ལ་དགོས། ཡིན་ནའང་སྐབས་དེར་ཁོང་རྣམ་གཉིས་བར་གྱི་བཀའ་མོལ་དེ་དག་ནི་ནང་མོལ་གྱི་བཀའ་མོལ་རང་ཡིན་སྟབས་སྤྱི་ཚོགས་སུ་དྲིལ་བསྒྲགས་སོགས་གང་ཡང་གནང་མེད། འོན་ཅང་གནད་དོན་གང་ཡིན་ཕྱི་གསལ་ནང་གསལ་བྱུང་ཡོད་པ་ནི་མཇལ་ཁ་གྲུབ་མཚམས་སུ་༸གོང་ས་མཆོག་རང་ཉིད་ཀྱིས་གཟིམས་ཆུང་སྒོའི་བར་དུ་ཕེབས་སྐྱེལ་གནང་འདུག་པ་དང་། ད་དུང་རིན་པོ་ཆེ་ཉིད་དུས་ཚོད་ནམ་བྱུང་ལ་ཡང་ཡང་ཕེབས་ཤོག་ཅེས་གཞན་དང་མི་འདྲ་བའི་ཐུགས་དགྱེས་ཚོར་ཆེན་པོ་གནང་འདུག་པས་དེ་རང་གིས་ཐོག་ནས་གསལ་པོ་ཤེས་ནུས་པ་ཞིག་རེད།
ཕྱིས་སུ་བལ་ཡུལ་ནང་པའི་སྨོན་ལམ་ཆེན་པོའི་སྐབས་ཤིག་ལ་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁོང་གི་ས་གནས་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ཀྱིས་༧ཀརྨ་པ་གཉིས་ཀྱི་སྐོར་དྲི་བ་ཕུལ་བར་ལན་འདེབས་གནང་བའི་སྙིང་དོན་གཙོ་བོ་ནི་༧ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་ནི་༧སི་ཏུ་རིན་པོ་ཆེ་དང་རྒྱ་ནག་གཞུང་འབྲེལ་ཐོག་ནས་ངོས་འཛིན་ཞུས་ཡོད་པ་དང་། དེ་ཡང་ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས་༸གོང་ས་མཆོག་གིས་ངོས་ལེན་གནང་ཟིན་པ་ཡིན་དུས་ངས་ཀྱང་རྩོད་གླེང་གང་ཡང་མེད་པར་ངོས་ལེན་ཡོད། ཡིན་ནའང་༧ཀརྨ་སྐུ་གོང་མ་རིག་པའི་རྡོ་རྗེ་རིན་པོ་ཆེ་ལ་འབྲས་ལྗོངས་གཞུང་གིས་རུམ་བཏེག་ས་ཆ་ཕུལ་ནས་དེར་གདན་ས་ཡོད་པ་རེད། དེའི་འཁྲི་འཛིན་དང་བདག་དབང་ནི་ངས་ངོས་འཛིན་བྱས་པའི་༧ཀརྨ་པ་འཕྲིན་ལས་མཐའ་ཡས་རྡོ་རྗེ་རིན་པོ་ཆེ་ཆགས་ཀྱི་ཡོད་པ་རེད་ཅེས་དང་། ཡང་གསར་འགོད་པས་ཉེ་ཆར་རིན་པོ་ཆེ་ཉིད་༸གོང་ས་མཆོག་དང་མཇལ་ཕྲད་གནང་ཡོད་པ་གོ་ཐོས་བྱུང་སོང་བའི་དེའི་སྐོར་གསུང་རོགས་ཞུས་པར། ཁོང་གིས་དེ་སྔར་ད་བར་དུ་སྲིད་ཇུས་ངན་པའི་དབང་གིས་མཇལ་ཁ་མ་ཐོབ་པ་དང་། དེའི་རྐྱེན་པས་གནད་དོན་མང་པོ་ཞིག་གསལ་པོ་མ་ཆགས་པར་ལུས་བསྡད་པ་རེད། ཉེ་ཆར་རིན་པོ་ཆེ་མཇལ་ཁར་ཞུ་རྒྱུ་བྱུང་བ་དེ་ཧ་ཅང་ཡག་པོ་བྱུང་སོང་། དེ་སྔར་གྱི་གནས་ཚུལ་དེ་ཚོ་རིམ་གཞིན་ཡག་རུ་འགྲོ་རྒྱུ་རེད་ལ་དེའི་སྐོར་སེམས་བདེ་པོ་གནང་ཆོག་པ་རེད་ཅེས་གསུངས་སོང་། ཡང་གསར་འགོད་པས་མཐར་དོན་གྱི་དྲི་བ་ནི་བོད་མི་མང་ལ་ལམ་སྟོན་གང་ཡོད་ཅེས་པ་དེ་རེད། དེ་ལ་ཡང་ཁོང་གིས། ང་ལ་ལམ་སྟོན་དམིགས་བསལ་ཅན་དེ་འདྲ་གང་ཡང་མེད། བོད་མི་ཡོངས་རྫོགས་ཀྱིས་༸གོང་ས་རྒྱལ་བ་ཡིད་བཞིན་ནོར་བུའི་བཀའ་དགོངས་འོག་ཏུ་ཤར་སྐྱོད་གནང་ཐུབ་དགོས་པ་དེ་ནི་ཧ་ཅང་གི་གལ་གནད་རང་བཞིན་ཅན་ཞིག་རེད། ཁོང་གིས་མ་འཇོན་པ་ཞིག་དེ་སྔར་བོད་མི་སུ་གང་གིས་འཇོན་ཡོད་མ་རེད་ལ། མ་འོངས་པ་ལའང་སུ་གང་གིས་འཇོན་གི་མ་རེད། དེ་འདྲ་ཡིན་དུས་ངེས་པར་དུ་སེམས་ལ་བརྐྱངས་དགོས་པ་རེད་ཅེས་ཧ་ཅང་ཁ་གསལ་གོ་བདེའི་ལམ་ནས་བཀའ་ལན་དག་བསྩལ་སོང་།
མདོར་བསྡུས་ནས་བཤད་ན་ཁོང་ནི༸གོང་ས་མཆོག་དང་བཙན་བྱོལ་གཞུང་ལ་རྒྱབ་འགལ་བྱེད་མཁན་ཞིག་མིན་པ་དེ་ཡང་གསལ་པོ་རེད་ལ། ལྷག་པར་དུའང་ཁོང་ལ་མ་ཉེས་ཁག་གཡོག་དང་གཞི་མེད་སྐྱོན་བརྗོད་གང་བྱས་རུང་རང་ཚུགས་ནམ་ཡང་ཤོར་མ་མྱོང་མཁན་གྱི་རླབས་ཆེན་གྱི་སྐྱེས་བུ་ཞིག་ཡིན་པའང་ཤེས་དགོས། ཁོང་ཉིད་ཀྱིས་ཐེངས་མང་པོ་ཞིག་ལ་༸གོང་ས་མཆོག་མཇལ་བཅར་ཞུ་རྒྱུར་འབད་བརྩོན་བྱས་ཡོད་འདུག་ཀྱང་གཤམ་འོག་གི་འགག་སྒོ་ནས་མ་ཐར་བ་ཙམ་དུ་མ་ཟད་གནས་ཚུལ་དེ་དག་༸གོང་ས་མཆོག་གི་སྙན་ལམ་དུའང་ཐོས་ཡོད་མིན་ནི་དོག་གཞི་ཅན་དུ་གྱུར་ཡོད། གོང་གསལ་གསར་འགོད་པས་དྲི་བར་ལན་འདེབས་གནང་སྐབས་སུ་ད་བར་དུ་སྲིད་ཇུས་ངན་པའི་དབང་གིས་མཇལ་ཁ་ཞུས་མ་ཐུབ་སྐོར་ཁ་གསལ་པོའི་སྒོ་ནས་གསུང་པ་དེ་ལས་ཤེས་ནུས།
ད་ནི་མང་པོ་བཤད་རུང་མ་བཤད་རུང་ཁོང་ཉིད་ནི་ཞིང་དུ་གཤེགས་ཟིན་པ་ཡིན་པས་འབྲེལ་ཡོད་ཆོས་རྒྱུད་ཁག་དང་དད་ལྡན་སློབ་མ་སོ་སོའི་ངོས་ནས་དམ་པ་ཁོང་གི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་པའི་ཕྱིར་དུ་རྣམ་དཀར་དགེ་སྒྲུབ་སྡིག་སྤོང་ཀྱི་ལས་སུ་བརྩོན་དགོས་པ་ལས། ཆོལ་ཁ་ཆོས་རྒྱུད་དང་བསྲེས་ཏེ་ཕན་ཚུན་རྩོད་གླེང་ལ་འབྲས་བུ་ཞིག་ཡོང་མི་སྲིད་པ་ནི་རིག་པའི་དཔོག་ནུས་པ་ཡིན། ངས་གོང་དུ་ཞུས་པ་དག་དང་། ལྷག་པར་དུའང་གསར་འགོད་པ་དང་དྲི་བ་དྲིས་ལེན་དེ་དག་དྲན་ཡུལ་དུ་གང་ཡོད་པ་དེ་དག་ཞུས་ཡོད་པ་ལས་རྟོག་བཟོ་དང་སྒྲོ་བསྐུར་གང་ཡང་བྱས་མེད་པར་རློམ་ཡོད། ཡིན་ནའང་ལོ་མང་སྔོན་གྱི་གནས་ཚུལ་དེ་དག་ཡིག་ཐོག་སོགས་གང་ཡང་མེད་པར་དྲན་ངོགས་སུ་གང་ཡོད་པ་དེ་དག་ཞུས་པ་ཡིན་དུས་ནོར་འཁྲུལ་ཅི་རིགས་ཡོད་ངེས་པ་ཙམ་དུ་མ་ཟད་གོ་རིམ་འཁྲུག་པ་སོགས་བྱུང་ཡོད་ངེས་པས་བླང་དོར་གྱི་ལམ་སྟོན་ཡོད་ན་དགའ་བསུ་ཞུ་རྒྱུ་ཡིན།།
ད་དུང་གསལ་བཤད་དགོས་པ་གཞན་ཞིག་ལ་ཉེ་ཆར་༧ཞྭ་དམར་རིན་པོ་ཆེ་དང་དོལ་རྒྱལ་ཚོགས་པའི་འགོ་བྱེད་བདེ་ཆེན་སྤྲུལ་མིང་པ་ལྷན་དུ་ཡོད་པའི་པར་ཞིག་ངོ་དེབ་དང་སྐད་འཕྲིན་དག་ལས་མཐོང་སོང་མོད། དེ་ནི་ཁུང་མེད་རྫུན་གཏམ་འབའ་ཞིག་ལས་༧ཞྭ་དམར་རིན་པོ་ཆེ་ནི་དོལ་རྒྱལ་དང་འབྲེལ་བ་སྤུ་རྩེ་ཙམ་ཡང་མེད་པ་ནི་ཆོས་རྒྱུད་ཀྱི་ཆ་ནས་བཤད་ཐུབ་ལ། དེ་བཞིན་ལོ་ཤས་སྔོན་དུ་ཁོང་གི་སྐུ་མདུན་དུ་ལྷོ་ཕྱོགས་ཀྱི་གདན་ས་ནས་ཡོང་པའི་ཕ་ཡུལ་གཅིག་པ་ཁ་ཤས་ལ་ཁྱེད་ཚོ་ལྡི་ལིར་ཕེབས་སྐབས་ནེའུ་ལྡི་ལིར་དགོན་པའིནང་དུ་བཞུགས་ན་འགྲིག་གི་རེད། ཡིན་ཡང་དོལ་རྒྱལ་བསྟེན་མཁན་དེ་འདྲ་ཡིན་ན་ཡོང་ཐབས་རྩ་བ་ནས་ཡོད་པ་མ་རེད་ཅེས་དངོས་སུ་གསུངས་ཡོད་འདུག འདི་ནི་ཁུང་ལྡན་རང་ཡིན་པས་གསལ་བཤད་དུ་འདན་ཆོས་དགོན་གྱི་གྲྭ་མིང་པ་འཇམ་གཅེས་སམ་པིར་མིང་ལྷ་རྒོད་ཀྱིས་སྤྱི་ལོ་༢༠༡༤ཟླ་༧ཚེས༩ཉིན་བཞུགས་སྒར་དྷ་རམ་ས་ལ་ནས་བྲིས་པའོ།། ། །
ཀརྨ་པ་མཁྱེན་ནོ། ཀརྨ་པ་མཁྱེན་ནོ། བདག་གི་རྩ་བའི་བླ་མ་ཀརྨ་པ་མཁྱེན་ནོ། སེམས་ཅན་ཁྲོ་བ་ཞི་བར་མཛོད། འདོད་ཆགས་སྙིང་རྗེས་གྱུར་བར་མཛོད། ཞེ་སྡང་བྱམས་པར་ཞི་བར་མཛོད། གཏི་མུག་འོད་གསལ་གྱུར་བར་ཤོག ཀརྨ་པ་མཁྱེན་ནོ།
ཀརྨ་པ། ཀརྨ་པ། ཁྱེད་ཀྱིས་གངས་ཅན་གྱི་སྙིང་སྟོབས་མཚོན་ལ། ཁྱེད་ཀྱིས་བཀའ་བརྒྱུད་པ་ཡི་དར་ཆ་བསྒྲེངས་པས། ཁྱེད་ནི་བོད་བརྒྱུད་ནང་བསྟན་གྱི་གསལ་བྱེད་ལ་བཀུར་རོ། རྒྱལ་བ་ཡིད་བཞིན་ནོར་བུས་ཁྱེད་ལ་བསྟན་པའི་བདག་པོར་མངགས་ཤིང་། ཆོལ་གསུམ་བོད་མི་ཀུན་གྱིས་ཁྱེད་ནི་ཆོས་ཀྱི་དབུ་ཁྲིད་ལ་བཀུར་བས། ཁྱེད་ཀྱིས་དྭངས་གཙང་ཤེལ་ལྟར་འདྲ་བའི་ཐུགས་དབྱིངས་ནས། གཞན་ཕན་གསེར་ལྟར་འདྲ་བའི་འོད་ཟེར་འཕྲོས་ཏེ།་འཇིག་བརྟེན་འདིའི་གནོད་པ་འཇོམས་ལ་བདེ་བ་རྒྱས་པར་སྨོན། ཁྱེད་ཀྱི་དགོངས་བཞེས་གྲུབ་པར་སྨོན།
གངས་རི་ར་བས་སྐོར་བའི་ཞིང་ཁམས་ན།
ཕན་དང་བདེ་བ་མ་ལུས་བྱུང་བའི་གནས།
སྤྱས་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་དང་།
ཨཽ་རྒྱན་འཕྲིན་ལས་མ་འོངས་མགོན་པོ་ཡི།
ཞབས་པད་སྲིད་མཐའི་བར་དུ་གཏན་པར་ཤོག
ཞྭ་དམར་རིན་པོ་ཆེ་མཆོག་གི་མང་བོ་ཞིག་གླེང་སོང་། ད་ཀློག་མཁན་ཚོའི་ཐད་ནས་ཀྱང་དྲི་བ་འགའ་ཕུལ་ཆོག་པ་ཞུ། ལན་གནང་མཁན་ཞྭ་དམར་རིན་པོ་ཆེར་བསམ་ཚུལ་ཡོད་མཁན་ཕྱོགས་གཉིས་ཀ་ནས་ཡོང་བར་སྐྱབས་འཇུག་ཞུ། དྲི་བ་ཁག་གཤམ་གསལ།
༡ རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་མཆོག་སྐྱབས་བཅོལ་ལ་ཕེབས་རྗེས། ཆོས་སྤེལ་སའི་བསྟི་གནས་ག་ཚད་ཅིག་རྒྱལ་ཁབ་ཁག་ནང་ཡོད་པ་དང་བསྡོམས་རྩིས་ཤིག་བརྒྱབ་ན་ཨ་སྒོར་ས་ཡའམ། ཡང་ན་བྱེ་བ་ག་ཚད་ཅིག་གི་རིན་གོང་ཡོད་དམ།
༢ རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་མཆོག་གིས་ཁོང་གི་ཐུགས་སྲས་བཞི་ལ་ལོ་གསུམ་རེའི་བཅད་རྒྱ་བཞག་ནས་རེས་མོས་ཀྱིས་གམ་ཚང་བཀའ་བརྒྱུད་ལ་བདག་སྐྱོང་གནང་དགོས་བཟོས་ཡོད་ནའང་། ཞ་དམར་པར་འཁེལ་མཚམས་ལོ་གསུམ་རིང་བདག་སྐྱོང་དབང་ཆའི་དུས་ཡུན་རྫོགས་མོད། སི་ཏི་རིན་པོ་ཆེར་རྩིས་མ་སྤྲད་པར་བརྟེན་ནས་ནང་འཁྲུག་བྱུང་པ་རེད་ཟེར་བ་དེ་དངོས་བདེན་ཡིན་ནམ།
༣ ཀརྨ་པ་བཅུ་དྲུག་པ་མཆོག་གི་ཞལ་ཆེམས་ཡི་གེ་དེ་ཞ་དམར་རིན་པོ་ཆེ་ཡིས་ཨ་རིའི་གསང་བའི་ལས་ཁུངས་ལ་བརྟེག་དཔྱད་བྱེད་དུ་བཅུག་འདུག་ཟེར་བ་དེ་བདེན་ནམ། མཇུག་འབྲས་མི་བསྒྲགས་དོན་ཅི།
དྲི་བ་འདི་དག་བོད་ཕྱི་ནང་གི་མང་ཚོགས་ཁྲོད་ཤེས་འདུན་ཅན་ཤིན་ཏུ་མང་པོ་ཡོད་པར་མ་ཟད། བཙན་བྱོལ་བོད་མིའི་ལོ་རྒྱུས་ཀྱི་ཆ་ཤས་ཤིག་ཀྱང་ཡིན་པས། ཕྱོགས་གཉིས་ཀས་དྲིས་ལན་གནང་སྐབས་ཚིག་རྩུབ་དོར་ནས་དངོས་ཡོད་གཞིར་བཞག་གིས་ལན་འདེབས་གནང་སྐྱོང་ཡོང་བར་རེ་བ་རྒྱག་གི་ཡིན།
ད་དུང་དྲི་བ་གཅིག་ལྷག་འདུག
རྒྱ་ཡིག་གི་གནས་ཚུལ་ཁག་ལྟར་ན། ཞྭ་དམར་རིན་པོ་ཆེ་ཡིས་རྒྱལ་བ་རིན་པོ་ཆེར་སྤྲུལ་སྐུ་མཐའ་ཡས་རྡོ་རྗེ་ཀརྨ་པའི་ཡང་སྲིད་ལ་ངོས་ལེན་གནང་རོགས་ཞེས་ཞུ་སྐབས། རྒྱལ་བ་རིན་པོ་ཆེ་ཡིས་བཞུགས་སྟེགས་གཅིག་གི་སྒང་ལ་མི་གཉིས་ཤོང་གི་མ་རེད་ཅེས་ལྗགས་ལན་བསྩལ་བ་རེད་ཟེར་བ་དོན་དངོས་ཡིན་ནམ།
དགོངས་དག་ཡིག་ནོར་ཞིག་འདུག ཞྭ་དམར་རིན་པོ་ཆེ་མཆོག་གི་མང་བོ་ཞིག་གླེང་སོང་ཞེས་པ་དེ་
ཞྭ་དམར་རིན་པོ་ཆེ་མཆོག་གི་སྐོར་མང་བོ་ཞིག་གླེང་སོང་ལ་བཅོས་རོགས།
གནམ་ལོའི་དྲི་བ་ལ་ལན་ཞིག་ཞུ་ན། ཁྱོད་དང་ངེད་གཉིས་ཀ་བཀའ་བརྒྱུད་པ་མིན་པས་གྲུབ་མཐས་བསླད་པ་དང་། ཕྱོགས་སུ་མི་ལྷུང་པའི་རེ་བ་ཡོད། དེས་ན་ཁུར་དུ་མ་བབ་པོ་སྙམ་ན་མ་ལགས་ཏེ། བསྟན་པ་དང་བོད་མིའི་སྤྱི་དོན་ལ་སེམས་པ་ཁུར་དུ་བབ་པའི་ལས་འགན་ནོ། ། རྒྱུ་མཚན་གསལ་བོ་མཁྱེན་མཁན་རྣམས་ཀྱིས་དྲིས་ལན་འདི་ལ་ཁ་སྐོང་ཅི་རིགས་གནང་བར་གསོལ་བ་འདེབས་སོ། །༡༽རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པའི་ཆོས་སྤེལ་སའི་བསྟི་གནས་གནས་ཀྱི་རིན་ཚད་མ་ཤེས་མོད། རྒྱལ་ཁབ་སོ་སོའི་ས་གནས་ཀྱི་བླ་སྐོས་དང་ཡུལ་དེའི་མི་སེར་ལག་ཁྱེར་ཡོད་མཁན་ཚོའི་མཚན་སྟེང་དུ་ཡོད་པ་རེ་གཉིས་དང་། ཕལ་ཆེར་ཚོགས་པར་དབང་པ་ལས་ཀརྨ་པ་གཅིག་པོའི་དངོས་རྫས་ལྟ་བུ་མིན་པ་ཤེས་དགོས་སོ། །
༢ ༽རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་མཆོག་གིས་ཁོང་གི་ཐུགས་སྲས་བཞིས་རེས་མོས་ཀྱི་སྐྱོང་བ་གཤེགས་རྗེས་ཀྱི་གྲོས་ཆོད་ལས་སྐུ་དངོས་བཞུགས་སྐབས་མ་བྱུང་ལ། ཞྭ་དམར་པར་ཁྲི་བའི་འོས་བབ་དང་ཀརྨ་པའི་སྐུ་ཚ་ཡིན་པས་སྒར་ཆེན་བླ་བྲང་གི་འགན་ཙམ་ལས་གཞུང་གི་དབང་ཆ་ཚང་ཕལ་ཆེར་མེད། ཀརྨའི་གཞུང་ལ། ཕྱག་མཛོད་དམ་ཆོས་ཡོངས་འདུས། དྲུང་ཡིག་སྟོབས་དགའ་རིན་པོ་ཆེ། དགོན་པའི་རྡོ་རྗེ་སློབ་དཔོན། བཤད་གྲྭའི་མཁན་པོ། གསོལ་གཟིམ་མཆོད་གསུམ་སོགས་བླ་ཆེན་གྱི་ལས་ཚན་བཅུ་གསུམ་པོ་ཡོད་པས་ལས་ཀ་གལ་ཆེན་ཐམས་ཅད་དེ་དག་གིས་ཐག་གཅོད་དགོས་པ་དགོན་པ་སྤྱིའི་འགྲོ་སྲོལ་ལོས་ཡིན་སྙམ། །
༣༽ ཀརྨ་པ་བཅུ་དྲུག་པ་མཆོག་གི་ཞལ་ཆེམས་དེ་སི་ཏུ་རིན་པོ་ཆེའི་ཕྱག་ཏུ་ཡོད་པ་ལས། ཞྭ་དམར་གྱི་ལག་ཏུ་ཡོད་ན་ཞལ་ཆེམས་བདེན་རྫུན་གྱི་རྩོད་པ་རྩོད་པ་འབྱུང་དོན་མེད་པ་རྣམ་རིག་ཅན་ཞིག་གིས་མི་ཤེས་པ་ག་ལ་སྲིད། ཞྭ་དམར་གྱིས་ཡང་ནས་ཡང་དུ་ཞལ་ཆེམས་ཁྲིམས་ལུགས་ཀྱིས་སྟེང་ནས་བདེན་པར་ར་འཕྲོད་ན་ངས་ཀརྨ་པ་ངོས་འཛིན་ནོར་བ་ཡིན་ཞེས་བཤད་པ་དང་། གོ་ཐོས་ལྟར་ན་༧གོང་ས་མཆོག་གིས་ཞལ་ཆེམས་ལ་བརྟགས་དཔྱད་ཐོངས་ཤོག་གསུངས་དུས། སི་ཏུ་རིན་པོ་ཆེས། དགོས་པ་དང་རྒྱུ་མཚན་མང་པོར་བརྟེན་ཡི་གེ་བཟོ་དགོས་བྱུང་བ་རེད་ཅེས་ཁས་ལེན་གནང་ཚུལ་རྙིང་མའི་ཞྭ་དེའུ་འཁྲུལ་ཞིག་རིན་པོ་ཆེས་གནད་ཡོད་ཀྱི་མི་འགར་བཤད་པ་ཐོས། སྐབས་དེར་གོ་མཁན་བཀའ་འགྱུར་གདུང་སྲས་དང་། ཕྱག་མཛོད་སྐུ་འཚོ་ཞིང་གཞེས། དེ་བཞིན་སྐུ་སྒེར་གྱི་གནད་ཡོད་མི་ཞིག་གི་ངག་ནས་ཀྱང་ཐོས།
༤༽རྒྱལ་བ་རིན་པོ་ཆེ་ཡིས་བཞུགས་སྟེགས་གཅིག་གི་སྒང་ལ་མི་གཉིས་ཤོང་གི་མ་རེད་ཅེས་ནམ་ཡང་གསུང་མྱོང་མེད་པས། དེ་༧གོང་ས་མཆོག་ནག་པོ་བཟོ་ཆེད་སྒྲོགས་གཏམ་སྤེལ་བར་ངེས། ཕྲན་རང་གིས་ཞལ་ནས་ཐོས་པར་༧གོང་ས་མཆོག་གིས་སྐུ་གསུང་ཐུགས་ཀྱི་སྤྲུལ་སྐུ་ཡང་ཡོང་སྲིད་པ་རེད་ཅེས་གསུངས་པ་དྲན། གཟུགས་སྒྲ་གཉིས་ཀ་ཡོད་པས་བཙལ་ཆོག ཕལ་ཆེར་༢༠༠༨་ལོར་ཞྭ་དམར་དང་། བློ་གྲོས་རིན་པོ་ཆེ་གཉིས་༧གོང་ས་མཆོག་གི་སྐུ་མདུན་དུ་གཅར་སྐབས། ༧གོང་ས་མཆོག་གིས་སྤྲུལ་སྐུ་རྣམ་གཉིས་ཀྱི་སྐུ་དོན་གྲོས་མོལ་གྱི་ལམ་ནས་ཐག་ཆོད་པ་བྱུང་ན་བསྟན་པ་སྤྱི་དང་བྱེ་བྲག། སྒོས་སུ་ཀརྨ་བཀའ་བརྒྱུད་ཀྱི་མཚན་དོན་གཉིས་ལ་ཕན་པ་འབྱུང་བར་ངེས་ཞེས་བཀའ་གནང་སྐབས། ཞྭ་དམར་གྱིས། ངས་ཡིག་ངག་གཉིས་ཀྱི་ཐོག་ནས་ལན་མང་ཞུས་པ་བཞིན་གྲོས་མི་བྱེད་ནམ་ཡང་བཤད་མ་མྱོང་། གྲྭ་སྒྲིགས་བྱས་ནས་ཡོད། ༧སྐྱབས་མགོན་དམ་པ་ཉིད་ཀྱིས་བཀའ་ཤོག་རིམ་པར་གནང་བ་ལྟར་ཕྱག་ལེན་ཏུ་ཐེབས་པ་ཞིག་ཐུགས་རྗེས་འཛིན་པར་ཞུ། ཞུས་ཚེ་༧ཞལ་ནས། ངས་གཉིས་ཀ་ཐུགས་མཐུན་ཁྲིམས་གཙང་ཡོང་བར་འབད་པ་བྱེད་གྱིན་ཡོད་ཅེས་བཀའ་གནང་ཟེར། འདི་ལ་སྒྲ་ཐག་ཡོད་ཚུལ་བཤད་རྒྱུ་འདུག ཕྲན་རང་ལ་མཚོན་ན། ཕྱོགས་སུ་ཞིག་གི་མི་དང་འཕྲད་ཀྱང་ཚང་མ་མཐུན་སྒྲིལ་གྱི་ལམ་དུ་འཇུག་པའི་བསྐུལ་མ་གནང་རྒྱུ་ལས། འགལ་བ་བཟོ་བའི་གནོད་བྱེད་དུ་མི་འགྱུར་པའི་དམ་བཅའ་དང་སྨོན་ལམ་ཡོད། ཀརྨ་པ་རྣམ་གཉིས་ནི་འཛམ་གླིང་གི་མི་ལ་། ཞི་བདེ། ལྷག་བསམ། དྲང་བདེན། བྱམས་བརྩེ་གསུང་མཁན་རེད། རང་ཉིད་འཁྲུགས་རྩོད་ཀྱི་གཏེ་བོར་གྱུར་ནས་གཞན་ལ་སློབ་གསོ་བྱེད་ཐབས་བྲལ་ཞིང་། བཀའ་སློབ་གནང་སྐབས་རང་ཉིད་ཁྲེལ་ཞིག་གཞན་གྱིས་འཔྱ་བ་ཞིག་ཏུ་མི་འགྱུར་བར། ཕྱི་ནང་མཚུངས་པས་གཞན་གྱིས་སྨོན་པ་དང། དད་པ། གུས་པ་བྱེད་པའི་ཡུལ་ཞིག་ཏུ་འགྱུར་བའི་ཐུགས་བསྐྱེད་གནང་བར་ཞུ།
འདྲི་བ་འགོད་མཁན་དང་ལན་བཏབ་མཁན་གཉིས་ཀར་ཐུགས་རྗེ་ཆེ་ཞུའོ། ཐོས་པ་རྒྱ་བསྐྱེད་བྱུང་བས་བཀའ་དྲིན་ཆེ།
རྙོག་ཁྲ་ཆེ་ཤོས་འདི་ཞ་དམར་རིན་པོ་ཆེ་མ་རེད། རྙོག་ཁྲ་ཆེ་ཤོས་དེ་འབྲུག་གཞུང་དང་། འབྲི་གུང་ཆེ་ཆུང་ཚང་། དེ་བཞིན་ས་སྐྱ་བདག་ཁྲི་རིན་པོ་ཆེ། དེ་བཞིན་རྒྱལ་དབང་འབྲུག་པ། རྡིལ་གུ་མཁྱེན་བརྩེའི་ཡང་སྲིད། རྫོང་གསར་མཁྱེན་བརྩེ། བྱ་བྲལ་རིན་པོ་ཆེ། ཁོང་གིས་ངོས་འཛིན་བྱས་པའི་བདུད་འཇོམས་རིན་པོ་ཆེ་ལ་སོགས་ཀྱིས། ཨུ་རྒྱན་འཕྲིན་ལས་ངོས་འཛིན་གསལ་པོ་མེད་པའི་མཁར། རྒྱུན་པར་མཐའ་ཡས་རྡོ་རྗེ་ཐུག་ནས། མངོན་མེད་ཐོག་ཁོང་ལ་རྒྱབ་སྐྱོར་བྱེད་པ་འདི་རེད། མཐའ་ཡས་རྡོ་རྗེའི་དབུ་བླ་གཙོ་བོ་གཅིག་ནི་ས་སྐྱའི་དཔེ་ཝར་རིན་པོ་ཆེ་རེད། གཙོ་བོ་དེ་གོང་གི་བླ་ཆེན་མང་པོ་ཞིག་ལ་འབྲུག་གཞུང་གི་རོགས་དངུལ་ཐོབ་ཀྱི་ཡོད་པ་དང་། འབྲུག་གཞུང་གིས་མཐའ་ཡས་རྡོ་རྗེ་ལས་ཨུ་རྒྱན་འཕྲིན་ལས་ངོས་འཛིན་མེད།
གལ་ཏེ་གོང་ས་མཆོག་བཞུགས་མེད་ན། རྒྱལ་དབང་ཨུ་རྒྱན་འཕྲིན་ལས་དང་མཐའ་ཡས་རྡོ་རྗེའི་དབར་གྱི་ཐོབ་ཤོར་ཏག་ཏག་ཕྱེད་ཀ་རེ་ཡིན་རྒྱུ་རེད།
ཞིབ་ཕྲ་གཤམ་གྱི་དྲ་རྒྱར་གཟིགས་དང་མཁྱེན་ངེས།
http://www.karmapa.org/
ནོར་བཅོས། དེ་བཞིན་ས་སྐྱ་བདག་ཁྲི་རིན་པོ་ཆེ་ཞེས་པ། དེ་བཞིན་ས་སྐྱ་བདག་ཆེན་རིན་པོ་ཆེར་བཅོས་རོགས།
ས་སྐྱ་བདག་ཁྲི་རིན་པོ་ཆེས་ཨུ་རྒྱན་འཕྲིན་ལས་མཆོག་ལ་ངོས་འཛིན་ཡོད་པའི་བཀའ་གནང་བ་ཐོས་ལགས།
