ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
ཡུ་རོབ་ནང་ཁྲིམས་ཀྱི་གནས་བབ་ལ་འགྱུར་བ་ཕྱིན་པར་བརྟེན་བོད་མི་སྐྱབས་བཅོལ་ཞུ་མཁན་བརྒྱ་ཕྲག་མང་པོར་དཀའ་སྡུག་ཆེན་པོ་འཕྲད་བཞིན་པའི་སྐོར་ལ་ཡུ་རོབ་སྤྱི་འཐུས་གཉིས་ཀྱིས་སྤེལ་བའི་གསར་འགོད་གསལ་བསྒྲགས།
འདི་གར་ཡུ་རོབ་སྤྱི་འཐུས་རྣམ་གཉིས་ཀྱིས་བཏང་གནས་ནང་འཁོད་དོན། སྦར་སེ་ལོ་ཎ་དང་ཛུ་རིཀ་ནས་ཕྱི་ལོ་༢༠༡༤ ཟླ་༧ ཚེས་༨ ཉིན་ཡུ་རོབ་སྤྱི་འཐུས་རྣམ་གཉིས་ཀྱིས་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་གསལ། ཡུ་རོབ་ནང་ཁྲིམས་ཀྱི་གནས་བབ་ལ་འགྱུར་བ་ཕྱིན་པར་བརྟེན་བོད་མི་སྐྱབས་བཅོལ་ཞུ་མཁན་བརྒྱ་ཕྲག་མང་པོར་དཀའ་སྡུག་ཆེན་པོ་འཕྲད་དང་ཕྲད་བཞིན་པ། ཡུ་རོབ་ཡུལ་གྲུ་སྦེལ་ཇེམ་དང་སུད་སིའི་ནང་ཁྲིམས་ལུགས་ཀྱི་གནས་སྟངས་ལ་འགྱུར་བ་ཕྱིན་པར་བརྟེན་བོད་མི་སྐྱབས་བཅོལ་ཞུ་མཁན་ཚོའི་གནས་བབ་དེང་སང་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པས་བོད་མི་སུ་ཞིག་ཡུ་རོབ་ལ་མ་ཐོན་གོང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གནས་སྟངས་ཇི་མ་ཇི་བཞིན་ཤེས་རྟོགས་ཐར་ཕྱིན་པ་མ་བྱས་ན་ཡུ་རོབ་ཡུལ་གྲུ་ཞིག་ལ་འབྱོར་དུས་བསམ་ཡུལ་ལས་འདས་པའི་དཀའ་ངལ་འཕྲད་རྒྱུའི་སེམས་འཚབ་ཆེན་པོ་ཡོང་གི་འདུག་ཅེས་ཡུ་རོབ་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས་དང་ཐུབ་བསྟན་དབང་ཆེན་ལགས་རྣམ་གཉིས་ཀྱིས་འགྲེལ་བརྗོད་གནང་འདུག དེ་ཡང་ཉེ་ཆར་སུད་སིའི་འཛིན་སྐྱོང་དང་འབྲེལ་བའི་ཁྲིམས་ཁང་མཐོ་ཤོས་ཀྱིས་བོད་མི་སྐྱབས་བཅོལ་ཞུ་མཁན་ལ་གཞི་རྩའི་ཁྲིམས་གཅོད་བྱེད་ཕྱོགས་སྐོར་ཐག་གཅོད་གནང་བ་དེས་བོད་མི་སྐྱབས་བཅོལ་ཞུ་མཁན་གྱི་གནས་བབ་ཆེས་སྡུག་ཏུ་ཕྱིན་འདུག
ཕྱི་ལོ་༢༠༡༤ ཟླ་༥ ཚེས་༢༠ ཉིན་ངོས་འཛིན་ལག་འཁྱེར་མེད་པ་དང་། སྐད་སྒྲ་དང་ཤོད་སྟངས་ལ་ཞིབ་འཇུག་བྱེད་དུས་བོད་ཀྱི་ཕྱི་ལོགས་ལ་འཚར་ལོངས་བྱས་པའི་རྟགས་མཚན་གསལ་པོ་ཡོད་པའི་སྐྱབས་བཅོལ་ཞུ་མཁན་བོད་པའི་མི་རིགས་ཤིག་ལ་ཕྱི་ལོ་༡༩༥༡ ལོར་མཉམ་སྤྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་གནང་བའི་སྐྱབས་བཅོལ་གྱི་གནས་བབས་ཀྱི་མཐུན་གྲོས་ Convention on the Status of Refugees གཞིར་བཟུང་གི་སྐྱབས་བཅོལ་ངོས་ལེན་ཞུ་ཐུབ་དང་ཞུ་མི་ཐུབ་པའི་ཐག་གཅོད་གནང་སྐབས་ཁྲིམས་ཁང་དེས་ཁོ་པའི་སྐྱབས་བཅོལ་སྙན་ཞུ་དེར་གནང་བ་མ་གནང་ནས་ཁོ་པ་སྐྱབས་བཅོལ་བར་ཁས་མ་བླང་པའི་ཐོག་སུད་སིར་ཁྲིམས་མཐུན་ངང་བཅའ་སྡོད་ཆོག་པའི་ཐོབ་ཐང་མི་སྤྲོད་རྒྱུའི་ཐག་གཅོད་གནང་འདུག
དེ་བཞིན་སྦེལ་ཇེམ་གྱི་སྐྱབས་བཅོལ་དང་རྒྱལ་ཁབ་མེད་པའི་མི་སྣའི་བློན་ཆེན་གྱིས་ཀྱང་ཕྱི་ལོ་༢༠༡༤ ལོ་འགོ་ནས་བཟུང་ Refusal of Recognition of Refugee Status and Refusal to Grant Subsidiary Protection Status སྐྱབས་བཅོལ་གྱི་གནས་བབས་དང་། དེའི་རིམ་པ་འོག་མའི་༼ཁ་སྐོང་གི༽སྲུང་སྐྱོབ་ཁས་ལེན་མི་བྱ་རྒྱུའི་གཏན་འབེབས་ཐག་གཅོད་ཐེངས་ཁ་ཤས་སྤེལ་འགྲེམས་གནང་འདུག སྦེལ་ཇེམ་གཞུང་གི་འབྲེལ་ཡོད་མི་སྣས་ཆེད་དམིགས་ཀྱིས་གསུངས་པར་རྒྱ་གར་ལ་བཅའ་སྡོད་ཀྱི་བོད་མི་ཚོར་ངོས་འཛིན་ལག་འཁྱེར་ཐོབ་ཐང་ཡོད་པ་དང་། རྒྱ་གར་གཞུང་གིས་བོད་དམ་རྒྱ་ནག་གང་རུང་ལ་ཕྱིར་སློག་མི་གནང་བ་སོགས་ཆེས་མཐོའི་སྲུང་སྐྱོབ་གནང་གི་ཡོད། དེ་འདྲའི་གཏན་འབེབས་ཐག་གཅོད་ལ་བརྟེན་སྦེལ་ཇེམ་དང་སུད་སིའི་ནང་སྐྱབས་བཅོལ་ཞུ་མཁན་གྱི་བོད་མིར་སྐྱབས་བཅོལ་གྱི་ཐོབ་ཐང་ཕར་བཞག་བཅའ་སྡོད་ཆོག་པའི་སྔོན་འགྲོའི་ཡིག་ཆ་མ་རག་མཁན་མང་ནས་མང་དུ་འགྲོ་བཞིན་པ་རེད། ཁོང་ཚོར་བཅའ་སྡོད་ཐོབ་ཐང་མ་ཐོབ་པས་ཁོང་ཚོ་ནི་༼ཡིག་ཆ་མེད་པའི་མིའི༽གྲས་སུ་བཅུག་ནས་སྐྱབས་བཅོལ་སྡོད་ཁང་ནས་ཕྱིར་འབུད་སོགས་སྐྱོབ་གསོའི་ཐོབ་ཐང་ཅི་ཡང་མེད་པ་དང་ལས་ཀ་འཚོལ་རྒྱུའི་ཐོབ་ཐང་ཡང་མེད་པར་བརྟེན། འཚོ་ཐབས་ཡར་རྒྱས་གཏོང་རྒྱུའི་གོ་སྐབས་དབེན་པས་མི་ཚེའི་མདུན་ལམ་མེད་པའི་ངང་ལུས་ཉེན་འདུག ད་ལྟའི་ཆར་སྐྱབས་བཅོལ་སྙན་ཞུ་ ༡༩༦ ལས་ ༤༠ ཐག་གཅོད་འདི་འདྲ་བྱུང་བ་དང་གྲངས་འབོར་དེ་ད་དུང་འཕེལ་བཞིན་འདུག
སྤྱིར་བཏང་སྐྱབས་བཅོལ་གྱི་སྙན་ཞུ་ཕུལ་དུས་སྒེར་གྱི་གནས་ཚུལ་ཁོ་ནར་ཞིབ་འཇུག་གི་གྲུབ་འབྲས་གཞིར་བཞག་ཐག་གཅོད་བྱེད་དགོས་པ་དང་བྱེད་ཀྱི་ཡོད་ཀྱང་། ད་ལྟ་གཏན་འབེབས་བྱེད་བཞིན་པ་དང་བྱེད་ལུགས་འདིའི་ཤུགས་རྐྱེན་གྱིས་བོད་མི་མང་པོ་ཞིག་ལ་དཀའ་ངལ་ཆེན་པོ་འཕྲད་ཀྱི་འདུག སེ་པན་ལ་བཅའ་སྡོད་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་གསུང་གསལ་ ”བོད་ཀྱི་དོན་གཅོད་སྐུ་ཞབས་དངོས་གྲུབ་རྡོ་རྗེ་ལགས་མཉམ་དུ་ང་རང་སྦེལ་ཇེམ་གཞུང་གི་འབྲེལ་ཡོད་མི་སྣ་ཁག་མཇལ་ཏེ་གནས་ཚུལ་དེའི་འོག་འཚུད་པའི་བོད་མི་སྐྱབས་བཅོལ་བ་ཚོར་རོགས་རམ་གང་ཡོང་གནང་རོགས་ཞེས་འབོད་སྐུལ་ཞུས་ཀྱང་། གནས་བབས་དེ་ལས་སླ་པོར་འགྱུར་བ་འགྲོ་ས་མེད་པ་ཞིག་རེད་འདུག་པས། ད་དུང་དེ་ལ་རེ་བ་བརྒྱབ་ན་རེ་སྟོང་ཞིག་རེད་བསམས་ཀྱི་འདུག ང་ཚོས་ཤེས་རྟོགས་ལ་ཕ་རན་སིའི་ནང་ལ་ཡང་དེ་འདྲ་ཡིན་པ་དང་། རེ་འགས་བཤད་སྟངས་ལ་ད་དུང་དེ་ལས་སྡུག་ག་ཡོད་” ཅེས་བརྗོད་ཀྱི་འདུག
