འཇིགས་མེད་ནུབ་པ།
༡)
ནམ་མཁའ་དེ་ཡི་མཐོང་ཀ་ཡངས།།
རྩྭ་ཐང་དེ་ཡི་རྒྱ་ཁྱོན་ཆེ།།
འོན་ཀྱང་འབྲོག་རྒན་གཅེར་བུ་ཁྱོད་།།
རང་དབང་དེ་ཙམ་ཨེ་ཡོད་དམ།།
༢)
ཁྱེད་དང་བྲལ་ནས་ཡུན་རིང་ཕྱིན།།
ཁྱེད་ཀྱི་ལྗང་མདོག་མཐོང་ཐེངས་རེར།།
ཁྱེད་རང་གཞོན་པའི་སྣང་བ་སྟེར།།
འོན་ཀྱང་ང་ནི་ས་མཐར་རྒས།།
༣)
ང་ཡི་ལྟེ་ཁྲག་རྩྭ་ཐང་འདི་རུ་འཕོས།།
ང་ཡི་རིགས་ཞེན་རྩྭ་ཐང་འདི་ནས་རྙེད་།།
གསེར་ཆེན་གདན་དུ་བཏིངས་འདྲའི་རྩྭ་ཐང་འདི་།།
ང་ལ་མཚོན་ན་རང་གི་ཚེ་སྲོག་ཡིན།།
ཟུར་མཆན།
པར་བདག་དང་པོ པད་རྡོར།
པར་བདག་གཉིས་པ། སྒ་རིན་ཆེན་རྡོ་རྗེ།
པར་བདག་གསུམ་པ། བསྟན་པ།
རེད་ཡ་ རྩ་ཐང་ཡ་རྩ་ཐང་རང་དབང་གི་རྩྭ་ཐང།
སྐྱག་ཅིང་རང་དབང་གི་རྩྭ་ཐང་
བཙན་གཡེམ་རང་དབང་གི་རྩྭ་ཐང་
ནང་འཁྲུག་རང་དབང་གི་རྩྭ་ཐང་
ང་ལ་མཚོན་ན་རང་གི་ཚེ་སྲོག་ཡིན།
རེད་ཡ་་་ཨ་
རྩྭ་ས་རྩོད་གླེང་དང་ནང་འཁྲུག་གི་རྩྭ་ཐང་དེའི་མཇུག་རྫོགས་ན་རན།
རྩྭ་ཐང་མེ་ཏོག་མང་ས།།
ནང་འཁྲུགས་འཁོར་ལོ་འཁོར་ས།།
ནང་དམེ་དབྱར་ཆུ་རྒྱས་ས།།
གཞན་འོག་མགོ་བོ་སྒུར་ས།།