བོད ལྷ་ཀླུ་གཉན་གསུམ།
དེ་རིང་ངས་སླར་ཡང་བརྗོད་གཞི་འདི་ལ་སླར་ཡང་ལག་པ་མི་འཆིང་ཐབས་མེད་ཅིག་ཆགས་སོང་། ཉེ་སྔོན་ཞིག་ལ་ངས་༧གོང་ས་མཆོག་སྐུ་ཕྲེང་བཅོ་ལྔ་བ་བུད་མེད་ཅིག་བྱོན་སྲིད་པ་རེད་ཅེས་པའི་བསམ་ཚུལ་ཞིག་སྤེལ་ན་ཡང་། དྲ་ཐོག་གི་སྤུན་ཟླ་དག་གིས་སྣང་མེད་དུ་གཡུགས་པ་མིན་ན་ཡང་། དེ་ལ་བསམ་ཚུལ་ཐད་ཀར་ཤུགས་ཆེན་པོ་གླེང་མཁན་མེད་པར་གྱུར་སོང་།
གཅིག་བྱས་ན་ང་རང་གི་བྲིས་པ་དེར་དེ་འདྲའི་ཚིག་གི་སྙན་ཆ་དང་དྲ་ཐོག་གི་སྤུན་ཟླ་དག་གི་ཡིད་དབང་འཕྲོག་པ་དེ་འདྲ་ཞིག་ཡོང་མེད་ངེས་ཡིན་སྲིད་ཀྱང་། དོན་དངོས་ཐོག་དེ་ནི་དངོས་ནས་འུ་ཅག་གིས་བོད་མི་རིགས་ལ་༧རྒྱལ་བ་རིན་པོ་ཆེ་དགོས་ཀྱི་ཡོད་མེད་དེ་ཡིན། གལ་སྲིད་དོན་དངོས་ཐོག་༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅོ་ལྔ་བ་བོད་པ་ཚང་ལ་དངོས་ནས་དགོས་ཀྱི་ཡོད་ན། དགོས་འདུན་ཤུགས་ཆེན་པོ་གླེང་དགོས་པ་མ་ཟད། དེ་ལ་དངོས་ནས་ཐད་ཀར་༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་བ་འདི་ཚང་དངོས་སུ་སྐུ་འཚོ་གཞུགས་སྐབས་འདི་ལ་བོད་ཕྱི་ནང་གཉིས་ནས་འདོད་བློ་ཚིམས་ཐུབ་པའི་ཡང་སྲིད་བྱོན་སྟངས་སྐོར་ལ་ཐག་གཅོད་ཅིག་བྱེད་དགོས་ཀྱི་ཡོད།
དེ་ཡང་སྤྱི་འཐུས་ཀྱི་ཚོགས་ཐོག་ནས་གཏམ་བཤད་གཅིག་གཉིས་ཤིག་བྱས་དེ་མཇུག་བསྡུ་དགོས་པ་དེ་འདྲ་ཞིག་གཏན་ནས་མིན་པར། བོད་ཕྱི་ནང་གཉིས་ཀའི་བསམ་ཚུལ་ངོ་འཕྲོད་པ་ཞིག་བྱས་ནས། ད་གཟོད་༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་བ་སྐུ་ངོས་ཀྱི་སྐུ་ཕྲེང་བཅོ་ལྔ་བའི་སྐོར་ལ་བཞེད་ཚུལ་གང་ཡོད་པ་དེ་ཤེས་པར་བྱས་དེ། ༧རྒྱལ་བ་སྐུ་ཕྲེང་བཅོ་ལྔ་བ་འདི་ཚང་བོད་ལ་དགོས་མིན་དེ་ནི་བོད་རང་གི་ཐག་གཅོད་བྱེད་པར་དབང་ཚད་ཆ་ཚང་བ་ཞིག་ཡོད་པར་ཡིག་ངག་གཉིས་ཀ་ནས་ཐག་གཅོད་ཚང་མ་ཞིག་གནང་དགོས།
དེ་མིན་ང་ཚོས་མིག་མཐོང་ལག་ཟིན་བཞིན་དུ། ང་ཚོས་མགོ་སྟེང་དུ་བན་ཆེན་རིན་པོ་ཆེ་ཡི་ཡང་སྲིད་ཀྱི་ཆག་སྒོ་དེ་ལྟར་ཡོང་བར་གདོན་མི་ཟ་བ་ཡིན། དེ་དག་མི་ཡོང་བའི་ཆེད་དུ། ད་ལྟ་ནས་འཛམ་གླིང་མི་མང་གི་གོ་ས་དང་རིག་ས་ནས། བོད་མི་རང་ལ་རང་གིས་བླ་མ་འདེམས་པའི་དབང་ཚད་ལས་རྒྱ་ནག་སྲིད་གཞུང་ལ་གཏན་ནས་མེད་པར་༧རྒྱལ་བ་རིན་པོ་ཆེ་ཁོང་གིས་དབུ་ཁྲིད་འོག་ནས་ཆབ་བསྒྲགས་གཙང་མ་ཞིག་བྱེད་དགོས་ཀྱི་ཡོད་ལ། རྗེས་ཕྱོགས་ཆུ་ཡོང་གོང་གི་རག་ཟེར་བ་ལྟར། བོད་མི་ཡོངས་ཀྱིས་རང་ཉིད་ལ་༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་དགོས་མིན་ཐད་དུ་འགན་འཁུར་རན་ལ་སླེབས་འདུག་ཟེར་ནས་དྲ་ཐོག་གི་སྤུན་ཟླ་ཡོངས་བརྒྱུད་དེ་བོད་སྐྱེ་འགྲོ་གང་ན་སུ་ཡོད་པ་དག་གིས་འདིའི་སྐོར་ལ་རང་རང་མི་སྒེར་སོ་སོ་ནས་བཟུང་དེ། ༧རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅོ་ལྔ་བ་བོད་པ་ཚང་ལ་དགོས་དང་མི་དགོས། ཡང་ན། རང་ཉིད་མི་སྒེར་བ་ཞིག་ལ་༧རྒྱལ་བ་སྐུ་ཕྲེང་བཅོ་ལྔ་བ་དགོས་དང་མི་དགོས་སོགས་སྐོར་ལ་མཛུབ་མོ་རང་ལ་གཏད་ནས་དྲི་བ་དྲིས་དེ། དྲི་ལན་དེ་ཡང་རང་གི་སེམས་ཁོང་རུས་པའི་སྟེང་ནས་དྲ་ཐོག་དུ་འཁུར་ཡོང་བ་དང་། ས་ཐོག་གི་བོད་རིགས་སྐྱེ་འགྲོ་ཡོངས་ཀྱི་དབུས་སུ་འཁུར་ནས་ཤོག