གནམ་གྲུའི་འཛིན་བྱང་དང་ཤོག་གུ་ཉོ་ཆེད་ཨ་སྒོར་སྟོང་ཕྲག་མང་པོ་གཡར་ནས་ཡུ་རོབ་ལ་ཡོང་མཁན་དེ་ཚོར་དམིགས་བསལ་དཀའ་ངལ་འཕྲད་རྒྱུ་ཉག་ཅིག་རེད་འདུག “གཞན་ཕན་ཞེས་ཁྲིམས་རྩོད་དང་བླངས་ཀྱི་རོགས་ཚོགས་དང་སྐྱབས་བཅོལ་ཞུ་མཁན་ལ་དཀའ་ངལ་དེ་སྐོར་བཀའ་མོལ་ཞུས་རྗེས་དཀའ་ངལ་དེ་སྐོར་ང་རང་གི་སེམས་འཚབ་ད་དུང་ཆེ་རུ་ཕྱིན་སོང་”ཞེས་སུད་སིར་བཅའ་སྡོད་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས་ཀྱིས་གསུངས་འདུག ཡང་ཁོང་གིས་ནན་པོའི་ངང་གསུངས་པར་”སྐྱབས་བཅོལ་རག་རྒྱུའི་གནས་ཚུལ་སྡུག་ཏུ་འགྲོ་བཞིན་པ་དེ་ཤེས་བཞིན་དུ་སྐྱབས་བཅོལ་ཞུ་འདོད་ཅན་གྱི་བོད་མི་སྒེར་པ་དང་ཁྱིམ་ཚང་ལ་དངུལ་གཡར་བ་དེ་ནི་དོ་འཁུར་མེད་པའི་བྱ་སྤྱོད་ཡིན་པས་དངུལ་དེ་ཚུར་རག་རྒྱུའི་ཐོབ་ཐང་མེད་པ་ཆགས་སྲིད་པའི་སྟེང་། ཁོང་ཚོར་དངུལ་གཡར་ནས་ད་ཆ་ཁོང་ཚོ་དཀའ་ངལ་དེ་འདྲའི་ནང་འཚུད་པའི་སྐབས་ཁོང་ཚོའི་དཔལ་འབྱོར་གྱི་དཀའ་ངལ་དེ་སེལ་རྒྱུའི་འགན་འཁྲི་ཡང་ཡོད། ཅེས་བཀྲས་མཐོང་དབང་པོ་ལགས་ཀྱིས་གསུངས་འདུག
འབྲེལ་ལམ་ཞུ་ཡུལ།
བཀྲས་མཐོང་དབང་པོ། ༠༠༤༡ ༧༨ ༧༤༤ ༣༠ ༡༠
ཐུབ་བསྟན་དབང་ཆེན། ༠༠༣༤ ༦༥༤ ༨༦༥ ༦༥༥(info2@casadeltibetbcn.org)
སུད་སིའི་ནང་གི་རྒྱབ་ལྗོངས་གནས་ཚུལ་ལ་དཔྱད་ཞིབ་བྱས་པའི་དྲན་ཐོ།།
༄༅།།ཉེ་ཆར་གྱི་ཐག་གཅོད་གསར་པ་དེ་ནི་སུད་སིའི་ནང་སྐྱབས་བཅོལ་ཁྲིམས་ལུགས་གཏན་འབེབས་དེ་དེང་སང་དམ་ནས་དམ་དུ་འགྲོ་བ་དང་གཅིག་མཐུན་ཡིན་པས་བོད་མི་རྐྱང་པར་དམིགས་པ་ཞིག་མ་རེད། སུད་སི་གཞུང་གི་དམིགས་ཡུལ་གཙོ་བོ་ནི་རྒྱལ་ཁབ་ཀྱི་སྐྱབས་བཅོལ་ཁྲིམས་ལུགས་འདི་བཞིན་བེད་སྤྱོད་ལོགས་པ་དེ་བཀག་ནས་ ༡༩༥༡ གི་མཐུན་གྲོས་གཞི་བཟུང་ཆབ་སྲིད་བཙོན་པར་སྐྱབས་བཅོལ་གྱི་ཐོབ་ཐང་ཁག་ཐེག་བྱེད་རྒྱུ་དེ་རེད། ད་བར་བོད་མིར་འཛིན་པའི་སྐྱབས་བཅོལ་ཐག་གཅོད་དེ་གུ་ཡངས་ཡིན་པས་འདས་པའི་རིང་རྒྱ་གར་དང་བལ་ཡུལ་ནས་བོད་མི་མང་པོ་ཞིག་སུད་སིར་གནས་སྤོས་བྱེད་ཐུབ་ཡོད། ཁོང་ཚོ་མང་པོར་སྐྱབས་བཅོལ་གྱི་ངོས་འཛིན་ཐོབ་ནས་སྐྱབས་བཅོལ་གྱི་ཐོབ་ཐང་རག་པའམ་གལ་ཏེ་སྐྱབས་བཅོལ་གྱི་ཐོབ་ཐང་མ་རག་ན་ཡང་སུད་སིར་ཁྲིམས་མཐུན་ངང་བསྡད་ཆོག་པའི་ཐོབ་ཐང་ཐོབ་ཡོད། བོད་མི་ཚོ་སུད་སིར་ཡོང་ནས་སྐྱབས་བཅོལ་མ་ཞུས་གོང་རྒྱ་གར་དང་བལ་ཡུལ་ལ་བསྡད་པའི་དབང་གིས་བོད་མི་སྐྱབས་བཅོལ་ཞུ་མཁན་ཚོས་མཐུན་གྲོས་གྱི་ཆ་རྐྱེན་གཙང་མ་བསྒྲུབ་ཐུབ་ཀྱི་མེད་པ་དེ་ཁྲིམས་ལུགས་ཀྱི་དོན་ཚན་གྱི་གོ་དོན་ལ་འགྲེལ་བཤད་རྒྱག་སྟངས་ཀྱི་འགྱུར་བ་ཕྱིན་པ་རེད། སྔ་མ་ཡིན་ན་བོད་ས་བརྒལ་ནས་མ་ཡོང་གོང་བོད་རིགས་ཡིན་པའི་ཁུངས་སྐྱེལ་བྱེད་ཐུབ་ན་མཐུན་གྲོས་གྱི་རྩ་དོན་བཞིན་སྐྱབས་བཅོལ་ཡིན་པའི་ངོས་འཛིན་ཐོབ་ཀྱི་ཡོད།
དེང་སང་སུད་སིའི་གཞུང་གི་འབྲེལ་ཡོད་མི་སྣས་སྐྱབས་བཅོལ་ཞུ་མཁན་དེས་དོ་བདག་སོ་སོའི་ངོ་སྤྲོད་ཡིག་ཆ་འདོན་རྒྱུར་གལ་ཆེན་བརྩིས་ནས་གལ་ཏེ་དོ་བདག་སྒེར་པ་ཞིག་གིས་དེ་འདྲའི་ཡིག་ཆ་མ་བཏོན་པའམ་འདོན་རྒྱུ་མེད་ན་དོ་བདག་དེའི་སྔ་མའི་འབྱུང་ཁུངས་སྦས་ཀྱི་ཡོད་པར་ངོས་འཛིན་བྱས་དང་བྱེད་བཞིན་པས། སྐྱབས་བཅོལ་ཞུ་མཁན་དེས་མཐུན་གྲོས་ཀྱི་དོན་ཚན་ནང་གསལ་གྱི་ཆ་རྐྱེན་བསྒྲུབ་ཀྱི་ཡོད་མེད་རྩད་གཅོད་བྱེད་ཐུབ་ཀྱི་ཡོད་མ་རེད། དེ་འདྲ་སོང་ཙང་བོད་མི་ལ་སྐྱབས་བཅོལ་གྱི་ཐོབ་ཐང་ངམ། སུད་སིར་བསྡད་ཆོག་པའི་ཐོབ་ཐང་སྤྲད་ཀྱི་མ་རེད དེས་ན་སུད་སིའི་ནང་བོད་མི་མང་པོ་ཁྲིམས་འགལ་ངང་བསྡད་དང་སྡོད་བཞིན་པ་དེ་ཚོ་དུས་ཚོད་ངེས་མིན་ལ་འཛིན་བཟུང་བྱེད་རྒྱུའི་ཉེན་ཁའི་འོག་གནས་བཞིན་པ་རེད། དེ་འདྲའི་བོད་མི་ཚོའི་དཀའ་སྡུག་དེ་ང་ཚོས་ཤེས་རྟོགས་ཡོང་དུས་སེམས་འཚབ་ཆེན་པོའི་གནས་ཚུལ་ཞིག་ཆགས་ཀྱིས་དུག གང་ལགས་ཞུས་ན། ཁོང་ཚོ་མང་པོ་ཞིག་ལ་ངོས་འཛིན་ལག་འཁྱེར་མེད་དུས་སྐྱབས་བཅོལ་གྱི་ཐོབ་ཐང་གང་ཡང་མེད་པའི་ངང་གནས་རྒྱུ་རེད།
བོད་མི་སྐྱབས་བཅོལ་ཞུ་མཁན་ཚོའི་དཀའ་ངལ་འདིའི་འབྱུང་རྐྱེན་གཙོ་བོའི་ཐད་ཞིབ་འཇུག་མཐིལ་ཕྱིན་ཞིག་བྱ་རྒྱུ་གལ་ཆེ། ཁ་གསལ་མེད་པའི་ཡས་བཤད་མས་བཤད་འདི་རིགས་ཀྱིས་བོད་མི་དཀྱུས་མ་ཚོར་དཀའ་ངལ་འཕར་མ་ཞིག་སྤྲོད་ཀྱིན་འདུག འདིའི་འབྱུང་རྐྱེན་ཆེས་གཙོ་བོ་གཅིག་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལས་སྣེ་ཁག་ཅིག་གིས་བོད་མིའི་ཐད་འགྲེལ་བརྗོད་སྣ་ཚོགས་གནང་སྟངས་ཤིག་གིས་ཡིན་པ་འདྲ།
འབྱུང་རྐྱེན་གཙོ་བོ་གཞན་ཞིག་ནི་རྒྱ་གར་གྱི་RC འདིའི་སྟེང་ནས་ཡོང་གི་ཡོད་གསལ་རེད། སྔོན་ཆད་ཡིན་ན་ RC ཡོད་མཁན་ཚོ་གནས་སྐབས་རིང་རྒྱ་གར་དུ་བསྡད་ཆོག་པའི་ཐོབ་ཐང་ཙམ་ལས། དེར་རྒྱ་གར་ཡུལ་མི་སྤྱི་མཚུངས་ལྟར་གྱི་ཐོབ་ཐང་གཞན་ནི་གང་ཡང་མེད། དཀའ་རྙོག་འདི་དང་བསྟུན་ནས་བར་ལམ་ཞིག་ནས་རྒྱ་གར་གྱིས་ཀྱང་རྒྱ་གར་ནང་གི་བོད་མི་སྐྱབས་བཅོལ་བའི་ཐད་ལ་གཡོ་འཁྲབ་འདྲ་སྟོན་གྱིན་འདུག