ཞ་དམར་དང་སི་ཏུ་ཞལ་ཆེམས་ཕྱག་བྲིས་དབང་རྒྱུ་གཉིས་ལ་རྩོད་པ་ཕྱི་ནང་མངོན་གྱུར་མངོན་མེད་བདེན་རྫུན་ཆ་ཚང་སྐད་ཆ་ཤོད་རེས་བྱས་ཚེ་ཐག་ཆོད་རྒྱུ་ཞིག་མེད། ངས་བལྟས་ཡོང་དུས་ཞ་དམར་ཕྱོགས་གཏོགས་པས་ཀརྨ་པ་ཕྲིན་ལས་རྡོ་རྗེ་དང་དེའི་རྗེས་འབྲངས་ལ་དངོས་ཤུགས་བརྒྱུད་གསུམ་ནས་སྐུར་འདེབས་ཚད་མེད་བཏང་དང་གཏོང་བཞིན་འདི་ལ་བསམས་དཔྱོད་ལྡན་སུས་ཀྱང་ཡིད་མུག་སྐྱེ་རྒྱུ་ལས་མེད། ཀརྨ་པ་ཕྲིན་ལས་རྡོ་རྗེ་རྗེས་འབྲངས་བ་བླུན་རྨོངས་ཞེ་ནག་ཅན་ཉུང་ཤས་ལས་ཕལ་ཆེ་བས་དད་འདུན་དྲངས་མ་ཐུབ་ཀྱང་སྐུར་འདེབས་པ་མེད་པའི་བྱ་སྤྱོད་འདིས་གཞན་ང་འདྲའི་མི་རྣམས་ཀྱི་ཡིད་འགུལ་ནུས་སོ། གོང་མཆན་པ་མང་པོ་ཞིག་མིང་བརྫུ་རྐྱང་རེད་འདུག ཨབ་ར་ཟེར་བའི་མི་ངན་འདིས་ནང་ཆོས་དང་བོན། ཆོས་ལུགས་བཞི་ཡི་དབར། བཀའ་བརྒྱུད་ནང་ཁུལ་དབར། ཞ་དམར་དང་སི་ཏུ་དབར་ཡོད་ཚད་ལ་ཁ་བཏང་སྐུར་འདེབས་སྒྲོ་བཏགས་དབྱེན་དཀྲུགས་སོགས་མཚམས་མེད་ལས་རྐྱང་གསོག་མཁན་གྱི་གཏེ་བོ་ཞིག་ཡིན་འདུག་པ་ཚང་མས་ཤེས་ཡོད། ངས་ཡི་གེ་འབྲི་འདོད་པ་དང་བྲིས་པས་ཕན་པ་མེད་པ་ཤེས་ཀྱང་དུས་ཁོམ་ཅུང་ཡོད་པ་དེ་ཡང་འགྲུལ་བཞུད་སྐབས་ཉོབ་སྣང་གི་སྐབས་དབྱེ་བའི་ཕྱིར་དུ་ཡིན།
དྲི་མེད་ལྷག་བསམ་ལགས་ཕེབས་ནས་བཀའ་དྲིན་ཤིན་ཏུ་ཆེ། གོ་བརྡ་མ་འཕྲོད་ས་གཅིག་འདུག་ལ། དེ་ནི་ང་རང་གི་སྐྱོན་རེད། ཞལ་ཆེམས་ཡི་གེ་བརྟག་དཔྱད་ཅེས་པ་ནི་ཞྭ་དམར་རིན་པོ་ཆེ་ཡིས་སུ་ཏི་རིན་པོ་ཆེ་ཡི་ཕྱག་ཏུ་ཡོད་པའི་རྒྱལ་བ་ཀརྨ་པའི་ཞལ་ཆེམས་ཡི་གེ་དེར་བརྟག་དཔྱད་བྱེད་དུ་བཅུག་འདུག་བྲིས་འདུག ཡིན་ནའང་། ཞལ་ཆེམས་ཡི་གེ་དངོས་ཡིན་ནམ། ཡང་ན། ངོ་བཤུས་གང་ཡིན་ཁ་གསལ་མི་འདུག གང་ལྟར་འདིའི་ཐད་བསམ་ཚུལ་ལམ་གོ་ཐོས་ཡོད་དམ།
གནམ་ལོ་ཡག་ལགས། ཡི་གེ་དངོས་ཏེ་ད་དུང་བརྟགས་དཔྱད་བྱེད་ཐུབ་མེད་པ་འདྲ། ངོས་བཤུས་སྐུ་སྔོན་མའི་ཕྱག་བྲིས་དང་བསྡུར་ནས་དཔྱད་པ་བྱས་པའི་དེབ་ཆེན་རྒྱབ་ཤ་སྔོན་པོ་ཅན་ཞིག་ཞྭ་དམར་ཕྱོགས་ནས་སྔ་མོ་ཞིག་ནས་བཀྲམ་ཡོད་པ་མཐོང་མོད་ལག་ཐོག་མེད་པས་ཁ་གསལ་ཞུ་ཐབས་དབེན། ཉིད་ཀྱིས་ཞིབ་འཇུག་བྱེད་དགོས་ས་ཞིག་ཀརྨ་པའི་སྤྲུལ་སྐུ་ཆེ་ཁག་དང་བླ་བྲང་ཚོའི་རྒྱབ་ལྗོངས། ཀརྨ་བཀའ་བརྒྱུད་པའི་མི་འབོར་རེད་འདུག ༡༽ཀརྨ་བཀའ་བརྒྱུད། མི་རིགས་དང་བསྟན་པ་སྤྱིའི་ངོས་ནས་བོད་པ་ཚོར་འབྲེལ་བ་ཡོད་མོད། སྒེར་གྱི་ངོས་ནས་ཆོས་རྒྱུན་ཆེན་པོ་བཞིའི་ཡ་རྒྱལ་བཀའ་བརྒྱུད་པའི་ཡན་ལག་ཞིག་གི་གནད་དོན་རེད། བོད་ཁམས་ཕྱོགས་ཀྱི་བཅུ་ཆ་ཙམ་དང་། དབུས་པྱོགས་ཀྱི་བརྒྱ་ཆའི་ལྔ་ཙམ་ཞིག་རེད། ཨ་མདོའི་ཕྱོགས་སུ་དགོན་པ་གཉིས་ཙམ་ལས་མེད་པས་བོད་སྤྱི་ལ་ཁྱབ་པ་ཞིག་མ་རེད། ༢༽བླ་བྲང་ངོས་ནས། ཞྭ་དམར་ནག་དང་རྒྱལ་ཚབ་མཚུར་ཕུའི་བླ་བྲང་རེད། སི་ཏུ་ལ་ཞྭ་དམར་པོའི་ཐོབ་ཡོད་ཀྱང་ཁམས་ཀྱི་བླ་བྲང་ཞིག་རེད། འདི་དག་གི་གོ་གནས་༧རྒྱལ་དབང་ལྔ་བའི་གདན་ཐོབ་དུ་ཞྭ་དམར་ནག་འདྲ་བོ་བྱས་ཡོད། རྒྱལ་ཚབས་བླ་ཆེན་དཀྱུས་མའི་གྲས་རེད། སི་ཏུ་སྐབས་དེར་འཁོད་མེད། ༧རྒྱལ་དབང་བཅུ་གསུམ་པའི་གདན་ཐོབ་འཔྲོ་མཐུད་དུ་་སི་ཏུ་ཁམས་ཀྱི་རྒྱལ་ཕྲན་རྣམས་ཀྱི་དབུ་བླའི་གྲས་རེད། གོ་གནས་འབྲས་སྤུང་ཚོགས་ཆེན་སྤྲུལ་སྐུ་དང་འདྲ། ཀརྨ་བཅུ་༡༣་པ་དང་ཞྭ་དམར་༡༠་བའི་སྤྲུལ་སྐུ་ངོས་འཛིན་ཐད་མཚུར་ཕུ་བླ་བྲང་ལ་རྩོད་པ་བྱུང་སྟེ་དེ་ནས་བཟུང་རྒྱལ་ཚབས་བླ་བྲང་སོ་སོར་གྱུར་པ་རེད། དཔེར་ན་༧གོང་ས་མཆོག་གི་བླ་བྲང་གཙོ་བོ་རྣམ་རྒྱལ་གྲྭ་ཚང་རེད། པཎ་ཆེན་གྱི་བླ་བྲང་ནང་མ་སྒང་རེད། ཀརྨ་ཞྭ་དམར་ནག་ཐུན་མོང་གི་བླ་བྲང་སྒར་ཆེན་འཛམ་གླིང་རྒྱན་གཅིག་ཟེར། འཇམ་མགོན་ཀོང་སྤྲུལ་ཀརྨ་༡༥་པའི་སྲས་སུ་འཁྲུངས་པ་ནས་མཚུར་ཕུ་བླ་བྲང་དང་འབྲེལ་བ་བྱུང་བ་རེད། དེ་བཞིན་ཞྭ་དམར་གོང་མའང་དེའི་སྲས་སུ་འཁྲུངས་པས་བླ་བྲང་གཅིག་རེད། དེ་ལ་བཀའ་བརྒྱུད་ནང་ཁུལ་ནས་ཞྭ་དམར་པའི་མཚན་གསོལ་ཀྱང་བོད་གཞུང་དང་༧གོང་ནས་བཀའ་འཁྲོལ་བྱུང་མེད། ༣༽འབྲེལ་བའི་ཐད། ཕྱིས་སུ་ཡབ་སྲས་བཞི་ཞེས་གྲགས་པ་ཐམས་ཅད་ཕན་ཚུན་བླ་སློབ་དང་། ལྷག་པར་སི་ཏུ་གོང་མ་ཀརྨ་བཀའ་བརྒྱུད་སྤྱིའི་ལུགས་གཉིས་ལ་བཀའ་དྲིན་ཤིན་ཏུ་ཆེན་པོ་ཡིན་ནོ། ། ད་ལྟའི་ཡབ་སྲས་བཞི་ཞེས་གྲགས་པ་ཀརྨ་༡༦་པའི་སྐབས་སུ་ལྷན་ཅིག་གདན་འཛོམས་པ་ལས། ༡༦་པའི་སྔོན་དུ་ཡབ་སྲས་བཞིའི་ཐ་སྙད་བཙལ་ཀྱང་རྙེད་རྒྱུ་ཨེ་ཡོད་མི་ཤེས། ༤༽ཀརྨ་པ་པ་ལ་སྤྲུལ་སྐུ་གཉིས་རེ་བྱུང་ཡང་གདན་ས་འཛིན་མཁན་གཅིག་ལས་བྱུང་མེད་པ་དངོས་གནས་རེད། འདི་དག་ལ་ལ་ཞིབ་ཆ་དགོས་ཀྱང་དུས་ཚོད་མ་བྱུང་། དགོངས་འགལ་མེད་པར་ཞུ།
རྣམ་དཔྱོད་ལྡན་པའི་དྲི་མེད་ལྷག་བསམ་དང་འཇམ་གཅེས་སྤོབས་པ་མཐའ་ཡས་དང་ཨ་ཕྱི་བསམ་ཤེས་སོགས་དངོས་དོན་མཐུན་པའི་བགྲོ་གླེང་ཡང་པོ་གནང་འདུག ཁྱད་པར་དྲི་མེད་ལྷག་བསམ་འདི་མིང་དོན་མཚུངས་པའི་མཁས་པ་ཞིག་འདུག་པས་དྲི་གསུམ་ཡོད། འབྲས་ལྗོངས་ན་ཡོད་པའི་ཀརྨ་པ་གསུམ་པ་དང་ཡོ་ནན་ན་བཞུགས་པའི་ཀརྨ་པ་བཞི་བ་དང།རྒྱ་ནག་ན་ཡོད་པའི་ཀརྨ་པ་ལྔ་བ་སྟེ་གསུམ་ལ་བགྲོ་གླེང་མེད་པར་ཡང་ལྷག་འདུག གཞན་གསུམ་ལ་བསམ་ཆ་འདྲ་ཡོད་དམ། གཙོ་བོ་༧ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་ནིཀརྨ་པ་མཐའ་འཕྲིན་རྡོ་རྗེ་གཉིས་ལ་དངོས་ཡོད་ཀྱི་མཐུན་སྒྲིལ་དང་གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་དང་མཐུན་པའི་དམ་ཚིག་སླར་གསོ་དངོས་དེ་ཇི་ལྟར་བྱས་ནས་བཀའ་བརྒྱུད་བསྟན་པ་ཉམས་པ་བསྐང་དགོས་སམ། ལྷག་བསམ་གྱིས་ཕྱུག་པས་མཁས་དབང་ཆེན་པོ་དྲི་མེད་ལྷག་བསམ་ཚང་གིས་ལན་ཞིག་ཡོད་པར་མཁྱེན་ནོ།།
མཆན་༥༥། གནམ་ལོ་ལགས། ཁྱོད་ཡིག་རིགས་གསུམ་ཤེས་མཁན་རེད། རྒྱ་ཡིག་སྟེང་ན་ཨོ་རྒྱན་ཕྲིན་ལས་ཀྱི་ཕྱོགས་བཤད་མཁན་མང་། དབྱིན་ཡིག་སྟེང་ན་མཐའ་ཡས་རྡོ་རྗེའི་ཕྱོགས་བཤད་མཁན་མང་། ཚིག་རྩུབ་དང་དམའ་འབེབས། རྫུན་གཏམ། མངོན་སུམ་གྱི་དོན་ལ་སྙོན་མཁན་སུ་ཡིན་རང་གིས་རིགས་པས་དཔྱོད། རང་གི་སེམས་ན་ཚད་ཤིང་མེད་དུས། དཔྱད་པ་ཐམས་ཅད་ལོང་བས་མདའཕེན་དུ་འགྲོ་བས། དགེ་ཆོས་ཀྱིས། རང་ཐག་ཆོད་ན་སུ་ཡི་རྗེས་སུ་འབྲངས། །རང་ཐག་མ་ཆོད་སུ་ལ་སུ་ཡིད་རྟོན། །ཞེས་པའི་དོན་ཐུགས་ལ་ཆོངས། རྩོད་གཞི་ཅན་གྱི་བྱ་བ་གང་ཡིན་ཀྱང་བདེན་པ་ཤེས་ཀྱང་དག་མི་སྟེར་བ་དང་། རྒྱུ་མཚན་དོན་ལ་གཞོལ་ཡང་རང་གི་དགའ་ཕྱོགས་དང་ཁེ་ཕན་གང་ཆེའི་ཕྱོགས་སུ་ཨུ་ཚུགས་བྱེད་ན་མཁས་པའི་གྲལ་ལས་བུད་ཅིང་རྒྱུ་འབྲས་འཆོལ་བར་སྤྱོད་པ་ཡིན་པས། རེ་ཞིག་ཅི་དགར་གཏོང་པ་ལས་ཐབས་ཟད། གནས་སྐབས་ཀྱི་དར་རྒུད་ཇི་ལྟར་ཡང་ལོ་རྒྱུས་ཀྱིས་ཆད་པ་བཅད་ཡོང་པས་བདག་པོ་བྱེད་དགོས་དོན་མེད་དོ། ། དགེ་ཆོས་ཀྱིས། བླུན་པོ་རང་གི་རྗེས་སུ་མི་འབྲང་ཡང་། །རང་ཉིད་བླུན་པོའི་རྗེས་སུ་མི་འབྲང་པ། །འདི་ནི་མཁས་པའི་དམ་ཚིག་དང་པོ་སྟེ། །སྲོག་ལ་བབ་ཀྱང་འབད་པས་སྲུང་བར་བྱ། །ཞེས་པའང་སྐྱེས་སུ་འབུལ་ལོ། །
དྲི་མེད་ལྷག་བསམ་ལགས་ངོ་མ་གནས་ལུགས་བདེན་གཏམ་གསུངས་འདུག གོ་རྒྱུ་ཆེན་པོ་འདུག །
དྲི་མེད་ལྷག་བསམ་མཆོག་ཡང་བསྐྱར་ཕེབས་ནས་ལན་གནང་བར་ཐུགས་རྗེ་ཆེ། བློ་བསྐྱེད་ཆེན་པོ་བྱུང་སོང་།
རེད་ལགས། མཁས་དབང་དགེ་ཆོས་ཀྱིས་ད་དུང་བསྡོམས་ཤིག་བརྒྱབ་ཡོད་པ་ནི། ༼ལ་རེའི་རྒྱབ་ན་མི་མཐུན་ཆོས་ལུགས་རེ། དེ་ཡི་རྗེས་འབྲངས་མཁས་བླུན་སྟོང་ཕྲག་རེ། འདི་ཉིད་བདེན་ལ་འདི་ཡིས་མི་བསླུ་ཞེས། རིགས་མཐུན་ཚོགས་ལ་སྨྲས་ན་ཉམས་རེ་དགའ། མི་མཐུན་ཚོགས་ཀྱིས་ཐོས་ན་ཞེ་རེ་ཁྲེལ་༽ཞེས་པ་ལྟར། སྤྲུལ་སྐུའི་རྩོད་རྙོག་འདི་བོད་བརྒྱུད་སངས་རྒྱས་ཆོས་ལུགས་འཕེལ་རིམ་ལོ་རྒྱུས་འབྲེལ་བའི་སྣང་ཚུལ་ཡན་གར་བ་ཞིག་རེད་ལ། སྣང་ཚུལ་འདི་བཞིན་སྤྲུལ་སྐུའི་ལམ་ལུགས་ཉམས་རྒུད་ལ་ཁ་ཕྱོགས་ཟིན་པའི་མཚོན་རྟགས་ཤིག་ཀྱང་རེད། ཡིན་ནའང་། ཕྲ་རགས་ལ་མ་ལྟོས་པར་བོད་མི་རིགས་ཀྱི་རྒྱུད་དུ་ཆོས་ལུགས་ཀྱི་བག་ཆགས་ཟབ་མོ་ཞིག་ཡོད་པས། སྤྲུལ་སྐུའི་རྩོད་རྙོག་ནང་ཁུལ་གཏོར་བྱེད་ཀྱི་ལྟེ་བ་ཞིག་ཏུའང་གྱུར་ཡོད་པས། བོད་ཀྱི་འདས་མ་ད་གསུམ་གྱི་ལོ་རྒྱུས་ལ་ཤུགས་རྐྱེན་འདྲ་མིན་ཞིག་བསྐྲུན་བཞིན་ཡོད། དེ་བས། བརྗོད་གཞི་འདི་བཞིན་ལོགས་སུ་ཞིབ་འཇུག་བྱེད་པའམ། ཡང་ན། ལོ་རྒྱུས་ཀྱི་ཡ་གྱལ་དུ་བཞག་ནས་དབྱེ་ཞིབ་བརྒྱུད་དེ་ཡི་གེར་ཕབ་འོས་པར་མ་ཟད། མི་རབས་རྗེས་མ་རྣམས་མ་རིག་པའི་དབང་དུ་མི་འགྲོ་བར་ཕན་ཐོགས་ཤིན་ཏུ་ཆེ་སྙམ། དེ་བས། དུས་རབས་ཉེར་གཅིག་པའི་མི་རྣམས་ལ༼གཞན་ལས་ལེན་ཞིང་གཞན་ལ་ཉན་པ་དང་། དེ་ལ་དཔྱད་ཅིང་རིགས་པས་བརྡར་བ་ནི། དངོས་དོན་འགུལ་རིས་བཟོ་བའི་ལས་ཡིན་པས། མཁས་དང་བླུན་གཉིས་མཉམ་བརྗེ་མི་བསླུའི་སྲོག༽ལྟ་བུའི་བློ་ཁོག་ཅིག་ཡོད་འོས་ངེས་ཡིན། ཐུགས་འདུན་ཡོད་རིགས་ནས་འདིའི་ཐད་བསམ་བློ་གཏོང་རོགས་ཞེས་ཀྱང་ཞུ་འདུན་བྱུང་།
པདྨ་ལགས་ཀྱི་དྲི་བ་ལ་ལན་ཞིག་ཞུ་ན། ཀརྨ་པ་ལྔ་ཡོད་པར་བགྲོ་གླེང་མེད་དོན་ཕལ་ཆེར་བོད་ཀྱི་སྤྱི་ཚོགས་དང་འབྲེལ་བ་མེད་པ་དང་། མཚུར་ཕུའི་ཁྲི་ལ་རྩོད་པ་མི་ཡོང་པས་ཡིན་ནམ་སྙམ། ༡༽འབྲས་ལྗོངས་ཀརྨ་པ། ༡་ངོས་འཛིན་བྱེད་མཁན། ཁོ་རང་གིས་ངོས་བཟུང་བ་ཡིན་། འཇམ་མགོན་ཀོང་སྤྲུལ་དང་འབྲུག་ཆེན་ཚོས་ཀྱང་ཞལ་གསུངརེ་ཡོད་ཚུལ། ༢དཔལ་འབྱོར་ཞན། ༣རྒྱབ་རྩ་ཉུང་། འབྲས་ལྗོངས། རྟ་མང་། ཤར་པ། ཕྱི་རྒྱལ་ཁ་ཅིག་གོ ༤་བླ་མ་འཁྲུལ་ཞིག་རིན་པོ་ཆེ་སོགས། ༥་ཐག་གཅོད་ཚུལ།བོད་རིགས་ཀརྨ་པ་གཉིས་དང་མཉམ་དུ་གནམ་གྲུ་ནས་ལྕེབས་སམ་དུག་འཐུང་ནས་བདེན་རྫུན་འབྱེད་པའི་གཏམ་བསྒྲགས་ཡོད་པས། ཁོ་རང་ལ་དད་པ་བྱེད་མཁན་ཚོས་བླ་མར་བརྟེན་ཀྱང་བོད་ཀྱི་བསྟན་སྲིད་ལ་ཁྱད་པར་མེད་སྙམ། ༢༽རྒྱ་ནག་ཀརྨ་པ། ༡ངོས་འཛིན་མཁན་རང་ཉིད་དང་། འབོ་དཀར་རིན་པོ་ཆེ་ཡིན་རབས་བཤད་འདུག བདེན་རྫུན་མི་ཤེས། ༢་དཔལ་འབྱོར་བླ་མ་ལྔ་བོའི་དྭངས་རྩེ་ཡིན། དགོན་པའི་རྟེན་བཞེངས་རྒྱ་ཆེ། རྒྱ་ནག་གི་གཏེར་ཆུའི་བཟོ་གྲྭ་ཆེན་པོ་གཅིག་ཁོའི་རེད། ༣་རྒྱབ་རྩ་རྒྱ་རིགས་སློབ་མ་ཁྲི་ཁ་ཤས་ཡོད། ༤་བླ་མ་སུ་ཡིན་མེད། རང་བྱུང་ཡིན་ཚུལ་ལོ། ༥་ཐག་གཅོད་ཚུལ། རྒྱ་རིགས་ལས་བོད་ཀྱི་དགོན་སྡེ་དང་བླ་ཆེན་ཚོར་འབྲེལ་བ་ཆེར་མེད་པས་རང་སར་བཞག་ན་དེ་ཀས་འཐུས། ༣༽ཡུན་ནན་ཀརྨ་པ། ༡ངོས་འཛིན་མཁན་རང་ཉིད་དང་། ཁོ་རང་གི་དགོན་སྡེས་བླ་མ་མང་པོར་ཞུ་ནས་ཐག་བཅད་པ་ཡིན་སྐད། ༢་དཔལ་འབྱོར་བཟང་ལྔ་བོའི་ནང་གི་གཉིས་པ་ཡིན་ཡོང་། དགོན་པ་དང་ཚོགས་པ་རྒྱ་ཆེ། ༣་རྒྱབ་རྩ་ཡུན་ནན་རིགས་དང་། རྒྱ་རིགས་མང་འབུམ་ཁ་ཤས་ཡོད་ངེས། ༤་བླ་མ་༧ས་སྐྱ་གོང་མ་ཕུན་ཚོགས་ཕོ་བྲང་དང་། བྱ་བྲལ་སངས་རྒྱས་རྡོ་རྗེ་སོགས་ཡིན་ཟེར། ༥་ཐག་གཅོད་ཚུལ། ཀརྨ་དྲུང་པ་ཞེས་སྔ་མོའི་དུས་ནས་མཚན་དང་སྐུ་ཕྲེང་རིམ་པར་བྱོན་ཞིང་། ད་ལྟ་ཡུན་ནན་ནང་པའི་ཚོགས་གཙོ་དང་། རྒྱལ་ཡོངས་ཆོས་ལུགས་ཀྱི་འཐུས་མི་ཡིན་པ་དང་། ས་གནས་ནས་ཀརྨ་པ་འཁྲུལ་མེད་དུ་ངོས་འཛིན་ཏོད་པར་མ་ཟད་༧རྗེ་བཅུ་གསུམ་པའི་ཞྭ་ནག་ཀྱང་ཁོང་ལ་དབང་བས། རང་ས་ནས་སྤྲུལ་སྐུ་རྩོད་མེད་དུ་གྲུབ་པས་བོད་པ་རྣམས་ཀྱིས་ཐེ་གཏོགས་མི་དགོས་པར་སེམས། ༤༽བོད་ཨོ་རྒྱན་ཕྲིན་ལས། ཁོང་གི་རྣམ་ཐར་ཞུ་མ་དགོས། ཐག་གཅོད་ཚུལ་། མཚུར་ཕུ་དང་དཔལ་སྤུང་ཁོང་ལ་དབང་རྒྱུ་དང་། བོད་ཡུལ་གདུལ་བྱ་སྐྱོང་རྒྱུ་བྱས་ན་ལེགས། ༥༽བོད་མཐའ་ཡས་རྡོ་རྗེ། ཐག་གཅོད་ཚུལ། རུམ་བཏེགས་དང་ཡངས་པ་ཅནཁོང་ལ་དབང་རྒྱུ་དང་། ནེ་པཱལ་སོགས་ཧི་མ་ལ་ཡི་རི་རྒྱུད་ཀྱི་གདུལ་བྱ་སྐྱོང་རྒྱུ་བྱས་ན་ལེགས། འདི་དག་ཀུ་རེ་ཡིན་ལ་དོན་དམ་ཡང་རེ་གཉིས་ཡོད་པས་དཔྱད་གཞིར་ཕུལ་བའོ། །
(མི་རབས་རྗེས་མ་རྣམས་མ་རིག་པའི་དབང་དུ་མི་འགྲོ་བར་ཕན་ཐོགས་ཤིན་ཏུ་ཆེ་སྙམ)པའི་ཆོས་དང་འཇིག་རྟེན་སྐྱོངས་ལུགས་གསར་བ་ཞིག་བཤད་རྒྱུ་ཡོད་ན་དོན་ཤོག་དང་། ཧ་ཧ་ཧ། མི་འདི་ཚོ་ཧམ་པ་ལ། མཐོ་སློབ་ཡིན་པ་ཚང་མ་མཁས་བ་ཡིན་པར་འདོད་ན། ས་སྟེང་འདི་ན་མཁས་བ་སྐྱག་པ་ལས་འབེལ་པ་ཡོད་པ་རེད། སོ་སོས་སོ་སོ་ཅིག་ཡིན་མདོག་མ་བྱེད།
འབྱོར་ལྡན་ཆོས་བའི་སྔུན་ན་ཁྱི་བཞིན་འདུར།།
གྲྭ་རྐྱང་དགོན་པ་རིག་ན་དད་ལོག་ཤོར།།
ད་ལྟའི་དུས་ཀྱི་སྙིགས་རོ་མཐོ་སློབ་འགའ།།
རྒྱུ་འབྱོར་སྤྱི་ཤེས་མེད་པའི་བསམ་གནག་པ།།
པདྨ་ལགས་ཀྱི་དྲི་བ། ཀརྨ་པ་མཐའ་འཕྲིན་རྡོ་རྗེ་གཉིས་ལ་དངོས་ཡོད་ཀྱི་མཐུན་སྒྲིལ་དང་གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་དང་མཐུན་པའི་དམ་ཚིག་སླར་གསོ་དངོས་དེ་ཇི་ལྟར་བྱས་ནས་བཀའ་བརྒྱུད་བསྟན་པ་ཉམས་པ་བསྐང་དགོས་སམ། ཞེས་དྲིས་པའི་ལན། ༡༽སྤྲུལ་སྐུ་གཉིས་ལ་འཁོན་འཛིན་ཆེན་པོ་རང་མེད་སྙམ།༧གོང་ས་མཆོག་དང་༧ས་སྐྱ་ཁྲི་འཛིན་གཉིས་གཟི་བ་བྱས། བོད་གཞུང་གིས་དྲང་པོ་མཛད། གཉིས་ཀ་ལ་ཡོ་འཁྱོག་མེད་པའི་འདྲ་མཉམ་གྱི་ཐོབ་དང་དབང་ཆ་བདག་རྐྱེན་གནང་ན་མཐུན་སྒྲིལ་ཡོང་བ་ལ་དོགས་པ་མི་དགོས། ཁོང་གཉིས་ཀས་བོད་ཀྱི་བདེ་སྡུག བསྟན་པའི་ཆས་དོན། ཀཾ་ཚང་གི་ལ་རྒྱར་དགོངས་པ་བཞེས་པ་ཐག་ཆོད། དེ་ལྟར་མ་ཡིན་པར་གཅིག་ཤོས་བདེན་དང་གཅིག་ཤོས་རྫུན་བྱས་ན་གཉིས་ཀ་ལ་ཁུངས་ལུང་འདྲེན་རྒྱུ་དང་། རྒྱབ་རྩ་རེ་ཡོད་པས་ཐག་གཅོད་མི་ཐུབ། དེང་དུས་དམག་ནི་རྒྱག་ཐབས་མེད། ལྐོག་ནས་དུག་བླུད་དེ་པྱོགས་གཅིག་རྩད་མེད་བྱེད་ན་མ་གཏོགས་ཐབས་མེད། གཙོ་བོ་བོད་གཞུང་ལ་རག་ལུས་ཡོད་པ་འདྲ། ༢༽དམ་ཚིག་སླར་གསོ་ཐབས། ཤིན་ཏུ་གཉན་པོའི་སྒོ་ནས་བཤད་ན། དམ་ཚིག་བཀོད་པའི་རྒྱུད་ལས། ལོ་གསུམ་དག་ལས་འདས་པ་ནི། །དེ་ནས་གསོ་རུ་མི་རུང་སྟེ། །གལ་ཏེ་བླང་ན་གཉིས་ཀ་འཚིག །ཅེས་པ་སྔགས་སྤྱིའི་དགོངས་པ་ཡིན་པས་དུས་ཚོད་འདས་པས་བཤགས་པའི་ཐབས་མེད། འོན་ཀྱང་སྤྲུལ་སྐུ་གཉིས་བར་ཐད་ཀར་སྐུར་འདེབས་གནང་རེས་མ་བྱུང་བས་འགལ་བ་ཡེ་ནས་མེད་བྱས་ཀྱང་ཆོག །གཞན་དག་རྣམས་རིགས་གཉིས་སུ་བསྡུས་ནས་བཤགས་པ་བྱེད་དགོས། བླ་མ་རྣམས་ལ་སྟོང་ཉིད་རྟོགས་པ་སོགས་ནུས་པ་ཁྱད་པར་ཅན་ཡོད་པ་བྱས། གཞན་འཁོར་སློབས་རྣམས་དབང་པོ་ཉམས་ཤིང་ཤེས་པ་འཁྲུལ་བ་ཡིན་རྒྱུ་བྱས་ན། སྙིང་པོ་རྒྱན་ལས། ན་དང་དབང་ཉམས་བྱ་བ་དང་། །གཞན་གྱི་དོན་དང་དོན་ཆེན་དང་། །སྐྱེ་མེད་བརྟན་དང་དགོས་ལྡན་དང་། །ནུས་པ་རྙེད་དང་གནང་པ་དང་། །བཀའ་བསྒོ་པ་དང་བར་ཆད་ལས། །ཉེས་པ་མེད་པར་ཤེས་པར་བྱ། །ཞེས་པ་གསུངས་པ་ལྟར་ལས་ཐབས་གཞན་རྙེད་དཀའ་འོ། །དམ་ཚིག་ལ་བཤགས་སྡོམ་ནུས་ན་བསྟན་པ་དར་རྒྱས་ཤོར་ཏུ་འབྱུང་བ་ཡིན་ནོ། །རྗེ་བཙུན་ཏཱ་ར་ན་ཐས། སྨོན་འགྲོ་ལོ་ཙཱ་པ་ལན་དགུར་དམ་ལས་ཉམས་དུས། མ་འོངས་པར་ཇོ་ནང་གི་བསྟན་པ་འཇིག་པ་ཡང་དགོངས། སྐྱེ་བོ་མང་པོའི་སྲོག་ལ་འཚེ་བ་ཡང་ཤེས་ཀྱང་། ཞལ་ནས་དམ་ཉམས་གཅིག་དགོན་སྡེར་འཇོག་པ་ལས་དམ་ལྡན་ཁྲི་པྲག་ཚེ་དུས་ལས་འདས་པ་ལེགས། མ་འོངས་པར་འདི་ཉིད་ཀྱིས་ངའི་བསྟན་པ་མིང་གི་ལྷག་མར་གཏོང་ཡང་། དམ་ཚིག་མ་ཉམས་པའི་མཐུས་བརྒྱུད་པ་འདིའི་བྱིན་རླབས་འབར། ཇི་སྲིད་བསྟན་པ་ནམ་གནས་བར་མཁས་གྲུབ་རྒྱུན་མི་ཆད་པར་འབྱུང་བས། ཁོ་གནས་དབྱུང་བྱེད་པ་ལྡོག་ཏུ་མེད་གསུངས་པ་འདི་ཡང་གཞིག་འགྲེལ་འོས་པ་ཞིག་ལགས་སོ། །