བོད་པ་ཚང་ལ་༧རྒྱལ་བ་རིན་པོ་ཆེ་དགོས་ཀྱི་ཡོད། འོན་ཏེ་༧རྒྱལ་བ་རིན་པོ་ཆེ་བུད་མེད་ཡིན་པ་ཞིག་ངེས་པར་མི་དགོས།
ཨ་རོ། བོད། ལྷ་ྐླུ་གཉན་གསུམ་ལགས།
ཁྱེད་རང་གཡུལ་ས་ལྟ་བུའི་རྒྱལ་ཁབ་ཞིག་ནས་བསྡད་དེ། དུས་རྟག་ཏུ་བོད་དོན་དང་འབྲེལ་བའི་བསམ་ཚུལ་རེ་སྤེལ་བཞིན་ཡོད་པ་འདིར།
སྙིང་ནས་བཀའ་དྲིན་ཆེ་ཞུ་འདོད་བྱུང་། དོ་དགོང་ཁོམ་ལོང་ཅུང་ཙམ་ཡོད་པས། ཁྱེད་ཀྱི་རྩོམ་འདིའི་སྒང་ལ་བསམ་ཚུལ་འགའ་ཞུ་གི་ཡིན།
རྒྱལ་དབང་སྐུ་ཕྲེང་བཅོ་ལྔ་བ་དགོས་མིན་གྱི་སྐོར་ལ་༧གོང་ས་མཆོག་ལ་ལ་དྲི་བ་གཏོང་མཁན་མང་པོ་བྱུང་བ་རེད་ལ། ༧གོང་ས་མཆོག་གིས་ཀྱང་འདིའི་ཐོག་ལ་བཀའ་སློབ་མང་པོ་བསྩལ་ཚར་ཡོད་དྲན། གང་ལྟར། ད་ལྟ་ཕན་ཆད་ལ། རྒྱལ་དབང་སྐུ་ཕྲེང་བཅོ་ལྔ་བ་ཐག་གཅོད་སྟངས་ཀྱི་ཐད་ལ་། ༧གོང་ས་མཆོག་ནས་གདམས་ཀ་གསུམ་གནང་ཡོད་རེད་དྲན།
དང་པོ། ཡང་སྲིད་བརྩད་གཅོད་ཀྱི་ལམ་ནས་ཐག་གཅོད་སྟངས་ཀྱི་རིམ་པ་གཅིག
གཉིས། ཡེ་ཤེས་ཆོས་དཔོན་པོབ་ནང་བཞིན་འོས་འདེམས་ཀྱི་ལམ་ནས་འགྲོ་སྟངས་གཅིག
གསུམ་ མ་འདས་སྤྲུལ་སྐུའི་སྒོ་ནས་ཐག་གཅོད་སྟངས་གཅིག་བཅས་ཁྱོན་གསུམ་གདམས་ཀ་གསུམ་གནང་ཡོད་པ་རེད།
ཡང་སྲིད་དགོས་མིན་གྱི་མཐའ་མའི་གདམས་ཀ་དེ་བོད་མི་མང་ལ་ཡོད་རེད་གསུངས་ཡོད་པ་མ་ཟད་ད་དུང་གལ་སྲིད་ཡང་སྲིད་བརྩད་གཅོད་ཀྱི་གནས་སྟངས་བྱུང་བ་ཡིན་ན།
ཁོང་གི་ཡང་སྲིད་དེ་རང་དབང་མེད་པའི་ཡུལ་ལུང་ཞིག་ནས་འཁྲུངས་ཀྱི་མ་རེད་ཞེས་ཁ་གསལ་གནང་ཡོད་རེད་དྲན།
ད་དུང་ཚིག་འགའ་ཞུ་གི་ཡིན།
བོད་པ་ཚང་ལ་༧གོང་ས་མཆོག་དགོས་སམ་ཟེར་ན། བོད་པ་ཚང་ལ་༧གོང་ས་མཆོག་དགོས་དང་དགོས། ༧གོང་ས་མཆོག་ནི་བོད་མི་ཚོའི་ཁོག་པའི་སྙིང་དང་གདོང་གི་མིག་ལྟ་བུ་ཡིན།
དང་པོ། ༧གོང་ས་མཆོག་མེད་ན། བོད་མི་རིགས་ལ་བླ་སྲོག་མེད་པ་དང་གཅིག་མཚུངས་ཡིན།
གཉིས། ༧གོང་ས་མཆོག་མེད་ན། བརྗིད་ཆགས་པའི་གངས་རི་དཀར་པོ་དག་ཀྱང་སང་ཉིན་ནས་བཞུས་ཚར་འགྲོ
གསུམ། ༧གོང་ས་མཆོག་མེད་ན། སྔོ་ལྗང་ལྗང་གི་རྩ་ཐང་ཆེན་པོ་དེ་ཡང་སང་ཉིན་ནས་མྱ་ངམ་གྱི་བྱེ་ཐང་ཆེན་མོ་ཞིག་ཆགས་འགྲོ
བཞི། ༧གོང་ས་མཆོག་མེད་ན། མཐོ་སྒང་འཛིན་མའི་སྐེ་རགས་ལྟ་བུའི་གཙང་པོ་ཆེན་པོ་དག་ཀྱང་སང་ཉིན་ནས་སྐམ་འགྲོ
ལྔ་། གོང་ས་མཆོག་མེད་ན། བོད་མིའི་འཐབ་རྩོད་དེ་ཡང་སང་ཉིན་ནས་མགོ་རྔ་མེད་པ་ཆགས་འགྲོ
དྲུག ༧གོང་ས་མཆོག་མེད་ན། བཙན་བྱོལ་བོད་གཞུང་གི་ལོ་རེའི་འགྲོ་སོང་གི་བརྒྱ་ཆ་༢༠ཙམ་གྱི་ཡོང་སའི་གཏེར་ཁ་ཆེན་པོ་དེ་ཡང་སང་ཉིན་ནས་རྫོགས་འགྲོ
བདུན། ༧གོང་ས་མཆོག་མེད་ན། རྡ་ལམ་ས་ལའི་ཁང་བརྩེགས་མཐོན་པོ་དག་ཀྱང་སང་ཉིན་ནས་བཤིག་འགྲོ
བརྒྱད། ༧གོང་ས་མཆོག་མེད་ན། ཕྱི་རྒྱལ་ཡུལ་གྲུ་ཁག་ན་ཡོད་པའི་ཆོས་ཚོགས་མང་པོ་ཡང་སང་ཉིན་ནས་སྒོ་རྒྱག་དགོས་ཐུག་འགྲོ