ད་ནི་གང་ལྟར་ང་ཚོ་ཉམ་ཆུང་བོད་མི་ཚོའི་ཡོད་ཚད་ནི་ནུས་མེད་དང་གཞན་བསྟུན་དུ་གྱུར་ཚར་འདུག དཔེར་ན། རང་རྐང་ཡོད་པའི་རང་བཙན་ནས་དབུ་མ་དང་། བོད་གཞུང་ནས་སྒྲིག་འཛུགས། བོད་དངོས་ནས་རྒྱ་ཁོངས་སོགས་སུ་འགྱུར་ལྡོག་མང་བ་ལྟ་བུ་རེད། སྔོན་ཆད་བོད་གཞུང་གི་མཚན་གནས་དང་འབྲེལ་བའི་ངོས་སྦྱོར་ཡི་གེ་ཙམ་ལ་ཡང་དགྱ་གཞུང་མ་གཏོགས་གཞན་གྱིས་ངོས་ལེན་དགའ་རབ་ཅིག་བྱེད་མོད། ད་ལྟ་དེ་དག་གི་མཐོང་བེད་ནི་ལྡོག་ཕྱོགས་སུ་གྱུར་འདུག
ཡོ་རོབ་སྤྱི་མཐུས་གཉིས་ལ་ཐགས་རྗེ་ཆེ་ཞུ་ ཨ་རིའི་སྤྱི་མཐུས་ནས་ཀྱང་དེའི་ཐོག་འགྲེལ་བཤད་གསལ་པོ་ཞིག་རྒྱབ་ཐུབ་ན་ཕན་ཐོག་ཡོང་བ་འདུག་
ཨོ་ཨོ།
ང་ཚོ་བོད་པ་ལ་ཡོད་ཡོད་མེད་མེད་དེ་ནང་འཁྲུག་རེད། དང་པོ་བོན་པོ་རྙིང་མ་འཁྲུག། དེ་ནས་ས་སྐྱ་བཀའ་རྒྱུད་འཁྲུག། དེ་རྗེས་རྙིང་མ་བཀའ་དགེ་འཁྲུག། ད་ལྟ་དགེ་ལུགས་ནང་འཁྲུག་དེ། ངན་དམེ་ང་ཤི་ཁྱོད་གསོན་རེད། དང་པོ་རང་བཙན་གཙང་མ་ནས།
ཆོས་སྲིད་ཟུང་འབྲེལ་བྱས་ནས་གཏོར། དེ་རྗེས་རང་བཙན་འཐབས་རྩོད་དེ། དབུ་མ་ཡིན་ཞེས་ཆོས་ཚིག་བསྒྱུར། དེ་རྗེས་ཆེ་མཐོའི་
རང་སྐྱོངས་དེ། ས་གནས་རང་སྐྱོངས་ཡིན་ཞེས་ལབ། ཐ་མ་འུ་ཐུགས་ཐབ་ཟད་དུས། རྒྱལ་བཙོང་མགོ་འདོག་རིང་ལུགས་རེད།
ཡུལ་རོབ་ལ་སྐྱབས་བཅོལ་ཞུ་བའི་ཐད་ང་རང་རྒྱུས་མངའ་གང་ཡང་མེད།་ཟེར་སྒྲོས་ལ་སུད་སི་རུ་གཞུང་ནས་སྐྱབས་བཅོལ་ཁས་བླངས་ཞུས་ན། སྡོད་ཁང་ནས་ལས་ཀ། མོ་ཊ་ནས་སློབ་སྦྱོང་ཚང་མ་ཁག་ཐེག་གནང་ནས་མི་དེ་སྤྱི་ཚོགས་འདིའི་ནང་ཚགས་ཚུད་ཡོང་བ་བྱེད་ཀྱི་ཡོད་པར་གྲགས། གང་ལྟར་ཡང་བོད་མི་ཚོ་མི་ཡུལ་འགྲིམས་དུས་དཀའ་ཁག་འདི་དང་ཕ་གི་མང་པོ་འཕྲད་བཞིན་ཡོད་པས་གཞུང་ཕྱོགས་ནས་ལམ་སྟོན་གང་ལེགས་དང་དངོས་ཡོད་གནས་ཚུལ་འགྲེལ་བརྗོད་ཁ་གསལ་གནང་རྒྱུ་གནད་འགག་ཆེ།
ཡོ་རོབ་ཁུལ་དུ་དཀའ་ངལ་འདི་འདྲ་ཞིག་ཡོང་རྐྱེན་གཙོ་བོ་ནི་ཁུལ་དེར་གནས་འཁོད་བོད་མི་གཙོ་བོར་གྱུར་བས་ང་ཚོ་རང་ཉིད་ཀྱིས་བཟོས་པས་དཀའ་རྙོག་ཞིག་རེད་མ་གཏོགས་པས་བོད་མིའི་སྒྲིག་འཛུགས་ཀྱིས་བཟོས་པ་ཞིག་མིན་ ཁྲིམ་ལུགས་ཀྱིས་ཐོག་ནས་བོད་མིའི་སྒྲིག་འཛུགས་དང་འབྲེལ་བ་ཡོད་པ་རེད་དེ་ཡང་ང་རང་ཚོའི་བཟོས་ཞག་པ་ཞིག་རེད་ བྱས་ན་བོད་མིའི་ནང་ནས་གཙོ་ཆེ་བ་དེ་ཚོ་སུ་འདྲ་ཞིག་རེད་དམ་ཟེར་ན་ དང་པོ་དེ་ཡང་རང་རྒྱལ་ཞན་ཕམ་གྱིས་བསམ་བློ་དང་སེམས་ནང་སུ་དངུལ་ལོར་མ་གཏོགས་ལ་རྒྱ་དང་བྱམས་སྙིང་བརྗེ་མེད་མཁན་གྱིས་མི་དེ་ཚོ་རེད་ཁོ་ཚོའི་དངུལ་ལོར་འབོར་ཆེན་ཞིག་ལེན་ནས་ཡོ་རོབ་ཁུལ་ལ་བོད་མི་གྲངས་ལས་འདས་པ་ཞིག་བཏང་ཡོད་འོན་ཀྱང་ད་དུང་འདོད་པ་ཁེངས་གི་མེད་ཙང་ཕན་ཚུན་ཕྲག་དོག་གིས་གཅིག་གི་གཅིག་མེད་པར་བཟོ་ཆེད་དུ་གཞུང་ཚབ་འདྲ་མིན་ལ་ཡི་གེ་སོགས་ཀྱིས་ལམ་ནས་གསང་བ་ཕྱིར་སྤྲད་བྱེད་པ་སོགས་གནད་དོན་འདྲ་མིན་བྱུང་ཡོད་ གཉིས་པ་དེ་ནི་རྒྱ་མིའི་སོ་ཉུལ་བ་དེ་ཚོ་རེད་འདིའི་སྐོར་ཚང་མས་ཤེས་གསལ་རེད་ཁོ་ཚོའི་ལས་འགན་གཙོ་བོ་ནི་ཕན་ཚུན་དཀྲུག་ཡས་དང་བོད་མིའི་སྒྲིག་འཛུགས་ལ་འཛམ་བུ་གླིང་གིས་སྒང་མཐོང་མེད་པ་བཟོ་རྒྱུ་དེ་རེད་ གསུམ་པ་དེ་གསར་རྙིང་གི་དབྱེ་འབྱེད་དང་ཕྲག་དོག་དེ་རེད་དེ་ནི་དམིགས་གསལ་གྱིས་Belgium ནང་ལ་གནས་འཁོད་ཀྱི་བོད་མི་ཚོའི་དབར་ལ་རེད་དེ་ནི་ཧ་ཅང་གིས་ཐབས་སྐྱོ་བའི་གནས་ཚུལ་ཞིག་རེད་ གནད་དོན་འདི་ཚོའི་ཐོག་རྒྱལ་ཁབ་དེ་ཚོ་ནས་དམིགས་སུ་བཀར་ཏེ་གཞུང་གི་ལས་བྱེད་ཆེད་མངགས་བཏང་དེ་བོད་མིའི་སྒྲིག་འཛུགས་དངའབྲེལ་ལམ་བྱེད་སྒོ་བཅུགས་པ་རེད་ བོད་མིའི་སྒྲིག་འཛུགས་ཕྱི་གསལ་ནང་གསལ་ཡིན་གསུང་དུས་རྒྱལ་ཁབ་དེ་ཚོའི་མཉམ་དུ་ཁྲིམ་འགལ་གྱིས་བཀའ་མོལ་གནང་ཐབས་མེད་ལ་གནང་གི་ཡང་མ་རེད་ བྱས་པ་སོང་ཙང་དྲ་བའི་ནང་གི་མཁས་པ་རྣམ་པ་ཡིན་ན་དང་རྩོམ་ལ་མཁས་པ་ཡིན་ན་དང་བསམ་བློ་བ་རྣམ་པ་ཚོས་ག་དུས་ཡིན་ཀྱང་བསམ་བློ་ཞིབ་མོར་གཏོང་བ་དང་དཔྱད་པ་ནན་གྱིས་བྱས་རྗེས་ཞི་ནས་གསུང་ན་དགའ་བའོ་བསམ་ དེ་མིན་ག་དུས་ཡིན་ཀྱང་བོད་མིའི་སྒྲིག་འཛུགས་ལ་དམའ་འབེབ་ཀྱང་བཏང་སྡད་ན་ནི་མཁས་པའི་རྟགས་ཞིག་མིན་ན་ དེ་བཞིན་དགོང་འཇག་འཚལ་
ཁ་བ་རི་བ་ཁྱོད་ཀྱི་བཤད་ཡ་དེ་མུན་ནག་ནང་གི་མདའ་འཕེན་རེད། སྐྱབ་བཅོལ་ལེན་དང་མི་ལེན་ཟེར་བ་དེ་གཙོ་བོ་དཀའ་ངལ་ཡོད་མེད་ལ་ལྟ་ཡི་རེད། དཔེར་ན་མི་རིགས་ནག་པོ་ཡོ་རོབ་ཁུལ་དུ་ས་ཡ་ཁ་ཤས་སྐྱབས་བཅོལ་ཡོད་རེད། དེ་ཚོའི་རྐུ་ཇག་བྱེད་ནས་ཀུ་ཤུ་རྟག་ཅན་ཀྱི་ཁ་དཔར་ཡང་ལག་པ་ནང་འཕྲོག་འགྲོ་གི་འདུག། གསེར་དངུལ་རིགས་རྒྱན་ཆ་ཡོད་མཁན་ཕྱི་ལོག་འགྲོ་འཇུག་གི་མེད་པ་དངོས་ཡོད་གནས་ཚུལ་རེད། ང་ཚོ་བོད་མི་མཚོན་ན་ཀུན་སྤྱོད་དཔེ་ཡག་པོ་རེད།
ད་ལྟའི་དཀའ་ངལ་འདི་གཙོ་བོ་ཆབ་སྲིད་ལ་ཐུག་ཡོད། བཙན་བྱོལ་གཞུང་རྒྱ་ནག་ཁོངས་སུ་ཨུ་ཚུགས་མཐའ་སྐྱེལ་གི་འཛུལ་ཨེ་ཐུབ་ལྟ་འདུག་པ་དེ་དང་གཅིག། བཙན་འཛུལ་སྒྲིག་འཛུགས་གི་ངོས་ནས་གསར་འབྱོར་བོད་ནང་ཕྱིར་ལོག་དགོས་ཟེར་ནས་བཙན་ཤད་བྱེད་པ་དང་
གཉིས། སྔ་ཕྱི་བར་གསུམ་བཙན་འཛུལ་སྒྲིག་འཛུགས་གི་ངོས་ནས་གསར་འབྱོར་ཕྱི་རྒྱལ་ལ་འགྲོ་ཡ་ཐད་འགོག་སྐྱེན་སྣ་ཚོགས་བྱེད་དང་བྱེད་བཞིན་པ་དངོས་ཡོད་གནས་ཚུལ་རེད། སྤྱི་མཐུན་ཚོགས་གཙོ་དང་ངན་སྲིད་བཀའ་བློན་གཉིས་ནས་བོད་མི་ལ་དཀའ་ངལ་མེད་ཚུལ་སྣ་ཚོགས་འབྲེལ་བཤད་བྱས་པའི་བྱིན་རླབས་ད་ལྟའི་དཀའ་ངལ་འདི་བྱུང་བ་རེད།