བོད་གངས་ཅན་པའི་མཁས་དབང་ཆེན་པོ་དྲི་མེད་ལྷག་བསམ་མཆོག་གིས་བཀའ་ལན་གནང་བར་བཀའ་དྲིན་ཆེ་ཞུ་བ་ལགས་སོ། མཆོག་གི་རྒྱལ་བསྟན་ལ་ཐུགས་ཁུར་བཞེས་པའི་ལྷག་བསམ་དང་ཤེས་ཡོན་དང་མཐོང་རྒྱ་ལ་ཡི་རང་དང་བསྔགས་བརྗོད་ཡོད། ངས་འདི་ནས་བསམ་པ་བཟང་པོས་མཐར་འཇུག་གི་འདྲི་གཅིག་ཡོད། བོད་གཞུང་ནི་གཡོ་སྒྱུ་ཆེ། སི་ཏུ་ལ་ཞེ་འཁོན་ཆེ། ས་སྐྱ་ནི་འཁོར་བས་གཡེངས། རྒྱལ་བ་རིན་པོ་ཆེ་ནི་རྒན་པ་གཞན་དབང་སོང་བས་ཀརྨ་པ་གཉིས་ཀ་ནང་སྒྲིག་གི་འགྲིག་བཀོད་གནང་མ་ཐུབ་པར་ས་སྐྱ་དང་དམ་པ་གང་ཞིག་དགོངས་པ་རྫོགས་ན་འབྱུང་འགྱུར་ནང་བསྟན་སྤྱི་དང་ཀཾ་ཚང་བསྟན་པ་ལ་སྐྱོན་ཅི་ཞིག་འབྱུང་ངམ། གསལ་བོ་གསུང་རོགས།
བཀའ་བརྒྱུད་པའི་ནང་དམེ་ཞི་བའི་སྨོན་ལམ།
དུས་གསུམ་ཕྱོགས་བཅུར་བཞུགས་པའི་སངས་རྒྱས་དང་།
དེ་དག་རྣམ་སྤྲུལ་དྲིན་ཅན་བླ་མའི་ཚོགས།
ལྷག་པར་མར་མེ་དྭགས་པོ་ལྷ་རྗེ་དང་།
རྒྱུད་སྡེ་བཞི་ཡི་ཞི་དྲག་ཡི་དམ་དང་།
དཀར་ཕྱོགས་ཆོས་སྐྱོང་མ་ལུས་ཐམས་བཅད་ལ།
བདག་ཅག་གདུང་ཤུགས་དྲག་པོས་གསོལ་འདེབས་ན།
སྒྲུབ་བརྒྱུད་བཀའ་ཡི་བསྟན་པ་རིན་ཆེན་འདི།
ཉི་མའི་དྭངས་བཞིན་འགྲོ་བའི་མུན་སེལ་ཞིང་།
བསྟན་འཛིན་སྐྱེ་བུ་དམ་ཚིགས་ཆུ་ལྟར་དྭངས།
བླ་སློབ་དམ་ཚིག་ནམ་མཁའི་རང་བཞིན་ལྟར།་
དྭངས་བའི་སྨོན་ལམ་ལྷག་བསམ་དཀར་པོ་འདི།
བསམ་པའི་འདོད་པ་དོན་ལ་གྲུབ་པར་ཤོག ཞེས་པ་འདི་དཔལ་བཀའ་བརྒྱུད་ཀྱི་བསྟན་པ་ལ་ཤིན་དུ་ནས་མོས་པ་ཁ་བརྡའི་དྲ་འབུ་བསམ་ཤེས་ཀྱིས།
བཀའ་བརྒྱུད་པའི་ནང་དམེ་ཟེར་ན་བཀའ་བརྒྱུད་ཡོངས་ལ་སྨད་པ་པ་རེད།
དེ་བས་ཀརྨ་པའི་ནང་དམེ་ཞི་བའི་སྨོན་ལམ་ཟེར་ན་འགྲོགས།
ལས་ངན་ཐར་བ་ནག་པོའི་སྤྲུལ་པ་བཞིན།།
ཀྃ་ཚང་བསྟན་པ་ཁྲག་ལྟར་དཀྲུག་པའི་རྗེ།།
གང་ཞིག་འཛུམ་མདངས་མེད་པའི་ཞེ་སྡང་སྐུ།།
ཀརྨ་པ་ཡི་ནད་ངན་ཞི་བར་ཤོག།
གོང་ས་བླ་མའི་དབུ་ལོ་དུང་ལས་དཀར།།
གངས་ཅན་སྡུག་པའི་མེ་འབར་བྲག་ཏུ་ཁོལ།།
ཕ་ཁྱིམ་བསིལ་ལྗོངས་དགྱ་ཡིས་འོག་ཏུ་ཤོར།།
ཀུན་གཟིགས་དུག་གིས་དཀྲུངས་འདི་ཀྱེ་མ་ཧུད།།
ཆོས་མཆེད་ནང་འཁྲུག་རྡོ་རྗེ་དམྱལ་བ་བཟོས།།
ད་དུང་ཡིན་འདོགས་འཛམ་གླིང་མགོ་སྐོར་བཏངས།།
ཕྱག་རྒྱ་ཆེན་པོ་དམ་ཉམས་རླངས་པས་སྒྲིབ།།
ཀཾ་ཚང་ཞིག་པོའི་རྟུལ་ཞུགས་གཡུལ་ངོ་བཤམས།།
རྡོ་རྗེ་འཆང་ཆེན་ཏེ་ལོ་ན་རོ་དང་།།
མར་པ་མི་ལ་ཆོས་རྗེ་སྒམ་པོ་པ།།
དུས་གསུམ་མཁྱེན་ནས་རིག་པའི་རྡོ་རྗེ་བར།།
རྒྱུད་པའི་བསྟན་པ་ཉམས་ཆགས་ཀུན་སེལ་ནས།།
མཐའ་ཡས་རྡོ་རྗེའི་བཞེད་དོན་ལྷུན་གྲུབ་ཤོག།
དྲ་གྲོགས་བསམ་ཤེས་ངོར་དཔལ་ཀྃ་ཚང་བཀའ་བརྒྱུད་ཀྱི་བསྟན་པ་ལ་ཡག་དགའ་ཉེས་སྡུག་འཁན་ཁ་བརྡའི་དྲ་མཆན་པ་རྫོགས་ཆེན་པདྨས་སྨོན་པར་དགེའོ།།
དགོངས་དག ད་དུང་དྲི་བ་ཁ་ཤས་ཡོང་གི་འདུག ཐོག་མར་ཁྲ་འགུ་རིན་པོ་ཆེ་མཆོག་ནི་ཞྭ་དམར་རིན་པོ་ཆེ་དང་སི་ཏུ་རིན་པོ་ཆེ་གཉིས་ཀྱི་ཡོངས་འཛིན་གནང་མྱོང་བའི་ཁར་བཀའ་བརྒྱུད་པའི་མཁས་བཙུན་བཟང་གསུམ་འཛོམས་པའི་རྒན་གྲས་ཀྱང་རེད། ཁོང་གིས་བཅར་འདྲི་ཞིག་གི་ནང་དུ་ཁ་གསལ་བོའི་ལམ་ནས་ཀརྨ་པའི་ཡང་སྲིད་དངོས་ནི་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ཡིན་གསུངས་འདུག ཁོང་གིས་དྲངས་པའི་སྒྲུབ་བྱེད་གསུམ་གྱི་བསྡུས་དོན་གཤམ་གསལ།
༡ གཏེར་སྟོན་པ་ཆོས་ཀྱི་གླིང་བས་རྒྱལ་བ་ཀརྨ་པ་སྐུ་ཕྲེང་དང་པོ་ནས་ཉེར་གཅིག་བར་གྱི་འཁྲུངས་ཡུལ། ཕ་མའི་མིང་། མཛད་བྱུས་སོགས་ལུང་བསྟན་གནང་ཡོད་པས། ལུང་བསྟན་ནང་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ལགས་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཡིན་པ་ར་འཕྲོད་ཡོད།
༢ སྔར་ང་རང་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པའི་སྐུ་དྲུང་དུ་ཡོད་སྐབས་ཏེ། བོད་ནས་རྒྱ་གར་ནང་ཕེབས་སྐབས། རིན་པོ་ཆེ་ཡིས་མ་འོངས་ཡང་སྲིད་ཐད་ལུང་བསྟན་ཕྱག་བྲིས་ཤིག་གནང་སོང་། དེའི་རྗེས་སུ་རུམ་བཏེགས་དགོན་ནས་ཀྱང་ཕྱོགས་མཚུངས་ཀྱི་ཕྱག་བྲིས་ཤིག་གནང་སོང་། ཕྱག་འཕྲིན་འདི་གཉིས་ཀ་ང་རང་གིས་དངོས་སུ་མྱོང་ལ། དེ་གཉིས་ཀའི་ནང་དུ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཀརྨ་པ་བཅུ་བདུན་པ་ཡིན་པ་དངོས་སུ་གསལ་འདུག
༣ བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་གཙོ་འཛིན་རྣམས་ཏེ། རྒྱལ་བ་རིན་པོ་ཆེ་དང་ས་སྐྱ་གོང་མ་རིན་པོ་ཆེ་སོགས་ཀྱིས་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ཀརྨ་པ་བཅུ་བདུན་པར་ངོས་ལེན་གནང་ཡོད།
གོང་གསལ་ལྗགས་ལན་འདི་བཞིན་རྒྱ་རིགས་བཀའ་རྒྱུད་པའི་རྗེས་འཇུག་པ་ཚོས་ཀརྨ་པ་བཅུ་བདུན་པ་དངོས་མ་སུ་ཡིན་མིན་ཐད་ཁྲ་འགུ་རིན་པོ་ཆེར་ནན་ཞུ་གནང་བ་ཞིག་རེད་ལ། ལྗགས་ལན་འདིར་བསམ་ཚུལ་ལམ། འགྲེལ་བཤད་མ་འདྲ་བ་ཡོད་དམ། ཤར་རྒྱག་བྲིས་པ་ཡིན་སྟབས། ཡིག་ནོར་ཡོད་ན་དགོངས་དག་ཞུ།
ཕྱག་འཕྲིན་དེ་གཉིས་ཀ་ང་རང་གིས་དངོས་སུ་མཐོང་མྱོང་ལ་བཅོས་རོགས།
ཀརྨ་པ་ལྔ་ཡོད་པ་དེ་རིང་བར་མ་ཤེས། མཐོང་ཐོས་རྒྱ་ཆུང་བས་ལོས་ཡིན
དྲ་གྲོགས་རྣམ་པར་རྣ་བའི་བདུད་རྩི་དང་ཐུགས་ཀྱི་གསོས་སྨན་ཕྱིར་རྒྱལ་དབང་བཅུ་བདུན་པའི་གསུང་ཞིག་འདིར་དྲངས་ཡོད། བློ་ལྡན་རྣམ་པས་བློ་གཟུ་བོར་གནས་ནས་གཟིགས་འཚལ།
རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་དང་མཐུན་པའི་གོམ་པ་གཅིག་ཡིན་ཡང་སྤོ་དགོས་པ་ལས། ཕྱིར་བཤོལ་བྱ་མི་ཉན།
དཔལ་༧རྒྱལ་དབང་ཀརྨ་པས།
དེ་རིང་འདིར་ཁྱེད་རང་ཚོ། བལ་ཡུལ་དང་རྒྱ་གར་ཁུལ་གྱི་བཀའ་བརྒྱུད་དགོན་ཁག་བཅུ་དགུ་ཙམ་ནས་དགོན་པའི་དབུ་ཆོས་དང་། དེ་མིན་སྐུ་ཚབ་བཅས་ཕེབས་ཡོད་པ་རེད། དེ་རིང་འདིར་ངས་ཁྱེད་རང་ཚོ་སྐད་བཏང་དོན་གཙོ་བོ་བཀའ་བརྒྱུད་སྨོན་ལམ་སྐོར་ལ་སོ་སོའི་བསམ་ཚུལ་ཏོག་ཙམ་ཡོད་པ་དེ་བཤད་དགོས་བསམ་པ་རེད།
དེ་ལ་དང་པོ་རང་གི་ལོ་རྒྱུས་ལ་མཚོན་ན།
རང་ལོ་ཆུང་ཆུང་སྐབས་ཕ་ཡུལ་དུ་ཕྲུ་གུ་ཕལ་པ་ནང་བཞིན་འཚོ་བ་སྐྱེལ་པ་རེད། དེ་རྗེས། བཀའ་བརྒྱུད་པ་རྣམས་ཀྱིས་ཀརྨ་པའི་མཚན་ཆེན་པོ་ཆགས་བྱས། བཀའ་བརྒྱུད་ཀྱི་དོན་ལ་བསམ་བློ་བཏང་དགོས་ཡག་རང་བཞིན་གྱིས་ཡོང་གི་ཡོད། སྤྱིར་བཏང་ང་རང་ངོས་ནས་དྲང་པོར་བརྗོད་ན། རྗེ་བཙུན་ཀརྨ་པ་སྐུ་གོང་མ་རྣམ་པ་ཚོའི་ཐུགས་རྗེ་འཕྲིན་ལས་ལ་འགྲན་ཐུབ་ཡག་འདྲ་པོ་གང་ཡང་མེད་ན་ཡང་། དུས་དབང་གིས་འདི་འདྲ་བྱུང་བ་རེད། ད་བཀའ་བརྒྱུད་སྨོན་ལམ་སྐོར་ལ་དངོས་སུ་སྐད་ཆ་བཤད་ན། བཀའ་བརྒྱུད་སྨོན་ལམ་ཟེར་ཡག་འདི་ང་ཚོ་རྒྱ་གར་ལ་བསླེབས་རྗེས་བྱུང་བ་ལྟ་བུ་མ་ཡིན་པར། མི་ལོ་སུམ་བརྒྱའི་སྔོན་ནས་ཀརྨ་པ་ཆོས་གྲགས་རྒྱ་མཚོ། དེ་བཞིན་ཀརྨ་པ་མི་བསྐྱོད་རྡོ་རྗེ། ཀརྨ་པ་དགུ་པ་དབང་ཕྱུག་རྡོ་རྗེ། ཀརྨ་པ་ཆོས་དབྱིངས་རྡོ་རྗེ་ལ་སོགས་པའི་དུས་སྐབས་ནའང་། མཚན་བཀའ་བརྒྱུད་སྨོན་ལམ་ཞེས་དངོས་སུ་མ་སྨོས་ཀྱང་། བཀའ་བརྒྱུད་པ་ཚང་མ་རུབ་རུབ་བཟོས་ནས་སྟོན་པའི་བཀའ་དྲིན་རྗེས་སུ་དྲན་པ་དང་། དེ་བཞིན་འཛམ་གླིང་ཁོར་ཡུག་བདེ་སྐྱིད་ལྡན་པའི་གསོལ་འདེབས་སྨོན་ལམ་གནང་བྱས་དོན་ལ་བཀའ་བརྒྱུད་སྨོན་ལམ་འདྲ་པོ་ཡོད་འདུག
དེ་ཡང་། ཀརྨ་པ་ཆོས་གྲགས་རྒྱ་མཚོའི་དུས་ལ་ཆ་བཞག་ན། སྟོན་པའི་དུས་ཆེན་བཞི་དང་ལྷག་པར་ཆོ་འཕྲུལ་དུས་ཆེན་ལ་སྨོན་ལམ་རྒྱ་ཆེན་པོ་ཞེ་དྲག་གནང་སྲོལ་ཡོད། དེ་དུས་སྒར་ཆེན་རྟེན་ཁྲོད་ཀྱི་རྟེན་གནྡྷོ་ལས་དབུས་པའི་རྟེན་རྫས་བསམ་གྱིས་མི་ཁྱབ་པ་དེ་དག་བཤམས། དེའི་མདུན་དུ། གསེར་སེར་པོ་དང་། གསེར་སྨུག་པོ་སོགས་འདྲ་མིན་མང་པོའི་མཆོད་རྫས་སྔར་བོད་ཡུལ་དུ་མཐོང་ཐོས་མེད་པ་དེ་འདྲ་ཉི་མ་རེ་རེ་བཞིན་དུ་བརྗེ་ཞིང་བཤམས། དེའི་མདུན་ཀརྨ་པ་ཆོས་གྲགས་རྒྱ་མཚོ་རང་ཉིད་སྲབ་སྟན་ནས་གུས་ཕྱག་གནང་གི་ཡོད། ཞོགས་པ་སྨོན་ལམ་གསུང་གི་ཡོད་ཅིང་དེ་སྐབས་ད་ལྟའི་ཆོས་སྤྱོད་ཆེན་མོར་ཡོད་པའི་སྨོན་ལམ་ཆེན་མོ་དེ་རྩ་ཆེན་པོར་བརྩིས་ཏེ་ཉིད་ཀྱི་ཞིང་སྦྱོང་སྨོན་ལམ་གྱི་ཚུལ་དུ་ཉིད་རང་གི་ལྗགས་ཐོག་ནས་གསུངས། དགོང་དྲོ། རྒྱ་བོད་ཀྱི་མཁས་གྲུབ་རྣམས་དང་ཆོས་རྒྱལ་ཚོའི་ལོ་རྒྱུས་གཏམ་བརྗོད་དང་ཟློག་གར་འདྲ་པོ་འཁྲབ་ཀྱི་ཡོད། ཆོ་འཕྲུལ་ཟླ་བ་སྟོན་པའི་དུས་ཆེན་དང་བོད་ཀྱི་ལོ་གསར་གཉིས་འཛོམས་ཀྱི་དུས་ཆེན་ཡིན་དུས། སྐྱེས་བུ་དད་པ་ཅན་རྣམས་ནམ་རྒྱུན་ཀརྨ་པ་ཆོས་གྲགས་རྒྱ་མཚོས་མཇལ་ཁ་ཞེ་དྲག་གནང་སྲོལ་མེད་པར་ཉི་མ་ལྔ་དྲུག་ཙམ་གྱི་ནང་ལ། ཇ་གྲལ་དུ་ཁྱུག་ཙམ་མཇལ་བ་ལས་དུས་ཚོད་རིང་པོར་མཇལ་རྒྱུའི་སྐལ་པ་གནང་གི་མེད། སྨོན་ལམ་གསུང་བའི་ཞོགས་པར་གསུང་ཆོག་གནང་བྱས་བཞུགས་ཡུན་རིང་པོ་ཡོད་དུས་དད་ཅན་རྣམས་ཞལ་མཇལ་ཁོ་ནའི་ཆེད་དུ་ཡོང་གི་ཡོད།
སྐྱེ་བོ་ཐ་མལ་པ་དེ་ཚོ་ནི། སྒར་པ་ལོ་གསར་ཟེར་དུས་ལྟད་མོ་ཡང་རབ་དང་ཉིང་རབ་དུ་བརྩིས་ནས་ལྟད་མོ་བལྟ་བའི་ཆེད་དུ་ཡོང་གི་རེད་ཅེས་ལོ་རྒྱུས་ནང་འཁོད་ཡོད། མདོ་དོན་ང་ཚོ་ཚང་མས་རྗེ་བཙུན་གོང་མ་རྣམས་ཀྱི་རྗེས་འཇུག་དུ་ཁས་འཆེས་པ་ལྟར་དོན་ངོ་མའི་ཐོག་ལ་དེ་ག་ནང་བཞིན་ཡོང་ཐུབ་པ་ཞིག་དགོས་པ་ཡིན་་དུས་རྗེ་བཙུན་གོང་མ་དེ་ཚོས་འདས་པའི་ལོ་རྒྱུས་རིང་མོའི་ནང་མཛད་པ་རྣམ་ཐར་གང་འདྲ་བསྐྱངས་འདུག དེ་ང་ཚོས་ཞིབ་འཇུག་བྱས་རྗེས། དེང་སང་བསྐལ་ངན་འདི་འདྲའི་དུས་སུ་ཡང་། དེ་དག་ཉམས་ལེན་བྱེད་ཐུབ་དགོས་པ་ཤིན་ཏུ་གལ་ཆེ།
ངས་ཀྱང་སྔོན་གྱི་རྒྱལ་བ་གོང་མ་ཚོའི་རྣམ་ཐར་མང་པོ་བལྟས་པའི་ཉེར་ལེན་གྱིས། བཀའ་བརྒྱུད་སྨོན་ལམ་འདི་ད་ལྟ་བར་དུ་ཡག་པོ་བྱུང་བ་ཙམ་མིན་པར། ད་དུང་། ཡག་ཐོག་ཡག་བརྩེགས་ཡར་རྒྱས་དང་ལྡན་པ་བྱུང་ན་བསམ་པ་རེད།
དང་པོ་གསུང་ཆོག་སྐོར་ལ།
དུས་རྒྱུན་བཀའ་བརྒྱུད་སྨོན་ལམ་གྱི་་ཞལ་འདོན་ཕྱོགས་སྒྲིག་དེབ་དམར་པོ་དེས་མ་འགྲིག་པ་གང་ཡང་མི་འདུག་ཏེ་ཡིན་ཡང་། ཀརྨ་པ་ཆོས་གྲགས་རྒྱ་མཚོས་གསུང་པའི་སྨོན་ལམ་གྱི་ཆོ་ག་ཡན་ལག་ཉི་ཤུ་པ་བྱ་བ་ཞིག་ཡོད། རྗེ་བདུན་པའི་སྐབས་སྒར་གྱི་ཆོ་འཕྲུལ་སྨོན་ལམ་སོགས་སུ་ཆོ་ག་དེ་རང་མཛད་ཀྱི་ཡོད། ངར་དེ་འདྲའི་དཔེ་རྙིང་གཅིག་ལག་པར་ཐེབས་སོང་བ་མཇལ་ཡོང་དུས་ཧ་ཅང་ཡག་པོ་འདུག མདོ་ཆོག་རང་བྱས། སངས་རྒྱས་ཀྱི་གསུང་རང་བྱས་པ་ཞིག་ཡིན་འདུག གཞན་མ་གཏོགས་ཞལ་འདོན་ཕྱོགས་སྒྲིག་ཁ་ཤས་ནང་རང་ལུགས་ཀྱི་ཞལ་འདོན་མང་པོ་བཅུག་ནས། སྨོན་ལམ་ལ་ཕེབས་མཁན་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པ་མང་པོ་ཡོད་པས། ཁོང་ཚོས་ཞལ་འདོན་དེ་ཚོ་གསུང་ཡོང་དུས་དོགས་མ་བདེ་བ་ཅུང་ཟད་ཡོང་གི་ཡོད་པ་འདྲ། དེས་ན། སངས་རྒྱས་ཀྱི་གསུང་རང་ཡིན་ན་ཚང་མས་གུས་བཀུར་ཞུ་ཡག་རེད་མ་གཏོགས་དོགས་པ་རྣམ་རྟོག་དགོས་པ་ཅི་ཡང་མེད། ཡིན་དུས་ཙ་ན། ཀརྨ་པ་ཆོས་གྲགས་རྒྱ་མཚོས་གསུངས་པའི་ཆོ་ག་དེ་ང་ཚོས་མ་འོངས་པར་དེ་རང་འདོན་ཐུབ་ན་ཡག་པོ་འདུག ངས་ད་ལྟ་དེ་ལ་ཞུ་དག་དང་ཕྱོགས་སྒྲིག་བྱེད་ཀྱིན་ཡོད། སྨོན་ལམ་གྱི་ཆོ་ག་ཡན་ལག་ཉི་ཤུ་པ་ཐོག་མར་གསུངས་ས་དེ་ཀོང་ཡུལ་གསའ་ཕུར་ལྷ་བབས་དུས་ཆེན་གྱི་ཟླ་བ་དགུ་པའི་ཚེས་བཅོ་ལྔ་ནས་དབུ་བཙུགས། དེ་ཕྱིན་སངས་རྒྱས་ཀྱི་དུས་ཆེན་ག་དུས་ཡིན་ཡང་ཆོ་ག་དེའི་ཐོག་ནས་ཐུགས་སྨོན་མཛད་ཀྱི་ཡོད། དེ་ཐམས་ཅད་ལ་འཇའ་གུར་མེ་ཏོག་གི་ཆར། ཀོང་པོར་རྒོད་མི་འོང་ཡང་རྒོད་ཀྱི་བསྐོར་བ་བྱེད་པ། ས་གཞིར་མེ་ཏོག་སྐྱེ་བ། ཆར་དྲི་ཞིམ་པོ་ཅུང་ཟད་འབབ་པ་སོགས་ངོ་མཚར་རེ་རེ་བཞིན་དཔག་ཏུ་མེད་པ་བརྗོད་ཀྱིས་མི་ལང་བ་འབྲིར་མི་ཐུབ་པ་དེ་འདྲ་ཡོད་ཅེས་ཆོས་འབྱུང་མཁས་པའི་དགའ་སྟོན་དང་ཀཾ་ཚང་ཆོས་འབྱུང་སོགས་སུ་གསུངས་ཡོད།
དེས་ན་ང་ཚོས་རྩ་བའི་གསུང་ཆོག་དེའི་ཐོག་ནས་བྱས། དེ་སྟེང་ལྷན་ཐབས་ཐོལ་པ་འགའ་ཤས་སྦྱར་ཡག་ཡོང་སྲིད་ཀྱི་རེད། དཔེར་ན། སྔོན་སངས་རྒྱས་ཀྱི་བསྟོད་པ་རྒྱ་གར་གྱི་སློབ་དཔོན་ཚོས་མཛད་པ་ལས་གྲགས་ཆེ་བ། ཁྱད་པར་འཕགས་བསྟོད། ལྷ་ལས་ཕུལ་བྱུང་། བསྔགས་འོས་བསྔགས་བསྟོད། བསྟོད་པ་བརྒྱ་ལྔ་བཅུ་པ་སོགས་བསྟོད་ཆེན་དེ་རིགས་འདོན་ཐུབ་ན་ཡག་པོ་ཡོད་པར་བསམ། དེ་བཞིན་ང་ཚོས་ནམ་རྒྱུན་སྨོན་ལམ་ལ་ཞབས་བརྟན་གསུང་ཙ་ན། མང་ཆེ་བ་ཀཾ་ཚང་གི་དེ་དག་གསུངས་ཀྱི་ཡོད། དེ་དགོས་དགོས་པ་རེད་དེ། སྔོན་མ་ཡིན་ན་ཀཾ་ཚང་སྨོན་ལམ་ཟེར་བ་མ་གཏོགས་མེད། ད་ལྟ་བཀའ་བརྒྱུད་སྨོན་ལམ་ཞེས་མིང་རྫིག་པོ་ཞིག་བཏགས་ཚར་དུས་གསུང་ཆོག་དེ་ཡང་རླབས་ཆེན་ཞིག་མེད་ན་མིང་ཆེ་དོན་སྟོང་། མིང་དོན་མ་མཚུངས་པ་ཞིག་ཡོང་ས་རེད།
ང་ཚོས་བཀའ་བརྒྱུད་སྨོན་ལམ་དེ་རིས་མེད་ཀྱི་བསྟན་པ་རྒྱས་པའི་ཆེད་དུ་དང་། ལྷག་པར་བཀའ་བརྒྱུད་ཀྱི་བསྟན་པ་རྒྱས་པའི་ཆེད་དུ་ཚུགས་ཀྱི་ཡོད། ང་ཚོས་འབྲི་འབྲུག་སྟག་ལུང་སོགས་ཀྱི་བླ་མ་བསྟན་པའི་བདག་པོ་དེ་ཚོའི་ཞབས་བརྟན་གསུངས་དགོས་ཡག་རེད། དེ་མིན་ཕྱོགས་ཞེན་ལྟ་བུ་ཆགས་ཏེ་བཀའ་བརྒྱུད་ཀྱི་མཐུན་སྒྲིལ་ལ་གནོད་པའི་བཟོ་འདུག དེ་དང་མཉམ་དུ་གསུང་ཆོག་གསུང་དུས་ཀྱི་དབུ་མཛད་ནི་གནས་སྐབས་རིང་ཀཾ་ཚང་གི་གདན་ས་ཆེན་མོ་རུམ་བཏེག་དང་ཤེས་རབ་གླིང་གཉིས་ཡིན་དུས། དེ་གཉིས་ཀྱི་དབུ་མཛད་ཁྲི་པ་གཉིས་ནས་ཉིན་རེ་མོས་ཀྱིས་སྨོན་ལམ་དབུ་མཛད་གནང་དགོས། དེ་སྐབས་ཀྱི་གསུང་ཆོག་གནང་སྟངས་སྐོར་དུས་རྒྱུན་དང་མི་འདྲ་བ་ཅུང་ཟད་ཡོད་པས་ངས་རྗེས་མར་བསླབ་དགོས་བསམ་གྱི་ཡོད།
གཉིས་པ་ཚོགས་སྒྲིགས་ཀྱི་སྐོར་ལ་བཤད་ན།
ངེད་ཅག་ཚང་མ་སྟོན་པ་སངས་རྒྱས་ཀྱི་རྗེས་སུ་འཇུག་པ་ཡིན་པས་སྟོན་པའི་བསླབ་པ་གསུམ་ལ་བརྩི་བཀུར་བྱེད་དགོས། རབ་བྱུང་ཡིན་ན་རབ་བྱུང་གི་ཁྲིམས་ལ་བརྩི་བསྲུང་བྱེད་དགོས། དགེ་བསྙེན་ཡིན་ན་དགེ་བསྙེན་གྱི་ཁྲིམས་ལ་བརྩི་བསྲུང་བྱེད་དགོས། དེས་ན་བཀའ་བརྒྱུད་སྨོན་ལམ་ལ་ཕེབས་མི་དགེ་སློང་དང་དགེ་ཚུལ་སོགས་ཀྱང་ཡོད་དང་ཡོད་རེད་དེ་ཡིན་ཡང་། སོ་སོའི་རྟགས་ཚང་བ་ཅིག་ཕལ་ཆེར་ཡོང་གི་མེད་པ་འདྲ། དཔེར་ན་དགེ་སློང་ཡིན་ཡང་སྣམ་སྦྱར་ཕལ་ཆེ་བ་ལ་ཡོད་པ་མ་རེད། མཐང་གོས་མེད་པ་མང་། ལྷུང་བཟེད་མེད་པ་མང་བས་གནས་སྟངས་སྐྱོ་པོ་འདུག སྔར་གྱི་བཀའ་བརྒྱུད་གོང་མའི་དགོན་སྡེ་ཚོའི་བཅའ་ཡིག་ནང་དགེ་སློང་ཡིན་ཚད་ལ་ཆོས་གོས་རྣམ་པ་གསུམ། གདིང་བ། ལྷུང་བཟེད། དེ་དག་ཡིན་ཅིག་ཚང་དགོས་ཀྱི་རེད་གསུངས་འདུག་ལ། དེ་ཡང་ཀརྨ་པ་མི་བསྐྱོད་རྡོ་རྗེས། ཀརྨ་གཞུང་ལུགས་གླིང་གི་བཅའ་ཡིག་ཏུ་དགེ་འདུན་གྱི་སྡེ་འདིར་ཆོས་གོས་རྣམ་པ་གསུམ། ལྷུང་བཟེད། གདིང་བ། ཆུ་ཚགས་སོགས་ཆོས་འདི་པའི་རྟགས་ཅིས་ཀྱང་ཚང་བར་བྱེད་དགོས་ཞེས་ནན་ཏན་བཀའ་བསྩལ་ཡོད་པ་རེད།
དེས་ན་ང་ཚོའི་བཀའ་བརྒྱུད་སྨོན་ལམ་ཚུགས་དུས་སྔོན་ལ་དགེ་ཚུལ་མང་པོ་ཡོད་སྟབས་དེ་དག་ལ་མགྱོགས་མྱུར་གྲ་སྒྲིག་མ་ཐོན་ཡང་དགེ་སློང་དེ་དག་ལ་ཆོས་གོས་རྣམ་གསུམ། ལྷུང་བཟེད། གདིང་བ་བཅས་ངེས་པར་ཚང་དགོས་ཀྱི་འདུག དེ་ཐོག་ཟླ་གམ་གཅིག་དགོས་མཁོ་འདུག གང་ཡིན་ཟེར་ན་རྡོར་གདན་དུ་སྔ་དགོང་གནམ་གཤིས་གྲང་མོ་ཡོད་སྟབས་སྟོད་གོས་གྱོན་ན་མི་འགྲིག གཟན་བསྟུམས་བྱས་ན་ཡག་པོ་མེད་སྟབས་ཟླ་གམ་གཅིག་ཡོད་ན་དྲོ་དྲོ་མོ་སྐྱིད་སྐྱིད་མོ་ཞིག་ཡོང་གི་རེད་ལ་ལུགས་དང་མཐུན་པ་ཞིག་ཀྱང་རེད།