དགུ་ ༧གོང་ས་མཆོག་མེད་ན། ཕྱི་རྒྱལ་ཡུལ་གྲུ་ཁག་ན་བོད་མི་སྒེར་བ་འགས་སོ་སོའི་ལྟོ་ཕོར་བཞིན་བེད་སྤྱོད་གཏོང་སའི་སྡེ་ཚན་ཁག་ཀྱང་སང་ཉིན་ནས་སྒོ་རྒྱག་དགོས་ཐུག་འགྲོ
བཅུ། ༧གོང་ས་མཆོག་མེད་ན། ང་དང་སྐྱབས་བཅོལ་ལག་དེབ་སེར་པོ་གཉིས་ཀྱང་སང་ཉིན་ནས་གནམ་ཐང་ནས་ཐར་མི་ཐུབ་
༧གོང་ས་མཆོག་མེད་ན། ༧གོང་ས་མཆོག་མེད་ན། ཡ་ད་མང་པོ་མི་བཤད། སྐད་ཆ་འགག་འགྲོ་གི་འདུག དེ་ཙམ་བྱོས།
མིའུ་ཕྲུག་ལགས། སྐུ་ཉིད་ལ་༧གོང་ས་སྐུ་ཕྲེང་བཅོ་ལྔ་བ་བུད་མེད་ཅིག་བྱོན་པ་ཡིན་ན་མོས་མཐུན་མེད་དོན་ཅི་ཡིན། དེ་ལ་གསལ་འགྲེལ་ཞིག་ཡོད་པ་ཞུ། དཔེར་ན། ༧གོང་ས་མཆོག་གིས་སྐུ་རྩེད་ཀྱི་ཚུལ་དུ། བུད་མེད་ཅིག་ཡོང་བ་ཡིན་ན། བུད་མེད་ཡག་མ་ཞིག་ཡོང་དགོས་ཀྱི་འདུག་ཞེས་གསུངས་ཟིན་པ་དེར་འདོད་པ་གཏན་ནས་མེད་དམ།
རིག་འབྱུང་བཀྲ་ཤིས་དོན་འགྲུབ་ལགས། སྐུ་ཉིད་སྤྲུལ་སྐུའི་ཡང་སྲིད་སྐོར་ལ་༧གོང་ས་མཆོག་གིས་ལམ་གསུམ་བསྟན་ཡོད་པ་རེད་ཟེར་བ་དེ་ཡི་སྐོར་བདག་གིས་ཀྱང་ཐེངས་མང་བོ་ལ་གོ་མྱོང་རིག་མྱོང་གཉིས་ཀ་ཡོད་ལགས། ལྷག་པར་དུ། ༧གོང་ས་མཆོག་གིས་བོད་མི་མང་ལ་༧ཏྰ་ལའི་བླ་མ་མེད་ཀྱང་བོད་མི་རིགས་ཀྱི་ལོ་རྒྱུས་ནི་འདུག་ངེས་ཡིན་ལ། དེ་ནི་༧ཏྰ་ལའི་བླ་མ་ཡོད་མེད་ལ་རེག་ལས་མེད་པ་ཡིན། གལ་སྲིད། དེ་འདྲ་ཞིག་ཆགས་པ་ཡིན་ན། གཏན་ནས་མ་འགྲིག་པ་རེད། དེ་ཡིན་དུས་ལས་ཀ་གང་ཡིན་ཡང་ང་རང་མེད་པ་ནང་བཞིན་བྱེད་རོགས་གནོང་ཟེར་ནས་བཀའ་སློབ་ཞིག་གསུངས་ཡོད་པ་ཡིན་དུས། སྐུ་ཉིད་ལ་དེ་ཡི་ཐད་དུ་བསམ་ཚུལ་གང་ཡོད་དམ། ང་ཚོ་ལ་༧གོང་ས་སྐུ་ཕྲེང་རིམ་བྱོན་ལས་ཀྱང་གལ་ཆེ་བ་ཞིག་གཏན་ནས་མེད་པ་ཡིན་ནམ། ཡང་ན། དེ་ལས་ཀྱང་གལ་ཆེ་བ་ཡང་ཡོད་པ་མ་ཟད། དེ་དག་ལ་བདག་པོ་རྒྱག་དགོས་པ་གལ་ཆེན་པོ་ཆགས་ཡོད་པ་རེད་དམ། མཐར་ཐུག་བོད་མི་མང་གིས་འདོད་ཀྱང་རང་མི་འདོད་ཀྱང་རང་། ༧གོང་ས་སྐུ་ཕྲེང་བཅུ་བཞི་མཆོག་དགུང་ལོ་བརྒྱ་དང་ཉི་ཤུ་ལ་བཞུགས་སྲིད་ཀྱང་། དེ་ཡི་རྗེས་སུ་ཞིང་གཞན་དུ་གཤེགས་པ་ནི་གདོན་མི་ཟ་བ་ཡིན། སྐབས་དེ་དུས་བོད་དོན་ནི་འཇུགས་ངེས་ཡིན། རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་བཅོ་ལྔ་བ་བོད་མི་དམངས་ཀྱི་འདེམས་སྲིད་དམ། འདེམས་པ་དེ་ཡང་༧སྐུ་ཕྲེང་བཅུ་བཞི་བ་མཆོག་གི་ཕྱག་འཕྲིན་ཞིག་གནང་བའམ། ཞལ་ཆེམས་སོགས་སུ་བོད་མི་རིགས་འདི་འགྲོ་དགོས་ཀྱི་ཡོད་དམ། བོད་མི་རིགས་རང་ཉིད་ཀྱིས་དད་པ་དག་སྣང་ཁོ་ན་ཞིག་གིས་སྡུག་པ་མིག་བཙུམ་བྱེད་དགོས་ཀྱི་ཡོད་པ་ཡིན།
༸གོང་ས་༸སྐྱབས་མགོན་ཆེན་པོའི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་བཅོ་ལྔ་པ་མཆོག་ནི།
དང་པོ། བོད་ལ་རྒྱལ་པོ་དགོས་ན་༸ཆོས་རྒྱལ་སྲོང་བཙན་སྒམ་པོ་ལྟ་བུ་ཞིག་ཕེབས་བགྱི་རེད།
གཉིས་པ་། བོད་ལ་ཆོས་རིག་འཕེལ་རྒྱས་དགོས་ན་༸རྒྱལ་བ་འབྲོམ་སྟོན་འདྲ་བ་གནང་བགྱི་རེད།
གསུམ་པ། བོད་ལ་བླ་དཔོན་དགོས་ན་༸རྒྱལ་མཆོག་ལྔ་པ་དང་མཚུངས་པ་ཞིག་འཁྲུངས་བགྱི་རེད།