གོང་གི་མཆན་གྲངས་༦ པ་སྟག་པ་སེར་པོས་རྒྱ་རིའི་སྐོར་ལ་བཤད་པ་དེར་དཔང་རྟགས་དང་བཅས་ཁུངས་སྐྱེལ་གསལ་བོ་རེ་ཡོད་ན་ལེགས་པར་མཐོང་། ཟེར་སྒྲོས་ཙམ་གཅིག་བུས་བདེན་དོན་གསལ་མི་ཐུབ།
ཁ་བའི་ཡུལ་གྱར་བ་ལགས་ཁྱེད་རང་གི་བཀའ་མོལ་ལ་ཆོ་ཐིག་པ་གཅིག་ཀྱང་མིན་འདུག་ ཁྱེད་རང་གི་སྐྱབས་བཅོལ་ལེན་དང་མི་ལེན་གཙོ་བོ་དཀའ་ངལ་ཡོད་མེད་ལ་ལྟ་གི་རེད་ལབ་སོང་ན་ བྱས་ན་དེའི་ནང་ལ་རྒྱལ་སྤྱིའི་ཁྲིམ་བཤད་ཀྱི་ཡོད་རེད་མ་རེད་ དེ་དང་བོད་མིའི་སྒྲིག་འཛུགས་འབྲེལ་བ་ཡོད་དམ་མེད་ དཀའ་ངལ་དེ་དང་བོད་མིའི་སྒྲིག་འཛུགས་ཀྱི་ལྟ་བ་བཞེང་ཕྱོགས་ལ་འབྲེལ་བ་མིན་འདུག་ན་དེ་བས་ཨུ་བཙུགས་མ་གནང་ན་བཟང་གི་
ཁ་བ་རི་བ་ལགས་རྒྱལ་སྤྱའི་ཁྲིམ་ལྟར་ན་དཀའ་ངལ་ཡོད་མེད་ལ་ལྟ་གི་ཡོད་རེད། ཡིན་ཡང་ང་ཚོའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་མི་ལ་དཀའ་ངལ་མེད་ཚུལ་དང་རྒྱ་གར་ནང་སྐྱབས་བཅོལ་ཚད་ལྡན་རགས་ཀྱི་ཡོད་ཚུལ་ལབ་ན་དེ་བས་རྒྱལ་ཁབ་གཞན་ནང་སྐྱབས་བཅོལ་རག་གི་མ་རེད། ཡོ་རོབ་རྒྱལ་ཁབ་ཁག་གི་བཤད་གསལ་ལྟར་ན་། བོད་མི་དག་རྒྱ་གར་ནང་སྐྱབ་བཅོལ་ཚད་ལྡན་སྤྲོད་ཀྱི་ཡོད་པས། ང་ཚོའི་ཡང་བསྐྱར་ལེན་གྱི་མིན་ལབ་འདུག། ཁྲོམ་པའི་ནང་གི་སྦལ་པ་མ་གནང་བར་ནམ་མཁའི་རྒྱ་ཁྱོན་ལ་ལྟ་ཙམ་བྱས་ན་བཟང་བསམ།
ཁ་བའི་ཡུལ་གྱར་བ་ལགས་རྒྱལ་སྤྱིའི་ཁྲིམ་གྱི་ཐོག་ནས་སྐྱབས་བཅོལ་ཐེངས་མ་གཉིས་ལེན་ཆོག་གི་མེད་པ་དེ་ཁྱེད་རང་གི་མ་ཤེས་པ་ཡིན་གྱི་མ་རེད་ ཨུ་ཚུགས་མཐར་སྐྱེལ་བྱས་ནས་དཀའ་ངལ་་་་་་་དཀའ་ངལ་ཟེར་ནས་ཆོ་ཡོད་མ་རེད་ དཀའ་ངལ་མང་པོ་བཟོས་ཙང་ཁྲིམ་གསར་པ་མང་པོ་ཐོན་ཡོང་གི་འདུག་ག་འོ་འདི་རེད་
འོ་ཁ་བ་རི་ལགས་རྒྱལ་སྤྱའི་ཁྲིམ་ཐོག་ནས་སྐྱབས་བཅོལ་ཐིང་གཉིས་ལས་ཞུ་ཆོག་གི་མེད་ན་ཁེ་ན་ཌ་ལ་བོད་མི་མང་དག་ཞིག་གཏོང་བཞིན་པ་དེ་ག་རེ་རེད། ཁྱེད་ཀྱི་རྒྱལ་སྤྱའི་རྒྱལ་སྤྱའི་ལབ་ཀྱི་འདུག། རྒྱལ་གར་ནང་རྒྱལ་སྤྱའི་ཁྲིམ་དང་མཐུན་པའི་ཚད་ལྡན་སྐྱབས་བཅོལ་གྱི་མཐུན་རྐྱེན་ཞིག་ཡོད་རེད་བས། དེ་བས་གསར་འབྱོར་བ་ལ་རྒྱལ་སྤྱའི་ཁྲིམ་མཐུན་གྱི་སྐྱབ་བཅོལ་མཐུན་རྐྱེན་རྒྱ་ཆ་རྒྱའི་ནང་ཉི་ཤུ་ཙམ་ལས་མེད། དེ་ལ་ཁྲིམ་མཐུན་གྱི་སྐྱབ་བཅོལ་ཞིག་ཡིན་པ་སུ་གང་གི་ངོས་འཛིན་བྱེད་ཀྱི་མེད། ཡིན་ཡང་བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་བོད་འདི་རྒྱ་ནག་གི་ཁོང་ཏོགས་ཡིན་པའི་ཁས་ལེན་བྱས་པས་མ་ཚད། མང་གཙོ་ཡང་རྩོད་ཀྱི་མེད་ལབ་བཞིན་ཡོད། དེ་ཡིན་དུས་བོད་མི་ལ་དཀའ་ཡོད་པའི་ངོས་འཛིན་བྱེད་ཉུང་རུ་ཉུང་རུ་འགྲོ་བཞིན་པ་དང། སྐྱབས་བཅོལ་ཡང་ལེན་མཁན་ཇེ་ཉུང་ནས་ཇེ་ཉུང་རེད། འདི་བཙན་བྱོལ་སྒྲིག་གི་བྱས་རྗེས་གཙོ་བོ་དེ་རེད་ཧཧཧ།
ཆད་དཀའ་ངལ་
མཆན་དྲུག་པ་རྒྱ་རིའི་སྐོར་དངོས་གསལ་ཤེས་མཁན་ཡོད་ན་གསུང་རོགས་གནང་།
ཐོག་མར་སུ་སི་དང་ཨ་རི་ལ་སྐྱབས་བཅོལ་གཏང་ཡ་དང་འགྲོ་མཁན་ཚང་མས་ལམ་དེ་སྟོན་ཟིན་པ་རེད། སྔར་སྐྱབས་བཅོལ་སླེབས་མཁན་ཚོས་ཕྱིས་རང་འགུལ་ངང་ཡོང་མཁན་ལ་ཕྲག་དོག་བྱེད་བཞིན་ཡོད་རེད། བཙན་བྱོལ་སྒྲིག་འཛུག་ནས་དང་པོ་ཕྱི་ལོག་འགྲོ་ཡ་ལ་བཀག་སྡོམ་བྱེད་ཀྱི་ཡོད་མ་རེད། ༡༽ དེ་ཡི་རོགས་དངུལ་མུ་མཐུད་ལན་བཞིན་ཡིན་པས་རེད། ༢༽བོད་ནས་ཡོང་མཁན་མི་གྲས་ལ་མ་བརྩི་ནས་རེད། ༣༽ ཁོང་ཚོ་ནུབ་ཕྱོགས་གང་དུ་སོང་ཡང་དཔོན་ཉམས་བྱས་ས་དང་སྐུ་ཚབ་ལས་ཁང་འཛུག་ས་བྱུང་རྐྱེན་རེད།
དེང་སང་གསང་བས་ཐབས་ཤེས་སྣ་ཚོགས་པས་བཀག་བཞིན་པ་འདི་རེད། ༡༽ བལ་ཡུལ་སྣེ་ལན་སྟོང་པའི་རང་བཞིན་རེད། ༢༽ གཞིས་མི་དང་གསར་འབྱོར་སུ་འདྲ་ཡིན་ཡང་ཕྱི་རྒྱལ་སླེབས་ན་འཇིག་བརྟན་འདི་ནས་ལམ་མདུན་ལམ་ཞིག་མངོན་པས་རེད། ༣༽ བཙན་བྱོལ་སྒྲིག་འཛུག་གིས་དུས་ནམ་ཡང་དམངས་ལ་ཐུགས་བསམ་གཏོང་མ་མྱོང་པས་རེད། ༤༽ དུས་རྟག་ཏུ་༧གོངས་ས་མཆོག་ཁ་ལ་ཁྱེར་ནས་ནང་ཁུལ་རྙོག་ཁྲ་སྣ་ཚོགས་པས་དང་། འཁོར་ཡུག་འདིར་སྤྲོ་སྣང་དང་། བག་ཕེབས་ཅན། ལ་རྒྱ་འཛིན་ས། འཆམ་མཐུན་ཅན། དགོས་ངེས་ཅན་ཞིག་མེད་ནས་རེད། དེས་ན་གནས་ཚུལ་འདི་རྒྱུ་རྐྱེན་གཞན་ཞིག་ལ་བསྒྱུར་བཞིན་པ་རེད། དེས་ན་སྔར་དང་མི་འདྲ་བས་དེང་སང་བོད་མི་མང་ཆེ་བ་རྨོང་གཉིད་ལས་སེལ་བཞིན་པ། ལས་ཀྱི་སྣེ་མོ་བ་རྣམས་ཀྱིས་སྤྱི་སྒེར་གང་འདྲ་ཞིག་ལ་བསམ་ཀྱང་ལེགས་ཉེས་ཀྱི་བློང་དོར་འབྱེད་མ་ཤེས་ན་ཛ་དྲག་ཏུ་འགྱུར་སྲིད་དེ་དུས་ཕྱིས་དྲག་ཡང་། ལྷག་བསམ་བཟང་པོ་ངང་ནས་དྲང་བདེན་གྱི་བསམ་ཚུལ་ཡིན་ནོ།།
རོང་པོ་འཇོ་ན་ལགས་བདེན་པ་ཡིན་ན། ཡུ་རོབ་ནང་དཀའ་ངལ་འཕྲད་ཀྱིན་པའི་བོད་པ་ཡོངས་ནས་རྡོག་རྩ་གཅིག་སྒྲིལ་གྱིས་ཁྲིམས་རྩོད་པ་ཁ་ཤས་གླས་ནས་དོན་དག་ཆ་ཚང་ཇི་མ་ཇི་བཞིན་དུ་རྒྱལ་སྤྱིའི་སྟེང་ངོ་འཕྲོད་པ་ཞིག་གནང་རྗེས། དཀའ་ངལ་རང་བཞིན་གྱིས་སེལ་ཐུབ་ཀྱི་རེད་ལ། བོད་མིའི་སྒྲིག་འཛུགས་ཟེར་བར་ངོས་ལེན་མེད་ལབ་དགོས་ཀྱི་རེད། དེ་ལྟ་མ་ཡིན་པར་ད་དུང་ནག་ཉེས་འདི་དག་གསང་སྦས་བྱེད་བསམ་ཚེ་སོ་སོ་གྱོང་རེག་ཡ་རེད་ལ། མི་ཚེ་གང་ལ་མགོ་འདེགས་ཡ་མེད་པའི་ལམ་ནང་ཚུད་ཟིན་པ་ཤེས་པར་གྱིས།