ཆོས་གོས་རྣམ་པ་གསུམ་ནི། བླ་གོས། མཐང་གོས། སྣམ་སྦྱར་བཅས་ཡིན། དེ་དག་དགོས་པ་གལ་ཆེན་པོར་མཐོང་ནས་ཁྱེད་རང་ཚོ་དགོན་པ་སོ་སོའི་སྐུ་ཚབ་སྐད་བཏང་ནས་ངས་ཀྱང་ཞལ་འདེབས་ཅུང་ཟད་ཕུལ་ཏེ་དགོན་པ་སོ་སོའི་དགེ་སློང་དེ་དག་ལ་མཐང་ཤམ། ཆོས་གོས། སྣམ་སྦྱར་དང་ད་དུང་དངོས་གནས་བྱས་ན་མཐང་ཤམ་གྱི་ནང་དུ་ཤམ་ཐབས་གྱོན་དགོས་པ་རེད་དེ་ང་ཚོས་ད་ལྟ་གྱོན་བཞིན་པའི་ཤམ་ཐབས་འདི་མཐང་ཤམ་གྱི་འོག་ཏུ་གྱོན་དགོས་ན་འཐུག་པོ་ཆགས་ཀྱི་རེད། དེའི་ཚབ་ལ་ང་ཚོས་སྨད་གཡོག་ལྟ་བུ་ཞིག་གྱོན་ན་བསམ་གྱི་འདུག དེ་ཚོའི་ཁ་དོག་ཀྱང་རུང་བའི་ཁ་དོག་གསུམ་དུ་གསུངས་པས། ངས་སང་ཉིན་ཁ་དོག་གི་དཔེ་མཚོན་ཞིག་ཁྱེད་ཚོར་སྤྲད་ཡོང་། ཆོས་གོས་རྣམ་གསུམ་བསྣབས་ལུགས་ཀྱང་ལུགས་མཐུན་ཞིག་དགོས་ཀྱི་ཡོད། དེ་ཡང་ཀརྨ་པ་མི་བསྐྱོད་རྡོ་རྗེས་ཆོས་གོས་རྣམ་གསུམ་ཟླུམ་པོར་བགོ་བ་ལས། གཞན་ཁ་བསྟུམས་དང་། ཟུར་དཀྲིས་དང་། གཤལ་གྱོན་བྱེད་མི་ཆོག་པར་གསུང་འདུག ལྷག་པར་ཤམ་ཐབས་དང་མཐང་གོས་དག་རྐང་པའི་བོལ་སྟེང་དུ་སླེབ་ཙམ་ལས་དེ་ལས་འཇོལ་བར་མི་བྱེད། སྟོད་འགག་སོགས་ཀྱང་སྐ་རགས་ཀྱི་ནང་དུ་ཚུད་པར་བྱ། འདུལ་བ་ལས་ཡོ་བྱད་བྱིན་རླབས་གསུངས་པ་ལྟར། དགེ་སློང་སོ་སོའི་སྣམ་སྦྱར་སོགས་ལ་བྱིན་རླབས་ཞུ་དགོས་པས། བཀའ་བརྒྱུད་སྨོན་ལམ་ཚུགས་སྐབས། ངའི་རེ་བ་ལ་དགེ་སློང་ཚང་མ་ཞོགས་ལྟར་ཐེག་ཆེན་གསོ་སྦྱོང་ལེན་རྒྱུ་དང་། དེ་ཐོག་དགེ་སློང་མ་ཡིན་པ་དང་། དགེ་ཚུལ་དང་ཁྱིམ་པ་ཕོ་མོ་རྣམས་ནས་ཀྱང་མོས་བློ་ཡོད་ན་རང་འདོད་བཞིན་གསོ་སྦྱོང་ལེན་ཆོག་པ་དང་། ཕྱི་དྲོའི་ཁ་ཟས་སྤོངས་བར་མཛད་དགོས། ཉིན་དང་པོའི་གསོ་སྦྱོང་སྐབས་གསོ་སྦྱོང་གནང་མཁན་འདུས་ཚོགས་དེའི་ནང་ནས་དགེ་སློང་བསླབ་པ་བགྲེས་པ་བཞི་སྡེ་ཞིག་ནས་ཐེག་ཆེན་གསོ་སྦྱོང་གནང་རྒྱུ་དང་། དེ་དང་དུས་མཚུངས་ཡོ་བྱད་བྱིན་རླབས་གནང་རྒྱུ་ཡིན།
ཚོགས་ལ་ཕེབས་སྐབས། དགེ་སློང་རྣམས་ཀྱིས་མཐང་ཤམ་དང་མཐང་ཤམ་གྱི་གཟན་གྱོན། རྔུལ་གཟན་གྱི་སྟེང་དུ་ཆོས་གོས་ཟླུམ་པོར་བགོས། སྣམ་སྦྱར་ཕྲག་པར་གཟར། ཟླ་གམ་རྒྱབ་ཏུ་གྱོན། རྩེ་ཞྭ་དང་ལྷུང་བཟེད་བསྣམས་ཏེ། གྲལ་ཕྱག་གསུམ་བཅས་ཚོགས་གྲལ་དུ་འཁོད། གསུང་ཆོས་ལ་ཕེབས་སྐབས་ལའང་སྣམ་སྦྱར་ཕྲག་ཏུ་གཟར། ཆོས་གོས་ཟླུམ་པོར་བགོ་བ་ལས་གཞན་ལྷུང་བཟེད་དང་ཟླ་གམ་དབུ་ཞྭ་སོགས་བསྣམས་མི་དགོས། བླ་མ་ཕེབས་སྐབས་དབུ་ཞྭ་གུས་པ་དང་བཅས་པས་ལག་ཏུ་འཛིན། བཞུགས་དུས་གཡས་ཕྱོགས་སུ་བཞག ཚོགས་ཚུགས་སྐབས་དང་གསུང་ཆོས་ཞུ་སྐབས་རང་ཉིད་ཆབ་གསང་སོགས་ཀྱི་ཆེད་དུ་གཞན་དུ་འགྲོ་དགོས་འཁེལ་ན། མ་འགྲོ་གོང་ལ་དགོངས་ཞུའི་ཚུལ་དུ་ཕྱག་གསུམ། ཕྱིར་འཁོར་ནས་བཟོད་གསོལ་གྱི་ཆེད་དུ་ཕྱག་གསུམ་འཚལ་དགོས་པ་རྒྱུད་ལས་གསུངས།
ང་ཚོས་དུས་རྒྱུན་བསྣབས་པའི་ཞྭ་ཁྲ་དེར་སྔར་སྒོམ་ཞྭ་ཞེས་སྒོམ་ཆེན་ཚོས་མ་གཏོགས་མི་བསྣབས་པ་འདྲ། རྩེ་ཞྭ་དགོས་པ་ནི་ཀརྨ་པ་མི་བསྐྱོད་རྡོ་རྗེས་གྲྭ་ཚང་ཚོའི་བཅའ་ཡིག་ཏུ་གཙུག་ཞྭ་ངེས་པར་དགོས་གསུངས་འདུག་ཅིང་། སྔར་གདན་ས་མཐིལ་སོགས་སུ་རྩེ་ཞྭ་བསྣབས་པའི་རྒྱུ་མཚན་གྱིས་ཡིན། ཚོགས་ལ་བཞུགས་པའི་སྐབས་སུ་སྔོན་གྱི་བཅའ་ཡིག་འགའ་ཞིག་ལས། རྣམ་སྣང་ཆོས་བདུན་དང་ལྡན་པར་གསུངས་ཀྱང་དེ་འདྲ་བྱེད་ཁག་པོ་ཡིན་པས། དེ་དང་ཆ་མཐུན་ཞབས་སེམས་དཔའི་སྐྱིལ་ཀྲུང་། ཕྱག་མཉམ་བཞག སྒལ་ཚིགས་མདའ་ལྟར་བསྲང་། མགྲིན་པ་ཨོལ་མདུད་ནོན་ཙམ་དུ་བཀུག མིག་སྣ་རྩེར་ཕབ། རབ་བྱུང་ན་བྱང་ཆུབ་ཀྱི་སེམས་དང་ཕྱག་རྒྱ་ཆེན་པོ་ལས་མ་གཡོས་པར་ཆོས་སྤྱོད་ཀྱི་རིམ་པ་ལ་འཇུག་ནས་འདོན་སྒོམ་སྦྲགས་མ་བྱེད་དགོས་ཀྱང་། བརྒྱ་ལ་དེ་ལྟར་མ་བྱུང་ན་འདོན་པ་འདོན་སྐབས་སྐད་ཆ་བཤད་པ་དང་། ཁ་གཡེང་མིག་གཡེང་བྱས་པ་སོགས་སྤངས་ནས་འདོན་པ་ཡག་པོ་ཞིག་གསུང་རྒྱུ་གལ་ཆེ་བ་ཡིན། དེ་མིན་འདོན་པ་འདོན་པ་མེད། སྒོམ་སྒོམ་མེད་པའི་གསུང་ཆོག་དེ་འདྲས་རང་གཞན་བསླུས་པ་ཡིན། ཚོགས་གྲལ་གྱི་སྒྲིག་འདི་དགེ་སློང་ཁོ་ན་མིན་པར་དགེ་ཚུལ་དང་། དགེ་བསྙེན་སོགས་ནས་ཀྱང་དེ་ལྟར་དགོས་པ་རེད།
ད་དུང་ཚོགས་གྲལ་དུ་སྐྱིལ་ཀྲུང་པུས་གཤིབས་ཀྱིས་སྡོད་དགོས་པར་གསུངས་པ་ལྟར་རྒྱབ་མདུན་ཆ་མ་སྙོམས་པས་མི་མཛེས་པ་མིན་པར། གྲལ་དྲང་པ་དང་གུ་ཡངས་སུ་བཞུགས་ནས། ཇ་འདྲེན་དགེ་བསྐོས་སོགས་ཕེབས་ལམ་རྒྱ་ཆེ་བ་ཞིག་དགོས།
ཚོགས་སུ་བསླབ་པ་རྒན་གཞོན་གྱི་རིམ་པས་བཞུགས་པ་ལས་འདུལ་བ་དང་མི་མཐུན་པའི་གྲལ་གྱི་གོ་རིམ་མི་བཟོ། དགེ་སློང་རྣམས་ནས་གསོལ་ཇ་མ་མཆོད་པའི་གོང་དང་ཕྱག་འགྱེད་མ་བཞེས་པའི་སྔོན་དུ་ཐལ་མོ་སྦྱར་ཏེ་ཡོན་སྦྱོང་བའི་གཟུངས། ན་མོ་བྷ་ག་བ་ཏེ། སུ་མེ་རུ་ཀལྤ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀ་སམ་བུདྡྷཱ་ཡ། ཏདྱ་ཐ། ཨོཾ་ཀལྤེ་ཀལྤེ་མ་ཧཱ་ཀལྤེ་ཀལྤེ་པ་རི་ཤོ་དྷ་ནི་སྭ་ཧཱ། ཞེས་གསུངས་ནས་ལག་པ་གཉིས་ཀྱིས་གུས་པ་དང་བཅས་པས་ཕྱག་འགྱེད་དང་བཞེས་ཕོར་ལེན་དགོས་པ་ལས་མ་གུས་པ་མི་བྱ། སྔགས་འདི་དགེ་སློང་ཚོས་བློ་འཛིན་བྱས་ཏེ་དཀོར་ཟས་ཀྱི་ཉེས་པ་སྦྱོང་བ་ལ་འབད་དགོས།
གསུམ་པ་བཞུགས་སྟན་གྱི་སྐོར་ལ་བཤད་ན།
ཀརྨ་པ་ཆོས་གྲགས་རྒྱ་མཚོའི་སྐུ་དུས་སུ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་སོགས་ཚུགས་སྐབས། ཀརྨ་པ་ཆོས་གྲགས་རྒྱ་མཚོ་རང་ཉིད་སྲབ་སྟན་ལས་ཁྲི་ཐོག་ཏུ་བཞུགས་སྲོལ་ཡོད་པ་མ་རེད། དེ་བཞིན་ང་ཚོས་ཀྱང་ནང་པའི་གནས་ཆེན་རྡོ་རྗེ་གདན་གྱི་མདུན་དུ་ཕྱག་མཆོད་སྨོན་ལམ་བྱེད་སྐབསཁྲི་མཐོ་བོ་ཞིག་རྒྱབ་ནས་འདུག་དུས་ཅུང་ཟད་མ་ལེགས་པ་མཐོང་བས། བཀའ་བརྒྱུད་གོང་མའི་མཛད་སྲོལ་ལྟར་ང་རང་ནས་གཙོས་ཚང་མས་གདིང་བ་ཙམ་ཞིག་བཏིང་ནས་འདུག་རྒྱུ་དང་། ཆོས་འཆད་པ་དང་། དབང་བསྐུར་བའི་དུས་སུ་འཆད་པ་པོ་ལ་ཆོས་ཀྱི་ཆེ་བ་འདོན་པའི་ཕྱིར་ཁྲི་ཞིག་རྒྱབ་ན་རུང་། འགའ་ཤས་ཀྱིས་བཀའ་བརྒྱུད་ཀྱི་བསྟན་པ་ཡར་འགྲོ་དགོས་པ་མ་གཏོགས་ཁྲི་ཕབ་ན་མི་ལེགས་པ་སོགས་ཀྱི་དགོངས་ཚུལ་ཡོང་སྲིད་མོད། སྔར་རང་རེ་བཀའ་བརྒྱུད་ཀྱི་བསྟན་པ་བཤད་སྒྲུབ་ལས་གསུམ་དར་བའི་སྐབས་སུ་ཡང་དེ་འདྲ་གནང་ཡོད་འདུག་ཅིང་། རྒྱལ་བ་གོང་མ་རྣམས་ཀྱི་ཞེན་ལོག་དང་ཁེངས་སྐྱུངས་ཀྱི་རྣམ་ཐར་དང་མཐུན་པས་བཀའ་བརྒྱུད་ཀྱི་བསྟན་པ་དར་བ་ལ་ཕན་པ་མ་གཏོགས་གནོད་མི་སྲིད་པས་རྣམ་རྟོག་མི་བྱ། དེ་བཞིན་དགོན་པ་སོ་སོའི་དགེ་བསྐོས་རྣམས་ལ་ལས་འགན་ཆེན་པོ་ཡོད། དགེ་བསྐོས་གདན་ཞིག་གི་སྟེང་དུ་བཞུགས་བསྡད་ན་གཡས་གཡོན་གྱི་སྒྲིགས་ལམ་ག་འདྲ་བྱུང་མིན་རིག་རྒྱུ་མ་རེད། དེ་ལས་གྲལ་སོ་སོར་སྐོར་གཡེང་གནང་སྟེ་ཕེབས་དགོས། དང་པོ་ཚོགས་ཚུགས་དུས་དགེ་བསྐོས་སམ་དགེ་གཡོག་རྣམས་ནས་དགོན་པ་སོ་སོའི་དགེ་འདུན་པ་ཚོའི་མིང་ཐོ་གཤེར་ཏེ་ཚང་ཡོད་མེད་བལྟ་དགོས། དེ་མིན་གྲྭ་པ་མང་པོ་ཚོགས་མ་ཚུགས་པར་ཕྱི་ལོག་ཏུ་འཁྱམས་ནས་འགྲོ་ཡི་འདུག དགེ་བསྐོས་ཚོས་གཙོ་བོ་ཚོགས་གྲལ་གྱི་སྒྲིགས་ལ་ལྟ་རྟོག་བྱ་དགོས། སྒྲིགས་དང་འགལ་བ་བྱུང་ན་ལམ་སེང་ཕྱག་མ་བཀྱག་པར་ཐད་ཀར་བཀའ་སློབ་གནང་དགོས། ཁྲོམ་དཀྱིལ་དུ་བརྡུང་ན་མི་མཛེས་པ་རེད། དེང་སང་གྲྭ་པ་མང་པོས་ལྷམ་འདྲ་མིན་སྣ་ཚོགས་གྱོན་ཡོང་གི་འདུག དེ་ཁྱད་མཚར་ཞིག་དང་མིག་ལྟོས་ཡག་པོ་ཅིག་ཡོང་ས་མ་རེད། དེ་ཐད་ལུགས་མཐུན་གྱི་ལྷམ་བསྣབས་དགོས་པའི་དམ་བསྒྲག་དགོས་པ་འདུག དགེ་སློང་དགེ་ཚུལ་སོགས་ནས་དབུ་སྐྲ་བཞར་བ་ལས་རིང་པོར་མི་འཇོག
མདོར་ན། ཁྱེད་རང་ཚོས་ངས་གོང་དུ་ཞུས་པ་དེ་ཚོ་ཐུགས་ལ་ཡག་པོ་བཞག ང་རང་ཡང་རྗེ་བཙུན་ཀརྨ་པ་སྐུ་གོང་མ་རྣམས་རང་ཉིད་ཀྱི་བླ་མ་ནང་བཞིན་གྱི་འདུ་ཤེས་བཞག་པ་ལས། སོ་སོ་ཀརྨ་པ་ཡིན་བསམ་པའི་འདུ་ཤེས་ཀྱིས་ང་རྒྱལ་ཁེངས་དྲེགས་སོགས་ནི་ངའི་མི་ཚེར་འཛིན་མྱོང་མེད་ཟེར་ནའང་འགྲིག་པ་ཡོད། བླ་མ་དེ་རྣམས་ཀྱི་མཛད་འཕྲིན་ལ་ཞབས་འདེགས་ཞུ་ཐུབ་པ་དང་། དེ་ཙམ་དུ་མ་ཟད་བཀའ་བརྒྱུད་གོང་མ་ཚོའི་མཁས་ཤིང་གྲུབ་པའི་རྣམ་ཐར་གཙང་མ་སྙིགས་མའི་དུས་འདི་འདྲར་ཡང་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་དགོས་པ་དེ་ངའི་ལས་འགན་རེད། ང་ཙམ་མ་ཟད་ང་ཚོ་ཚང་མའི་ལས་འགན་རེད། དེར་བརྟེན་ཁྱེད་རང་ཚོས་ཀྱང་ལྷག་བསམ་དང་སེམས་ཤུགས་མ་ཆགས་པ་བྱས་ནས། སངས་རྒྱས་ཀྱི་བསྟན་པ་དར་རྒྱས་ཡོང་བ་དང་། བཀའ་བརྒྱུད་ཀྱི་བསྟན་པ་དར་རྒྱས་ཡོང་བ་ལ་འབད་བརྩོན་ཆེན་པོ་བྱ་དགོས། ལྷག་པར་དུ་སྨོན་ལམ་སྐབས་དགེ་སྦྱོང་གི་རྟགས་ཚང་བ་དང་། ཀུན་སློང་ཀུན་སྤྱོད་སོགས་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་དང་མཐུན་པའི་གོམ་པ་གཅིག་ཡིན་ཡང་སྤོ་དགོས་པ་ལས། ཕྱིར་བཤོལ་བྱ་མི་ཉེན། བསྐལ་ངན་དུས་ངན་རེད་བསམ་ནས་མ་བསྡད་པར་ལྷག་པར་བློ་རྒྱ་བསྐྱེད་དགོས། ང་ཚོ་བཀའ་བརྒྱུད་པ་ཚང་མས་བཀའ་བརྒྱུད་སྤྱི་ཡི་དོན་དེ་རང་དོན་ཡིན་བསམ་པའི་སེམས་འཁུར་ལེན་ཏེ། བསྟན་པ་སྤེལ་བ་ལ་འཕྱར་བ་གྲུ་འདེགས་པ་ལས། རང་གི་བཀའ་བརྒྱུད་དེ་བཀའ་བརྒྱུད་ཡིན་བསམ་པ་དང་། མིའི་བཀའ་བརྒྱུད་བཀའ་བརྒྱུད་མིན་བསམ་པའི་ལྟ་སྟངས་འཛིན་ན་ཆོས་སྤོངས་སུ་འགྱུར་བ་དང་། བཀའ་བརྒྱུད་ཀྱི་ཞབས་འདྲེན་དུ་འགྲོ་བ་ལས་རྒྱན་དུ་ཆེ་བ་མ་ཡིན།
སྤྱིར་བོད་གངས་ཅན་གྱི་ནང་པའི་ཆོས་བརྒྱུད་མཐའ་དག་ཆོས་བརྒྱུད་མ་འདྲེས་པ་གཅིག་ཀྱང་མེད་ཚང་མ་རྒྱལ་བ་རྡོ་རྗེ་འཆང་ནས་བརྒྱུད་པ་ཞེ་གཅིག་ཡིན། དེ་ལ་འཐེན་འཁྱེར་བྱས་ན་དམ་ཚིག་ཉམས་པ་ཡིན། དེ་དགེ་མཚན་དུ་རློམ་པ་བདུད་ཀྱིས་བསླུས་པ་ཡིན། དེས་ན། མ་འོངས་པར་བཀའ་བརྒྱུད་ཀྱི་བླ་ཆེན་གཞན་དག་ཀྱང་བཀའ་བརྒྱུད་སྨོན་ལམ་ལ་ཕེབས་ཐུབ་པའི་ཡིད་ཆེས་ཆེན་པོ་ཡོད། ངས་བསམ་བློ་འདྲ་
མིན་བཏང་དགོས་པ་འདེ་གཅིག་བྱས་ན་ཁྱེད་རང་ཚོའི་བསམ་བློར་ཕྲུག་གུའི་བསམ་སྟངས་ལྟ་བུ་དང་། གཉིད་མ་ཁུགས་པའི་ལས་ཀ་ལྟ་བུ་མང་པོ་བྱེད་ཀྱི་འདུག་བསམ་པ་ཡོད་སྲིད་ཀྱང་། སྤྱིར་བཏང་རང་ཉིད་སོ་སོའི་སྐྱེ་བོར་སོང་རང་གི་བྱས་ཚད་ཆོས་དང་མཐུན་པ་ཞིག་ཡོང་མིན་ཐེ་ཚོམ་ཡང་། གང་ཐུབ་ཐུབ་ཆོས་ལ་འགྲོ་བའི་དམིགས་འདུན་བཅང་ནས་ལས་ཀ་དེ་དག་བརྩམས་པ་ཡིན། དེས་རྒྱལ་བ་ཐམས་ཅད་ཐུགས་མི་དགྱེས་པ་མེད་པ་དང་། མ་འོངས་པའི་བཀའ་བརྒྱུད་ཀྱི་རྗེས་འཇུག་ཚོའི་མིག་ལྟོས་བཟང་པོར་འགྱུར་བའི་རེ་བ་ཡིན། ཐུགས་རྗེ་ཆེ།། །།
མཆན་༦༧། གནམ་ལོ་ལགས། ༼སྤྲུལ་སྐུའི་རྩོད་རྙོག་ནང་ཁུལ་གཏོར་བྱེད་ཀྱི་ལྟེ་བ་ཞིག་ཏུའང་གྱུར་ཡོད་པས། བོད་ཀྱི་འདས་མ་ད་གསུམ་གྱི་ལོ་རྒྱུས་ལ་ཤུགས་རྐྱེན་འདྲ་མིན་ཞིག་བསྐྲུན་བཞིན་ཡོད། ༽སྤྱི་ཚོགས་དང་རྒྱལ་བསྟན་གཉིས་ལ་སྤྲུལ་སྐུས་ཕན་གནོད་གང་ཆེ་ཟེར་ན་འདས་པ་དང་ད་ལྟ་གཉིས་གར་ཕན་པ་ཆེ་བར་འདོད། མ་འོངས་པ་སྤྱི་ཚོགས་ཀྱི་འཕོ་འགྱུར་ལ་ལྟོས་དགོས། །དེ་བཞིན་ནང་ཁུལ་གཏོར་བྱེད་ཀྱི་ཆ་ཤས་ཞིག་ལས་ལྟེ་བ་ཡིན་པར་ངོས་ལེན་མེད། རྒྱུ་མཚན་བོད་ཀྱི་སྤྲུལ་སྐུ་བརྒྱ་ཆའི་ལྔ་ཙམ་ཞིག་ལ་རྩོད་པ་ཡོད་པ་དང་། འགལ་བ་བཟོ་མཁན་ཡང་དེ་ལྟ་བུ་ཞིག་ལས་མེད། །སྤྱིར་ནང་བསྟན་སྤྲུལ་སྐུས་འཛིན་དགོས་པའི་ངེས་པ་མེད། དེ་བཞིན་བོད་ཀྱི་བསྟན་སྲིད་ཀྱང་སྤྲུལ་སྐུས་སྐྱོང་དགོས་དོན་མེད། འོན་ཀྱང་རེ་ཞིག་བསྟན་པ་ཆབ་སྲིད་གང་ལ་བསམ་ཀྱང་སྤྲུལ་སྐུ་གལ་ཆེ་བ་མཐོང་སྟེ། གལ་སྲིད་སྤྲུལ་སྐུ་མེད་པར་བྱས་ན་བོད་མགོ་འཐོར་ཏུ་ཡོད་པའི་ཁར་ཡང་སྐྱར་སིལ་བུ་སྟོང་དུ་འཐོར་བ་ལ་ཚེགས་མེད་པས་སོ། །དེས་ན་རེ་ཞིག་རྩོད་པའི་དུས་མིན་བརྩི་བའི་དུས་ཡིན་སྙམ།
མཆན་༧༡་ རྫོགས་ཆེན་པདྨ་ལགས། སྤྱིར་ཕྲན་རང་ཉིད་བཀའ་བརྒྱུད་པ་ཡག་དགའ་ཉེས་སྡུག་ཡོད་ལ། དེ་བཞིན་ཡབ་སྲས་སུ་ཡིན་ཀྱང་གུས་པ་ཡོད། ད་ལྟ་བར་མཛད་པ་སྟོན་ཚུལ་ཙམ་ཡིན་པའི་རེ་བ་བྱེད་གྱིན་ཡོད། དེ་བཞིན་ཀརྨ་པ་གཉིས་ལ་མཐུན་ཐབས་ཀྱི་ཞུ་བ་འབུལ་མཁན་ལས་འབྱེད་ཐབས་ཀྱི་གཡོ་སྒྱུ་ནི་ནམ་ཡང་འཁྲབ་མི་སྲིད། །གོ་སྐབས་བྱུང་ན་གཉིས་གར་མཇལ་ཞིང་། དངོས་སུ་ཞུ་བ་འབུལ་ཐུབ་པའི་རེ་བ་ཡོད། དེ་རེ་བ་ཆེ་བས་ཡིན་པ་ལས་རེ་བ་མེད་པའི་ལས་ཀ་ཞིག་ལ་དུས་ཚོད་ཆུད་ཟོས་བྱ་དགོས་དོན་མེད། །སེམས་ཅན་གྱི་བསོད་ནམས་དང་། བསྟན་པའི་ཆག་སྒོ་ཟེར་བ་བཤད་དཀའ་ཡང་སྤྲུལ་སྐུ་རྣམ་གཉིས་ཀྱི་རྣམ་དཔྱོད་ལ་བརྟེན་མཐུན་ཡོང་པའི་རེ་བ་བྱེད་བཞིན་ཡོད། མཁྱེན་གསལ་ལྟར་ལོ་རྒྱུས་འདི་སྙོག་དྲ་ཆེ། ༡༽སྙོག་དྲ་ཚང་མ་སི་ཏུ་རིན་པོ་ཆེ་དང་། ཞྭ་དམར་ཕྱོགས་གཉིས་ཁོ་ནར་འདོད་པ་ནོར་འཁྲུལ་རེད་སྙམ། བོད་གཞུང་གི་འགན་དམིགས་བསལ་ཞིག་ཁུར་དགོས། ༡༩༩༠་ལོ་ཡས་མས་ཀྱི་འབྲས་ལྗོངས་སྒང་ཏོག་བོད་གཞུང་སྐུ་ཚབ། སྐབས་དེའི་བཀའ་བློན་ཁྲི་བ་བཅས་ཀར་གཞུང་གི་དགོན་པའི་ནང་དུ་སུམ་འཛུལ་གྱིས་ཐེ་གཏོགས་བྱས་པ་མེ་འབར་རླུང་གྲོགས་སུ་གྱུར་བ་རེད། ༢༽དམིགས་ཡུལ། སྐུ་ཕྲེང་ཕྱི་མ་བོད་གཞུང་གི་ལག་ཏུ་འབྱོར་བ་དང་། རུམ་བཏེགས་དགོན་པའི་རྒྱུ་ནོར་མི་སྡེ་བཅས་གཞུང་གི་ཕྱོགས་སུ་འཁོར་བའི་འཆར་གཞི་བསྒྲིག་པ་སྨོས་མ་དགོས། ཀརྨ་བདེན་ཚོགས་བོད་གཞུང་གི་འོག་ཏུ་མི་འདུ་བའི་གཞུང་སྒེར་བ་ཞིག་དང་། ཀརྨ་པའི་དགོན་པ་རྣམས་ལ་བོད་གཞུང་གི་བཀའ་མི་འགྲོ་བ། ཀརྨ་པའི་མི་སེར་གྱིས་རང་བཙན་ལག་དེབ་དྭངས་བླང་དཔྱ་ཁྲལ་སྤྲད་མེད་པ་དངོས་བྱུང་རེད། དེར་བརྟེན་འགལ་བ་རིམ་ཅན་བྱུང་བ་ཉིན་མོའི་ཉི་ཟེར་ལྟར་རོ། །༣༽མཐར་འབྲས། བཀའ་བརྒྱུད་པའི་འགའ་ཞིག་དང་བོད་གཞུང་གིས་ཕར་ཚུར་སྤྱོད་འདོད་ཀྱི་རིག་པ་གང་རྣོ་འགྲན་མཐར། གཉིས་ལ་ཀ་ལ་མགོ་ལོག་རེ་བྱུང་བ་སྨོས་མ་དགོས། ཕྱི་མར་ད་དུང་རྒྱུགས་རྩལ་འགྲན་རྒྱུ་ལྷག་ཡོད། དེ་ཕྱིར་ཞྭ་དམར་པས། ཀརྨ་པའི་དོན་བཀའ་བརྒྱུད་ནང་ནས་ཐག་གཅོད་འོས་ཀྱང་། ད་ལྟ་རྒྱ་དཀར་ནག་བོད་གཞུང་བཅས་ཀྱི་གནད་དོན་དུ་གྱུར་འདུག་ཟེར་བ་རྒྱུ་མཚན་རྩད་གཅོད་བྱ་རྒྱུ་ཡོད་སྙམ། དེས་ན་བོད་ཀྱི་བསྟན་སྲིད་ལ་ཤ་ཚ་ཡོད་མཁན་ཀུན་ཀྱིས་སྐུ་རིམ་སྒྲུབས་རྒྱུ་དང་། ཡང་སྲིད་གཉིས་ལ་ཞི་བའི་བསྐུལ་མ་འབུལ་དེ་མ་འོངས་པར་ཞི་བདེ་བསྐྲུན་པའི་ཐབས་ལམ་འཚོལ་ན་རེ་བ་འགྲུབ་པའི་བཀྲ་ཤིས་བདེ་ལེགས་ཀྱི་ཉིན་མོ་ཞིག་ཡོད་པར་ངེས་སོ། །
བཅོས། སྤྱིར་ཕྲན་རང་ཉིད་བཀའ་བརྒྱུད་༼པར་༽ཡག་དགའ་ཉེས་སྡུག་ཡོད་ལ།
དྲི་མེད་ལྷག་བསམ་མཆོག་ལ་ཡང་སྐྱར་མཁས་དབང་དམ་པ་མཆོག་གི་ལྷག་བསམ་དང་དྲི་མེད་ཤེས་རབ་ལ་ལ་མངོན་པར་བསྟོད་དོ། ངས་བསམ་ན་ ༡ ནང་བསྟན་སྤྱི་དང་རིས་མེད་པའི་ཆིག་སྒྲིལ་ལ་དགོངས་པའི་རྣམ་དཔྱོད་ཅིག་ཡོད་ན་ཀརྨ་པ་ཕྲིན་ལས་རྡོ་རྗེས་གཞན་ཀརྨ་པ་བཞི་ལ་འབྲེལ་ཐུག་དང་མཉམ་འདྲིས་བྱས་ནས་ཀྃ་ཚང་རྒུབ་པ་སྐྱོབ་དགོས། དེ་མིན་རུང་༧ཀརྨ་པ་མཐའ་ཡས་རྡོ་རྗེ་ལ་རིགས་བདག་ཏུ་མོས་པ་ལྟ་བུས་ཞེ་ས་དང་མཇལ་འཕྲད་དང་དམ་ཚིག་སླར་གསོ་དང་ནང་མཐུན་ངེས་པར་དགོས་སོ། ཆོས་བརྒྱད་མ་མ་འདྲིས་པའི་སྒོ་ནས་གསང་གསུམ་གཅིག་ཏུ་གྱུར་པ་ལྟ་བུས་ཕྱག་ལས་ཞིག་གནང་ན་སོ་སོའི་གོ་སྐབས་མི་ཤོར་བ་མ་ཟད། བཟང་ཐོག་བཟང་དང་། ཡག་ཐོག་ཡག་རེད་ཀི་རེད། དེ་མིན་བཀའ་བརྒྱུད་པའི་སྨོན་ལམ་ཚོགས་པ་ཡང་ཁ་ཆེ་བའི་ཟས་བཅད་ཆོས་ལུགས་བཞིན་མི་འགྱུར་བའི་ངེས་པ་མེད། སི་ཀར་གྱིའས་ཆེ་ས་ནས་དེ་ལྟར་མ་བྱས་ཚེ་ཆུང་ས་ནས་སྨིན་གླིང་མཁན་ཆེན་དང་རྫོགས་ཆེན་རིན་པོ་ཆེ། སྟག་ལུང་རྩེ་སྤྲུལ་དང་ས་སྐྱ་གོང་མ་དགེ་ལྡན་ཁྲི་བ་སོགས་གྲུབ་མཐའ་གཞན་གྱི་བླ་མ་ཚོ་ཇོ་མཇལ་འགྲོ་འགྲོ་བྱས་པས་ཕན་པ་གང་ཡང་མེད། གཙོ་བོ་སངས་རྒྱས་ཀརྨ་པའི་མཚན་གྱི་བྱིན་རླབས་པའི་སྤྲུལ་སྐུ་ཚོ་ནང་འཁོན་ངན་པའི་དམ་རལ་ཏུ་སོང་བས་ཕྱིར་རོ། ༢ རྒྱ་བོད་ངན་པའི་ཁྲབ་སྲིད་པའི་ལག་ཆའི་དབང་བཙན་དུ་མ་སོང་བར་དེང་རབས་ཆིག་སྒྲིལ་ཕྱི་གསལ་ནང་གསལ་ཞིག་གནང་ན་བསྟན་པ་སྤྱི་དང་ཀཾ་བསྟན་པའི་ཀརྨ་པ་མཁྱེན་ནོ་ཞེས་པ་མིང་དོན་མཚུངས་པ་ལས་རྒྱ་ནག་པན་རྫུན་བཞིན་དུ་མངོན་གསལ་དུ་འགྲོ་བ་རེད་སྙམ། ༣ ཀྃ་ཚང་པའི་སྨོན་ལམ་གཅིག་འགྱུར། བླ་སྤྲུལ་མཉམ་འཛོམས། བཤད་སྒྲུབ་ཕྲིན་ལས་སྤེལ་བ་དམ་པ་གོང་མའི་རྗེས་ཟིན་པ་ཞིག་བྱས་ན་བོད་གཞུང་དང་རྒྱ་ནག་གཞུང་གིས་ཆོས་མིན་གྱིས་བེད་སྤྱོད་དུ་མི་འགྲོ་བའི་དགོས་པ་དང་ཀརྨ་པས་སྐུ་དུས་ལ་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི་སྤྲུལ་སྐུ་མཁྱེན་བརྩེ་རྣམ་པ་ལྔ་བཞིན་འགྱུར་ནས་ནང་བསྟན་སྤྱི་དང་ཞི་བདེའི་རྒྱལ་ཁམས་ལ་དམིགས་དཔེ་ཡ་ཡག་ནང་ཆོས་དང་མཐུན་པ་ཞིག་བཞགས་པ་རེད་དྲན་ནོ།། གཟུར་གནས་མཁས་དབང་ཚོ་ལ་དགོངས་འགལ་མཆིས་ན་གསུངས་དང་མཐོལ་བཤད་བཟོད་གསོལ་ཞུ་ངེས་ཡིན་ནོ།