བཞི་བ། ༸རྒྱལ་མཆོག་༸སྐུ་འཕྲེང་བཅུ་བཞི་པ་ནི་གོང་གསལ་གསུམ་གའི་ནུས་མཐུ་གཅིག་ཏུ་བསྒྲིལ་བ་ལྟ་བུ་ཞིག་ལ་ངས་འདོད་བགྱིད་ཡོད་པས་ཐུགས་ཕམ་ཡོང་སྐྱེན་མེད་པ་ཐུགས་རྗེ་གཟིགས།
ལྔ་བ། ༸སྐུ་ཕྲེང་བཅོ་ལྔ་པའི་སྐོར་ལ་རྒྱ་གཞུང་གཡོ་བྱུས་སོགས་ལ་བློ་འཚབ་བྱས་པ་ལས་བོད་རིགས་རྡོག་རྩ་གཅིག་སྒྲིལ་ལ་རིག་པ་འགྲིམ་ན་ཡག་བགྱིད་རེད། མདོར་ན། གང་ལ་གང་འདུལ་དེ་ལ་དེར་སྟོན་པ། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་པ་ཙམ་ལས་མ་འདས་སོ།
བསྐལ་ཆེན་གྲངས་མང་གསུམ་སོགས་སུ་ཚོགས་བསགས་སྒྲུབ་སྦྱོང་མཐར་ཕྱིན་ཏེ་གཞན་དོན་དུ་གཟུགས་སྐུའི་བཀོད་པ་ལྷུར་ལེན་མཁན་ཞིག་གི་སྐྱེས་བར་ང་ཚོས་སེམས་འཁུར་བྱེད་པ་ནི་རི་བོང་གནམ་རྡིབ་དུ་མཐོང་ཡང་། བོད་ཆོས་སྲིད་གཉིས་ཀ་གཅིག་ལྕོགས་ཀྱིས་བསྒྲུབ་པར་ཕན་པའི་ལག་ཅ་ཁོ་ན་ཙམ་དུ་བསམ་ན་ང་ཚོའི་བོད་མི་ཡོངས་ཀྱི་སྟོབས་ཤུགས་གཞི་གཅིག་ཏུ་སྒྲེལ་ཐུབ་པའི་གང་ཟག་འདི་ལྟ་བུའ་མཚན་སྙན་མུ་མཐུད་ནས་རྒྱུད་འཛིན་བྱེད་དགོས་པ་གལ་ཆེ་ནང་གི་དོན་ཆེན་རེད་བསམ། དེས་ན་ང་ཚོས་དཀའ་ལས་མེད་པ་དང་རྒྱ་ནག་དམར་པོ་གཞུང་གིས་ཚེགས་མེད་དུ་ཐེ་གཏོགས་བྱེད་མི་ཐུབ་པའི་སླད་དུ། ལུང་དང་སྐྱི་མོ་གང་ལ་འཐེན་ན་འཐེན་ཐུབ་གྱི་ཡོད་ཙང་། རྒྱལ་བའི་ལུང་ཞིག་བཙལ་ནས་མ་འདས་སྤྲུལ་སྐུ་ཞིག་གམ། འཛམ་གླིང་མི་མང་གི་མཚར་འཛིན་དང་མཐོང་ཆེན་ཐོབ་བདེ་བའི་སླད་ཆོས་ལུགས་པ་གང་མང་ཞིག་གིས་ཁས་ལེན་ཐུབ་ཀྱི་མེད་པའི་བུད་མེད་དམ། ནག་མོ་ཞིག་བཙལ་ནས་བོད་སྤྱི་བའི་ཆོས་དང་སྲིད། ཐ་ན་ཁྱོད་ཀྱི་ལྟོ་གོས་ཚུལ་ཆད་ད་ལྟའི་༸རྒྱལ་དབང་མཆོག་ནང་བཞིན་སྒྲུབ་ཐུབ་མཁན་ཞིག་དང་། ཁྱོད་སོགས་ཀྱི་སྐྱབས་སུ་འཆི་ཁོ་ན་ཟེར་བཞིན་བསྡད་ཆོག་ཆོག་ཞིག་ལོས་དགོས། རེད་ཡ། ང་ཚོ་ཁ་བརྡར་ནས་འདུག ལས་ཀ་བྱེད་མཁན་དང་འཁུར་བོ་ཁུར་མཁན་ནུས་ཤུགས་ཡོད་ཚད་འཛོམས་མཁན། མི་དང་ལྷ་ཀུན་ལས་འཕགས་པ་ཞིག་མུ་མཐུད་ནས་བཙལ་ན་ཁྱོད་བདེ་ང་སྐྱིད་དང་། འུ་ཚོ་ཚང་མ་ཁ་བརྡ་གླེང་སྟེགས་འདིར་ཛོམས་དང་ལས་ཀ་མེད་པར་ཐེ་གཏོགས་ཁོ་ན་བྱས་ནས་བསྡད་ཆོག་ག ཁྱོད་ཀྱི་བསམ་ཚུལ་བཟང་གི མུ་མཐུད་ནས་པཎ་ཆེན་ཡང་སྲིད་ཤོར་སོང་རུང་ཁག་འགེལ་ས་ཞིག་ཤི་རེ་བྱས་བཙལ་དགོས་ཀྱི་འདུག་ག་
འུ་ཚོ་ཚང་མ་ཁ་བརྡ་གླེང་སྟེགས་འདིར་འཛོམས་ནས་ལས་ཀ་མེད་པར་ཐེ་གཏོགས་ཁོ་ན་བྱས་ནས་བསྡད་ཆོག་ག་ཞེས་པར་བཅོས་རོགས།
ཀརྨ་རྡོ་རྗེ་ལགས། གང་ལ་གང་མདུད་དེ་ལ་དེར་སྟོན་པ་ཟེར་ནས་བོད་རིགས་ཡོངས་ནས་གསོལ་བ་སྨོན་ལམ་རེ་བཏབ་དེ་བསྡད་ན་དཀའ་ལས་ཁག་པོ་རེད། དེ་ལས་དངོས་ནས་རང་ཉིད་ཀྱིས་དུས་རྒྱུན་དད་པ་དག་སྣང་ཡོད་ཟེར་བ་དེ་ལག་ལེན་དངོས་ཀྱི་ར་སྤྲོད་ཅིག་བྱེད་མ་ཐུབ་པ་ཡིན་ན། རྒྱ་ནག་སྲིད་གཞུང་གི་འདོད་ཐོག་ལ་རྟ་རྒྱུགས་རྒྱུར་ཐེ་ཚོམ་མེད་པ་ཡིན།