ཁ་བའི་ཡུལ་གྱར་བ་སོགས་ལ་ཞུ་རྒྱུར་ཨ་རི་དང་ཁས་ན་ཊ་སོགས་པས་སྐྱབས་བཅོལ་བ་ལེན་པ་དེ་ཁོ་རང་ཚོའི་གྲོས་ཚོགས་ནས་ཐག་གཅོད་གནང་བ་ཞིག་དང་དེ་བཞིན་བོད་མིའི་སྒྲིག་འཛུགས་དང་ལྷག་པར་༧གོང་ས་མཆོག་གིས་སྔ་རྗེས་སུ་རེ་བསྐུལ་ཞུས་པ་ལགས་ན་ དེའི་ཐོག་ནས་བོད་མིའི་སྒྲིག་འཛུགས་ཀྱིས་བཀག་གི་མེད་པ་ཡང་མཚོན་ཐུབ་ བོད་ནས་བོད་མི་ཡོང་མཁན་ཉུང་རུ་ཕྱིན་པའི་སྐོར་ལ་བོད་ནས་ཚུར་རྒྱ་གར་ལ་ཡོང་ནས་ཕར་ལོག་འགྲོ་མཁན་གྱིས་བོད་མི་ཚོར་རྒྱུ་མཚན་དྲིས་དང་དེ་ནས་ཁྱེད་ཚོའི་བོད་སྒྲིག་འཛུགས་ཀྱིས་བཀག་ཡོད་མེད་ཤེས་ཐུབ་ འདིར་བཤད་འདོད་པ་དེ་མི་ཞན་ལ་དགའ་མི་དགའ་བའི་དོན་མིན་ཡང་དོན་གནད་ཁ་ཤས་ཁོ་བོས་མིག་མཐོང་ལག་ཟིན་བྱུང་བ་ཡིན་ཙང་བྲིས་པ་ཞིག་ཡིན་ན་
ཉེ་ཆར་འཁྲུངས་སྐར་གྱི་སྐབས་སུ་སུད་སི་ནས་བོད་མིས་ནང་འཛིང་བྱས་པར་བལྟས་ན་རྐྱེན་མང་པོ་ཞིག་བོད་པ་རང་ངོས་ནས་བྱུང་བ་ཤེས་ཐུབ། རྒྱལ་ཁབ་སུ་ཡིན་རུང་འདི་འདྲའི་རིགས་ལ་མི་དགའ་བ་བཤད་ཅི་དགོས།
གནས་ཚུལ་འདིས་འབྱུང་རྐྱེན་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཁ་ཤས་ཀྱི་སྐད་ཆ་རེད་ཟེར་བ་དེ་བདེན་པ་མིན་པ། ཉེ་སྔོན་སྦེལ་ཇམ་ནང་དཀའ་རྙོག་བྱུང་སྐབས་སྦེལ་ཇམ་སྐུ་ཚབ་དོན་གཅོད་ནས་སྦེལ་ཇམ་ནང་གནས་འཁོད་བོད་མི་ཚོར་གསལ་བཤད་གནང་ནས། ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་ཆགས་ཟིན་པ་རེད། སྤྱིར་དཀའ་རྙོག་འདི་འདྲ་རེ་ནམ་བྱུང་ལ་ཐོག་དང་པོར་སྤྱི་ཚོགས་ནང་བོད་མིའི་སྒྲིག་འཛུགས་དང་དབུ་ཁྲིད་ཚོར། གཞི་མེད་སྐྱོན་བརྗོད་རེ་རྟག་པར་སླེབས་ཀྱི་ཡོད་པ་འདི་ནི་རྒྱ་གཞུང་གི་རྒྱུག་ཁྱི་ཚོས་གོ་སྐབས་བཙལ་ནས་ཕུང་དཀྲུག་སློངས་ཀྱི་ཡོད་པ་ཧ་ཅང་གསལ་པོ་རེད། དཀའ་ངལ་འདིས་འབྱུང་རྐྱེན་གཙོ་བོ་ནི་གོང་དུ་ཡུ་རོབ་སྤྱི་འཐུས་གཉིས་ཀྱིས་གསུང་པ་དེ་དག་དང་། གཞན་ཡང་བོད་མི་ཚོས་ཁྲིམས་དང་འགྲོ་ལུགས་གང་ཡང་མ་རྒྱུད་པར་མི་གཏོང་མཁན་ལ་དངུལ་མང་པོ་སྤྲད་ནས། ཁྲིམས་འགལ་གྱིས་རྒྱལ་ཁབས་གཞན་གྱི་ས་ཁོང་སུ་འཛུལ་བ་འདི་ལ་ཐུག་ཡོད། ད་ལྟ་ཡུ་རོབ་ལ་དཀའ་ངལ་འཕྲད་པ་འདི་འདྲ་རིམ་པས་ཨ་རི་དང་ཁེ་ནེ་ཌ་སོགས་ལ་ཡང་མི་འཕྲད་པའི་ངེས་པ་གཏན་ནས་མེད་པ་རེད།
འཛམ་གླིང་ནང་ཆབ་སྲིད་ཀྱི་དཀའ་ངལ་ཐོག་སྐྱབས་བཅོལ་ཞུ་མཁན་རྒྱ་ཆ་བརྒྱའི་ནང་བདུ་བཅུ་ཡས་མས་ཁྲིམ་མཐུན་འགྲོན་འབོད་ཡིག་ཆ་རག་ནས་འགྲོ་མཁན་ཉུང་ཉུང་རེད། མང་ཤུས་ཁྲིམ་འགལ་ཐོག་ས་འཚམས་བརྒལ་ནས་འགྲོ་མཁན་ཀྱང་ཀྱང་རེད། དཔེར་ ཨིས་རག། ཨིས་ཟི་ར་ ཨབ་གྷ་ནི་སི་ཐན་ ཨ་པྷི་རི་ཀ་སོགས་ཀྱི་ནང་ནས། སྐྱབས་བཅོལ་ས་ཡ་མང་པོ་རྒྱལ་ཁབ་གཞན་དག་ནང་འགྲོ་གི་ཡོད། དེས་མ་ཚད་དེ་ཚོའི་རྐུ་མ་དང་ཇག་པ་བྱེད་ནས་ཡོ་རུབ་ཁུལ་དུ་ཡུལ་མི་ལ་ཡང་དཀའ་ངལ་ཧ་ཀྱང་ཆེ་པོ་ཕྲད་བཞིན་ཡོད།
ཡིན་ཡང་ཁོ་ཚོ་ལ་ད་ལྟ་ང་ཚོ་བོད་པ་ལ་ཕྲད་པའི་དཀའ་ངལ་དེ་མེད། སྦེལ་རྗམ་གཞུང་གི་བཤད་གསལ་ལྟར་ན། བོད་པ་ཚོ་ལ་བལ་ཡུལ་ནས་བཟུང་བཙན་བྱོལ་སྒྲིག་འཛུགས་དང་རྒྱ་གར་ནང་སྐྱབ་བཅོལ་ཚད་ལྡན་རག་བཞིན་འདུག་པས། ཡང་བསྐྱར་སྐྱབས་བཅོལ་ཐིང་གཉིས་པ་ལེན་གྱི་མིན་ལབ་འདུག། སྔོན་ཆད་ཁོ་ཚོའི་དེ་དོན་མ་ཤེས་པ་མ་རེད།
སྔོན་དུ་སྤྱི་མཐུན་ཚོགས་གཙོ་དང་ནང་སྲིད་བཀའ་བླིན་གཉིས་ཡོ་རུབ་ཁུལ་དུ་སོང་བས། བོད་མི་རྣམས་རྒྱ་གར་ནང་དཀའ་ནལ་གང་ཡང་མེད་ཚུལ་བཤད་པས་མ་ཚད། གསར་འབྱོར་བ་དག་ལ་རྒྱ་གར་གྱི་སྐྱབས་བཅོལ་ཚད་ལྡན་སྤྲོད་ཀྱི་ཡོད་ཚུལ་བཤད་རྐྱེན་རེད། དེ་དག་ག་རེད་བྱུང་ཡོད་མེད་ཚང་མས་ཤེས་གསལ་རེད། ད་རུང་གསལ་འབྱོར་དེ་ཚོ་ལྐུག་པའི་གྲལ་ལ་བཞག་ནས་སྐུ་དྲག་དེ་ཚོའི་སྲིད་དབང་སྒེར་འཛིན་བྱེད་བསམ་དེ་འཁྲུལ་སྣང་རང་རེད། ད་རྒྱ་གར་ནང་ལ་གསར་འབྱོར་ཡོང་མཁན་ཉིན་མོའི་སྐར་མ་ནང་བཞིན་རེད། དེ་དག་ཕྱི་དགྲ་རྒྱ་དམར་དང་ནང་དགྲ་སྐུ་དྲག་དེ་ཚོའི་བྱས་རྗེས་རེད། གཞིས་བྱེས་བར་འབྲེལ་ཟམ་མ་ཆད་པར་འཛུགས་ནས་བོད་དོན་འཐབས་རྩོད་མུ་མཐུད་བྱེད་བསམ་ན། རྒྱུ་རྐྱེན་མང་དག་ཞིག་ན་ཁ་གཡར་ནས་ཕྱི་རྒྱལ་ཁག་ནང་གཞིས་ཆག་གཅིག་པུ་གཏོང་ཐབས་བྱེད་ཀྱི་སྡིག་པ་མིག་བཙུམ་དེ་དག། གཞིས་བྱེས་ཁ་བྲལ་གྱི་རྐྱེན་ངན་སྡུག་ཤུས་ཞིག་ཡིན་པ་སྐུ་དྲག་གླེན་ལྐུག་དེ་ཚོའི་ཤེས་པར་གྱིས།
ཁ་བའི་ཡུལ་གྱར་པ་ལགས་ཀྱིས་གསུང་པ་རང་རེད། རྒྱ་གར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་པར་བདག་སྐྱོང་གནང་པའི་རྒྱལ་ཁབ་ནང་ཡོད་པ་མ་རེད་ལ། སྐྱབས་བཅོལ་པར་སྲུང་སྐྱོབ་བྱེད་པའི་ཁྲིམས་ཐོག་གི་འོས་འགན་ཡོད་པ་མ་རེད། གཞན་རྒྱ་གར་གྱིས་ཧ་ལམ༡༩༧༩ལོའི་རྗེས་ནས་བོད་ནས་འབྱོར་པའི་སྐྱབས་བཅོལ་པར་ངོས་ལེན་མེད་ཅེས་བཤད་ཡོད་རེད། གསར་འབྱོར་པ་ཚོའི་ལམ་ཁ་འདི་ནས་འགག་ཚར་འདུག་ག འགག་ཚར་ནའང་ད་དུང་ལམ་ཡོད་མདོག་བྱེད་པའི་སྒྲིག་འཛུགས་ཤིག་ལ་ངོས་ལེན་མེད་ལབ་ན་ཡག་ཤོས་རེད་ལ། ལམ་ཁ་གསར་པ་བཙལ་རན་པ་རེད། དེ་མིན་གོང་དུ་བསམ་ཚུལ་ཞུས་ཡོད་པས། གཟིགས་གནང་ཡོད་པ་ཞུ།