མཆན། ༧༤་པ། གནམ་ལོ་ལགས་ཀྱི་དྲིས་ལན། ཁྲ་གུའི་གསུང་ཏེ་་ནང་ཆོས་ཚག་པར་ཞིག་གི་ངོས་ནས་མཇལ་མྱོང་། ཁྲ་འགུ་མཁན་ཆེན་དང་འབོ་དཀར་སྤྲུལ་སྐུ་གཉིས་ཀརྨ་བཀའ་བརྒྱུད་ནང་ནས་ཕྲན་མོས་པ་ཆེ་ཤོས་ཡིན། འོན་ཀྱང་དཔྱད་བརྗོད་སྐབས་རང་ཉིད་དགའ་ཡུལ་དང་འབྲེལ་ལམ་གྱི་ལྟ་བ་གཞིར་བཞག་གི་སྒོ་ནས་བཤད་ན་ཀློག་མཁན་ཀུན་བསམ་བཞིན་མགོ་སྐོར་བཏང་བ་དང་ཁྱད་མེད། ༡༽ཆོས་གླིང་མ་རེད། གཏེར་སྟོན་མཆོག་གྱུར་བདེ་ཆེན་གླིང་པ་རེད། དེའི་ནང་དུ་མཚན་དང་མཛད་པ་ཙམ་ལས། ཕ་མ་འཁྲུངས་ཡུལ་སོགས་ཁ་གསལ་མེད། ༡་ཨོ་རྒྱན་ཕྲིན་ལས་ཀྱི་བདེན་དཔང་། ཞལ་ཆེམས་དང་། གཏེར་ཆེན་མཆོག་གླིང་གི་རྣམ་ཐར་རེད། མཚན་གཏེར་ཆེན་རྣམ་ཐར་ལ་བརྟེན་ནས་བཏགས་པ་རེད། ཀརྨ་པ་རང་བྱུང་རྡོ་རྗེ་བཅུ་བདུན་པ་ཡིན་པའི་ལོ་རྒྱུས་ཀྱང་ཡོད་པས། དེ་ལྟར་ན་ད་ལྟའི་འདི་གཉིས་༡༨་པ་ཡིན་སྲིད་དོ། །༢་མཐའ་ཡས་རྡོ་རྗེའི་བདེན་དཔང་། དགོངས་འདུས་ཀྱི་ལུང་བསྟན་བཀའ་རྒྱ་མ། ཞིག་གླིང་ལུང་བསྟན། པཀྴིའི་ཀརྨ་སྐུ་ཕྲེང་ལུང་བསྟན། ཚེ་ནོར་ལུང་བསྟན་སོགས་རེད། མཚན་པཀྴིའི་རྣམ་ཐར་ལ་བརྟེན་ནས་བཏགས་པ་ཞིག་རེད། གཉིས་ཀའི་མཚན་ཕྱིས་སུ་བཏགས་པར་ངེས་སོ། ། ༢༽ཕྱག་བྲིས་དང་ལུང་བསྟན་དེ་འདྲའི་མང་པོ་ཞིག་ཡོད་ན་ལོ་ཉི་ཤུ་རྩ་གྲངས་བར་ཏུ་རྩོད་པ་བྱུང་དགོས་དོན་ཨེ་ཡོད་སོམ་ཤིག ཞྭ་དམར་པས་། ཁོང་རྣམས་ཀྱིས་ཞལ་ཆེམས་ཕྱག་བྲིས་ཞིག་ཡོད་ཟེར་ནས་༡༩༨༡་ནས་༡༩༩༠་བཅུའི་བར་བསྒུགས་པ་ཡིན། ཕྱག་མཛོད་དམ་ཆོས་ཡོངས་འདུས། དྲུང་ཡིག་སྟོབས་དགའ་བཅས་ནས་སྔ་ཕྱིར་ཞལ་ཆེམས་ཡོད་མེད་ལ་དོགས་པ་བྱུང་དུས། ངས་ཁོང་ལ་རིན་པོར་ཆེར་ཡིད་ཆེས་མཛད་དགོས་ཞེས་བཀག་པ་ནོར་འཁྲུལ་ཆེ་ཤོས་ཡིན་ཅེས་བཤད་པའང་དཔྱད་སྒོ་ཙམ་མོ། །
༣༽བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་གཙོ་འཛིན་རྣམས་ཏེ། རྒྱལ་བ་རིན་པོ་ཆེ་དང་ས་སྐྱ་གོང་མ་རིན་པོ་ཆེ་སོགས་ཀྱིས་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ཀརྨ་པ་བཅུ་བདུན་པར་ངོས་ལེན་གནང་ཡོད་པ་བདེན་པར་ངེས་ཀྱང་། ཁོང་རྣམས་ཀྱི་དགོངས་པ་ཟབ་མོ་དཔོག་དཀའ་ཞིང་། གཞན་གྱི་སྐྱེ་བ་གཏན་འགོག་གི་་ནུས་པ་འཕགས་པ་ལའང་མེད་པ་དང་། གཅིག་ལས་གཞན་མེད་ཅེས་ཐག་བཅད་པ་མེད་པས། འདི་ནི་བཤད་དཀའི་གནས་ཤིག་གོ། ༤༽ ཀརྨ་པའི་རྩོད་པ། གནད་ཆེ་ས་ནས་བཤད་ན། སེམས་ཅན་སྤྱི་དང་། ནང་པ། ལྷག་པར་བོད་གངས་ཅན་གྱི་བསྟན་སྲིད་ཀྱི་དོན་རེད། ཆུང་ས་ནས་བསམ་ན། བོད་ཀྱི་གྲྭ་བ་༥༠༠༠་ཙམ་དང་། མི་གྲངས་འབུམ་བཞི་ཙམ། ཁམས་པ་ནང་མཐུན་གྱི་དོན་རེད། ཀརྨ་བཀའ་བརྒྱུད་ཀྱི་མི་གྲངས་དང་དགོན་སྡེ་ཐམས་ཅད་བསྡོམས་ཀྱང་་རྙིང་མའི་དགོན་སྡེ་དྲུག་གི་ཡ་གྱལ་དཔལ་ཡུལ་ཙམ་ཡང་མེད་དོ།། གྲུབ་མཐས་བསླད་པའི་ཕྱོགས་ཞིག་ལ་དྲང་པོ་བཤད་པའི་སྤོབས་པ་མེད་པས་བོད་ཀྱི་ཤེས་ཡོན་པ་དག་གིས་གཟུ་བོའི་བློ་ཡིས་གཉིས་ཀ་མཐུན་ཐབས་ལ་དཔྱད་བརྗོད་སྤེལ་ན་ཕན་པ་ཅུང་ཟད་འབྱུང་བར་ངེས་སོ། །
བཅོས། ཀརྨ་པ་༼རིག་པའི་རྡོ་རྗེ༽རང་བྱུང་རྡོ་རྗེ་བཅུ་བདུན་པ་ཡིན་པའི་ལོ་རྒྱུས་ཀྱང་ཡོད། ཀརྨ་སྐུ་གོང་མའི་མཚན་ཡོངས་རྫོགས་ལ་༼ཁྱབ་བདག་རང་བྱུང་རིག་པའི་རྡོ་རྗེ།༽ཞེས་འབྲི་སྲོལ་ཡོད་དོ། ། ལྷག་བསམ་ཅན་རྣམས་ཀྱིས་ངེས་དགོས་པ་ཞིག་ནི། དཀྲོག་གཏམ་རེ་བྱུང་དུས་རླུང་ཕྱོགས་སུ་མི་རྒྱུགས་པར་བསྟན་འགྲོ་ལ་ཕན་གནོད་ཀྱི་ཐུགས་བསམ་བཞེས་དགོས་པ་འདུག གོ་ཐོས་ལྟར་ན། ་ཤིན་ཧྭ་གསར་ཁང་གི་གསར་འགོད་པ་ཆེད་མངག་གིས་ཀརྨ་པ་བོད་ནས་ཁྲི་འདོན་སྐབས་རྒྱུས་ཡོད་ཀྱི་མི་རྣམས་ལ་དྲིས་པའི་ནང་ཁུལ་གྱི་ཡིག་ཆ་ཞིག་ཡུན་ནན་ཀརྨ་དྲུང་པའི་ལག་ཏུ་སླེབས་འདུག་པ་ཐོས་པས། དེ་འདྲའི་དཀྲོག་གཏམ་དང་། དཀྲུགས་ཤིང་རེ་བྱུང་དུས་བོད་འདི་འབར་སླ་བས་སྤྱི་དོན་ལ་ཐུགས་བསམ་བཞེས་མཁན་ཐམས་ཅད་ཀྱིས་སྔོན་ནས་གཟབ་གཟབ་གནང་ན་མ་གཏོགས། གློ་བུར་ཐོག་བབ་བྱུང་དུས་བོད་ཀྱི་ནང་བསྟན་ལ་གནོད་པ་ཤིན་ཏུ་ཆེ། འདི་ནི་ཕྲན་གྱིས་ཟིན་བྲིས་འདི་ལ་མཆན་ཐ་མ་བཏབ་པ་ཡིན། ཕྲན་གྱི་ལག་ཏུ་ལོ་རྒྱུས་ཀྱི་ཡིག་ཆ་མང་ཞིང་། སྒྲ་ཐག་དང་ཟེར་ལྡེར་ཡང་མི་ཉུང་པ་ཡོད། དེ་སྤེལ་བ་དང་ཞིབ་ཏུ་གླེང་པའི་མོས་པ་མེད་པར་མ་ཟད། ཕྱོགས་གཉིས་མཐུན་སྦྱོར་པ་ལས་དབྱེན་སྦྱོར་མཁན་ཞིག་མི་བྱེད་པ་དམ་བཅའ་ཡོད་པ་བསྐྱར་ནས་བཤད་པའོ། །གོང་དུ་བསྟན་འགྲོ་སྤྱི་སྨན་དང་། ཁྱད་པར་དྲ་གྲོགས་མང་པོ་ལ་ཕན་པའི་བློས་རང་སེམས་ཕྱོགས་སུ་མ་ལྷུང་པ་དཔང་པོར་བཞག་ནས་བཤད་པ་སྟེ། མཐོང་ཐོས་ལ་ནོར་འཁྲུལ་ཡང་ཡོད་སྲིད་པས་འཐོལ་བཤགས་དང་། དམ་པ་རྣམས་ཀྱི་ཐུགས་ལ་མི་འགྲོ་བའི་ཚིག་རེ་གཉིས་མཆིས་ཚེ་དེ་ལ་བཟོད་པར་གསོལ་ལོ་ཞེས་སྙིང་ཐག་པ་ནས་ཞུའོ། །མང་པོ་བཤད་ན་ངག་འཆལ་དུ་འགྲོ་བས་་རེ་ཞིག་ངལ་གསོ་བར་བྱའོ། །
དྲི་མེད་ལྷག་བསམ་མཆོག་ལ་ཐུགས་ཆེ་ཞུ། ཡང་འདིར་༧རྒྱལ་དབང་བཅུ་བདུན་པའི་གསུང་ཞིག་དྲངས་ཡོད། རྒྱུ་མཚན་ནི། དུ་བ་ལས་མེར་ཤེས་པ་ལྟར། ཁོང་གིས་གསུང་ལས་ཁོང་གང་འདྲ་ཞིག་ཡིན་པ་མཁྱེན་ཕྱིར་ཡིན། དེ་མིན་ནག་རི་དང་ཁྱོད་རྫུན་ངའི་བདེན་སོགས་གྲོང་གསེབ་རྒན་མོས་ཁ་རྩོད་ལྟར་དོན་མེད་རེད།
ཕྱི་ལོ་ ༢༠༡༤-༠༡-༡༥ ཕྱི་དྲོ་ཆུ་བཞི་དང་ཕྱེད་ཀར། ༧རྒྱལ་དབང་ཀརྨ་པ་མཆོག་གི་བཀའ་སློབ་ཏུ། ད་ཡོན་བསྒོ་བྱེད་པའི་སྐབས་སུ་བབས་པ་རེད། སྤྱིར་བཏང་དཀོན་མཆོག་གསུམ་བསོད་ནམས་ཀྱི་ཞིང་མཆོག་ཡིན་པ་རེད། དེའི་ནང་ནས་དགེ་འདུན་དཀོན་མཆོག་དེ་ཡོན་ཡོངས་སུ་སྦྱོང་བ་སྦྱིན་པའི་གནས་སུ་གྱུར་པར་གསུངས་པ་རེད། ད་རིང་བཀའ་བརྒྱུད་སང་གྷ་སྨོན་ལམ་ཆེན་མོ་ལ་དགེ་འདུན་གྲྭ་བཙུན་མང་པོ་འཛོམས་ཤིང་། དད་ལྡན་སྐྱེ་བོ་མང་པོས་མཉམ་དུ་བསོད་ནམས་རླབས་ཆེན་བསགས་ཡོད་པ་རེད། དེ་ཡང་ང་རྒྱལ་དང་རློམ་སེམས་ཞེ་སྡང་སོགས་ཀྱིས་དགེ་བའི་རྩ་བ་འཇོམས་པའམ་ནུས་པ་མེད་པ་འཕྲོ་བརླག་ཏུ་མ་སོང་བར། དགེ་བའི་རྩ་བ་རྫོགས་བྱང་སངས་རྒྱས་ཀྱི་གོ་འཕང་ཐོབ་ཕྱིར་དུ་བསྔོ་དགོས་པ་རེད། དགེ་རྩ་བྱང་ཆུབ་ཏུ་བསྔོས་ན་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་དགེ་རྩ་རྫོགས་མི་འགྲོ་བ་རེེད། ཚང་མས་ཐུགས་གཏད་ཟབ་མོས་མཉམ་དུ་སྔོས་ཤིག
བཀའ་བརྒྱུད་སྨོན་ལམ་ཐེངས་སོ་གཅིག་པའི་སྦྱིན་པའི་བདག་པོ་འཇའ་ཚོན་རིན་པོ་ཆེ་གཙོ་བོར་གྱུར་པའི་དད་ལྡན་སྦྱིན་པའི་བདག་པོ་རྣམས་ཀྱིས་གཏོང་ཕོད་ཀྱི་ཕྱག་ཡོངས་པོ་མཛད་པ་ལ་རྗེས་སུ་ཡི་རང་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རང་ཚོ་ལ་སེམས་རྟེན་མཚོན་བྱེད་དམ་དད་རྟེན་མཚོན་བྱེད་དུ་སྐུ་གསུང་ཐུགས་ཀྱི་རྟེན་ཁ་ཤས་འབུལ་རྒྱུ་ཡོད་ཕེབས་རོགས་གྱིས།
ཕྱི་ལོ་ ༢༠༠༢ ལོའི་བཀའ་བརྒྱུད་ཀྱི་དགོན་ཁག་རྣམས་ལ་མར་ལུགས་རྒྱུད་སྡེ་བཅུ་གསུམ་བགོ་བཤའ་རྒྱག་རྒྱུ་གཏན་འབེབས་བྱས་པ་ལྟར། སྙན་ཞུ་སྒྲོག་སྦྱང་དང་མཉམ་དུ་མར་ལུགས་རྒྱུད་སྡེ་བླ་མེད་ཀྱི་ལྷ་གཙོ་བོ་བྱས་པའི་ཞལ་ཐང་ཉེ་བདུན་རེ་སྤྲད་རྒྱུ་ཡིན།
ལོ་སྔ་མ་ནས་བཀའ་བརྒྱུད་དགུན་ཆོས་ཀྱི་སྐབས་སུ། བཀའ་བརྒྱུད་བཤད་གྲྭ་ཁག་གི་སློབ་གཉེར་བ་རྣམས་ཀྱི་རིག་ལམ་རྣམ་དཔྱོད་གོང་འཕེལ་གྱི་ཆེད་དུ། བསྡུས་རྟགས་བློ་གསུམ་གཙོ་བོ་བྱས་ནས་འགྲན་རྩོད་གནང་བར་ཆོས་བརྒྱུད་རིས་མེད་ཀྱི་མཁན་པོ་དགེ་བཤེས་དཔང་པོ་རྣམས་ཀྱིས་རྒྱལ་ཕམ་ཤན་འབྱེད་ཀྱིས་བརྒྱ་ཆའི་ཐོབ་གྲངས་དང་གཟེངས་བསྟོད་སྤྲད་རེད། ད་ལོ་ཡང་ལོ་སྔ་མ་ནང་བཞིན་བྱས་ནས། བརྒྱ་ཆ་ཐོབ་གྲངས་ཁྱབ་སྒྲགས་དང་གཟེངས་བསྟོད་ད་ལྟ་སྤྲད་རྒྱུ་རེད།
ད་སྐད་ཆ་མང་པོ་བཤད་པའི་དུས་ཚོད་མི་འདུག ཅུང་ཟད་ཅིག་ཞུས་ན། མར་ལུགས་རྒྱུད་སྡེ་དགོན་པ་ཁག་སོ་སོ་ནས་ཉམས་བཞེས་གནང་དང་གནང་བཞིན་པ་རེད་དེ་ལ་རྗེས་སུ་ཡི་རང་ཡོད། ད་མ་འོངས་པར་དགོན་པ་ཁག་སོ་སོའི་ནང་ལ་བགོ་བཤའ་བྱས་ཡོད་པའི་མར་ལུགས་རྒྱུད་སྡེ་སོ་སོའི་བསྙེན་པ་ཚད་ལྡན་དགོས་གལ་ཆེ་བས། ངས་འཆར་གཞི་མ་བྱས་རང་བྱས་རེད། མཚམས་ལ་བསྡད་མཁན་མི་ལྔ་དྲུག་རེ་ལ། བསྙེན་སྒྲུབ་ཟླ་བ་ལྔ་དྲུག་གི་རིང་མཚམས་ལ་བཞུགས་ས་མཚམས་ཁང་རེ་རྒྱག་ཐུབ་པའི་རེ་བ་ཡོད། ང་རང་གི་ངོས་ནས་དགོན་ཁག་སོ་སོ་ལ་མཚམས་ཁང་རྒྱག་བྱེད་འགྲོ་སོང་རོགས་པ་བྱེད་རྒྱུ་དང་། ང་རང་ལ་ཉམས་རྟོགས་ཡོད་མ་རེད་དེ། ཡིན་ན་ཡང་དབང་ལུང་ཁྲིད་མན་ངག་བཤད་རྒྱུ་ལ་ང་རང་གི་ངོས་ནས་གང་ཐུབ་ཅི་ཐུབ་བྱེད་རྒྱུ་ཡིན། ལོ་གཅིག་གི་ནང་ལ་ཚང་མ་ཚར་གྱི་མ་རེད། ལོ་རེས་མོས་བྱས་ན་འགྲིག་གི་རེད། བཀའ་བརྒྱུད་སྨོན་ལམ་སྐབས་མི་འཁྲུགས་པའི་མཚམས་ལ་བསྡད་མཁན་ཚོ་ལ་བྱེད་པ་ནང་བཞིན་བྱས་ན་འགྲིག་རྒྱུ་རེད།
སྤྱིར་བཏང་ང་རང་ལ་སངས་རྒྱས་ཀརྨ་པའི་མཚན་བཟང་པོ་ཞིག་གསོལ་ཡོད་རེད། ང་རང་ལ་ཉམས་རྟོགས་ཡོན་ཏན་ཡོད་མ་རེད། ཡིན་ན་ཡང་སྔོན་གྱི་ལས་དང་། དམ་པ་གོང་མ་རྣམས་ཀྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བསྟན་པ་དང་འགྲོ་བའི་དོན་དུ་བསོད་ནམས་བསགས་པའི་གོ་སྐབས་བཟང་པོ་ཡོད་རེད། སྐལ་བ་བཟང་པོ་དེ་རྙེད་པ་དཀའ་བ་འདྲ་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། རང་ངོས་ནས་ལེགས་ཆ་ལེན་པ་དང་ཉེས་པའི་ཆ་འདོར་བ་ལ་གང་ཐུབ་ཐུབ་བྱེད་ཀྱིན་ཡོད། གང་ལྟར་བསྟན་པ་རིན་པོ་ཆེ་དང་འགྲོ་བའི་བདེ་སྐྱིད་ཆེད་དུ་གང་ཐུབ་ཐུབ་བྱེད་རྒྱུ་རེད། དེ་ག་ནང་བཞིན་འདིར་ཕེབས་པའི་ ༧ སྐྱབས་རྗེ་འཇམ་མགོན་རིན་པོ་ཆེ། ༧ སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ། བླ་མ་སྤྲུལ་པའི་སྐུ། མཁན་པོ་དགེ་བའི་བཤེས་གཉེན། དགེ་འདུན་འདུས་པ་རྒྱ་མཚོ་ཡོངས་ལ། བསྟན་འགྲོའི་དོན་དུ་ཐུགས་བསྐྱེད་རྒྱ་ཆེན་པོ་གནང་ནས་བཀའ་བརྒྱུད་སྨོན་ལམ་ཚོགས་གནང་ལ་བཀའ་དྲིན་ཆེ་ཞུ། དེ་ནས་བཀའ་བརྒྱུད་སྨོན་ལམ་གྱི་གྲ་སྒྲིག་ཚོགས་པའི་འགན་འཛིན་ཀརྨ་ཆོས་གྲགས་གཙོ་བོ་བྱས་པའི་ཇ་མ་ཐབ་ལས་ཡན་ཆད་ཀྱིས་ལས་ཀར་ཐུགས་སྐྱོ་མེད་པར་སྤུས་དག་པོ་བྱས་སོང་། གྲ་སྒྲིག་དང་ཕྱི་ནང་གསང་གསུམ་ཕྱོགས་གང་ནས་ལས་ཀ་བྱེད་མཁན་གྱི་སྨོན་ལམ་ཚོགས་པའི་ཚོགས་མི་ཆེ་ཕྲ་ཆུང་གསུམ་ཚང་མ་ལ་ཐུགས་རྗེ་ཆེ་ཞུ། འཛམ་གླིང་ས་ཡི་ལྟེ་བ་གནས་མཆོག་རྡོ་རྗེ་གདན་གྱི་ཡུལ་མི་དང་སྲིད་གཞུང་གིས་ང་རང་ཚོ་ལ་བསོད་ནམས་བསགས་པའི་གོ་སྐབས་བཟང་པོ་སྤྲད་ཡོད་པར་ཐུགས་རྗེ་ཆེ་ཞུ། སྨོན་ལམ་ཆེན་མོ་ལ་སྲུང་སྐྱོབ་བྱེད་མཁན་སུ་ཇ་སློབ་གྲྭ་ནས་སློབ་ཕྲུག་མང་པོ་ཡོད་རེད། མདོར་ན་སྲུང་སྐྱོབ་བྱེད་མཁན་ཚང་མ་ལ་ཐུགས་རྗེ་ཆེ་ཞུ། ༧རྒྱལ་དབང་མཆོག་གི་བཀའ་སློབ་ལས།
ཁ་བརྡ་དྲ་མཆན་པ་ཚོས་ཀརྨ་དཀར་ནག་ཤན་འགྱེད་ཡག་པོ་གནང་སོང་། གཙོ་བོ་སྐུ་གོང་མའི་རྒྱུ་ནོར་ཞྭ་ནག་དོན་དུ་ཁྲ་འགུ་སོ་སོའི་ཚ་བོ་ཀརྨའི་སྤྲུལ་སྐུ་བཟོ་འདོད་དང་། སི་ཏུའི་རང་གི་གོ་སའི་དོན་དུ་ཁྱོད་རྫུན་ང་བདེན་སོགས་གྲོང་གསེབ་རྒན་མོས་ཁ་རྩོད་ལྟར་དོན་མེད་མི་ལོ་ཉེར་དགུ་ལ་འཁྲུགས་པ་རེད། ནག་རིལ་ཕྱོགས་གཏོགས་ངོ་ཚ་མེད་པས་ཚོས་ཀརྨ་ནང་མ་མཐུན་ན་ཡང་དེ་ལྷག་གི་བོད་རང་བཙན་དང་དབུ་མའི་དོན་ཞིག་སྒྲུབ་ཁུལ་བྱེད་པ་ནི་ཁ་སྣ་རྐུབ་ནས་བགད་ཤོར་བ་ལས་མ་འདས་སོ།། ཡང་མཐར་བདེན་དྲང་གི་མཆན་འདེབས་ཚོ་ལ་ཞལ་བྲོ་ཞུ་བ་དེ་ཡིན།
རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་འདི་པའི་གསུང་ཉན་དུས། ངོ་མ་སངས་རྒྱས་བསྟན་པ་དང་ཡང་སྒོས་བཀའ་བརྒྱུད་པའི་བསྟན་པ་ལ་བྱས་རྗེས་རླབས་ཆེན་འཇོག་སྒོ་འཛུགས་ཟིན་འདུག་པས། ཁོང་གི་མཛད་འཕྲིན་ཐ་དག་ལ་རྗེས་སུ་ཡི་རངས་ཞུ། མཛད་ཆེན་མི་འདྲ་བ་༡༠༠འཇོག་པའི་ཞལ་འཆེམས་ནང་ནས་གཉིས་ཙམ་དབུ་འཛུགས་ཟིན་འདུག
ཁ་ནས་བགད་མོ་ག་ཚོད་ཤོར་ཐུབ་ན་འཕྲོད་རྟེན་ལ་ཕན་པའི་མང་ཙམ་བགད་རོགས། ཡིན་ཡང་སྣ་དང་རྐུབ་ནས་བགད་ཤོར་ན་སྨན་ཁང་བསྟེན་ན་དགའ་འམ་ཐབས་ཤེས་སོགས་གནང་ན་མ་གཏོགས་ཉེན་ཁ་ཆེ་ཡ།
འདི་ལོའི་ཟླ་དང་པོ་ནང་བཙུན་མ་ཚོའི་ཆེད་འཕགས་མ་བདེ་བྱེད་མའི་དགུན་ཆོས་ཞེས་དབུ་འཛུགས་གནང་སྐབས་གནང་བས་བཀའ་སློབ། ༼དེ་རྟིང་དཔལ་༸རྒྱལ་བའི་དབང་པོ་ཀརྨ་མཆོག་ནས་བཀའ་སྩལ་ཕེབས་དོན་དུ། དེ་རིང་འཛམ་གླིང་ས་ཡི་ལྟེ་བ་རྒྱ་གར་རྡོ་རྗེ་གདན་ནང་པ་སངས་རྒྱས་པའི་གནས་མཆོག་ཏུ་གྱུར་པ་འདིའི་སྟེང་ལ་འཕགས་མ་བདེ་བྱེད་མའི་དགུན་ཆོས་ཐོག་མར་དབུ་ཚུགས་པའི་སྐབས་འདིའི་ཚོགས་མགོན་དུ་ཕེབས་པའི་རིགས་ཀུན་ཁྱབ་བདག་གསང་བའི་མཛོད་འཛིན་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་དང་། དེ་བཞིན་བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་དུ་བསམ་བཞིན་སྐྱེ་བ་བཞེས་པའི་སྤྲུལ་པའི་སྐུ་རྣམ་པ། དེ་བཞིན་དུ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མངའ་བའི་མཁན་པོ་དགེ་བའི་བཤེས་གཉེན་རྣམ་པ་དང་། གཞན་ཡང་བསོད་ནམས་ཀྱི་ཞིང་དུ་གྱུར་པའི་དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་ཐམས་ཅད་ལ་ཐོག་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
དེ་རིང་ངོས་རང་ཆམ་པ་ཕོག་སྟབས་སྐད་ཆ་འཕྲོད་པོ་ཡོང་ས་མ་རེད། དེའི་ཐོག་དུས་ཚོད་ཀྱང་རྫོགས་ཟིན། འོན་ཏང་རང་རེ་བོད་པར་དགའ་སྐྱིད་བྱུང་ཚེ་དམིགས་བསལ་དུས་ཚོད་མེད། དེས་ན་དུས་དང་དུས་མེད་པར་དུས་ཚོད་བསྣར་ཆོག གོང་དུ་ངོས་ནས་ཞུ་རྒྱུ་ཐམས་ཅད་ཁོང་རྣམ་པས་གསུངས་གྲུབ་སྟབས་ངོས་ལ་ཅི་བཤད་འདི་བཤད་མི་འདུག མ་བཤད་ན་ཡང་མ་འགྲིག བཤད་རྒྱུ་ཐམས་ཅད་གསུངས་ཟིན་སོང་།
འོན་ཀྱང་གཙོ་བོ་སངས་རྒྱས་ཀྱི་བསྟན་པ་དེ་ཁང་པ་ལྟ་བུ་ལ་ཆ་མཚོན་ན་ཁང་པ་ལ་ཀ་བ་དང་གདུང་མ་ཡོད་པ་ལྟར། ཁང་པ་ཞིག་ལ་ཀ་བ་བཞི་ཡོད་ན་དེ་ལས་ཀ་བ་གཉིས་དགེ་སློང་དང་དགེ་སློང་མ། ཀ་བ་གཞན་གཉིས་དེ་དགེ་བསྙེན་ཕ་དང་དགེ་བསྙེན་མ་དེ་འདྲ་ཡིན། དེས་ན་སངས་རྒྱས་ཀྱི་བསྟན་པའི་ཁང་པ་དེ་ཀ་བ་བཞི་པོ་དེ་དག་ལ་བརྟེན་པ་ཡིན་སྟབས་མེད་དུ་མི་རུང་བ་ཡིན། སྔོན་༸སྐྱབས་མགོན་རིན་ཆེས་ངོས་ལ་གསུང་གསལ་དུ། དགེ་སློང་མ་སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའི་བཅས་པའི་ནང་ཐམས་ཅད་ཡོད། ད་ལྟ་མེད་པ་དེ་རང་རེས་མ་འབྱོན་པའམ་འཐུས་ཤོར་ཕྱིན་པ་ལས་སངས་རྒྱས་ཀྱིས་གཅིག་གསུངས་པ་རེད། གཉིས་གསུངས་པ་རེད་ཅེས་པ་ཅི་ཡང་མེད། དང་པོ་ནས་བཀའ་ཡི་བཅས་པ་གནང་ཟིན་པ་རེད། དེས་ན་ང་རང་ཚོའི་ངོས་ནས་འཐུས་ཤོར་ཕྱིན་པ་རེད་ཅེས་བཀའ་སློབ་གནང་མྱོང་ཡོད་པ་ལྟར་དེ་ཉིད་དངོས་འབྲེལ་རེད།