རྡོ་ནག་ལགས། རྡོ་ནག་པོ་ཞིག་ལག་དུ་བཟུང་། གཏམ་ནག་པོ་ཞིག་ཁ་ནས་བཤད་རྒྱུ་སླ་ཡང་། དོན་གྱིས་དད་པ་དག་སྣང་ཟེར་ནས་མིག་བཙུམ་རྒྱག་པ་ལས་འགུལ་བསྐྱོད་ལ་མི་དགའ་བའི་མི་ཚོགས་ཤིག་མཐོང་སྐབས། ངས་ཀྱང་འདི་ལྟར་མི་འདྲི་ཐབས་མེད་བྱུང་བ་ཡིན་དུས། སྐུ་ཉིད་ལྟ་བུ་དུས་གསུམ་ལ་ཡིད་ཆེས་ཡོད་པ་ནས་ལག་ལེན་མེད་མཁན་གྱི་གྲངས་དེ་ཡང་འདི་རུ་འདུ་བར་བཤད་ཆོག་པ་ཡིན། གཅིག་བྱས་ན་ངས་སྐད་ཆ་འདི་བཙན་སོང་བ་འདྲ་མོད། དེ་འདྲ་ཡིན་ནས་སྐུ་ཉིད་ཀྱི་ཐུགས་ལ་འཕོགས་སོང་ན། དགོངས་དག་ཞུ་རྒྱུ་ཡིན།
ཡ་ད་སྨྲ་བརྗོད་རང་དབང་རེད། ཧ་་་ཧ་་་ཧ་་་ལས་མེད་ཁ་ཤས་ཤིག་གིས་༸གོང་ས་མཆོག་གི་ཡང་སྤྲུལ་བཙལ་རྒྱུ་དེ་ཡང་ཉི་མ་འཆོལ་བྱེད་སྐྱིད་པོ་རེད། ང་ཚོའི་ལག་པ་བརྐྱངས་རྒྱུ་ཅུང་རིང་དྲག་མེད་འགྲོ། ༸གོང་ས་མཆོག་གཙོས་མཁྱེན་དཕྱོད་གཉིས་ལྡན་གྱི་སྐུ་སྒེར་ཡིག་ཚང་དང་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དེའི་ཐད་དགོངས་པ་ཆེ་བཞེས་གནང་གི་ཡོད་ཡོད་པ་རེད། འདིར་བཤད་སྟངས་ལ་བལྟས་ན་ང་ཚོ་ལས་མེད་དྲ་རྒྱའི་རྒད་པོ་ཁ་ཤས་ཤིག་གིས་ཡང་སྤྲུལ་ཐད་གང་བཤད་པའི་ཐོག་ཐག་ཆོད་འགྲོ་བའི་བཟོ་འདྲ་བོ་གསུང་གི་འདུག་སྟེ། དེ་ལས་བོད་མི་རིགས་ཀྱི་ཆེད་དུ་བྱ་བ་ཆེ་ཆུང་ལ་མ་ལྟོས་པར་སོ་སོའི་ངོས་ནས་ཞབས་ཕྱི་ག་རེ་སྒྲུབ་ཐུབ་པ་དེ་བགྱིས་ན་ཡག་གི་རེད། གཞན་མ་ཐུབ་ན་༸གོང་ས་མཆོག་གིས་བོད་མི་ཞིག་གིས་བྱ་སྤྱོད་ཡག་པོ་ཞིག་བྱས་ནའང་དེ་ནི་བོད་མི་རིགས་ཀྱི་ཞབས་ཕྱི་ཡིན་གསུངས་པ་ལྟར་དེ་ག་རང་བྱས་ན་ཡང་ལོས་འགྲིག་སྙམ། དགོངས་པ་མ་ཚོམ། ཀུ་རེ་ཡིན་ད།
འོ་གནས་ཚུལ་འདི་གླེང་དགོས་པ་ཞིང་དང་གླེང་འོས་པ་ཤིག་ཡིན། གང་ཡིན་ཟེར་ན་བོད་མིའི་སྤྱི་ཚོགས་ཁྲོད་དུ་གླེང་རྒྱུ་ཡོན་ན་མེད་ན་དེ་བླ་མ་དང་གྲྭ་པའི་གནས་སྟངས་རེད། བོད་མིའི་བསམ་ཚུལ་ལ་བླ་མ་རྣམས་འདི་ཕྱིའི་ལམ་སྟོན་དུ་འདོད་ཀྱང་། དོན་དངོས་ལ་ཆབ་སྲིད་ཀྱི་གཡོ་རྒྱུའི་འོག་བླ་མ་མང་པོ་ཞིག་སྔ་ཕྱིའི་རྙོགས་ཟིང་གི་རྩ་བར་གྱུར་ཡོད། དེས་ན་འདྲེན་མཆོག་དམ་པ་གང་གི་མཚན་གྱི་གོ་གནས་འཛིན་མཁན་དེ་ད་ལྟ་སྐུ་ངོས་བཞུགས་སྐབས་ནས་འཆར་གཞི་གསལ་ཐག་ཆོད་ཅིག་བྱུང་ན་བོད་མི་ཡོངས་ཀྱི་བློ་སེམས་བདེ་བར་ངེས། དེའི་སྐོར་ལ་བསམ་བློ་གཏོང་རྒྱུ་ངོས་གནས་གལ་ཆེན་རེད། ཨུ་ཐུག་ན་རང་བཙན་མ་ལོན་བར་དུ་ཡང་སྲིད་མེད་ཅེས་གསལ་བསྒྲགས་བྱེད་རྒྱུ་རེད། ཡང་ན་བོད་རང་བཙན་སུས་ལེན་ནུས་ན་དེ་༧གོང་ས་མཆོག་གི་མཚན་གནས་ལ་འགོད་རྒྱུ་རེད།
མྱི་ང་ལ་ནི་རྒྱལ་བ་རིན་པོ་བུད་མེད་ཅིག་ཡིན་ན་ནི་ངེས་པར་དུ་དགོས། གཞན་ཅི་ཡང་ཟེར་གྱི་མེད།
དྲ་ཐག་འདིར་གཟིགས་དང་།
http://www.gyalwarinpoche.com/newsdetail.php?recordID=51
ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
ད་ལམ་ཕྱི་ཟླ་ ༡༡ ཚེས་ ༢༡ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མཛད་འཕྲིན་ཉིན་ལྔའི་རིང་སྐྱོང་སྐབས་རྒྱ་གར་སི་ཨན་ཨན་གསར་འགྱུར་བརྙན་འཕྲིན་ཁང་ (CNN-IBN) གི་ལས་རིམ་གཙོ་སྐྱོང་བ་ཀ་རན་ཐ་པར་གྱིས་ྋགོང་ས་མཆོག་ལ་སྐར་མ་བཅོ་བརྒྱད་དང་ཕྱེད་ཀའི་རིང་བཅར་འདྲི་ཞུས་པ་དང་བཀའ་ལན་སྩལ་བ་བཅས་བོད་ཡིག་ཐོག་ཕབ་སྒྱུར་ཞུས་པ།