ལུང་རྟོགས་ལགས་ཀྱིས་གསུང་པར་མོས་མཐུན་ཡོད་ དེ་མིན་ཁ་ཤས་ཀྱིས་ལྟ་བ་ཁྱེར་ཕྱོགས་ཀྱི་ཐད་ནས་ཕན་ཚུན་དཀྲུག་ཐབས་ཀྱིས་སྐད་ཆ་ཀྱང་བཤད་སྡད་པ་མ་གཏོགས་ལས་དོན་གྱི་ཐོག་ལ་དུས་ནམ་ཡང་བཤད་ཉུང་མེད་ལ་འདི་འདྲའི་སྤོབས་པ་ལྡན་པའི་འཇོན་ཐང་ཞིག་དེ་བས་མེད་ ད་དུང་ཕྱོགས་ཞེན་གྱིས་སྐོར་ལ་བསམ་ཚུལ་འདྲ་ཞིག་གླིང་ཡོང་གི་འདུག་མ་གཞི་ནས་དང་པོ་ཁྱེད་རང་གི་བཤད་ཡ་དེ་ཚོ་བསམ་པ་རྣམ་དག་རེད་འདུག་མིན་འདུག་རྣོ་བསམ་ཡག་པོ་ཞིག་བཏང་བ་ཡིན་ན་ད་ཟོད་ཁྱེད་རང་བོད་མི་ཡིན་པའི་ཆ་ནས་ལས་འགན་ཞིག་ཡོད་པའི་ཆ་ནས་སྐད་ཆ་འདི་འདྲ་ཞིག་བཤད་ཕོད་ས་རེད་མ་རེད་ལས་རྒྱུ་འབྲས་ལ་བརྩི་གི་མེད་རུང་རང་གི་རང་ལ་ཡང་ངོ་ཚ་ས་མ་རེད་འདུག་གམ་ ད་དུང་ཁ་ཤས་ཀྱིས་སྒྲིག་འཛུགས་ཤིག་ལ་ངོས་ལེན་མེད་ལབ་ན་ཡག་ཤོས་རེད་ཟེར་ལམ་གསར་པ་བཙལ་རན་པ་རེད་ཟེར་ ལམ་ཀ་གསར་པ་བཙལ་ཡས་ཀྱིས་ཁྱེད་རང་ལ་འདེང་ཚོད་ག་ཚོད་ཡོད་དམ་ཤེས་འཇོན་ག་ཚོད་ཙམ་ཡོད་དམ་ ངས་ཁྱེད་རང་ལ་བཤད་ཆོག་ ཀླད་ཀོར་འོ་འདི་རེད་ ཁ་བདེ་པོ་ཞིག་བཤད་གལ་སྲིད་གནས་ཚུལ་འདི་འདྲ་བྱུང་བ་ཡིན་ན་ ཡང་འགན་འཁྱེར་མཁན་དེ་ཁྱེད་རང་གི་་ཁ་བཏང་སའི་སྒྲིག་འཛུགས་དེ་མ་རེད་པས་ཨ་
སྤྱི་འཐུས་ཚོགས་གཙོ་དང་ནང་སྲིད་བཀའ་བློན་གཉིས་ཀྱིས་དེ་ལྟར་བཤད་ཡོད་པའི་ཁུང་ལུང་རྒྱུ་མཚན་ཅང་བཤད་རྒྱུ་ཨེ་ཡོད། དེ་མེད་ན་གཞི་མེད་སྐྱོན་འཛུགས་ཞེས་པ་དེ་ལས་གཞན་འགྲོ་ས་ཡོད་པ་མ་རེད། བོད་མིའི་སྒྲིག་འཛུགས་ཀྱིས་གསར་འབྱོར་ཚོ་བལ་བོད་ས་མཚམས་ནས་བཟུང་སྟེ་སོ་སོ་གང་དུ་འགྲོ་འདོད་པའི་སློབ་གྲྭ་དང་དགོན་སོགས་ཀྱི་ནང་བར་དུ་སྐྱེལ་བསུ་བྱས། ད་དུང་སློབ་ཕྲུག་དང་དགེ་འདུན་པ་ཚོས་སློབ་ཡོན་སྐར་གང་མི་དགོས་པའི་སྟེང་ལ་ཟླ་རེ་བཞིན་དངུལ་ཕོག་སྤྲད་པའི་བཀའ་དྲིན་དེ་ཚོ་ཤེས་དགོས་པ་རེད། གསར་འབྱོར་ཚོ་བཙན་བྱོལ་ལ་འབྱོར་ནས་མི་ཚེ་སྒང་ཚང་བོད་མིའི་སྒྲིག་འཛུགས་ཀྱི་ལྟ་སྐྱོང་བྱེད་དགོས་པ་རེད་ཟེར་ན་རྣ་བར་མི་འགྲོ་བའི་སྐད་ཆ་རེད། བོད་མིའི་སྒྲིག་འཛུགས་ངོས་ལེན་མེད་ན་ནུབ་ཕྱོགས་རྒྱལ་ཁབ་དེ་ཚོས་ནི་འདུག་བཅུག་མདོག་ཁ་པོ་མ་རེད། དེས་ན་རྒྱ་གུང་ཕྲན་ལ་སྐྱབ་འཚོལ་ན་མ་གཏོགས་འགྲོ་ས་གཞན་ཅི་ཡོད། ངོ་མ་མི་འདི་ཚོས་ཅི་བཤད་འདི་བཤད་མི་འདུག
མཆན་དྲུག་པ་སྟག་སེར་པོས་མཆན་བཏབ་པ་དེར་ཁུངས་སྐྱེལ་ར་སྤྲོད་གསལ་པོ་ཞིག་གནང་རྒྱུ་ཡོད་དགོས་འདུག མཆན་འདི་གཞིར་ཟུང་ཕྲིན་ཕྲན་དྲ་ཚོགས་ཁག་ལ་རླུང་བཞིན་ཁྱབ་སྡད་ཀྱི་འདུག དངོས་ཡོད་གནས་ཚུལ་ཡིན་ཚེ་སྐུ་ཚབ་མ་དགོས་གང་ཡིན་རུང་ཁྲིམས་ཐོག་ཕེབས་རྒྱུ་ལས་ལྷག་མི་འདུག གལ་སྲིད་བདེན་པ་མེད་པའི་དཀྲུག་གཏམ་ཞིག་ཡིན་ཚེ་རྒྱ་རི་ཚང་གིས། སྟག་སེར་པོ་ཁོང་སྟག་དམར་པོ་བཟོ་དགོས་ས་འདུག་ག
སྤྱིར་བཏང་གནས་ཚུལ་དེ་དཀྲོག་གཏམ་དང་ལྷན་དུ་གང་སར་ཁྱབ་ཀྱིན་ཡོད་འདུག ངས་བལྟས་ན་དྲ་དཔོན་ལུངས་རྟོགས་ཀྱིས་བཤད་པ་ལྟར། སྤྱི་འཐུས་ཚོགས་གཙོ་དང་ནང་སྲིད་བཀའ་བློན་གཉིས་ཀྱིས་དེ་ལྟར་བཤད་ཡོད་པའི་ཁུང་ལུང་རྒྱུ་མཚན་རྣམས་དྲ་ཐོག་ཏུ་བཀོད་ཚེ་གཞི་ནས་དཔྱད་གཏམ་སྤེལ་རུང་ཕྱི་མི་སྲིད།
ཉེ་ཆར་ཧི་མ་ཅལ་གྱི་ནགས་གསེབ་ཏུ་སྟག་སེར་བོ་དང་དམར་བོ། ལྗང་ཁུ། ཁྲ་ཁྲ་སོགས་མང་བོ་ཞིག་སླེབས་ཡོད་པ་གསར་འགྱུར་ནང་ཤོད་ཀྱི་འདུག རྒྱུ་མཚན་ག་རེ་ཡིན་ནམ། ཡང་ན་རྒྱ་གར་གྲོང་གསེབ་ཀྱི་ལུག་དང་བ་གླང་དེ་འདྲ་ནགས་གསེབ་ཏུ་ལུས་སོང་བ་ཨེ་ཡིན།
ཧཧཧ་གསར་འབྱོར་བ་ལ་སྒྲིག་འཛུགས་ཀྱི་ངོས་ནས་སློབ་ཡོན་སྐར་གང་མི་མི་དགོས་པ་དང། ད་རུང་དངུལ་ཕོག་སྤྲོད་ཀྱི་ཡོད་རེད་ཟེར་དེ་བདེན་པ་རེད། ཡིན་ཡང་ང་ཚོའི་སློབ་གྲ་ལ་མཚོན་ན་ཟླ་རེད་ཨ་རི་གཞུང་གི་སློབ་ཕྲུག་མི་རེ་ལ་ཨ་སྒོར་༢༥་རེ་སྤྲོད་ཀྱི་ཡོད། དེ་རྒྱ་གར་དངུལ་ལ་བསྒྱུར་ན་༡༢༥༠་རེ་ཡོད།
སྒྲིག་འཛུགས་ཀྱི་ངོས་ནས་སློབ་ཕྲུག་མི་རེ་ལ་ཉིན་རེའི་འགྲོ་སོང་རྒྱ་གར་སྒོར་མོ་༢༥་ལས་སྤྲོད་ཀྱི་མེད། དེ་འཕྲོ་ཚང་མ་སྒྲིག་འཛུགས་ཀྱི་བཞེས་འགྲོ་གི་རེད། མ་གཞི་གསར་འབྱོར་བ་བལ་ཡུལ་ལ་སླེབ་ནས་བཟུང་སྒྲིག་འཛུགས་ཀྱི་སྣེ་ལེན་གང་ལེགས་དང་གྲ་ས་སློབ་གྲ་གང་འགྲོ་མཁན་ཡིན་ན་དེར་སྐྱེལ་མ་བྱེད་ཀྱི་ཡོད་པ་བདེན། ཡིན་ཡང་འགྲོ་སོང་ཚང་མ་རྒྱལ་སྤྱིའི་སྐྱབས་བཅོལ་མཐུན་ཚོགས་ནས་གཏོང་གི་ཡོད། དེ་ཚོ་ཚང་མ་གནས་སྐབས་ཀྱི་འཚོ་རྟེན་རེད།
གཞིས་ཆགས་ལ་མཚོན་ན་ས་ཞིང་ཁང་གསུམ་ཚང་མ་རོགས་སྐྱོར་ཡོད་པས་མ་ཚད། གཞིས་ཆགས་ལྟ་སྐྱོངས་ལས་གཞིའི་རོགས་དངུལ། ལོ་རེ་རྒྱ་གར་སྒོར་མོ་ས་ཡ་ཁ་ཤས་གཏོང་གི་ཡོད། ཐ་ན་མ་ནི་རིལ་བུ་ཁྲུས་རྫས་སོགས་ལོ་རེ་བཞིན་མ་ཆད་པར་རོགས་སྐྱོར་བྱེད་ཀྱི་ཡོད་རེད། ཕྱི་རྒྱལ་ལ་གཏོང་ཡ་གོ་སྐབས་འདྲ་བྱུང་ཚེ། རྒྱུ་རྐྱེན་སྣ་ཚོགས་ཞིག་ལ་ཁ་གཡར་ནས་གཞིས་ཆགས་ཁོ་ན་འགྲོ་ཐུབ་ཐབས་བྱེད་ཀྱི་ཡོད་རེད། གསར་འབྱོར་ལ་མཚོན་ན་སློོབ་གྲ་ནས་ཕྱིར་ཐོན་ཚར་ན་མུག་གེའི་ཤི་ཡང་རོགས་ཕན་བྱེད་མཁན་ཕར་ཞོག། སྐྱབས་བཅོལ་ལགས་དེབ་བཟོ་ཡ་ལ་ཡང་རོགས་ཕན་བྱེད་ཀྱི་ཡོད་མ་རེད། དེ་ལས་ཟློག་དེ་གནོད་སྐྱེལ་གང་ཐུབ་རེད། ད་མི་བཤད་ཡ་།།