བོད་འདི་ཆོས་ཚིགས་ཀྱི་ཡུལ་དབུས་ཡིན་པ་དེ་བསྒྲུབ་ཨེ་ཐུབ་བལྟ་བཞིན་ཡོད། དེ་སྒྲུབ་སྐབས་ལམ་རིམ་གྱི་ཁྲིད་ཡིག་སོགས་ཀྱི་ནང་ཆོས་ཚིགས་ཀྱི་ཡུལ་དབུས་བཤད་སྐབས་འཁོར་རྣམ་བཞི་རྒྱུ་བ་དེ་མ་བཤད་རང་བཤད་རེད། འཁོར་རྣམ་བཞིའི་གྲངས་འདྲེན་ཚུལ་དེར་འགའ་ཞིག་ནང་ཕྲན་བུའི་འགྱུར་བ་བཏང་ནས་དགེ་སློང་ཕ་དང་དགེ་སློང་མ་ཞེས་བརྗོད་མི་བཏུབ་པར་བརྟེན་དགེ་ཚུལ་ཕ་དང་དགེ་ཚུལ་མ་ཞེས་བསྣན། སངས་རྒྱས་ཀྱི་བཀའ་དང་རྒྱ་གར་མཁས་པའི་བསྟན་བཅོས་དེ་དག་གི་ནང་འཁོར་རྣམ་བཞིའི་ཁོངས་སུ་དགེ་ཚུལ་ཕ་དང་མ་གསུངས་པ་དེ་ཙམ་མེད། ང་ཚོས་དེའི་ཚབ་མཚོན་བྱེད་དུ་འཇུག་ན་འགྲིག་གི་ཡོད་ཤས་ཆེ་ཡང་། འགའ་ཞིག་གིས་བོད་གངས་ཅན་ལྗོངས་ཀྱི་ནང་དགེ་སློང་མ་ཡོད་དེ་དགེ་སློང་ཕ་མཚན་འགྱུར་བའི་དགེ་སློང་མ་ཡོད་པའི་ཕྱིར། ཞེས་པ་དེ་ལྟར་བརྗོད་པ་ཡང་འདུག །གང་ལྟར་ས་ཆའམ་ཡུལ་གྲུ་དེ་ནང་པ་སངས་རྒྱས་པའི་ཡུལ་གྲུའམ་རྒྱལ་ཁབ་ཅིག་ཡིན་མིན་ཟེར་བའམ་ཆོས་ལྡན་གྱི་ཞིང་ཁམས་ཤིག་ཡིན་མིན་གཙོ་བོ་འཁོར་རྣམ་བཞི་རྒྱུ་བའམ་འཁོར་རྣམ་བཞི་ཡོད་མེད་དང་། དེ་ཡང་འཁོར་རྣམ་བཞིའི་གཟུགས་བརྙན་མཆིས་པ་ཙམ་མ་ཡིན་པར་དེ་དག་ལ་བསླབ་པ་ཆ་ཚང་བ་ཡོད་མེད་དེ་འདྲ་ཞིག་ལ་རག་ལུས་ཡོད་སྟབས་སངས་རྒྱས་ཀྱི་བསྟན་པའི་རྨང་གཞི་ནས་བརྗོད་ཀྱང་ཤིན་ཏུ་གལ་ཆེ་ཞིག་ཏུ་གྱུར་ཡོད།
དེ་བཞིན་གོང་དུ་གསུང་བཤད་གནང་མཁན་ཚོས་གསུངས་པ་ལྟར་འཛམ་བུ་གླིང་གི་ནང་མི་གྲངས་དུང་ཕྱུར་བདུན་ཅུ་ལྷག་ཙམ་ཡོད། དེའི་ནང་ནས་བཞི་བཅུ་ལྷག་ཙམ་བུད་མེད་རེད་ཅེས་ཟེར། དེ་དག་ལས་ཆོས་ལུགས་ལ་དད་པ་བྱ་མཁན་བུད་མེད་མང་བ་ཡོད། དེས་ན་བུད་མེད་མང་བའི་གྲངས་འབོར་གྱི་གནས་སྟངས་ལ་མནོ་བསམ་གཏོང་དགོས་པ་དང་། དེ་དག་གི་ཆོས་ལུགས་ཕྱོགས་ཀྱི་ཉམས་ལེན་དེ་ཚོར་རང་རེས་དོ་འཁུར་བྱ་རྒྱུ་གནད་ཆེ། གང་ཡིན་ཞེ་ན་འཛམ་བུ་གླིང་ཕྱེད་ཀ་ལྷག་ཙམ་བུད་མེད་རེད་ཡོད། དེའི་རྒྱུ་མཚན་ལ་བརྟེན་ནས་ད་ལན་འདི་ལྟ་བུའི་འཕགས་མ་བདེ་བྱེད་མའི་དགུན་ཆོས་ཞེས་པ་འདི་ལྟ་བུ་ཞིག་ཚུགས་རྒྱུའི་གོ་སྐབས་ཤིག་བྱུང་བ་རེད།
གོ་སྐབས་བྱུང་བ་དེ་ང་རང་གི་འབྱོན་ཐང་དང་རྣམ་དཔྱོད་ཡིན་བསམ་པ་ཅི་ཡང་མེད། གཙོ་བོ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས། དེ་བཞིན་སྔོན་གྱི་དགྲ་བཅོམ་མ་སྐྱེ་རྒུའི་བདག་མོ་ལ་སོགས་པ་དེ་དག་གི་ཐུགས་བསྐྱེད་སྨོན་ལམ། ལྷག་པར་དུ་ད་ལྟ་ཞལ་བཞུགས་པའི་དཔལ་ལྡན་བླ་མ་དམ་པ་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་གཙོ་བོར་གྱུར་པའི་བླ་མ་རྣམ་པ་ཚོ་དང་། མཁན་པོ་དགེ་བའི་བཤེས་གཉེན་རྣམ་པ་ཚོའི་རྒྱབ་སྐྱོར་ཚད་མེད་གནང་བར་བརྟེན་ད་ལན་འདི་འདྲ་ཞིག་ཚུགས་ཐུབ་པ་བྱུང་། དེ་ལྟར་ཡིན་སྟབས་འདི་ཉིད་ལྷ་དང་མི་ཐམས་ཅད་ཀྱིས་མགྲིན་གཅིག་པའི་སྒོ་ནས་ནས་བསྐལ་པ་བཟང་པོའི་དུས་སྟོན་གསར་པ་ཞིག་བསྐྲུན་པར་ངོས་རང་ཡང་སྐལ་བ་བཟང་པོ་དང་། འདིར་ཡོང་ཐུབ་པ་དང་ཚོགས་པའི་དབུས་ལ་ཞུགས་ཐུབ་པ་འདི་སྐལ་བ་བཟང་པོ་ཡིན་སྙམ་བཞིན་ཡོད། མ་འོངས་པ་ལ་དགུན་ཆོས་དེ་ཇི་སྲིད་ཀྱི་བར་དུ་ངོས་ལ་ཀརྨ་པ་སྐུ་འཕྲེང་བཅུ་བདུན་པའི་མིང་ཙམ་ཞིག་ཡོད་པས་དའི་དུས་ཡུན་ཙམ་མ་ཡིན་པར་འབྱུང་འགྱུར་མི་རབས་ཁྲི་ཕྲག་སྟོང་ཕྲག་གི་བར་གནས་ཐུབ་པ་དང་། གནས་པ་ཙམ་མ་ཟད་དོན་སྙིང་ཕུན་སུམ་ཚོགས་པ། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་བྱེ་བྲག་ཏུ་བཙུན་མའི་བསྟན་པ་དེ་ལ་ཕན་བདེ་ཕུན་སུམ་ཚོགས་པའི་གཞི་རྩ་ཆེན་པོ་ཞིག་ཏུ་འགྱུར་ཐུབ་པའི་སྨོན་ལམ་ཞུ་བཞིན་ཡོད།
ང་རང་གི་ངོས་ནས་ཀྱང་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་སོ་སོའི་ཕ་མར་ཞབས་ཏོག་གམ་སྲི་ཞུ་བསྒྲུབ་རྒྱུ་གལ་ཆེར་གྱུར་ཡོད། འོན་ཀྱང་ངོས་ཀྱི་ཕ་མ་ནི་ས་ཐག་རིང་པོའི་བར་གྱིས་ཆོད་ཡོད། ཕ་མ་ཕ་རིར་ཡོད་ངོས་རང་ཚུར་རིར་ཡོད་པ་ཡིན་སྟབས་དམིགས་བསལ་ཕ་མའི་ཞབས་ཏོག་ཅི་ཡང་སྒྲུབ་ཐུབ་ཀྱིན་མི་འདུག དེས་ན་རྒྱུན་དུ་ངོས་ཀྱི་གཅེན་མོས་ཁྱེད་མ་ལ་དགའ་ཞིང་ཕ་ལ་དགའ་པོ་མེད་པར་བརྗོད་མོད་ཀྱང་དེ་ཉིད་བདེན་པ་མ་ཡིན། འོན་ཀྱང་མ་ལ་བརྩེ་བ་ཡོད་སྟབས་དེར་ཞབས་ཏོག་སྒྲུབ་ཐུབ་ཀྱི་མེད་རྐྱེན་དེའི་ཚབ་ལྟ་བུར་བཙུན་མ་ཚོར་ཞབས་ཏོག་བསྒྲུབ་རྒྱུ་བྱུང་ན་གཅིག་མཚུངས་སུ་མི་འགྱུར་རམ་སྙམ། སྤྱིར་འགྲོ་ཀུན་ཕ་མ་ཡིན་པ་དང་། ལྷག་པར་དུ་ཐམས་ཅད་ལ་མ་དང་སྲིང་མོའི་འདུ་ཤེས་སྐྱེ་དགོས་པ་དེ་འདྲའི་སྐོར་བཤེས་སྤྲིང་ནང་དེ་ལྟར་གསུངས་འདུག་ཅིང་། དེས་ན་དེ་ལྟའི་འདུ་ཤེས་བསྐྱེད་དེ་ཞབས་ཏོག་བསྒྲུབ་ཐུབ་ན་ལེགས་པོ་མེད་དམ་སྙམ།
སྤྱིར་ངོས་ཀྱི་མི་ཚེ་དེ་རྙོག་དྲ་ཚ་པོ། ཅ་སིང་པོ། དཀའ་ངལ་ཆེན་པོ། མཚམས་རེ་རྒྱལ་བའི་དབང་པོ་ཀརྨ་པ་སྐུ་འཕྲེང་གོང་མ་དེ་ཚོའི་སྐབས་སུ་ལ་ཡང་བྱུང་མ་མྱོང་བའི་རྙོག་དྲ་དེ་ད་ལན་བཅུ་བདུན་པའི་སྐབས་སུ་བྱུང་ནས་ཕྱི་ནང་གཉིས་ཀར་དཀའ་ངལ་ཆེན་པོ་བྱུང་ཡོད་པ་དེར་ངོས་རང་ཡང་སྐབས་རེ་སེམས་ལ་སྡུག་བསྔལ་དང་བློ་ཕམ་པོ་ཡོང་བཞིན་འདུག འོན་ཀྱང་སོ་སོ་དཀའ་ངལ་དང་བློ་ཕམ་ཡི་ཆད་པ་ཅི་ཡོད་ན་ཡང་ཇི་མི་སྙམ་པར་སོ་སོའི་ངོས་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་འགྲོ་བའི་བདེ་སྐྱིད་ལ་ཕྲན་བུའི་ཞབས་ཏོག་སྒྲུབ་ཐུབ་པ་ཞིག་བྱུང་ན་སྙམ་པའི་བློ་སྟོབས་བཅངས་ནས་ད་བར་ཨུ་ཚུགས་རྒྱབ་པ་ཡིན། སྤྱིར་ངོས་རང་ལོ་ཆུང་ངུ་ཡིན་པ་དང་སྤངས་རྟོགས་ཀྱི་ཡོན་ཏན་ཅི་ཡང་མེད་སྟབས་མཚམས་རེ་ནོར་བ་དང་འཁྲུལ་བའི་ཆ་དུ་མ་ཡོང་བཞིན་ཡོད། དེ་བཞིན་སེམས་ཤུགས་མ་འདང་བའི་གནས་སྟངས་དེ་འདྲ་ཡང་ཡོང་བཞིན་འདུག
དེས་ན་མ་འོངས་པར་མུ་མཐུད་བསྟན་པའི་ཞབས་ཏོག་བསྒྲུབ་ཐུབ་པ་དང་། ལྷག་པར་དུ་བཙུན་མའི་ཞབས་ཏོག་སྒྲུབ་ཐུབ་པའི་འདུན་པ་ཇི་སྲིད་འཚོ་ཡི་བར་དུ་རེ་བ་འཆང་བཞིན་ཡོད། ད་རིང་དགུན་ཆོས་དབུ་ཚུགས་པ་འདི་ཐོག་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་གཙོ་བོར་གྱུར་པའི་བླ་མ་སྤྲུལ་པའི་སྐུ་དང་། དགེ་བའི་བཤེས་གཉེན་རྣམ་པ། བཙུན་མ་རྣམས་དང་། ཕྱོགས་མཐའ་ཁག་ནས་ཕེབས་པའི་ཁྱིམ་པ་ཕོ་མོ་ཐམས་ཅད་འདིར་ལྷན་ཅིག་ཏུ་འཛོམས་ནས་སྨོན་ལམ་བཟང་པོ་འདེབས་པའི་གོ་སྐབས་བྱུང་བ་དང་། དེ་ཡང་གནས་མཆོག་རྡོ་རྗེ་གདན་ཏེ་གནས་རྩ་ཆེན་པོ་འདི་ལྟ་བུ་ཞིག་ལ་དེ་ལྟར་བྱུང་བ་དེ་རང་རེའི་བསོད་ནམས་ཀྱིས་གྲུབ་པ་མ་ཡིན་པར་སྟོན་པ་བདེ་བར་གཤེགས་པ་དང་། དེའི་སྲས་བྱང་ཆུབ་སེམས་དཔའ་དང་། དགྲ་བཅོམ་པ་དང་དགྲ་བཅོམ་མ་དེ་དག་གི་སྐལ་བ་བཟང་པོའི་བགོ་སྐལ་སྩོལ་བ་ཞིག་ཏུ་སྣང་བས་ཤིན་ཏུ་བློ་མགུ་བར་ཐམས་ཅད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཀའ་སྩལ།༽
གང་ལྟར་བོད་པ་མགོ་སྟོང་ཚོ་ཁ་བཏང་ཆོག་ཆོག བསྟོད་བསྔགས་བྱེད་ཆོག་ཆོག་དེ་འདྲ་རྐྱང་རེད། འདས་པའི་མི་ལོ་ལྔ་བཅུ་ལྷག་གི་བཙན་བྱོལ་གྱི་བྱུང་རིམ་ལ་ལྟོས་དང་གསལ་པོ་ཡོད། དེ་བས་ན་མི་ལོ་བཅུ་ཕྲག་ཙམ་རྗེས་སུ་ལ་བསྟོད་དམ་སུ་ལ་སྨོད་མ་ངེས་པ་ཞིག་རེད།
དྲི་མེད་དང་པདྨས་བདེན་པ་བཤད་འདུག ཡིན་ན་ཡང་ཁྲ་འགུ་དང་སི་ཏུས་གཏན་ནས་ནས་ངོས་ལན་གནང་ས་མ་རེད།་འཆི་རུང་འགྱུར་བ་མེད་གསུངས་སོང་། རེ་བ་དེ་ཀརྨ་པ་ཕྲིན་ལས་རྡོ་རྗེ་ལ་ཆེ།ཁོང་དངོས་གནས་ཞ྄་དམར་ལ་དད་གུས་དང་ཀཾ་ཚང་བསྟན་པ་མཐུན་ཐབས་དགོངས་བཞེད་ཡོད་པར་གསུངས་སོང་།ནང་མཐུན་པར་ཤོག།།
ཨ་྄ཕྱི་ཆུ་སྒྲོན་ནི་ངོ་དེབ་ཐོག་ཕྱི་གསལ་ནང་གསལ་ཟེར་བ་འདི་རེད་འདུག པད་མ་ནི་ཨེ་མ་ཧོ་རེད། IP tracker བརྒྱུད་ནས་བལྟས་ན་ཤེས།
ཨ་ཕྱི་ཞེས་པའི་དྲ་འབུ་འདི་ནི་དུས་ནམ་ཡང་ཕྱོགས་རིས་ཀྱི་བསླུས་པའི་འདོན་འདྲེེ་ཞིག་ལས་རྣམ་དཔྱོད་དང་དྲངས་མཚུགས་ལྡན་པའི་དྲ་མཆན་པ་ཞིག་ཏུ་དུས་ནམ་ཡང་མཐོང་མ་སོང་།
རྟོན་པ་བཞི་པོ་གོ་མ་ལོག་གསུངས་པ་བཞིན་དུ་ཁ་བརྡའི་མཆན་ཞབས་པ་ཚོ་ལ་གདམས་ངག་ཅིག་སྦྱིན། མཆན་འབྲི་མཁན་ཕོ་མོ་དང་སུ་ཡིན་དང་ངོ་མཐོ་དམན་གང་ཡིན་ལ་བལྟ་རྒྱུ་མེད། གང་ཞིག་བྲིས་པ་དེ་དྲང་བདེན་ཡོད་མེད་དེ་རེད། ཀརྨ་དཀར་ནག་གིས་འདི་རིགས་ཀློག་ན་ཡག་པོ་རེད། གོ་རྒྱུ་ཅན་བཤད་འདུག ཁ་ནས་བྱང་ཆུབ་སེམས་བཤད་པ་དང་ལག་ལན་ནང་འཁྲུག་བྱེད་པའི་ཁ་ལག་ཕྱིན་ཅི་ལོག་ཏུ་སོང་བ་དག་ལ་ཕན་ཐབས་སུ་བྲིས་ལས་གཞན་ཐོབ་ཤོར་གང་ཡང་མེད་པས་སྐུ་དགའ་སོགས་ཀྱིས་ཤེས་པར་མཛོད་ཅིག་གུ།
ཀརྨ་པ་ཇར་མན་ལ་ཕེབས་དུས་ཏག་ཏག་དེ་ག་རང་ལ་ཀརྨ་ཞ་དམར་རིན་པོ་ཆེར་གཟའ་གྲིབ་ཕོག་པ་དེ་མགོན་པོ་པོ་ཕྱག་དྲུག་གི་མཐུ་འདྲ་ཨེ་ཡིན། གོ་རྒྱུར་ད་ལྟའི་ཀརྨ་པ་ངོ་མ་འདི་རྟོགས་པ་ཧ་ལས་པའི་མཐོན་པོ་རེད་ཟེར། ད་འཕྲིན་ལས་མཐའ་ཡས་རྡོ་རྗེ་བྱེའུ་ཕྲུག་ཐང་ལ་ལུས་སོང་། རིམ་བཞིན་གྲོགས་པོ་ཇེ་ཉུང་འགྲོ་བ་དང་གཅིག་པུར་ལུས་པ་ཤེས་སྐབས་ངོ་མ་སྙིང་རྗེ་བསླེབས་འོང་།
ཀྱེ། རྙིང་མའི་ཀློང་ཆུང་ལགས། ཀུན་གཟིགས་ཞྭ་དམར་ལ་གཟའ་གྲིབ་མ་རེད། དམ་གྲིབ་ཡིན་རྒྱུ་རེད། རྗེ་མི་མས་གྲོགས་བླ་མ་མ་གཏོགས་སྐྱོབ་མ་མྱོང་།།དགྲ་དམ་ཉམས་མ་གཏོགས་གོས་མ་མྱོང་།གསུངས་པ་ཤེས་སམ། xxx མང་པོ་མ་བཤད་ན་ལེགས་སོ།
ཐོབ་ཤོར་དོན་དུ་མིན་ན་དེ་གའི་ཆོག་པ། ཚིག་ཙུབ་དང་ཚིག་ངན་མ་བྲིས་ན་དེ་ལས་ཡག་ག།
ཕྱི་ལོ་ ༢༠༡༤-༠༡-༡༢་ ཉིན་སྔ་དྲོ་ཆུ་ཚོད་དགུ་དང་ཕྱེད་ཀ་ལ། ༧ རྒྱལ་དབང་ཀརྨ་པ་མཆོག་གི་བཀའ་སློབ་ཏུ། བཀའ་བརྒྱུད་སྨོན་ལམ་ཐེངས་སོ་གཅིག་པའི་ཉིན་གཉིས་པའི་ཆོས་བཤད་དགེ་བཤེས་གླང་རི་ཐང་པའི་གསུང་བློ་སྦྱོང་ཚིགས་བརྒྱད་མ་བཤད་རྒྱུ་རེད། སྔ་དྲོ་བདེ་ལེགས་ཞུ་ཡ་དང་དགེ་འདུན་པ་རྣམས་དང་མི་སྐྱ་ཕོ་མོ་མང་པོ་ཞིག་གིས་བཀའ་བརྒྱུད་སྨོན་ལམ་ཆེད་དུ་སྐུ་ལས་བསྐྱོན་པར་བཀའ་དྲིན་ཆེ། ད་རིང་བློ་སྦྱོང་ཚིགས་བརྒྱད་མ་བཤད་ཀྱིན་ཡོད་དུས། བློ་སྦྱོང་གི་ཉམས་ལེན་པ་ཞིག་ཡིན་ན། ང་རྒྱལ་དང་རང་མཆོག་འཛིན་མེད་པར། ཡུལ་དུས་གནས་སྐབས་ཀུན་ཏུ་རང་ཉིད་དམན་ས་བཟུང་ནས་གཞན་ལ་མཆོག་འཛིན་དང་གཞན་གཅེས་པར་བཟུང་བ་དང་། གཞན་གྱི་ཡོན་ཏན་དང་ལོངས་སྤྱོད་མཐོང་དུས་དེ་ལ་དགའ་བ་སྒོམ། བློ་སྦྱོང་ཉམས་ལེན་པ་རང་ཉིད་འགྲོ་འདུག་སྤྱོད་ལམ་གང་ལ་ཡང་བརྟག་དཔྱད་དང་དོ་སྣང་བྱ་དགོས། ཉོན་མོངས་སྐྱེ་བ་མཐོང་ཡོང་དུས་མྱུར་དུ་སྤོང་བར་འབད་བརྩོན་བྱ། ཉོན་མོངས་པ་དེ་རང་གཞན་ཚང་མའི་དགྲ་ཆེ་ཤོས་དེ་རེད། ཆོས་ཆོས་སུ་འགྲོ་མིན་དེ་ཉོན་མོངས་ཀྱི་གཉེན་པོར་འགྲོ་མི་འགྲོ་ལ་བལྟ་དགོས། ལྷ་ཁང་ནང་དང་ཁ་འདོན་སྐབས་ལ་བྱམས་སྙིང་རྗེ་དང་དགེ་སྦྱོང་ཡིན་མདོག་བྱས་པ་ཙམ་གྱིས་མི་ཕན་པར། རྐྱེན་ངན་ཐོག་ཏུ་བབས་པ་དང་ཕྱི་ལོག་ཏུ་དཀའ་ངལ་ཕྲན་བུ་འཕྲད་འོང་དུས་བྱམས་སྙིང་རྗེ་དང་བཟོད་པའི་གོ་ཆ་ཡོད་དགོས། དཔེར་ན་དམག་མི་ལ་འགྲོ་སོང་དང་གྲ་སྒྲིག་མང་པོ་བྱས་དཀའ་ལས་རྒྱག་ན། དམག་འཐབ་སྐབས་གཡུལ་ལས་རྒྱལ་ཁ་ཐོབ་པའི་ཆེད་དུ་རེད། དེ་ག་ནང་བཞིན་ཆོས་ཉམས་ལེན་དང་དགེ་སྒྲུབ་བྱས་ན་ཉོན་མོངས་དང་རྐྱེན་ངན་འཕྲད་སྐབས་གཉེན་པོར་འགྲོ་ཐུབ་དགོས་རེད། བློ་སྦྱོང་ཁ་བཤད་ཙམ་གྱིས་མི་ཕན་པ་དཔེར་ན་ལུས་པོ་འཕྲོད་བསྟེན་ལག་ལེན་བྱས་ནས་འཕྲོད་བསྟེན་ཡོང་དགོས་པ་ལྟར་རེད། ཉི་མ་རྟག་པར་རང་གི་རང་ལ་འཆར་གཞི་བཞག་རྩིས་རྒྱག་ནས་ཆོས་སྒྲུབ་དགོས། སྤྱིར་བཏང་སྤོབས་པ་དང་ང་རྒྱལ་གཉིས་ནོར་ཉེན་ཡོད། སྤོབས་པ་ནི་ལེགས་པའི་ཡོན་ཏན་གྱི་ཕྱོགས་ལ་དཔའ་བ་ཞིག་རེད། ང་རྒྱལ་ནི་སྤང་བྱ་སྟེ་གཞན་ལ་ཁྱད་དུ་བསད་ཅིང་རང་མཆོག་འཛིན་དང་གཞན་ལ་དམན་པར་ལྟ་ཞིང་། ང་རྒྱལ་དང་རང་ལ་ཁེངས་སེམས་བྱས་ན། ང་རྒྱལ་གྱི་གོང་བུ་ལ། ཡོན་ཏན་གྱི་ཆུ་མི་ཆགས། ཟེར་བ་ལྟར་བོགས་འབྱིན་པ་དང་ཡོན་ཏན་དང་ཡར་རྒྱས་འགྲོ་རྒྱུ་གོ་སྐབས་འགག་པ་རེད། བྱ་བ་ངན་པའི་རིགས་ལ་ཆོག་ཤེས་དགོས་ཀྱང་། བྱ་བ་བཟང་པོའི་རིགས་ལ་ཆོག་ཤེས་མེད་པར་ཡར་རྒྱས་དང་གོང་འཕེལ་གཏོང་དགོས།
ད་ཁྱབ་བསྒྲགས་ཤིག་འདུག་དེ་གང་རེད་ཟེར་ན། ཕྱི་ལོ་ ༢༠༠༢ ་ལོར་ཝ་ར་ཎ་སི་བཛྲ་བིདྱཱ་གཙུག་ལག་སློབ་གཉེར་ཁང་དུ། བཀའ་བརྒྱུད་རྒྱལ་ཡོངས་ཚོགས་འདུ་ཆེན་པོ་ཚོགས་སྐབས། མར་ལུགས་རྒྱུད་སྡེ་བཅུ་གསུམ་དེ་དགོན་པ་ཁག་སོ་སོ་ལ་བགོ་བཤའ་རྒྱག་ནས། རྒྱུད་སྡེའི་ཆོ་ག་ཕྱག་ལེན་ཚོགས་རྒྱུ་བྱས་ཡོད་རེད། ད་ལོ་དེ་སྐོར་ཚོགས་འདུག་གམ་མི་འདུག་བལྟ་དགོས་འདུག དགོན་པ་ཁག་སོ་སོའི་འགན་འཛིན་རྣམ་པས་སྙན་ཞུ་ཞིག་བྲིས་ནས་སྤྱི་ཚེས་14་ ལས་མ་འགྱངས་པར་མཚུར་ཕུ་བླ་བྲང་གི་ལས་ཁུངས་སམ་ཡང་ན་བཀའ་བརྒྱུད་སྨོན་ལམ་ལས་ཁུངས་སུ་འབྱོར་བ་ཞིག་གནང་རོགས། སྙན་ཞུ་དེ་ལ་བལྟས་ནས། སྔར་གྱི་བགོ་བཤའ་རྒྱག་པ་ནང་བཞིན་དགོན་པ་ཁག་སོ་སོས་ཚོགས་ཡོད་ན། སི་ཏུ་ཆོས་འབྱུང་གིས་བཀའ་ལྟར་བྲིས་པའི་ཀརྨ་སྒར་བྲིས་ཀྱི་ཞལ་ཐང་མར་ལུགས་རྒྱུད་སྡེ་བླ་མེད་ལུགས་གཙོ་བོ་བྱས་པའི་ཞལ་ཐང་ཉེར་བདུན་རེ་ཕུལ་རྒྱུ་ཡོད། ཚོགས་མེད་ན་སྤྲད་རྒྱུ་མེད། ༧ རྒྱལ་དབང་མཆོག་གི་བཀའ་སློབ་ལས།
བཀའ་བརྒྱུད་སྨོན་ལམ་ཟེར་བ་དེ་ཡང་བརྟག་རྒྱུ་རེད། ཀམ་ཚང་ཕྱེད་སྨོན་ལམ་ཟེར་ན་ལེགས།
བཀའ་བརྒྱུད་སངྒྷ྄་སྨོན་ལམ་ཟེར་ན་མགོ་མ་ཚོས་གོང་ནས་ལྕེ་སྙབས་ཟེར་བ་དེ་རེད།
དྲི་མེད་ལྷག་བསམ་མཆོག་ལ་ཡང་དང་བསྐྱར་དུ་འོ་བརྒྱལ་གཏད་དགོས་བྱུང་བ་ལྟར་དང་ལེན་གྱིས་ལན་གནང་བར་ཐུགས་རྗེ་ཤིན་ཏུ་ཆེ། དྲིས་ལན་སྔ་མ་དག་གིས་བློ་བསྐྱེད་མང་བོ་སྟེར་ཐུབ་ཀྱི་འདུག་ལ། ལོ་རྒྱུས་ཞིབ་འཇུག་ལ་སྨན་པའི་ཆ་མང་བོ་འདུག ཡིན་ནའང་། ཁྲ་འགུ་རིན་པོ་ཆེ་ལགས་ཀྱིས་རྒྱ་མི་དད་ལྡན་པར་ལྗགས་ལན་ཕུལ་བའི་ཐད་ཀྱི་བསམ་ཚུལ་ཁག་ལ་ཚོར་བ་ཅུང་ཤུགས་ཆེན་པོ་ཡོད་པའི་སྣང་བ་འཁོར་ཡོང་གི་འདུག གང་ལྟར་ང་རང་གི་བསམ་ཚུལ་རེ་འགའ་ཞུ་ཆོག་པ་གནང་རོགས།
༡ མ་གཞི་ཡིན་དང་མིན་ཟེར་བ་འདི་འཇིག་རྟེན་ཡོངས་གྲགས་གཞིར་འཇོག་པ་ལས་ཞིབ་ཆ་བཏོད་ན་༼ང༽ཟེར་བ་ཞིག་ཀྱང་མེད་ས་ཞིག་ཏུ་གཞན་དག་བཤད་ག་ལ་དགོས། སྔར་རྒྱལ་བ་བསྐལ་བཟང་རྒྱ་མཚོའང་རྒྱལ་བ་སྐུ་ཕྲེང་དྲུག་པ་རེད་ཟེར་མཁན་བྱུང་ནའང་། རྗེས་སུ་འཇིག་རྟེན་ཡོངས་གྲགས་ལྟར་སྐུ་ཕྲེང་བདུན་པར་གཏན་འཁེལ་བ་ལྟར་རེད། དེ་ག་ནང་བཞིན་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པའང་སྔར་ངོས་འཛིན་ཞུ་སྐབས་འོས་འདུ་ག་ཚད་ཅིག་ཡོད་མེད་ལ་མ་ལྟོས་པར་སྐུ་རང་ཉིད་ཀྱི་སྟེང་ནས་འཛམ་གླིང་སྒང་རྒྱལ་བ་ཀརྨ་པ་བཅུ་དྲུག་པ་འདིའོ་ཟེར་བ་ཞིག་བྱུང་ཡོད་པས། འཇིག་རྟེན་ཡོངས་གྲགས་གཞིར་འཇོག་པ་ནི་ལོ་རྒྱུས་ཀྱི་ཆོས་ཉིད་ལ་མཐུན་པ་ཞིག་ཀྱང་རེད་འདོད།
༢ ཡིག་ཆ་ཁག་ལ་གཞིགས་ན། རྒྱལ་བ་ཀརྨ་པ་སྐུ་ཕྲེང་རིམ་བྱོན་ནང་སྐུ་ཕྲེང ༨དང་ ༡༠ ༡༢ ཐད་རྩོད་རྙོག་བྱུང་ཡོད་ཚུལ་འདུག དེ་དག་ཇི་ལྟར་སེལ་བ་དང་དེ་དག་ཉིད་ཀྱིས་དྲངས་པའི༼བསྟན་བཀའ་རྒྱ་མ། ཞིག་གླིང་ལུང་བསྟན། པཀྴིའི་ཀརྨ་སྐུ་ཕྲེང་ལུང་བསྟན། ཚེ་ནོར་ལུང་བསྟན་སོགས་༽ཀྱི་ནང་དུ་ཡོད་དམ་མེད།