བཀའ་འདྲི། དང་ཐོག་སྐུ་ཉིད་ཀྱི་སྐོར་བཀའ་འདྲི་ཞུ་རྒྱུར། ད་ལོའི་ལོ་འགོར་སྐུ་ཉིད་དགུང་གྲངས་ ༧༥ ཕེབས་པ་དང་། ངས་ཤེས་རྟོགས་བྱུང་བར་གཞིགས་ན་སྐུ་ཉིད་བགྲེས་ཡོལ་དུ་ཕེབས་རྒྱུའི་སྐོར་གསུང་གི་ཡོད་འདུག སྐུ་ཉིད་དངོས་གནས་བགྲེས་ཡོལ་དུ་ཕེབས་རྒྱུའི་དགོངས་པ་བཞེས་ཀྱི་ཡོད་དམ།
བཀའ་ལན། དེ་རེད། ཕྱི་ལོ་ ༢༠༠༡ ལོ་ནས་ང་ཚོར་འོས་འདེམས་བྱས་པའི་སྲིད་དོན་གྱི་འགོ་ཁྲིད་ཅིག་ཐོན་ཡོད། དེ་ནས་བཟུང་ལོ་རྒྱུས་ཐོག་མི་ལོ་ ༤༠༠ ལྷག་ཙམ་སོང་བའི་ཆོས་སྲིད་གཉིས་ལྡན་གྱི་ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་མེད་པ་ལྟ་བུ་ཆགས་པ་དང་། ངོས་ཀྱི་གནས་སྟངས་ཀྱང་ཕྱེད་རྒས་ཡོལ་ལྟ་བུར་གྱུར་ཏེ། གལ་གནད་ཆེ་བའི་བྱེད་སྒོ་ཁག་ཐག་གཅོད་བྱེད་དབང་འོས་འདེམས་བྱས་པའི་ད་ལྟའི་སྲིད་དོན་གྱི་འགོ་ཁྲིད་དེའི་ལག་ཏུ་ཡོད། དེར་བརྟེན་ངོས་ཀྱི་བསམ་པར་མང་གཙོའི་ལམ་ལུགས་ཆ་ཚང་བེད་སྤྱོད་ཡོང་བ་ལ་ངོས་ཀྱིས་སྲིད་དོན་གྱི་ལས་དོན་རིགས་ལ་ཐེ་གཏོགས་མ་བྱས་ན་ལེགས་པ་དྲན་གྱི་ཡོད། འོན་ཀྱང་དེ་མིན་གྱི་ལས་དོན་གཞན་དཔེར་ན་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་ཐབས་དང་། ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་གོང་འཕེལ་གཏོང་རྒྱུ་བཅས་ངོས་ནས་འགན་འཁུར་མུ་མཐུད་བླང་བཞིན་ཡོད། ངོས་རང་རྒས་ཡོལ་བྱ་རྒྱུའི་བསམ་བློ་གཏོང་གི་ཡོད།
བཀའ་འདྲི། སྐུ་ཉིད་དུས་ཚོད་གང་ཞིག་ལ་བགྲེས་ཡོལ་ཕེབས་རྒྱུའི་ཐུགས་འདུན་ཡོད་དམ།
བཀའ་ལན། དུས་ཚོད་གཏན་འཁེལ་མེད། དང་ཐོག་ངོས་ནས་བཙན་བྱོལ་བོད་མིའི་སྤྱི་འཐུས་ལྷན་ཚོགས་ལ་དམིགས་དོན་འདི་སྐོར་གྲོས་བསྡུར་བྱེད་དགོས་ཤིང་། འདི་སྐོར་ཁོང་ཚོར་རོབ་ཙམ་བརྗོད་ཟིན་པ་ཡིན།
བཀའ་འདྲི། དེ་ལྟར་ཁོང་ཚོར་བཀའ་བསྡུར་གནང་ནས་དུས་ཚོད་གཏན་འཁེལ་གནང་རྒྱུ་ཡིན་ནམ།
བཀའ་ལན། དེ་རང་ཡིན།
བཀའ་འདྲི། དེ་དག་དུས་ཚོད་ག་དུས་ཡོང་རྒྱུ་ཡིན་ནམ།
བཀའ་ལན། ངོས་ཀྱི་བསམ་པར་ཕལ་ཆེར་ཟླ་བ་དྲུག་གི་ནང་ཡོང་སྲིད་པ་རེད་སྙམ་གྱི་ཡོད།
བཀའ་འདྲི། དེས་ན་ཟླ་བ་དྲུག་གི་ནང་ཚུད་སྐུ་ཉིད་བགྲེལ་ཡོལ་གནང་འཆར་ཡོད་དམ།
བཀའ་ལན། དེ་ལྟར་མ་རེད། དང་ཐོག་ངོས་ནས་དེ་སྐོར་གྲོས་བསྡུར་བྱེད་དགོས་པ་ཡིན།
བཀའ་འདྲི། སྐུ་ཉིད་ཀྱི་དགོངས་པར་བགྲེས་ཡོལ་ག་དུས་གནང་རྒྱུ་ཡིན་ནམ།
བཀའ་ལན། དེ་ངས་ཤེས་ཀྱི་མེད། གཅིག་བྱས་ན་ཟླ་བ་ཁ་ཤས་རྗེས་ཡོང་སྲིད་དྲན་གྱི་འདུག
བཀའ་འདྲི། གལ་འགངས་ཆེ་བའི་གནད་དོན་ནི་སྐུ་ཉིད་བགྲེས་ཡོལ་གནང་རྗེས་གནས་ཚུལ་གང་འདྲ་ཞིག་ཡོང་རྒྱུ་ཞེས་པ་དེ་རེད། སྐུ་ཉིད་ནས་ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་སྐུ་ཉིད་མེད་པ་ཆགས་རྗེས་མཇུག་བསྒྲིལ་སྲིད་པའི་སྐོར་དེ་སྔོན་ཐེངས་གཅིག་གཉིས་ཙམ་བཀའ་གནང་འདུག
བཀའ་ལན། དེ་ག་རང་རེད།
བཀའ་འདྲི། ད་ལྟའི་ཆར་སྐུ་ཉིད་ག་རེ་དགོངས་ཀྱི་ཡོད་དམ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པ་ཕེབས་རྒྱུ་ཡིན་དང་། ཡང་ན་ད་ལྟའི་སྐུ་ཐོག་འདི་ཐ་མ་ཡིན་ནམ།