ཁ་བའི་ཡུལ་གྱར་ལགས། སྐད་ཆ་སོམས་ནས་ཤོད། རྩམ་པ་ལྡད་ནས་མིགས། ཨ་རིའི་གཞུང་དང་བོད་མིའི་སྒྲིག་འཛུགས་གཉིས་སྡུར་བ་ནི་རྣམ་སྲས་བང་མཛོད་དང་སྤྲང་པོའི་སྒྱེ་མོ་སྡུར་བ་རང་རེད། མི་བསམ་བློ་ཡོད་མཁན་ཞིག་ཡིན་ན་འདི་འདྲ་སྡུར་སྲོལ་ག་ལ་ཡོད། གསར་འབྱོར་ཚོའི་འགྲོ་སོང་རྒྱལ་སྤྱིའི་སྐྱབ་གཅོལ་མཐུན་ཚོགས་ཀྱིས་བཏང་གི་ཡོད་ན་ཡང་། འགྲོ་སོང་དེ་ཚོ་སུས་རག་ཡོང་བ་རེད། བོད་མིའི་སྒྲིག་འཛུགས་དང་དབུ་ཁྲིད་ཚོས་ཐབས་འཚོལ་བྱས་ནས་རག་ཡོང་བ་རེད་མ་གཏོགས། གསར་འབྱོར་ཚོས་ཐ་ན་དབྱིན་སྐད་ཁྱོད་བདེ་མོ་ཨེ་ཡིན་ཙམ་ཡང་ཟེར་མི་ཤེས་པས་རོག་དངུལ་རག་རྒྱུ་ཕ་རིའི་སྤང་རྒྱན་རེད། གཞིས་ཆགས་ལ་གཟིགས་རྟོགས་ཡོད་ཀྱང་གསར་འབྱོར་ལ་ཡོད་པའི་གཟིགས་རྟོག་དེ་ཚོ་གཞིས་ཆགས་ལ་མེད་པས་འདི་གཉིས་འདྲ་མཚུངས་རེད། བོད་མིའི་སྒྲིག་འཛུགས་ཀྱིས་གསར་འབྱོར་ཚོ་སླབ་གྲྭ་མ་ཐོན་བར་དུ་གཟིགས་རྟོག་གནང་གི་ཡོད་པས། སྤྱི་ཚོགས་ནང་ལ་སླེབས་ནས་རང་མགོ་མ་ཐོན་ན་དེ་ནི་ཨ་ཕོ་རང་གིས་མ་འཇོན་པ་ལས་གཞན་སུ་ལ་ཡང་ངན་ཁག་དཀྲི་ས་མེད། མི་ཚེ་ཅིག་སྒྲིག་འཛུགས་ཀྱི་གསོ་དགོས་པ་རེད་ཟེར་ན་སུ་གང་གི་ཨ་མཆོག་ལ་འགྲོ་མི་སྲིད།
ལུང་རྟོགས་ལགས་རྣ་ཅོག་བཀབ་ནས་དྲིལ་བུ་མ་རྐུ་རོགས། འཛམ་གླིང་སྟེང་གི་སྐྱབས་བཅོལ་བ་ཚང་མ་ལོ་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལས་ཁང་གི་ཡན་ལག་ཁག་བརྒྱུད་ཀྱི་ཡོག་རེད། དེ་ལ་ཐབས་ཤེས་གཏོང་ཡ་ཡོད་པ་མ་རེད་ལ། སྐྱབས་བཅོལ་བ་ཡིན་མིན་དམག་འཁྲུག ཆབ་སྲིད་དཀའ་ངལ། རྒྱལ་ཁབ་གཞན་གྱིས་བཙན་བཟུང་བྱས་པ་སོགས་རེད་ལ། བོད་པ་སྐྱབས་བཅོལ་གསར་པ་ཞིག་ཡིན་ན་ཆ་རྐྱེན་དེ་དག་ཚང་ཡོག་རེད། ཡིན་ནའི། རྡ་རམ་སཱ་ལས་བོད་པ་རྣམས་ཁོ་རང་ཚོས་ལོགས་སུ་བདག་པོ་རྒྱག་གི་ཡིན་ཟེར་ནས་རྒྱ་གར་ནང་ཡོང་དགོས་ཐུག་པ་རེད། དེ་མ་གཏོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁང་གིས་བདག་པོ་བརྒྱབ་རྗེས། ཕྱི་བསྐྱོད་པ་སི་(travel document)ཐད་ཀར་སྤྲད་ཀྱི་ཡོད་པ་ནི་མི་རིགས་གཞན་གྱི་སྐྱབས་བཅོལ་པ་ལས་ཤེས་ཐུབ་ཀྱི་འདུག ད་ཚང་མ་ལོས་ཇི་དགའ་གང་དྲག་ཡོང་པར་སྐད་ཆ་སོམས་ནས་ལབ་རོགས།
ལུང་རྟོགས་ལགས་ཀྱིས་གསུང་པ་ད་ག་རང་རེད་ ཕྱོགས་ཞེན་གྱིས་ཁེངས་པའི་མི་དེ་ཚོས་སྐད་་ཆ་རྣམ་པར་དག་པ་ཞིག་བཤད་དཀའ་བ་ཡིན་
ཀར་བློ་ལགས་རྫུན་མ་འདི་འདྲ་བཤད་ནས་ངོ་མི་ཚའམ། འདིས་ནང་ལ་ཡོང་མཁན་ཚང་མ་མགོ་སྐོར་ཆོག་ཆོག་གི་ལྐུགས་པ་མ་རེད་ད། དེ་འདྲ་ཡིན་ན་ཁྱེས་རང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབ་གཅོལ་ཡན་ལག་ཁང་རྒྱད་ནས་དང་པོ་ནས་ནུབ་ཕྱོག་ལ་འཕུར་མ་སོང་བར་སྣེ་ལན་ཁང་ལ་ག་རེ་བྱེད་ནས་སོང་བ་ཡིན། གནས་ཚང་གཡར་བའི་ངོ་མེད་པ་ཁང་གོག་ཚེ་བའི་མཚང་ཞེས་པ་དེ་འདི་འདྲ་ལ་ཟེར་བ་རེད་ད།
བཙན་བྱོལ་སྒྲིག་འཛུགས་དེ་བོད་མི་ས་ཡ་དྲུག་གཞིས་བྱེས་རིས་སུ་མ་ཆད་པར་བདེ་སྡུག་གང་ཡོད་ལྟ་མཁན་ཞིག་རེད་མ་གཏོགས། ཡོང་སྔ་ཕྱིས་ཁྱད་པར་དབྱེ་འབྱེད་བྱེད་མཁན་ཞིག་ཡིན་གྱི་མ་རེད་བསམ། ཁེ་བཟང་ཞིག་ཡོད་ན་གཞིས་ཆགས་ཀྱི་ཟ། གྱོན་རྒུད་ཞིག་ཡོད་ན་གསར་འབྱོར་ལ་གཡོག། རང་སྲོག་བློས་གཏོང་ཞིག་དགོས་ན་གཞིས་སྡོད་བོད་མི། ཁེ་བཟང་ཟ་ཡ་ཞིག་རགས་ན་བྱེས་སྡོད་བོད་མི། ཧ་ཧོ་སྐུ་དྲག་མི་དྲག་ལྟས་ངན་དེ་ཚོའི་བྱེད་སྟངས་དེ་སྤྱང་ཀུ་ལས་སྡུག་པའི་བྱ་ངན་ཤར་དག་རེད། མི་དགོས་ས་ལ་སོག་པོ་སྐྱ་སེར་སུ་ཡིན་ཡང་རྒྱ་གར་ལ་ཡོད་མཁན་ཚང་མ་ལ་ཟླ་རེ་ RUPEES དྲུག་བརྒྱ་རེ་སྤྲོད་ཀྱི་ཡོད་རེད། གསར་འབྱོར་ལ་དངུལ་སྐར་མ་གང་སྤྲོད་མཁན་ཡོད་མ་རེད། འདི་དང་འདི་འདྲ་བྱས་ནས་རང་བཙན་ཤོར་སོང་བ་རེད། སྔོན་མ་བོད་སྡེ་པ་གཞུང་གི་དུས་ལ་། མི་རིགས་དབྱེ་འབྱེད་དང། ཆོས་ལུགས་དབྱེ་འབྱེད། ལྐོག་ཟ་རུལ་སུངས། ལྐོག་གཡོ་ངན་ཇུས་ཀོ་ན་བྱས་རྐྱེན། བོད་རང་བཙན་ཤོར་སོང་བ་རེད། ད་ལྟ་བཙན་བྱོལ་སྒྲིག་འཛུགས་ཀྱི་གཞིས་བྱེས་དབྱེ་འབྱེད་ཁོ་ན་འདིས་བོད་དོན་འཐབས་རྩོད་དང། གཞིས་བྱེས་ཁ་བྲལ་གཏོང་ཐག་ཆོད་རེད། ད་ལྟོས་དང་བོད་ནས་ཡོང་མཁན་མི་འདུག་བ། ངས་འཚམས་འཚམས་སྤུན་མཆེད་དང་ཡུལ་མི་དག་ལ་འབྲེལ་བ་བྱེད་སྐབས། ཁོ་ཚོའི་ལབ་དུས་རྒྱ་གར་ལ་ཡོང་ན་ག་རེ་བྱེད་དགོས་རེད། བོད་གཞུང་གི་གཞིས་ཆགས་ཟེར་བ་དེ་དང་བོད་ནས་ཡོང་མཁན་བར་ལ་དབྱེ་འབྱེད་ཤུགས་ཆེན་བྱེད་ཀྱི་ཡོད་རེད་ཟེར།
དེས་མ་ཚད་འཚོ་བ་ལ་ཡང་ཧ་ཀྱང་གི་དཀའ་ངལ་ཤུགས་ཆེན་ཡོད་ས་རེད། ད་དེར་ཡོང་གི་མིན་ལབ་མཁན་ཁོ་ན་རེད། བོད་ནས་ཡོང་མཁན་མེད་ན་དགོན་པ་དང་སློབ་གྲ་ཡང་སྟོན་པ་ཆགས་འགྲོ་གི་འདུག་བ། རྒྱལ་སྤྱའི་སྐྱབས་བཅོལ་མཐུན་ཚོགས་ཀྱི་རོགས་དངུལ་དེ་ཡང་ཨ་ལ་ལ། ད་ཁེ་བཟང་ཡོད་ན་གཞིས་ཆགས་ཀྱི་ཟོ།
གསར་འབྱོར་ནི་ལོ་རེ་ནས་ལོ་རེ་ཇེ་ཉུང་རེད། ཡིན་ཡང་ཡིད་སྐྱོ་དགོས་པ་ཞིག་ལ་སྐུ་དྲག་རིང་ལུགས་ཀྱི་གཡའ་ངན་འདིས་གཞིས་བྱིས་ཁ་བྲལ་དང། སྔ་ཕྱི་ཐོག་མ་བར་གསུམ་བོད་འདི་འཆི་ལམ་ལ་རྫོངས་གང་ཐུབ་བྱེད་པ་དེ་ལ་ཡིད་རེ་སྐྱོ།
ལུངས་རྟོག་ལགས་་་གཞིས་ཆགས་ལ་མ་འོང་པའི་མདུན་ལམ་ཆད་ག་རེ་ཡོད་པ་དེ་གསར་འབྱོར་ལ་ཡང་དེ་ལོས་དགོས་རེད། སློབ་གྲ་ཟེར་བ་དེ་དང་སྣེ་ལེན་ཟེར་བ་དེ་ཡག་པོ་རེད། ཡིན་ཡང་མི་ཞིག་ཡིན་པའི་ཆ་ནས་གནས་སྐབས་ཀྱི་འཚོ་བ་དེ་གཙོ་བོ་མ་རེད། གཙོ་བོ་མ་འོང་པའི་འཚོ་གནས་དེ་རེད། ཁྱོད་ཀྱི་ལབ་ན་གསར་འབྱོར་དེ་ཚོ་ལ་སློབ་སྦྱོང་ཅུང་ཚམ་དང། སྣེ་ལེན་ཅུང་ཙམ་བྱས་རྗེས་ད་བཟོད་བོད་ལ་ཕར་ལོག་འགྲོ་དགོས་རེད་ཟེར་བའི་བཙན་བྱོལ་སྒྲིག་འཛུགས་ཀྱི་སྐད་ཆ་དེ་རེད། དེ་ཡག་པོ་ཞིག་དང་འདྲ་དྲང་ཞིག་ལ་ནས་མ་རེད། གཞིས་ཆགས་དེ་ཚོའི་ཁ་སྟོན་ཞིག་ལབ་ནས་ལྟས་མོ་ལྟ། གསར་འབྱོར་དེ་ཚོ་སྐེ་ཁེལ་ནས་ཞག་པ་ཉོ་མཁན་དང་འཆི་ལམ་ལ་རྒྱུག་ཟེར་ཀྱི་ཡོད་རེད། ང་ཚོ་དེ་འདྲ་ལྐུག་པ་ཞིག་མ་རེད། ཕྱིན་སུ་དགྲ་འདུག་ན་མདུང་མོ་མཉམས་སྟངས་དང། གྲོགས་འདུག་ན་གྲི་རྩེའི་ཁག་བགོ་བྱེད་བསམ་པ་ལས། དབྱེ་འབྱེད་ངན་སེམས་དེ་མ་འཆང་ལོ།