༣ སྤྱིར་བཏང་མི་སུ་དང་སུ་ལའང་དོགས་པ་ཟ་ཆོག་པ་དང་བརྟག་དཔྱད་ཞིབ་འཇུག་ཀྱང་བྱེད་ཆོག་མོད། ཁྲ་འགུ་རིན་པོ་ཆེ་ལགས་ཀྱིས་རྒྱལ་བ་ཀརྨ་པ་བཅུ་དྲུག་པ་མཆོག་གིས་སྔར་བཙན་བྱོལ་ལ་ཕེབས་སྐབས་ཕྱག་བྲིས་ཤིག་དང་རུམ་བཏེགས་ལ་ཕེབས་རྗེས་ཕྱག་བྲིས་ཤིག་གནང་ཚུལ་གསུངས་འདུག་པར་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ངེས་ཅན་རེ་ཡོད་པ་འདྲ། སྔ་མ་ནི་བཤད་མ་དགོས་པར་རྒྱ་དམར་བཙན་འཛུལ་བའི་སོ་ཁ་ནས་བྲོས་ཡོང་གི་ཡོད་པའི་དུས་རེད་ལ། སུ་གང་ལའང་སྲོག་འགོ་ཐོན་མིན་དྲི་བ་ཆགས་ཡོད་པའི་སྐབས་ཤིག་རེད། ཕྱི་མ་དེ་ག་འདྲ་ཡིན་མིན་ད་ལྟ་བཤད་ཚོད་ཐུག་གི་མི་འདུག་སྟེ། བཙན་བྱོལ་དུ་བཞུགས་རིང་དཀའ་ངལ་གཞན་པ་འདྲ་འཕྲད་ཡོད་ངེས་པར་འདོད། གང་ལྟར་ཕྱག་འཕྲིན་དེ་གཉིས་མུ་མཐུད་དུ་བཙལ་རྒྱུ་གནད་འགག་ཅིག་རེད་འདོད།
༤ ཁྱེད་རང་ཆོས་པ་ཞིག་རེད་ལ། སྐྱེ་བ་གཏན་འགོག་གི་ནུས་པ་འཕགས་པ་ལའང་མེད་འདོད་ཀྱིན་པའང་བདེན་པ་རེད། ཡིན་ནའང་། ཉུང་མཐར་རྒྱལ་བ་རིན་པོ་ཆེ་མཆོག་སྲིད་འགན་རྩིས་སྤྲད་མ་གནང་བའི་ཡར་སྔོན་བོད་ཀྱི་སྤྲུལ་སྐུ་ཆེ་མ་ཆུང་གསུམ་གྱི་ངོས་འཛིན་ནང་ཐེ་ཡོད་པ་རེད་ལ། ཁོང་ལས་ངོས་ལེན་ཡོད་པའི་ཡིག་ཕྱག་ཡིག་ཞུས་ཡོད་པ་རེད། དེ་ནི་གཞན་མ་ཡིན་པར་ཆོས་སྲིད་ཟུང་འབྲེལ་གྱི་དབུ་ཁྲིད་ཡིན་པས་རེད་ལ། ངོས་ལེན་དེའང་སྤྲུལ་སྐུ་རྫུན་མ་འགོག་བྱེད་དང་དངོས་མ་གནས་ཆེད་དུ་བོད་གཞུང་དགའ་ལྡན་ཕོ་བྲང་གི་ངོས་ནས་ཐག་གཅོད་གནང་གི་ཡོད་པ་རེད། དེ་ཙམ་མ་ཟད་སོག་པོའི་སངས་རྒྱས་ཆོས་ལུགས་ཀྱི་དབུ་ཁྲིད་ཧལ་ཧ་རྗེ་བཙུན་དམ་པའང་རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་ནས་ངོས་འཛིན་གནང་གི་ཡོད་པ་རེད། དེ་བས། རྒྱལ་བ་རིན་པོ་ཆེ་མཆོག་བོད་བརྒྱུད་སངས་རྒྱས་ཆོས་ལུགས་སྤྱིའི་དབུ་ཁྲིད་ལ་ངོས་ལེན་ཡོད་མེད་གང་ལྟར་ཡང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ངོས་ལེན་གནང་སྐབས། རྒྱལ་བ་རིན་པོ་ཆེ་ད་དུང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གཅིག་ལྕོགས་ཡིན་པས། ཁོང་གི་ཐག་བཅད་དེ་ཆོས་སྲིད་ཟུང་འབྲེལ་གྱི་འགྲོ་སྟངས་དང་ཡོངས་སུ་མཐུན་པ་ཞིག་རེད་འདོད། ད་ལྟ་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྲིད་འགན་ཕུལ་ཟིན་པས། ༢༠༡༡ལོའི་རྗེས་ཀྱི་སྤྲུལ་སྐུ་ངོས་འཛིན་སོགས་གནས་ཚུལ་གཞན་ཞིག་ཏུ་གྱུར་ཡོད།
༥ ཁྱེད་རང་གིས་གསུངས་པ་ལྟར་ཀརྨ་པའི་རྩོད་པ་འདི་བཞིན་སངས་རྒྱས་བསྟན་པ་སྤྱི་དང་ཡང་སྒོས་བཀའ་བརྒྱུད་བསྟན་པ་སོགས་ལ་འབྲེལ་ཡོད་པའང་བདེན་པ་རེད་དེ། ད་ལྟ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གི་ཤུགས་རྐྱེན་བཀའ་བརྒྱུད་ཙམ་ལས་བརྒལ་ནས་བོད་གངས་ཅན་གྱི་ལྗོངས་སུ་ཁྱབ་ཡོད་པའང་དངོས་བདེན་ཡིན། དེ་ནི་གཤམ་གྱི་རྒྱུ་རྐྱེན་གཉིས་ལ་ཐུག་ཡོད།
༼༡༽ ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་རིན་པོ་ཆེ་ཡི་ཁྲི་སྟོན་ནི་བོད་ཀྱི་བསྟན་པ་ཡང་དར་ཏེ། རྒྱ་དམར་གཞུང་གིས་བོད་ནང་ཆོས་ལུགས་བསྣུབས་ནས་ལོ་ངོ་སུམ་ཅུ་ཡན་འདབས་འདས་རྗེས་ཀྱི་བོད་བརྒྱུད་ནང་བསྟན་ཁྲོད་ཀྱི་ཆོ་ག་གཟབ་རྒྱས་དེ་ཆགས་ཡོད་པའི་ཁར། བརྙན་འཕྲིན་དང་གསར་ཤོག་སོགས་ཀྱི་ཆ་རྐྱེན་འཛོམས་དུས་དང་རྒྱ་གཞུང་གིས་ཆོས་ལུགས་སྲིད་བྱུས་ཅུང་གུ་ཡངས་ཡོད་དུས་ཡིན་པ་སོགས་ལ་བརྟེན་ནས་བོད་ཁམས་ཡོངས་སུ་གླེང་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། དེ་ནས་བོད་ནང་སྤྲུལ་སྐུ་ངོས་འཛིན་གྱི་འགོ་དགོས་སུ་ཚུགས་ཡོད།
༼༢༽ ཕྱི་ལོ༢༠༠༠ལོར་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་བཙན་བྱོལ་དུ་བདེ་འབྱོར་བྱུང་བར་བརྟེན་ནས་བོད་གངས་ཅན་ལྗོངས་སུ་རྒྱལ་བ་ཀརྨ་པ་ལ་མི་ཤེས་མཁན་ནམ། བསྔགས་བརྗོད་མི་གནང་མཁན་ཧ་ལམ་མེད་ཚོད་དུ་སླེབས་ཡོད། དེ་ནི་ད་ལྟའི་ཆར་་གུས་ཕྱག་མི་འབུལ་མཁན་མེད་པར་གོ་དགོས།
༦ མ་གཞི་ང་རང་ནི་ཆོས་ལུགས་སྣ་ཚོགས་ལ་གང་ཐུབ་ཀྱིས་རྒྱུས་ལོན་བྱེད་པར་དགའ་བོ་ཡོད་མཁན་ཞིག་ལས་དམིགས་བཀར་ཆོས་ལུགས་གང་རུང་ལ་དད་པ་ཡོད་མཁན་ཞིག་མིན་མོད། སྤྲུལ་སྐུའི་རྩོད་རྙོག་སེལ་ཐབས་ཡག་ཤོས་ནི་སྤྲུལ་སྐུ་དང་ཁྲི་ཚབ་ཀྱི་དབྱེ་བ་ཕྱེ་ནས་བསྟན་པ་མུ་མཐུད་དུ་སྐྱོང་བ་དང་། ལག་ལེན་ཁྲོད་ནས་སུས་དད་ལྡན་མང་ཚོགས་ལ་ཕན་ཐོགས་པ་བྱུང་ན་རང་བཞིན་གྱིས་ཕན་ཐོགས་ཀྱི་མཚན་སྙན་གྲགས་རྒྱས་པའང་ཆོས་ཉིད་ཡིན་པར་འདོད། དཔྱད་གཞི་ཙམ་ཡིན། ཡིག་ནོར་ཡོད་ངེས་པས་དགོངས་དག་ཞུ།
རྗེས་མ་བོད་ཀྱི་ཆོས་བརྒྱུད་ལྔའི་སྨོན་ལམ་ཚོགས་སྐབས། ཕྱིའི་ར་སྐོར་ནང་མཐའ་ཡས་རྡོ་རྗེ་དང་། རྒྱན་མཚན་ནོར་བུ་བཅས་ལ་ཞུགས་ཁྲི་ཟུར་དུ་རྒྱག་དགོས་ས་རེད། བསམ་བློ་གང་ནས་གཏོང་ཡང་སྙིང་མ་རྗེ། ཁོང་གཉིས་ཀྱི་ནོར་འཁྲུལ་མ་རེད། ངོ་མ་ན་གཞོན་དེ་གཉིས་སྙིང་མ་རྗེ། ད་མུ་མཐུད་ག་ལེར་ག་ལེར་མཐའ་ཡས་རྡོ་རྗེའི་ཉེ་འཁོར་དེ་ཚོ་ཀརྨ་པ་ལ་མགོ་བོ་འདོགས་ཀྱི་རེད། གང་བྱེད་དགོས་སམ།
དགོངས་དག ཆད་ལྷག་ཅིག་འདུག ལག་ལེན་ཁྲོད་སུས་དད་ལྡན་མང་ཚོགས་ལ་ཕན་ཐོགས་ན་ཕན་ཐོགས་མཁན་དེའི་མཚན་སྙན་གྲགས་རང་བཞིན་གྱིས་རྒྱས་པའང་ཆོས་ཉིད་ཅིག་ཡིན་པར་འདོད། དཔེར་ན། ཉག་རོང་བསོད་རྒྱལ་རིན་པོ་ཆེ་མཆོག་གི་ཡང་སྲིད་ཐད་ཐོག་མའི་ཆར་གཉིས་བྱུང་ཡོད་ལ། གཅིག་དེ་ད་ལྟའི་བསོད་རྒྱལ་རིན་པོ་ཆེ་རེད། གཞན་དེ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་རེད། ཡིན་ནའང་། ད་ལྟའི་ཆར་མི་སུ་གཅིག་གིས་ཀྱང་ཁོང་རྣམ་གཉིས་ལ་དངོས་རྫུན་གྱི་སྐད་ཆ་བཤད་མི་སྲིད་པ་ནི་ཁ་མིག་ཡར་ལྟ་བྱེད་ཡུལ་ཡག་ཤོས་ཤིག་ཡིན་པར་འདོད་ལ་བཅོས་རོགས།
ཨ་ཡ་ཨོ་སེ་ཀྲེ་ལེ་ཡའི་IP བཀོལ་མཁན་དེས་ངོ་མ་ཤེས་ཀྱི་མིན་འདུག གནམ་ལི་ཡག ཡག་པོ་ཉོན་ཨང་།
སི་ཏུ་རིན་པོ་ཆེས་ཨུ་རྒྱན་འཕྲིན་ལས་ཀརྨ་པའི་ཡང་སྲིད་ལ་ཐག་གཅོད་ཟིན་ནས་ང་ཕོད་ངག་དབང་འཇིགས་མེད་བརྒྱུད་ནས་རྒྱ་གཞུང་ལ་སྙན་གསེང་ཞུས་ནས་གཏན་འཁེལ་ཟིན། ང་ཕོད་ལ་སི་ཏུའི་ཡི་གེ་དེ་ཀོང་སྤྲུལ་རིན་པོ་ཆེས་སྤྲད་འདུག ཀོང་སྤྲུལ་གྱི་ཨ་མ་ང་ཕོད་གྱི་བུ་མོ་རྒན་པ་རེད། ཧ་གོ་ངམ། དྲི་མེད་ཀྱིས་འདི་གསང་བ་བྱེད་ཀྱི་འདུག
ང་ཕོད་ཀྱིས་སི་ཏུར་ཡིག་ལན་བཏང་ནས་ཀྲུང་དབྱང་ལ་མ་ཞུས་གོང་རྒྱལ་བ་རིན་པོ་ཆེར་དགོངས་སྐོར་ཞུས་ན་ལེགས། ཀརྨ་པ་༡༦ ཡང་རྒྱལ་བ་སྐུ་འཕྲེང་༡༣པས་ངོས་འཛིན་གནང་བ་རེད་ཅེས་ལན་བརྒྱབ་འདུག གཞི་ནས་སི་ཏུ་ཁ་སྐྱེངས་ནས་རྒྱལ་བ་རིན་པོ་ཆེར་སྙན་གསེང་ཞུས་འདུག སི་ཏུའི་ཕྱོགས་གཏོགས་ཀྱིས་མཐའ་གཅིག་ཏུ་རྒྱལ་བ་རིན་པོ་ཆེ་དབང་ཆ་མེད་པའི་ཐབས་ཤེས་བྱས་འདུག ང་ཕོད་ཀྱི་རྣམ་ཐར་འཐོན་སྐབས་རྗེས་མ་སི་ཏུ་དཀའ་ངལ་ཆེན་པོ་འཕྲད་ས་རེད། དྲི་མེད་ལགས་ད་དུང་གསུངས་རོགས། ཉན་བསྡད་ཡོད།
ཀློང་ཆུང་ལ་གཏམ་དྲིས་ན་མི་བཤད་སྒུག་ན་བཤད་ཅི་མ་བདེན། སི་ཤོག་གིས་ཀོང་སྤྲུལ་དཀྲུངས་རྐྱེན་གསལ་བོ་ཀློང་ཆུང་གིས་གསུང་སོང་ང་། རྒྱལ་དབང་ཀརྨ་པ་མཐའ་ཡས་རྡོ་རྗེ་འདི་ཁྲི་མཐོ་དམན་དང་མཐའ་དབུས་ལ་རྩོད་མཁན་ཞིག་རེད་མི་འདུག་པས་ཤེས་འཚལ། གནམ་ལོ་ཡག་ཨུ་ཚུགས་བྱས་པས་གང་ཕན་ནམ། ཁྲ་འགུ་དང་སི་ཏུའི་གསང་བ་ཞིག་ལས་ང་ཚོས་རྒྱལ་བ་དང་བོད་གཞུང་དང་འབྲེལ་ན་རྒྱལ་ཐུབ་པ་ཡིན་ཟེར་བའི་ཁ་ཕོར་བའི་ལྐོག་བཤད་དེ་ལག་ལན་བྱས་པ་ལས་གཞན་གང་མཐོང་མ་སོང་།
ལྷ་སྡེ་གནམ་ལོ་ཡག་གིས་དཔེ་ཡག་པོ་བྲིས་འདུག ད་དུང་དྲ་གྲོགས་ཚོས་ཕྱོགས་ཞེན་མ་འདྲེས་པར་བགྲོ་གླེང་མང་ཙམ་གནང་ན་ཡག་པོ་འདུག
ནོར་བཅོས། མཆན་༡༠༣འདི་ནོར་འདུག བདག་ལ་གནས་ཚུལ་སྤྲོལ་མཁན་འདི་འཁྲུགས་འདུག སི་ཏུ་རིན་པོ་ཆེས་རྒྱལ་བ་རིན་པོ་ཆེར་དགོངས་སྐོར་ཞུས་འདུག ངས་གནས་ཚུལ་སྤྲོད་མཁན་ཁོ་ལ་ཉེས་པ་དྲག་པོ་ཞིག་བཏང་བ་ཡིན། སི་ཏུ་རིན་པོ་ཆེ་དགོངས་སུ་གསོལ། ད་ནས་མི་ངན་འདིའི་ཁ་ལ་ཡིད་ཆེས་མེད།
དྲི་མེད་ལྷག་བསམ་ལགས།ད་དུང་མཆན་ཁ་ཤས་ཞིག་བྲིས་དང་།ཉན་འདོད་ཤིན་ཏུ་ཆེ།
ཁོང་གི་མཛད་པ་ཆ་ཤས་ལས་དུད་འགྲོ་རྣམས་ཀྱི་བསྐོར།
དེས་ན་རང་རེས་དུད་འགྲོ་རྣམས་ཀྱི་ཚོར་བར་ངེས་པར་ཤེས་ཚོར་དགོས་པ་ཡིན། ང་ཚོ་སེམས་ཅན་དེ་དག་ཡིན་པ་དང་དེ་དག་ང་ཚོ་ཡིན་པར་འདུ་ཤེས་ཤིང་ཚོར་དགོས་པ་ཡིན། མིའི་དོན་དུ་བདེ་སྐྱིད་བསྐྲུན་པ་ལྟར་དུད་འགྲོ་ལ་སོགས་པའི་སེམས་ཅན་མཐའ་དག་གི་བདེ་བ་བསྐྲུན་ཕྱིར་རང་རེས་སྒོ་ཀུན་ནས་འབད་བརྩོན་བགྱིད་དགོས་པ་ཤིན་ཏུ་གལ་ཆེ།
ངོས་རང་དཔལ་རྒྱལ་དབང་ཀརྨ་པ་མཆོག་འདིར་བཞུགས་ཡོད་པ་ཧ་ཅང་དགའ་པོ་བྱུང་། སྐྱེས་བུ་དམ་པ་གང་ཞིག་ནས་བཀའ་བརྒྱུད་པ་ཀུན་གྱི་བློ་བསྒྱུར་བ་དང་། དེ་བཞིན་དུས་ཡུན་ཐུང་ངུ་ཞིག་གི་ནང་སྐུ་ན་གཞོན་པའི་རྒྱལ་དབང་ཀརྨ་པ་མཆོག་ནས་མི་སྟོང་ཚོ་དུ་མར་དམར་སྤོང་དཀར་ཟས་ལ་སྤྱོད་པའི་ལམ་དུ་བསྒྱུར་བར་མཛད་ཡོད། དེས་ན་ཁོང་ལྟ་བུའི་དམ་པ་ཞིག་ནས་རང་རེ་རྒྱ་གར་གྱི་ཡུལ་དུ་འདེམས་ཏེ་ཕེབས་པ་དེར་རང་ཅག་རྣམས་སྐལ་བ་མཆོག་ཏུ་སྦོམ་པ་ཡིན།
ངོས་རང་སྲོག་ཆགས་དུད་འགྲོའི་རིན་མེད་སྨན་བཅོས་ཀྱི་མཛད་སྒོ་འདིར་བཅར་བ་ཡིན། འདི་ཉིད་ད་ལྟ་འགོ་འཛུགས་ཙམ་ཡིན། བི་ཧར་མངའ་སྡེའི་ནང་དུད་འགྲོའི་ཕྱིར་སྨན་བཅོས་སྡེ་ཚན་ཅི་ཡང་མེད། གལ་སྟེ་ངོས་རྣམས་ནས་གནས་འདི་ཉིད་ནས་ལས་དོན་འགོ་འཛུགས་བགྱིད་ཚེ་ས་ཐག་རིང་པོའི་བར་བསྐྱོད་ནུས། ལོ་རྒྱུས་དུ་མ་ཞིག་ཐོག་མར་གནས་མཆོག་འདི་ནས་འགོ་འཛུགས་པ་ཡིན།
འདིར་གྲོང་རྡལ་གྱི་བློན་པོ་ཟུར་པ། འཕྲོད་བསྟེན་བློན་པོ་ཟུར་པ། ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སོགས་དུ་མ་ཡོད་པས་ད་ལྟ་འདི་འགོ་འཛུགས་ཙམ་ཡིན། ངོས་ནས་ཁྱེད་རྣམ་པ་ཡང་ལས་དོན་འདིར་མཉམ་ཞུགས་ཡོང་བའི་རེ་འདུན་ཞུ་བཞིན་ཡོད། འདི་ཉིད་གོམ་པ་དང་པོ་ཡིན་ཅིང་འབྱུང་འགྱུར་ལོ་ངོ་གཉིས་གསུམ་ནང་བི་ཧར་མངའ་སྡེ་ཡོངས་ཀྱི་ནང་རིམ་བཞིན་འཕེལ་རྒྱས་འགྲོ་བའི་རེ་འདུན་ཡོད། བི་ཧར་གྱི་ས་གཞི་འདི་ཉིད་རྣམ་དཀར་གྱི་བསྟི་གནས་ཤིག་ཡིན་པ་དང་། རྒྱ་གར་གྱི་བསམ་པའི་གཞི་རྩ་གནས་འདི་ཉིད་ནས་གྲུབ་པ་ཞིག་ཡིན། དེས་ན་བི་ཧར་གྱི་ཡུལ་མི་རྣམས་ཆོས་མཐུན་གྱི་འགྱུར་བ་འགྲོ་དགོས་པ་ཧ་ཅང་གལ་ཆེ་ཡིན། སླར་ཡང་རྒྱལ་དབང་མཆོག་དང་འབོ་གངས་དཀར་རིན་པོ་ཆེས་དབུས་པའི་འདིར་ཕེབས་ཐམས་ཅད་ལ་ཐུགས་རྗེ་ཆེ་ཞེས་གསུངས།
དེ་རྟིང་དཔལ་རྒྱལ་དབང་ཀརྨ་མཆོག་ནས་གསུང་བཤད་སྩལ་དོན་དུ། ད་རིང་འདིར་ཕེབས་པའི་ལྕམ་མ་ཎི་ཀ་གཱན་དྷི་མཆོག་དང་། གཞན་ཡང་རྒྱ་གར་གྱི་སྐུ་མགྲོན་རྣམ་པར་ཐོག་མར་བཀྲ་ཤིས་བདེ་ལེགས་ཀྱི་མཚམས་འདྲི་ཡོད། ལོ་ཉིས་སྟོང་ལྔ་བརྒྱའི་གོང་དུ་རྒྱ་གར་རྡོ་རྗེ་གདན་གྱི་གནས་འདིར་བདག་ཅག་གི་སྟོན་པ་ཐོག་མར་མངོན་པར་རྫོགས་པ་སངས་རྒྱས་པ་རེད། གང་ཉིད་མངོན་པར་རྫོགས་པ་སངས་རྒྱས་ཏེ་སེམས་ཅན་ཐམས་ཅད་འདྲ་མཉམ་ཡིན་པ་དང་ཚེ་སྲོག་གི་རིན་ཐང་ཆེན་པོ་ཡིན་པ་ཁོང་གིས་མཁྱེན་པ་རེད།
དེར་བརྟེན་གང་གིས་རྗེས་འཇུག་སློབ་མ་རྣམས་ལ་སེམས་ཅན་ཐམས་ཅད་ལ་བརྩེ་བ་བྱ་དགོས་པ། སྡུག་བསྔལ་དང་བྲལ་བ་དང་བདེ་བ་དང་ལྡན་པར་ང་ཚོ་སྒེར་སོ་སོའི་ངོས་ནས་འབད་སྩོལ་བྱ་དགོས་པར་གསུངས། འདི་ཉིད་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཤེས་རབ་དང་བརྩེ་བ་ཞིག་རེད་ལ་དེ་ཡང་རྒྱ་གར་གནའ་རབས་ཀྱི་ཤེས་རབ་དང་བརྩེ་བ་དེ་བྱ་བཞིན་ཡོད། དེའི་རྒྱུ་མཚན་གྱིས་རང་རེས་དེའི་རྗེས་སུ་འབྲངས་ཏེ་དེ་རིང་དུད་འགྲོའི་ཕན་དོན་གྱི་ཕྱིར་དུ་ང་ཚོས་ལས་དོན་ཕྲན་བུ་ཞིག་བྱ་རྒྱུ་བྱུང་བ་དེར་ང་རང་ཡིན་ཡང་དགའ་པོ་བྱུང་ལ་དེའི་གོ་སྐབས་བཟུང་སྟེ་འདིར་ཕྱག་ལས་གནང་མཀན་དང་རྒྱབ་སྐྱོར་གནང་མཁན་ཐམས་ཅད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བོ་དྷ་གཱ་ཡཱ་འདི་སངས་རྒྱས་བཅོམ་ལྡན་འདས་ཀྱི་གནས་མཆོག་མདོར་ན་ཤེས་རབ་དང་བརྩེ་བའི་འབྱུང་གནས་ཤིག་ཏུ་གྱུར་ཡོད། དེ་གྱུར་པ་ལྟར་ད་རིང་གི་དུས་འདི་ཡང་རང་རེས་སྲོག་ཆགས་དུད་འགྲོ་ཚུན་ཆད་ལ་ཕན་བདེ་བསྐྲུན་སའི་དཀྱིལ་འཁོར་རམ་ཞིང་ཁམས་བཟང་པོ་ཞིག་ཏུ་འགྱུར་བའི་རེ་བ་ཞུ་བཞིན་ཡོད། དེས་ན་ད་རིང་འདིར་ས་གནས་ཀྱི་དཔོན་རིགས་དང་ཆེས་མཐོའི་མི་སྣ་དུ་མ་ཞིག་ཕེབས་ཡོད་པ་རེད། ཁྱེད་རྣམ་པའི་ངོས་ནས་ཀྱང་དེ་བཞིན་ཐུགས་འཁུར་བཞེས་པའི་རེ་འདུན་ཡོད།
ལྷག་པར་དུ་ལྕམ་མ་ཎི་ཀ་གཱན་དྷི་ལ་ཆ་མཚོན་ན་དམིགས་བསལ་དུད་འགྲོའི་ཐོག་ཐུགས་འཁུར་གནང་སྟེ་ངོས་རང་ཁོང་གི་དུད་འགྲོའི་གསོ་ཚགས་བྱ་ཡུལ་དེར་དངོས་སུ་བསྐྱོད་པ་རེད། དེ་ལྟར་ཡིན་སྟབས་ཕྱག་ལས་ཧ་ཅང་ལེགས་པོ་མཛད་འདུག མ་འོངས་པར་འདི་ལྟའི་བྱ་བ་བཟང་པོ་འདི་རྒྱ་གར་རྒྱལ་ཡོངས་ཕྱོགས་དུ་མ་ཞིག་ལ་ཁྱབ་ཐུབ་པ་ཞིག་དང་། རང་རེའི་སྲོག་ཆགས་དུད་འགྲོར་གྱུར་པ་མཐའ་དག་དུད་འགྲོའི་རང་དབང་ལ་བརྩི་སྲུང་མ་བགྱིས་པར་འགྲོ་བ་མིས་དུད་འགྲོར་མནར་གཅོད་མང་པོ་ཞིག་འགྲོ་བ་མིའི་བྱ་སྤྱོད་ལ་བརྟེན་ནས་འཐེབ་བཞིན་ཡོད། དེ་དག་ང་ཚོས་ཇི་ཙམ་ཡིན་ཡང་ཉུང་དུ་འགྲོ་ཐུབ་པ་ཞིག་དང་། འགྲོ་བ་དུད་འགྲོ་རྣམས་ཀྱང་འཛམ་བུ་གླིང་གི་ཁྱིམ་ཚང་འདིའི་ནང་གི་ནང་མིའི་ཆ་ཤས་ལྟ་བུ་ཞིག་ཡིན་པ་དེ་ལྟའི་གོ་རྟོགས་དེ་ཕྱོགས་ཐམས་ཅད་ལ་ཁྱབ་ཐུབ་པའི་རེ་འདུན་ཞུ་བཞིན་ཡོད།
གཞན་མང་པོ་ཞུ་རྒྱུ་ཅི་ཡང་མི་འདུག ད་རིང་འདིར་ཕེབས་མཁན་ཐམས་ཅད་ནས་འདིར་དངོས་སུ་ཕེབས་པ་འདི་དུད་འགྲོའི་ཚེ་སྲོག་དང་རང་དབང་ལ་མཐོང་དང་བཀུར་སྟི་སྟོབ་པར་མཚོན་སྟབས་ངོས་རང་ཧ་ཅང་དགའ་པོ་བྱུང་། དེ་ལྟར་ཡིན་སྟབས་འདིར་འདུས་ཀུན་ལ་བསྐྱར་དུ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བཀའ་དཪིན་ཆེ་ཞུ་རྒྱུ་ཡིན་ཞེས་བཀའ་སྩལ།
༧རྒྱལ་བ་ཀརྨ་པ་མཐའ་ཡས་རྡོ་རྗེ་འདི་བཀའ་བརྒྱུད་གོང་མའི་བླ་མའི་རྣམ་ཐར་བཞིན་དུ་མཁས་བཙུན་བཟང་གསུམ་ལྡན་པའི་སྤྲུལ་སྐུ་ཉམ་ཆུང་ཞིག་འདུག འཇིག་རྟེན་ཆོས་བརྒྱད་སྒྲུབ་མི་དགོས་མཁན་ཞིག་འདུག་གོ།
གུང་ཡོལ་རྗེས་ཀྱི་བཀའ་སློབ་ཏུ། བོད་གངས་ཅན་ལྗོངས་སུ་ཡོངས་གྲགས་ཆོས་བརྒྱུད་ཆེན་པོ་བཞི་དང་ཇོ་ནང་དང་གཡུང་དྲུང་བོན་བཅས་ཡོད་རེད།