བཀའ་ལན། གལ་སྲིད་ངོས་རང་ལོ་ཁ་ཤས་རྗེས་འཆི་བའི་གནས་ཚུལ་བྱུང་ཚེ་སྐབས་དེར་བོད་མིས་གཙོས་པའི་སོག་པོ་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པ་བཅས་ཀྱིས་གལ་སྲིད་ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་དགོས་ངེས་མཐོང་ཚེ་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅོ་ལྔ་པ་ཡོང་ངེས་ཡིན། ཡང་ལོ་ཉི་ཤུའམ་སུམ་ཅུའི་རྗེས་སུ་ང་ཚོ་རང་ཡུལ་ལ་ཕྱིར་ལོག་ཐུབ་པ་བྱུང་སྟེ་གནས་སྟངས་ཞི་འཇགས་ལྟ་བུ་བྱུང་བའི་དུས་སུ་བོད་མི་བརྒྱ་ཆ་མང་བས་ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་དགོས་ཕན་མེད་པ་མཐོང་ན་རང་བཞིན་གྱིས་མེད་པ་ཆགས་རྒྱུ་རེད།
བཀའ་འདྲི། གཙོ་གནད་བཀའ་འདྲི་ཞུ་རྒྱུ་ཞིག་ལ་སྐུ་ཉིད་ཀྱི་སྐུ་ཕྲེང་རྗེས་མ་དེ་ངོས་འཛིན་ཇི་ལྟར་བྱས་ནས་ཞུ་རྒྱུ་ཡིན་ནམ། ད་ལྟའི་གནས་སྟངས་ལ་བོད་དེ་རྒྱ་ནག་གི་དབང་འོག་ཏུ་ཡོད་པ་དང་། རྒྱ་ནག་གཞུང་ནི་ཏཱ་ལའི་བླ་མའི་སྒྲིག་འཛུགས་ལ་བརྩེ་ཞེན་མེད་པ་རེད།
བཀའ་ལན། དེ་འདྲ་མ་རེད། དེའི་ཐད་ངོས་ཀྱི་བསམ་པར་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་ཡང་སྲིད་སྐོར་སེམས་འཚབ་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ངོས་ཀྱི་བསམ་པར་ཁོང་ཚོ་ནི་ངའི་ཡང་སྲིད་སྐོར་ལ་ང་ལས་སེམས་འཚབ་ཆེ་བ་བྱེད་མཁན་ཞིག་རེད།
བཀའ་འདྲི། སྐུ་ཉིད་ཀྱིས་ཏཱ་ལའི་བླ་མའི་ཡང་སྲིད་དེ་སྲོལ་རྒྱུན་ལྟར་ངོས་འཛིན་ཞུ་དགོས་དགོངས་ཀྱི་ཡོད་དང་། ཡང་ན་ད་ལྟའི་འགྲོ་སྟངས་ཀྱི་ལམ་ལུགས་ལ་འགྱུར་བ་གཏོང་དགོས་དགོངས་ཀྱི་ཡོད་དམ།
བཀའ་ལན། དེ་ནི་བོད་རྒྱ་ཆེའི་མི་མང་གིས་ཐག་གཅད་རྒྱུ་ཞིག་རེད། ལོ་མང་པོའི་སྔོན་ངོས་ཀྱིས་གསལ་པོ་བཟོས་ཡོད། གལ་སྲིད་བོད་མིའི་གྲངས་འབོར་བརྒྱ་ཆ་མང་བས་ད་ལྟའི་ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་དགོས་ངེས་མཐོང་ཚེ་དེ་མཚམས་གཞི་ནས་དྲི་བ་གཉིས་པ་ཏཱ་ལའི་བླ་མའི་ཡང་སྲིད་སྲོལ་རྒྱུན་ལྟར་རམ་ཡང་ན་དེ་མིན་ཐབས་ལམ་གསར་པ་ཞིག་གི་ཐོག་ནས་ངོས་འཛིན་རྒྱུ་ཡིན་མིན་སྐོར་གྱི་སྐད་ཆ་འདི་སླེབས་རྒྱུ་རེད། དེ་དག་ཚང་མ་ངོས་ཀྱིས་ལོ་ཉི་ཤུ་སུམ་ཅུའི་སྔོན་ནས་ཡོངས་བསྒྲགས་བྱས་ཟིན་པ་ཡིན།
བཀའ་འདྲི། མི་མང་པོ་ཞིག་གི་བསམ་པར་སྐུ་ཉིད་ཀྱིས་ད་ལྟའི་གནས་བབ་ལ་དགོངས་པ་བཞེས་ནས་ཏཱ་ལའི་བླ་མའི་སྐུ་ཕྲེང་རྗེས་མ་དེ་སྐུ་ཉིད་སྐུ་འཚོ་བཞུགས་སྐབས་བསྐོ་གཞག་ཐག་གཅོད་གནང་རྒྱུ་གལ་ཆེར་མཐོང་ན། སྐུ་ཉིད་ལ་དེ་ལྟར་གནང་རྒྱུའི་གྲ་སྒྲིག་ཡོད་དམ།
བཀའ་ལན། ངོས་ཀྱི་བསམ་པར་ད་ལྟའི་གནས་སྐབས་ལ་ཏཱ་ལའི་བླ་མའི་སྐྱེ་ཕྲེང་རྗེས་མའི་གནད་དོན་སྐོར་ལ་བྲེལ་བ་བྱེད་དགོས་དོན་མེད། ངོས་རང་ད་ལྟ་གཟུགས་པོ་བདེ་ཐང་ཡོད། དེར་བརྟེན་ལོ་བཅོ་ལྔ་ཉི་ཤུའི་རིང་སྒུག་ཆོག་གི་རེད། དེ་ནས་རིམ་པས་བལྟ་ཆོག་གི་རེད་ང་ཚོ་བཙན་བྱོལ་ནང་གནས་པའི་རིང་སྲིད་ཕྱོགས་ཀྱི་ཆ་ནས་ལོ་ལྔ་རེའི་མཚམས་འོས་འདེམས་ཀྱི་ལམ་ནས་སྲིད་དོན་གྱི་འགོ་ཁྲིད་འདེམས་ཀྱི་ཡོད། དེ་ནས་ཆོས་ཕྱོགས་ཀྱི་ཐོག་ནས་བཤད་ན། ས་དགེ་བཀའ་རྙིང་བོན་དང་བཅས་པའི་ཆོས་ལུགས་འདྲ་མིན་རྣམས་རྩ་བ་བརྟན་པོ་ཡོད་པ་དང་། དེ་དག་རྒྱུན་འཛིན་བྱེད་མཁན་གྱི་གཞོན་སྐྱེས་ཀྱང་ཧྲ་ཏག་ཏག་ཡོད་པར་བརྟེན། དེའི་ཐད་ང་ལ་སེམས་ཁྲལ་གང་ཡང་མེད།