ཁ་བའི་ཡུལ་གྱར་ལགས། བཙན་བྱོལ་སྒྲིག་འཛུགས ཀྱིས་གཞིས་ཆགས་གསར་འབྱོར་གཉིས་ཀ་ལ་གང་ཡོང་ཅི་ཡོང་བྱེད་ཀྱི་འདུག འདི་ལས་ལྷག་ཅིག་བྱེད་རྒྱུའི་དཔལ་འབྱོར་སོགས་ཀྱི་ཆ་རྐྱེན་མེད་པ་རེད། རྒྱལ་ཁབ་སུ་ཡིན་ཡང་རང་གི་མི་སེར་ལ་སློབ་སྦྱོང་སྤྲད་རྗེས། འཚོ་བ་སྐྱལ་བའི་དུས་སུ་སླེབས་སྐབས་སོ་སོ་རང་ཉིད་ཀྱིས་ལས་ཀ་བྱས་ནས་རང་གི་རྐང་པའི་སྒང་ལ་ལང་དགོས་པ་ལས། མི་ཚེ་ཅིག་རྒྱལ་ཁབ་ཀྱིས གསོ་སྐྱོང་བྱེད་མཁན་སུ་ཡང་མེད་པ་གསལ་པོ་རེད། བོད་མིའི་སྒྲིག་འཛུགས་ཀྱིས་གསར་འབྱོར་ཚོ་བོད་ནས་ཡོང་བ་ནས་བཟུང་སྟེ་སློབ་མཐར་མ་ཕྱིན་བར་དུ། གཟིགས་རྟོག་མཐར་ཕྱིན་པ་ཞིག་གནང་གི་ཡོད་པ་འདི་བསམ་ཤེས་ན་བཀའ་དྲིན་ཆེན་པོ་རེད། བོད་ནས་ཡོང་མཁན་ཉུང་རུ་སོང་བ་འདི་ཡང་ཁྱེད་རང་གིས་བཤད་པ་ལྟ་བུ་ཞིག་གཏན་ནས་མ་རེད། འདིས་རྒྱུ་མཚན་ནི་རྒྱ་གཞུང་གིས་ས་མཚམས་ཁག་ལ་དམ་བསྒྲགས་ཤུགས་ཆེར་བྱས་པ་དང་། དེང་སང་བོད་ནང་ལ་དཔལ་འབྱོར་ཡར་རྒྱས་སོང་ནས་འཚོ་བའི་དཀའ་ངལ་ཡོད་མཁན་ཇེ་ཉུང་ལ་སོང་བ། རྒྱ་བལ་ཡུལ་གྱི་ཆ་རྐྱེན་ཞན་པའི་གནས་སྟངས་ཧ་གོ་བ་སོགས་ལ་རྟེན་ནས་ཡོང་མཁན་ཉུང་རུ་སོང་བ་རེད།
སོགས་པོ་ལ་སྐྱ་སེར་སུ་ཡིན་ནའང་ཟླ་རེར་སྒོར་དྲུག་བརྒྱད་སྤྲོད་བཞིན་ཡོད་རེད་ཟེར། བདེན་པ་ཡིན་ནམ། རྒྱུ་མཚན་གང་ཡིན་ནམ།
གལ་སྲིད་བདེན་པ་ཡིན་ཚེ། སོགས་པོ་བཙན་བྱོལ་གྱི་སྤྱི་ཚོགས་ནང་དུ་ཡོང་མཁན་ཕལ་ཆེར་དགེ་ལུགས་པ་ཡིན་ཞིང་། བོད་གཞུང་གིས་ལས་གནས་ཕལ་དགེ་ལུགས་པས་བཟུང་ཡོད་པ་བརྟེན་ནས་མ་བསམ་བཞིན་དུ་ཕྱོགས་ཞེན་གྱི་ཕྱག་ལས་ཞིག་ཏུ་ཐལ་བ་ཡིན་ལས་ཆེ། གཞན་དུ་འབྲུག་པ། ཤར་པ་སོགས་རྒྱལ་ཁབ་གཞན་ནས་ཡོང་སྟེ། བཙན་བྱོལ་སྤྱི་ཚོགས་ནང་དུ་སློབ་སྦྱོང་བྱེད་མཁན་ཧ་ཅང་མང་པོ་ཡོད་རེད།
དཔེར་ན་བོད་ཀྱི་ཚག་པར་དང་གསར་འགྱུར་ཁག་ཏུ། གནས་ཚུལ་སྟོན་སྐབས་གདན་ས་གསུམ་གཙོ་བོ་ཞེས་དང་། དགའ་ལྡན་ཁྲི་བ་གཙོ་བོ་ཞེས་སྐབས་དེར་གཙོ་བོ་ཡིན་ཀྱང་འདྲ་མིན་ཀྱང་འདྲ་རང་ཕྱོགས་ཆོས་ལུགས་གོམས་པའི་བག་ཆགས་ལས་སྐད་ཆ་དེ་འདྲ་ཞིག་རང་ཤུགས་ཀྱི་ཐལ་བཞིན་པ་ལྟ་བུ་རེད། གང་ལྟར་ཡང་རང་ཉིད་ཀྱི་གོ་གནས་དེར་སྐྱོན་མང་ཙམ་ཡོད་ཀྱང་རང་ཉིད་ཀྱིས་མཐོང་བ་ཞིག་ཡིན་པ་ཡོངས་གྲགས་རེད།
བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དུ་ཆོས་ལུགས་ཕྱོགས་ཞེན་གྱི་ཕྱག་ལས་གནང་བ་མཐའ་དག་ཡིག་ཐོག་ཏུ་བཀོད་ན་ངུ་ཤོར་བ་ཞིག་ཡོད་རེད། ཉེ་སྔོན་ཕྱི་རྒྱལ་གྱི་ཞིབ་འཇུག་པ་ཞིག་གིས་དེའི་སྐོར་ལ་ཞིབ་འཇུག་བྱེད་བཞིན་པ་གོ་སོང་། ག་ལེར་གནས་ཚུལ་ཧང་སང་མང་པོ་ཞིག་ཐོན་རྒྱུ་ཉག་གཅིག་རེད།
ནོར་བཅོས།
སོགས་པོ་ལ་སྐྱ་སེར་སུ་ཡིན་ནའང་ཟླ་རེར་སྒོར་དྲུག་བརྒྱད་སྤྲོད་བཞིན་ཡོད་རེད་ཟེར། བདེན་པ་ཡིན་ནམ། རྒྱུ་མཚན་གང་ཡིན་ནམ།
གལ་སྲིད་བདེན་པ་ཡིན་ཚེ། སོགས་པོ་བཙན་བྱོལ་གྱི་སྤྱི་ཚོགས་ནང་དུ་ཡོང་མཁན་ཕལ་ཆེར་དགེ་ལུགས་པ་ཡིན་ཞིང་། བོད་གཞུང་གིས་ལས་གནས་ཕལ་དགེ་ལུགས་པས་བཟུང་ཡོད་པ་བརྟེན་ནས་མ་བསམ་བཞིན་དུ་ཕྱོགས་ཞེན་གྱི་ཕྱག་ལས་ཞིག་ཏུ་ཐལ་བ་ཡིན་ལས་ཆེ། གཞན་དུ་འབྲུག་པ། ཤར་པ་སོགས་རྒྱལ་ཁབ་གཞན་ནས་ཡོང་སྟེ། བཙན་བྱོལ་སྤྱི་ཚོགས་ནང་དུ་སློབ་སྦྱོང་བྱེད་མཁན་ཧ་ཅང་མང་པོ་ཡོད་རེད།
དཔེར་ན་བོད་ཀྱི་ཚག་པར་དང་གསར་འགྱུར་ཁག་ཏུ། གནས་ཚུལ་སྟོན་སྐབས་གདན་ས་གསུམ་གཙོ་བོ་ཞེས་དང་། དགའ་ལྡན་ཁྲི་བ་གཙོ་བོ་ཞེས་སྐབས་དེར་གཙོ་བོ་ཡིན་ཀྱང་འདྲ་མིན་ཀྱང་འདྲ་རང་ཕྱོགས་ཆོས་ལུགས་གོམས་པའི་བག་ཆགས་ལས་སྐད་ཆ་དེ་འདྲ་ཞིག་རང་ཤུགས་ཀྱི་ཐལ་བཞིན་པ་ལྟ་བུ་རེད། གང་ལྟར་ཡང་རང་ཉིད་ཀྱི་གོ་གནས་དེར་སྐྱོན་མང་ཙམ་ཡོད་ཀྱང་རང་ཉིད་ཀྱིས་མཐོང་དཀའ་བ་ཞིག་ཡིན་པ་ཡོངས་གྲགས་རེད།
བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དུ་ཆོས་ལུགས་ཕྱོགས་ཞེན་གྱི་ཕྱག་ལས་གནང་བ་མཐའ་དག་ཡིག་ཐོག་ཏུ་བཀོད་ན་ངུ་ཤོར་བ་ཞིག་ཡོད་རེད། ཉེ་སྔོན་ཕྱི་རྒྱལ་གྱི་ཞིབ་འཇུག་པ་ཞིག་གིས་དེའི་སྐོར་ལ་ཞིབ་འཇུག་བྱེད་བཞིན་པ་གོ་སོང་། ག་ལེར་གནས་ཚུལ་ཧང་སང་མང་པོ་ཞིག་ཐོན་རྒྱུ་ཉག་གཅིག་རེད།
དབང་འདུས་ལགས་ལ་ཞུ་རྒྱུར་ དང་པོ་ཁྱེད་རང་གིས་གནས་ཚུལ་ག་རེ་ཡིན་རུང་ཞིབ་ཕྲ་གསལ་རྟོགས་ཐུབ་པ་དགོས་རེད་ དེ་མིན་ཕན་ཚུན་དབྱེན་དཀྲུག་གིས་བཀའ་མོལ་ཞིག་ལས་མ་འདས་སོ། ད་དུང་ཡང་ཕྱི་རྒྱལ་བ་ཞིག་གིས་ཞིབ་འཇུག་བྱེད་བཞིན་ཡོད་ཟེར་ནས་ཧང་སང་དོག་བྱེད་པ་དེའི་ག་རེ་ཚོན་གྱི་ཡོད་རེད་ཟེར་ན་ཁྱེད་རང་གིས་སོ་སོའི་གཞུང་ལ་བརྩེ་སེམས་མེད་པ་དང་རྒྱུས་མངའ་ནི་དེ་བས་ཀྱང་མེད་པས་རེད་ གཉིས་པ་དེ་ཁྱེད་རང་ཕྱི་རྒྱལ་བར་སྐྱབས་བཅོལ་དྲག་པ་དང་བོད་མིའི་སྒྲིག་འཛུགས་ལ་མཐོང་ཆུང་བྱེད་ཡ་མ་སོང་ནི་རེད་ བྱས་ན་མ་འོང་པར་བཀའ་མོལ་ག་རེ་གསུང་ཀྱང་རུང་སྔོན་ལ་རྣོ་བསམ་ནན་གྱིས་ཞེ་རོགས་གནང་ཞེས་བོད་མི་ཚང་མར་རེ་བ་བྱེད་བཞིན་ཡོད་
དབང་འདུས་ཟེར་བ་ནི་དོལ་ཚོགས་ཀཡི་ཨ་དར་ཟེར་མཁན་ག྄ི་མི་དེ་ཡིན་ནོ།