ཆོས་བརྒྱུད་སོ་སོའི་བསྟན་པ་འཛིན་པའི་རླབས་ཆེན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་བསྟན་དོན་དུ་ཆོ་ག་ཕྱག་བཞེས་གནང་སྟངས་དང་། གཞུང་ཆེན་མོ་ལ་མཁས་པའི་རྣམ་དཔྱོད་ཀྱི་རྩལ་འདོན་སྟངས། ??རྒྱག་སྟངས་སོགས་ཅུང་ཟད་མི་འདྲ་ས་ཡོད་ཀྱང་། སྤྱིར་བཏང་བསྟན་པ་དང་འགྲོ་བའི་ཆེད་དུ་ཡིན་པ་གཅིག་མཚུངས་རེད། ཆོས་བརྒྱུད་འཛིན་པའི་སྐྱེས་བུ་དམ་པ་རྣམས་ཕན་ཚུན་ཆོས་དམ་ཚིག་གི་འབྲེལ་པ་མེད་པ་སུ་ཡང་མེད། ལྷག་པར་དུ་སངས་རྒྱས་ཀྱི་བསྟན་པ་འཇིག་ལ་ཉེ་བའི་སྐབས་སུ། ཆོས་བརྒྱུད་སུ་ཡིན་ཡང་བསྟན་པ་ཆ་ཤས་རེ་རེ་ནས་མ་ཉམས་པ་ཞིག་བྱེད་དགོས། སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་གནང་ཡོད་རེད། ཆོས་བརྒྱུད་ཀྱི་རྩིབས་མ་གཅིག་བཀོག་བཞག་ན་བསྟན་པ་ཉམས་འགྲོ་བ་རེད། ཆོས་བརྒྱུད་གང་ནས་བསྟན་པ་ཉམས་ན་སངས་རྒྱས་ཀྱི་བསྟན་པ་ཉམས་པ་རེད། ཆ་མ་ཚང་བ་རེད། ད་རིང་གནས་མཆོག་རྡོ་རྗེ་གདན་དུ་གཏེར་སྟོན་གུ་རུ་ཆོས་དབང་གཏེར་མ་གསང་འདུས་ཚེས་བཅུ་ཆེན་མོ་འཚོགས་ཀྱི་ཡོད། དེ་དང་མཉམ་དུ་མི་བསྐྱོད་རྡོ་རྗེ་ཡབ་སྲས་ཀྱིས་མཛད་པའི་གསང་སྔགས་རྙིང་མའི་དགག་ལན་ཡང་དཔེ་བསྐྲུན་འགྲེམས་སྤེལ་ཞུས་ཡོད། འགྲོ་མགོན་བཀའ་བརྒྱུད་པ་གསང་སྔགས་རྙིང་མ་དང་ཆོས་དམ་ཚིག་གི་འབྲེལ་པ་གཏིང་ཟབ་མོ་ཡིན་པར། དཔའ་བོ་གཙུག་ལག་ཕྲེང་བས་ཆོས་འབྱུང་མཁས་པའི་དགའ་སྟོན་སོགས་ལས་གསལ་བ་ལྟར། རྗེ་མི་ལ་རས་པ་དང་འབྲི་གུང་སྐྱོབ་པ་མགོན་པོ་རྒྱལ་བ་རྒོད་ཚང་པ་སོགས་ཀྱིས་རྫོགས་ཆེན་ཐུགས་ཉམས་བཞེས་པ་དང་། ཞང་གཡུ་བྲག་པའི་ཞང་བཀའ་རྒྱ་མ་ཞེས་པ་ཡོད། ལྷག་པར་ཀརྨ་པ་དུས་གསུམ་མཁྱེན་པ་དང་ཀརྨ་པཀྴི་གཉིས་ཀ་གསང་སྔགས་རྙིང་མའི་སྔགས་འཆང་གི་ཁྱིམ་རྒྱུད་རེད། དེ་ནས་བཀའ་རྙིང་ཟུང་འབྲེལ་དུ་གྱུར། རྫོགས་ཆེན་སྐུ་གསུམ་ངོ་སྤྲོད་ཐུགས་དམ་དུ་མཛད། ཀརྨ་པ་རང་བྱུང་རྡོ་རྗེས་གསང་སྔགས་རྙིང་མའི་དོན་རྟོགས་ནས་ཀརྨ་སྙིང་ཐིག་གི་ཆོས་གསུངས། གསར་རྙིང་གཉིས་ཀ་ལ་མཁས་པའི་གཡུང་སྟོན་པས་གསང་སྙིང་འགྲེལ་པ་མཛད། རྗེ་མི་བསྐྱོད་ཞབས་ཀྱིས་གུ་རུ་མཚན་བརྒྱད་དང་འབྲེལ་བླ་སྒྲུབ་མང་པོ་མཛད། ཀརྨ་པ་བཅུ་བཞི་ཐེག་མཆོག་རྡོ་རྗེས་མཆོག་གླིང་གི་ཟབ་གཏེར་རྣམས་དང་། གུ་རུ་ཆོས་དབང་གི་ཟབ་གཏེར་གྱི་ཚེས་བཅུ་ཆེན་མོ་ཐུགས་ཉམས་སུ་བཞེས། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི་དབང་ལུང་མན་ངག་ཕྱོགས་བསྒྲིགས་བྱས། ལྷག་པར་གསང་སྔགས་རྙིང་མའི་གཏེར་ཆོས་རྣམས་གཙོས་གསར་རྙིང་མན་ངག་ཕྱོགས་བསྒྲིགས་བྱས་ནས་མཛོད་ཆེན་རྣམ་ལྔ་ཞེས་ད་ལྟ་བཞུགས་པར་བཀའ་དྲིན་ཆེན་པོ་བྱུང་ཡོད། འཇམ་མགོན་བློ་གྲོས་མཐས་ཡས་ཀྱིས་ཀརྨ་པ་བཅོ་ལྔ་མཁའ་ཁྱབ་རྡོ་རྗེ་ལ་ཟབ་གཏེར་མན་ངག་ཆ་ཚང་གནང་། རང་ཅག་རྣམས་ཀྱི་སྐྱབས་མཆོག་རྒྱལ་དབང་བཅུ་དྲུག་པ་མཆོག་དང་སྔ་འགྱུར་རྙིང་མའི་སྐྱེས་ཆེན་དམ་པ་རྣམས་དང་ཆོས་དམ་ཚིག་གི་འབྲེལ་པ་གཏིང་ཟབ་མོ་ཡོད་ཅེས་སོགས་དང་། ང་རང་ཡང་ཆུང་དུས་ནས་ཚིག་བདུན་གསོལ་འདེབས་འདོན་ཤེས་ཀྱི་ཡོད། ག་དུས་ནས་ཤེས་ཡིན་ཧ་མི་གོ ངའི་ནང་མི་ཚང་མས་ཚིག་བདུན་གསོལ་འདེབས་ནམ་རྒྱུན་འདོན་གྱི་ཡོད་རེད། ངའི་ནང་མིའི་ཁྱིམ་དབྱར་ཀ་ས་ཆ་གཞན་ལ་སྤོ་དགོས་རེད།
ས་ཆ་དེ་རྒྱན་རྒྱག་དགོས་རེད། ཨ་ཕས་རྒྱན་ཡག་པོ་ཐོབ་པའི་ཆེད་དུ་ཚིག་བདུན་གསོལ་འདེབས་འདོན་ཤོག་ཟེར་ནས་ང་བཞག་འོང་རེད། རྒྱན་ཡག་པོ་ཐོབ་ཡོད་ན་ཡག་པོ་འདོན་འདུག་ཟེར་བ་དང་རྒྱན་ཡག་པོ་ཐོབ་མེད་ན་ཡག་པོ་འདོན་མི་འདུག་ཟེར་འོང་རེད། ཐེངས་ཞིག་ང་ཚོའི་ལུང་པ་ལ་ལུག་རྫི་ཞིག་གིས་རི་ལ་མེ་ཤོར་སོང་། མེ་ཚུར་ཡོང་མ་བཅུག་ཕུ་རྒྱག་ཟེར། ཚིག་བདུན་གསོལ་འདེབས་འདོན་ནས་ཕུ་རྒྱག་པ་ཡིན། དེས་ཕན་ཐོགས་སོང་ཟེར་ནས་ལུང་པ་དེའི་དཔོན་པོ་དེས་རྒྱ་སྒོར་གཅིག་ང་ལ་སྤྲད་སོང་། ཕན་ཡོད་མེད་མི་ཤེས་ཚིག་བདུན་གསོལ་འདེབས་འདོན་པའི་སྐུ་ཡོན་དང་པོ་དེ་དུས་རག་སོང་། ཞེས་སོགས་༸རྒྱལ་དབང་མཆོག་གིས་བཀའ་སློབ་ལས།
དོལ་རྒྱལ་ཚོགས་པའི་༧རྒྱལ་བ་རིན་པོ་ཆེར་སྐྱོན་འཛུགས་དང་ངན་སྨྲས་སྣ་ཚོགས་སྒྲོགས་པ་དང་ཁྱེད་ཀྱིས་༧རྒྱལ་དབང་བཅུ་བདུན་པར་སྨད་ཚིག་གིས་བརྡུང་བ་སོགས་ནི་རིམས་ནད་ཅན་ལ་གངས་རི་སེར་པོར་སྣང་ཅིས་མི་མཚུངས།
ཀློང་ཆུང་གི་བཤད་ནོར་ངོས་ལེན་ལ་ཡི་རངས་ཡོད། འདིའང་མི་རིགས་ཤིག་གི་སྤུས་ཀ་མཐོར་འདེགས་ཡོང་བཞིན་པའི་རྟགས་ཤིག་རེད། དེ་མིན་གཟུགས་མེད་ཁ་ཤས་ཤིག་གིས་ཚིག་རྩུབ་དོར་ཐུབ་ཀྱི་མེད་པའང་ཆོས་པ་ཚོའི་སེམས་པ་གྱོང་བོ་ད་དུང་ཆོས་ཀྱིས་འདུལ་ཐུབ་ཀྱི་མེད་པའི་རྟགས་ཤིག་ཏུ་མཐོང་བས། བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱིས་ངོམས་སོ་གནང་བཞིན་པའི་མི་རྣམས་ཀྱི་སེམས་ཁམས་ལ་ཕན་ཐོགས་ཀྱི་ཡོད་ཅེས་པར་རང་ངོས་ནས་བསྙོན་འབྱིན་བྱེད་ཀྱིན་པ་ཤེས་གལ་ཤིན་ཏུ་ཆེ་སྙམ།
༧ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་དགོངས་པ་གཞན་དུ་གཤེགས་པ་ལ་སྙིང་ནས་མྱ་ངན་གུས་འདུད་ཞུ།
གཞན་ལ་ཆོས་བཤད་དང་སློབ་གསོ་དགོས་ན་ཐོག་མར་སོ་སོའི་ལམ་ནོར་བ་མ་སོང་བར་ཆོས་བཞིན་སྤྱོད་དགོས་པ་རྩ་བའི་ཆ་རྐྱེན་རེད། དེ་མིན་བཀའ་སློབ་ཚོགས་བཤད་ཁ་བདེ་ལྕེ་རྣོ་དང་ཁྱབ་སྲིད་པས་ཨ་ལ་ལ་བྱི་ལིས་ཆོས་བཤད་བཞིན་བརྒྱ་སྟོང་ཁྲི་འབུམ་བཤད་པ་རེད། ལས་རྒྱུ་འབྲས་དང་དད་པ་དང་དག་སྣང་། སྐྱབས་འགྲོ་དང་སེམས་བསྐྱེད། ངེས་འབྱུང་བྱང་སེམས་དང་གསང་སྔགས་ཀྱིས་བཤད་དགོས་ན་དེ་ནང་དོན་སོ་སོའི་སྒྲུབ་ནས་གཞན་ལ་བཤད་པ་༧གོང་ས་མཆོག་དང་སངས་རྒྱས་དང་བླ་མ་མཚན་ལྡན་ནང་བཞིན་རེད། xxxxx
༧ཀུན་གཟིགས་ཞྭ་དམར་རིན་པོ་ཆེ་དགོངས་པ་གཞན་དུ་གཤེགས་པ་ལ་སྙིང་ནས་མྱ་ངན་གུས་འདུད་ཞུ།
ངའི་བདེན་ཚིག་གིས་ཨ་ཕྱིར་གནོད་སོང་ན་དགོངས་དག་ཞུ། ༧རྒྱལ་དབང་མཆོག་གིས་སྙིང་རྗེ་སའི་ཡུལ་ངོ་མ་དེ་གང་འདྲ་ཡིན་པ་གསུང་འདུག་ངའི་སེམས་ལ་ཕན་པོ་བྱུང་་
སྤྱིར་གཟུགས་པོའི་ཆ་ཤས་ཡོངས་ལ་ལོ་ཚད་བརྩི་སྲོལ་མཆིས་པ་ལྟར་སྙིང་རྗེ་དེར་ཡང་ལོ་ཚད་བཟོ་དགོས། དཔེར་ན། ཁོ་བོ་རང་ལོ་ཉེར་དགུར་སོན་ཡང་སྙིང་རྗེའི་ལོ་ཚད་ལྔ་དྲུག་ཙམ་ཡིན་ཤས་ཆེ། སྙིང་རྗེ་དེ་ཕྲུག་གུ་ཆུང་ངུ་ལྟར་གཉོམ་ཆུང་ནུས་མེད་དམ་ཟས་བཅུད་ཀྱིས་མ་འདངས་པར་གནས་ཡོད་ན་དེ་ལ་སྙིང་རྗེའི་ཟས་སྦྱིན་ཏེ་ལང་ཚོ་དང་ལྡན་པ་ཞིག་ཏུ་བསྐྲུན་དགོས་པ་ཡིན། སྙིང་རྗེ་སྐྱེ་ཡུལ་དེ་ཡང་ཡིད་དུ་འོང་བ་དང་རང་གི་དགའ་ཕྱོགས་ལྟ་བུ་ལ་སྐྱེ་སྲིད་ཀྱང་སྤྱིར་སྙིང་རྗེ་སྐྱེ་ཡུལ་ཡིད་དུ་མི་འོང་བ་དང་དགའ་ཕྱོགས་མ་ཡིན་པ་ལ་སྐྱེ་དགོས། ད་ལྟ་རང་རེ་རྣམས་ལ་དགྲ་གཉེན་གྱི་དབྱེ་བ་ཧ་ཅང་ཆེ། རང་ཉིད་རྣ་བར་མི་འགྲོ་བ་ཞིག་ལ་སྙིང་རྗེ་སྐྱེ་རྒྱུ་ཤིན་ཏུ་དཀའ་བ་ཡིན། དགྲ་བོ་དེ་ཉིད་ཡིད་དུ་འོང་བ་སྒོམ་རྒྱུར་ཅི་ཞིག་བྱ་དགོས་ཞེ་ན། རང་ཉིད་ཀྱི་ཕ་དང་མ་དང་གཉེན་དང་མཛའ་བཤེས་ལ་སེམས་ཐག་ཉེ་པོ་ཡོད་པ་ལྟར་དེའི་རིགས་པ་དེ་སེམས་ཅན་གཞན་ལ་ཡང་རིགས་འགྲེ་སྟེ་མནོ་བསམ་གཏོང་དགོས།
དྲྭ་མཆན་པ་མགོ་ནས་མཇུག་བར་བལྟས་ཡོང་དུས་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་རྗེས་འབྲངས་བ་ཡོངས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཚིག་ངན་དྲག་ཆར་བཞིན་ཕབ། ཆོས་ལོག་པའམ་དབྱེན་རྫུན་ཚོས་ཚིག་ངན་སྐུར་འདེབས་ག་ཚོད་བྱས་ཀྱང་རྡོ་ཚན་ལ་ཁ་བ་བབས་པ་ལྟར་དུ་རང་བཞིན་གྱིས་ནུས་མེད་དུ་འགྲོ་བའི་མཚན་རྟགས་མངོན་གསལ་དོད་དུ་འགྲོ་བ་ནི་འཇིག་རྟེན་ཆོས་ཉིད་རང་གཤིས་སུ་གྱུར་འདུག ངོ་ལོག་པ་ཚོས་ཁ་ཡོད་ལག་ཡོད་ཀྱིས་བདེན་པའི་བགྲོ་གླེང་མེད་པའི་ཁར་མི་དགོས་རང་ཉིད་ལས་ངན་གསོག་བྱེད་རྐྱང་སྔར་བྱས་པ་རེད་ལ་ད་ལྟའང་བྱེད་བཞིན་པ་མངོན་མེད་རང་གནོང་ངོས་ལེན་ལྟ་བུས་འཇམ་ཅག་གེར་གྱུར་འདུག ཆོས་ལོག་ཁྱོད་ཚོས་སྐུར་འདེབས་ཁོ་ནས་དུས་འདས་ཀྱང་འདི་ཕྱོགས་པས་ཞ་དམར་དང་མཐའ་ཡས་རྡོ་རྗེ་ལ་དུས་ནམ་ཡང་ཁ་གཏོང་སྐུར་འདེབས་སྔར་བྱས་མ་སོང་ལ་ད་འོངས་གཉིས་ལ་ཡང་བྱེད་ཀྱི་མ་རེད། བདེན་པ་ནི་བདེན་པ་ཡིན་པས་སུས་ཀྱང་བཅོས་ཐབས་འགྱུར་ཐབས་མེད་པ་ཤེས་དགོས། དེ་བས་ཀརྨ་པ་ཕྲིན་ལས་རྡོ་རྗེ་ཁོང་གི་སྐུ་བསོད་དབང་ཐང་གཟི་རྗིད་སྙན་གྲགས་མཁྱེན་བརྩེ་ནུས་གསུམ་སོགས་སྐྱེ་བོ་རང་ག་བ་ལས་ཆེས་ཕུལ་དུ་ཡོད་པ་འཛམ་གླིང་ཀུན་གསལ་རེད། གྲོགས་པོ་ཞེས་འབོད་ནས་དྲྭ་མཆན་པ་ཨ་ཕྱི་རྗེས་འབྲངས་བ་དང་མིང་བརྫུ་བ་ཀུན་ལ་གསལ་འདེབས་ཤིག་ལ་དད་པ་དག་སྣང་ཅུང་ཟད་རེད་སྐྱེ་ཨེ་ཐུབ་ལྟོས་དང་དེས་ཁྱོད་རང་ཚོ་ལ་ཚེ་འདི་ཕྱི་གཉིས་ལ་ཕན་པ་རེད་དོ།
ད་གང་བཤད་ནའང་སྦར་རྫིལ་དང་ཇར་མེ་ནི་གཉིས་དབར་གྱི་འགྲན་རྩོད་ལྟ་བུ་གྱུར་སོང་།
འཇིགྶ་མེད་རིན་པོ་ཆེ་ལགས་ནས་ སྤྱི་ལོ་ ༢༠༡༤ སྤྱི་ཟླ་ ༧ ཚེས་ ༨ དགོངས་དྲོ་ཆུ་ཚོད་དྲུག་པའི་ཐོག་ཀ་བློན་སྦུག་བཤད་གྲྭ་ཆེན་མོར་རིན་པོ་ཆེའི་སྐུ་གདུང་མཆོད་འབུལ་གནང་བའི་སྐབས་སུ་གསུང་བཤད་ནང་གི་བརྗོད་དོན་གཙོ་བོ་ཞིག་ལ་༧ སྐྱབས་རྗེ་ཞྭ་དམར་རིན་པོ་ཆེེ་གདུལ་བྱའི་སྣང་ངོ་ཙམ་དུ་གློ་བུར་ཞིང་ལ་ཕེབས་ཚུལ་བསྟན་ཡང་མ་ཕེབས་སྔོན་ནས་སྔོན་བརྡ་མི་ཉུང་བ་ཞིག་ཚོར་སྣང་བྱུང་ཡོད་ཚུལ་དང་། སྐུ་མྱ་ངན་ཕེབས་ཚུལ་དངོས་དང་མ་འོངས་པའི་ཡང་སྲིད་ལ་ཐུགས་བསམ་བཞེད་ཕྱོགས། མདོར་ན་དེ་དག་ཐོགས་ལ་གསུང་བཤད་རྒྱས་པ་གནང་ཡོད་པ་རེད།
དང་པོ། དེ་ཡང་སྐྱབས་རྗེ་རིན་པོ་ཆེ་ནི་དགོངས་པ་མ་རྫོགས་པའི་ཕྱི་ཚེས་ ༩ དགོངས་དྲོ་ཞིག་ལ་འཇིགས་མེད་རིན་པོ་ཆེ་ལ་དགོངས་དྲོའི་ཞལ་ལག་ལ་མཉམ་དུ་འགྲོ་གསུངས་ནས་ཕེབས་རྗེས་དེ་རིང་ངའི་ཉིན་མཐའ་མའི་དགོངས་དྲོའི་ཞལ་ལག་ཡིན་པས་ཁྱེད་རང་རྒྱགས་ཚད་བཞེས་དགོས་གསུངས་ནས་རིན་པོ་ཆེ་རང་ཉིད་སྔར་དང་མི་འདྲ་བའི་ཞལ་ལག་ཚར་གཉིས་བཞེས་སོང་། དེའི་རྗེས་དགོངས་དྲོའི་ཞལ་ལག་མ་མཆོད་པས། ངས་ཁྱེད་ལ་དོ་དགོངས་དགོངས་དྲོའི་ཞལ་ལག་ཐ་མ་ཡིན་ཞེས་སྨྲས་པ་ཡིན་ཞེས་བརྗོད་ནས་ཕྱི་ཚེས་ ༡༡ ཞོགས་པའི་ཆུ་ཚོད་དྲུག་པའི་ཐོག་ལ་བསམ་བཞིན་དུ་དགོངས་པ་བཞེད་ནས་ཞིང་ལ་ཕེབས་འགྲོ་བ་ཆག་སོང་། དེར་མ་ཟད་ཉིན་ཁ་ཤས་སྔོན་ནས་བླ་མ་ཐུབ་བསྟན་དང་མཉམ་དུ་མེ་འཁོར་ཞིག་གི་ནང་དུ་ཕེབས་པའི་སྐབས་ལ་ཁོང་གིས་ངས་འཇིག་རྟེན་འདིའི་སྣང་བ་ཐམས་ཅད་སྔོན་ནས་སྤངས་ཟིན་པས་ད་ང་ཡུན་རིང་པོ་རང་མི་སྡོད་གསུངས་སྟེ་དེ་མ་ཐག་ཏུ་ལྗགས་རྩོམ་ཞིག་ཡང་གནང་ནས་ཁོང་ལ་ཕུལ་བའི་ཚུལ་གྱིས་སྔོན་བརྡ་ཞིག་ཡང་བྱུང་ཡོད། དེར་མ་ཟད་འཇིག་མེད་རིན་པོ་ཆེ་ལ་ཁྱེད་རྒྱ་གར་ལ་སྤྱི་ཟླ་བདུན་པའི་ནང་དུ་ཕེབས་དགོས་རྒྱུ་ཡོད་པས་ཞེས་དྲིས་སྐབས་། བཀའ་ལན་ལ་ཁོང་ཡུ་རོབ་ཀྱི་ཆོས་ཚོགས་ཁག་ལ་ཆོས་བཤད་གནང་བའི་དུས་ཚོད་བསྒྲིགས་ཡོད་པས་སྤྱི་ཟླ་བཅུ་པའི་ནང་དུ་མ་གཏོགས་དམིགས་གསལ་རྩ་བ་ནས་འགྲོ་དགོས་དོན་མེད་གསུངས་པས་ཁྱེད་རང་ཕེབས་དགོས་ཐུག་གི་རེད་ཅེས་ཞལ་དྲོད་མོའི་ངང་ནས་སྔོན་བརྡ་ཞིག་གནང་བ་ད་ལྟའི་གནས་སྟངས་འདི་འདྲ་ལ་དགོངས་པ་བཞེད་པ་རེད་འདུག་ཅེས་དེ་སྐབས་སུ་འཇིགས་མེད་རིན་པོ་ཆེ་ལགས་ནས་གསུངས་བཤད་དེ་ལྟར་ཞིག་གནང་བ་དེ་ཙམ་ཞིག་བཀོད་པ་ལས་འདིར་ད་དུང་ཡང་དེ་འདྲ་བ་གཞན་ནས་བྱུང་བའང་མང་དུ་ཡོད་ཀྱང་འདིར་ཡི་གེ་མང་བས་མ་བྲིས་སོ།
གཉིས་པ་མགོན་པོ་གང་ཉིད་སྐུ་མྱ་ངན་ལས་འདས་པའི་བསྙུངས་གཞི་གཙོ་བོ་ནི་རིན་པོ་ཆེའི་དབུ་ཀླད་ནང་དུ་ཁྲག་རྩ་རྒྱུག་མ་ཐུབ་པའི་རྐྱེན་ལས་གློ་བུར་ཚེས་ ༡༡ ཉིན་གྱི་ཞོགས་པར་ཞིང་ལ་གཤེགས་པ་རེད་འདུག་མ་གཏོགས་དེ་སྔོན་ཁ་ཤས་ནས་གོ་ནོར་ཐོག་ནས་ heart attack (ཐུགས་ནད་ཀྱི་)བསྙུངས་གཞི་རེད་ཟེར་བ་འདི་བདེན་པ་མ་རེད་གསུངས་པ་དང་ཕྱི་ཚེས་ ༡༡ ཉིན་རིན་པོ་ཆེ་དགོངས་པ་རྫོགས་མ་ཐག་སྐར་མ་ཁ་ཤས་རྗེས་ལ་ཞལ་གདོང་ཐམས་ཅད་སྒྱུར་ནས་འཛུམ་མུག་གེར་ངང་ཉིན་གསུམ་རིང་ཐུགས་དམ་བཞུགས་ནས་ཕྱི་ཚེས་ ༡༣ ཉིན་མཐའ་མའི་ཞོགས་པའི་ཆུ་ཚོད་བཞི་པའི་ཐོ་རང་ཙམ་ཞིག་ལ་ཤངས་སྦུག་གཡས་གཡོན་གཉིས་ནས་ཁམས་དཀར་ཆ་ཞིག་ཐོན་ནས་ཐུགས་དམ་གྲོལ་ཐུབ་པ་ཞིག་བྱུང་ཞེས་གསུང་བཤད་གནང་སོང་།
གསུམ་པ་ ༧ རྒྱལ་དབང་ཀརྨ་པ་རྣམ་གཉིས་བཞེད་ཕུག་ཐུགས་མཐུན་སླད་ངོས་ནས་ཀཾ་ཚང་བཀའ་བརྒྱུད་པའི་རིང་ལུགས་ཆོས་སྲིད་མ་བསྲེས་པའི་ངོས་ནས་བསྟན་པ་གོང་འཕེལ་དུ་སྐྱོང་ཐུབ་པ་ཡིན་ན་དེ་ལས་ངོ་མཚར་ཆེ་བའམ་གཟི་བརྗིད་ཆེ་བ་ཞིག་མེད་པ་དང་དེ་བཞིན་ཚང་མའི་རེ་བ་ཡང་དེ་ལྟར་རྟག་ཏུ་ཡོད་མོད་དེ་ཡང་རིན་པོ་ཆེ་རང་ཉིད་ཀྱི་ཡང་སྲིད་ནི་མགོན་པོ་གང་གི་ཐུགས་སྲས་དམ་པ་ ༧ རྒྱལ་དབང་ཀརྨ་པ་འཕྲིན་ལས་མཐའ་ཡས་རྡོ་རྗེ་མཆོག་གི་ངོས་འཛིན་ཁོ་ན་གནང་དགོས་པ་ལས་གཞན་དུ་ན་བཀའ་བརྒྱུད་པའི་བསྟན་པ་ལ་ཉམས་རྒུད་སྔར་ལས་ཆེས་ཆེ་རུ་འགྲོ་རྒྱུ་ཞིག་དང་མཐུན་ལམ་ཡང་ཡོངས་ཐབས་མེད་པའི་མ་འོངས་གནས་སྟངས་ཞིག་ཆག་གི་རེད་བསམ་པས་སེམས་སྡུག་ཡོད་ཚུལ་དང་དེ་བཞིན་དཔལ་རྒྱལ་དབང་ཀརྨ་པའི་བཀའ་གསུངས་ཅི་སྒྲུབ་འོག་ནས་རེ་བ་གཅིག་མཐུན་ཐོག་སླར་ཡང་བཤད་སྒྲུབ་བསྟན་པ་མི་ཉམས་གོང་འཕེལ་ཆེད་ཀུན་གྱིས་འབད་རྩོལ་ལྷུག་པོར་གནང་དགོས་པ་ལས་སེམས་ཤུགས་ཆག་ཐབས་མེད་ཅེས་དང་དེར་མ་ཟད་རིན་པོ་ཆེ་རང་ཉིད་ཀྱིས་ (ལྦི་ཇེ་ན) ཆོས་ཚོགས་བདག་པོ་ལ་གསང་བའི་ཐོག་ནས་ཕྱག་བྲིས་གཉིས་བཞག་ཡོད་པས་ཁོང་ལ་སུ་ལའང་མ་སྤྲད་། ནམ་ཞིག་སྤྲད་དགོས་པའི་དུས་ཚོད་ཡོང་གི་རེད།
དེ་སྐབས་སུ་སྤྲོད་གསུངས་ནས་ཡི་གེ་གཉིས་བཞག་འདུག ད་ཕྱག་བྲིས་དེ་ལེན་ཁ་ཤོག་ཟེར་བཞིན་འདུག་པས་སྐུ་གདུང་ཞུགས་འབུལ་གྲུབ་རྗེས་ཨ་རིར་ཕེབས་དགོས་རྒྱུ་ཡོད་ལ།
ཕྱག་བྲིས་དེའི་ཐོག་ནས་མ་འོངས་ལག་བསྟར་རང་ཉིད་དགོངས་བཞེད་བྱ་རྒྱུ་གཙོ་བོ་ཡིན་ཞེས་ལམ་སྟོན་ཟབ་རྒྱས་གནང་ཡོད་རེད།།
ཀྲུང་གོའི་བླ་མ་ནག་རིལ་དང་། སི་ཏུ་བླ་མ་ཕྱོགས་གཏོགས་པ་ཚོས་ཞྭ་དམར་རིན་པོ་ཆེ་དང་དམ་ཚིགས་གཙང་མ་ཡིན་ཟེར། དགྲ་ཁ་བཏད་དེ་གང་འདྲ་བྱས་ནས་ཡོང་བ་ཡིན་ནམ་་་་་་་་ཧ་ཧ་ཧ་ཧ་ཧ་་
ངོ་མ་ཏོག་ཙམ་སྐྲག་གི་འདུག ཕྱག་ཡིག་འདིའི་ནང་ལ་ཅི་བྲིས་ཡོད་དམ།
སྐྲག་པ་ལ་ཁག་ཡོད་མ་རེད། འཁྱག་པའི་ཐོག་གི་ཁང་བརྩེགས་ནང་དུ་ནག་རིལ་རིལ་བསྡད་ཡོད་དུས།
བདེན་པ་བཤད་ན་སྐྲག་དགོས་དོན་ཅི་ཡོད་མ་རེད། སྐྲག་དགོས་ས་ངོ་མ་༧གོང་ས་མཆོག་དང་བོད་མི་དམངས་མགོ་སྐོར་བཏང་ད་དེ་ཚོ་རེད། རྒྱས་པ་འདི་ན་འདུག
http://www.tibettimes.net/news.php?showfooter=1&id=9075
༧ གོང་ས་མཆོག་དང་བོད་མི་མང་མགོ་སྐོར་བཏང་ཚུལ་གྱི་བདེན་དཔང་དགོས་པ་ལས་ཧམ་བཤད་ཁོ་ན་བྱས་ན་ཕན་ཐོག་ཅི་ཞིག་ཡོད།
གོང་ནས་ཞྭ་དམར་རིན་པོ་ཆེ་དགོངས་པ་རྫོགས་དུས་མྱ་ངན་འདྲ་མིན་མང་དག་ཞིག་བྲིས་འདུག་ཡིན་ ལས་ང་ཚོ་བོད་པ་ཚང་གིས་བདེན་པ་ལ་བདེན་ངོས་འཛིན་ཁ་པོ་རེད་མང་ཆེ་བ་རི་བོང་ཅར་འགྲོ་བྱེད་ཡ་ལ་དགའ་བ་རེད་ དེ་མ་ཡིན་པ་དུས་རབ་འདི་ལ་སླེབས་དྲངས་བདེན་ལ་གང་དུ་འདུག་ལྟ་དགོས་པ་གད་ཆེན་པོ་རེད་དཔྱད་པ་བྱེད་ཡ་གད་ཆེན་པོ་རེད་ མི་ཁག་གཅིག་གིས་ཁ་བཏོང་གི་ཡོད་པའི་གཟོ་འདྲ་ཡང་མྱ་ངན་བྱེད་གི་ཡོད་པའི་གཟོ་འདྲ་བྱས་ན་ཡག་པོ་མ་རེད་ རིན་པོ་ཆེ་སྐུ་གཞུགས་པའི་སྐབས་སུ་ག་འདྲ་བྱས་ཡོད་མེད་ཚང་མས་མཁྱེན་་གསལ་རེད་ རིན་པོ་ཆེ་ནི་དྲངས་བདེན་ལ་དགའ་ཉན་གི་མི་ཞིག་པ་ཀུན་བསལ་རེད་བློ་གཟུ་བུར་གནས་པའི་རྨམས་ཀྱིས་ཤེས་གི་རེད་ཕྱོགས་རིས་བྱས་ན་མ་འོངས་པ་ང་ཚོ་བོད་པ་ཚང་ལ་གྱོངས་མ་ཏོགས་ཡོད་མ་རེད་རྣམས་པ་ཚོ
བདེན་པ་ནི་བདེན་པ་མ་ཏོགས་འགྲོ་ས་གང་ཡང་ཡོད་མ་རེད་དེ་ཤེས་དགོས་ཡ་གད་ཆེན་པོ་རེད
བལ་པོ་བསོད་ནམས་ཟད་པའི་གླེན་ལྐུགས་འབའ་ཞིག་གོ། ཞྭ་དམར་རིན་པོ་ཆེའི་སྐུ་གདུང་ལ་ལོ་གཅིག་ལ་ཉུང་མཐར་ནུབ་ཕྱོགས་པ་༣༠༠མཇལ་བར་ཡོང་གི་རེད། དེ་དག་གིས་གནམ་གྲུའི་གླ་ཆ་ལ་ཉུང་མཐར་ཨ་སྒོར་༡༠༠༠དང་མགྲོན་མཁང་ལ་༡༠༠༠། ཁ་ལག་དང་དེ་མིན་འགྲོ་སོང་ལ་༡༠༠༠བཅས་མི་གཅིག་གིས་ལོ་གཅིག་ལ་སྒོར་༣༠༠༠ཙམ་བཏང་། མི་༣༠༠༠ལ་བསྒྱུར་ན། ཨ་སྒོར་འབུམ་དགུ་ཙམ་རེད། དེ་ལོ་བཅུ་ལ་རྩིས་དང་་ག་ཚོད་ཕབ་སོང་ངམ།
ཞྭ་དམར་རིན་པོ་ཆེ་སྐུ་གདུང་དེ་རྡ་རམ་ས་ལའི་སྤྱི་འཐུས་ཉེ་འཁོར་ཞིག་ལ་མཆོད་རྟེན་བཞེངས་ན། བོད་གཞུང་ལ་ལོ་རེར་ཡོང་བབ་ཕར་མ་ཨ་སྒོར་འབུམ་༣ཙམ་ཡོང་གི་རེད། བསམ་བློ་ཡག་པོ་ཐོངས།