བཀའ་འདྲི། འོན་ཀྱང་སྐུ་ཉིད་ཀྱི་བཀའ་ལན་རྣམས་ནས་ག་རེ་ཤེས་རྟོགས་བྱུང་ཞེ་ན། སྐུ་ཉིད་ཀྱིས་གང་གི་ཡང་སྲིད་བསྐོ་གཞག་གནང་འདོད་མེད་པ་ཤེས་རྟོགས་བྱུང་། སྐུ་ཉིད་ཀྱིས་དེའི་ཐད་ཐེ་གཏོགས་གནང་རྒྱུ་མེད་པ་དགོངས་ཀྱི་འདུག་གམ། ངས་གོ་བ་ལེན་ཕྱོགས་དེ་འགྲིག་འདུག་གམ།
བཀའ་ལན། དེ་ལྟར་མ་རེད། གལ་སྲིད་བོད་མི་མང་གིས་ད་ལྟའི་ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་གནས་འདོད་བྱེད་ཀྱི་ཡོད་ན། ངོས་རང་འཆི་བའམ་ཡང་ན་ལོ་ན་ཆེས་རྒས་པའི་དུས་སུ་སླེབས་སྐབས་དགོས་གལ་བྱུང་ན་ཕལ་ཆེར་ཏཱ་ལའི་བླ་མའི་ངོ་ཚབ་ལྟ་བུ་ཞིག་འདམ་ཆོག་གི་རེད། དེ་ལ་མིང་གང་འདྲ་ཞིག་འདོགས་དགོས་མིན་ངས་ཤེས་ཀྱི་མེད། ངོས་རང་གསོན་པོར་གནས་ཤིང་ཆེས་རྒས་པོ་ཆགས་པའི་དུས་སུའང་ངོས་ཀྱིས་ད་བར་འགན་འཁུར་བླང་བཞིན་པའི་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་ཐབས་དང་། ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་གོང་མཐོར་གཏོང་ཐབས་དེ་དག་ངོས་རང་མ་འཆི་བར་འགན་འཁུར་བླང་རྒྱུའི་དམ་བཅའ་ཡོད་པ་བཞིན་མུ་མཐུད་རྒྱུན་འཛིན་སླད་དགོས་གལ་བྱུང་མཚམས་ངོས་ཀྱི་ངོ་ཚབ་ཀྱིས་ཏཱ་ལའི་བླ་མའི་མིང་འཁྱེར་ཏེ་ལས་དོན་བསྒྲུབ་སྲིད་པ་ཡིན།
བཀའ་འདྲི། གལ་སྲིད་ཏཱ་ལའི་བླ་མའི་སྐུ་ཕྲེང་རྗེས་མ་དེ་སྲོལ་རྒྱུན་བཞིན་ངོས་འཛིན་ཞུ་རྒྱུ་ཡིན་ཚེ་ཡང་སྲིད་དེ་བོད་ཀྱི་ས་ཁུལ་གཅིག་པུའི་ནང་ནས་ངོས་འཛིན་གནང་རྒྱུ་ཡིན་དང་། ཡང་ན་བཙན་བྱོལ་བོད་མིའི་ཁྲོད་ནས་ངོས་འཛིན་གནང་ཆོག་པ་ཡིན།
བཀའ་ལན། དེ་དག་ངོས་ཀྱིས་ལོ་མང་པོའི་སྔོན་ནས་གསལ་པོ་བཟོས་ཟིན་པ་ཡིན། གལ་སྲིད་ང་ཚོ་བཙན་བྱོལ་ལ་གནས་པའི་རིང་ངོས་རང་འཆི་བའི་གནས་སྟངས་བྱུང་ཚེ་ངོས་ཀྱི་ཡང་སྲིད་དེ་བོད་ཀྱི་ཕྱི་ལོགས་སུ་ཡོང་རྒྱུ་ཡིན་པ་གཏན་འཁེལ་བ་ཡིན། དེ་ཡང་ཡང་སྲིད་ཡོང་བའི་དགོས་དམིགས་གཙོ་བོ་ནི་སྐུ་ཐོག་གོང་མས་བརྩམས་པའི་ལས་ཀའི་མཇུག་བསྐྱང་རྒྱུ་ཡིན་པར་བརྟེན། ངོས་ཀྱི་ཡང་སྲིད་དེས་ཀྱང་ངོས་ཀྱིས་འགོ་བརྩམས་པའི་ལས་ཀ་མུ་མཐུད་མཇུག་སྐྱོང་བྱེད་དགོས་པ་ཡིན། དེས་ན་ངོས་ཀྱི་ཡང་སྲིད་བོད་ཀྱི་ཕྱི་ཕྱོགས་ཡོང་རྒྱུ་གཏན་འཁེལ་བ་ཚད་མས་གྲུབ་པ་ཡིན།
བཀའ་འདྲི། བྱས་ན་སྐུ་ཉིད་ཀྱི་ཡང་སྲིད་བོད་ཀྱི་ཕྱི་ལ་འཁྲུངས་རྒྱུ་གཏན་འཁེལ་ཡིན་ནམ།
བཀའ་ལན། དེ་རང་རེད། འོན་ཀྱང་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་ཡང་སྲིད་གཞན་ཞིག་ངོས་འཛིན་བྱེད་སྲིད་པ་རེད། དེ་ཡང་ད་ལྟའི་ཆར་ྋཔཎ་ཆེན་རིན་པོ་ཆེ་གཉིས་ཡོད་པ་ལྟ་བུ་ཡིན། རྒྱ་ནག་གཞུང་གིས་ངོས་ལེན་ཡོད་པའི་ྋཔཎ་ཆེན་གཅིག་དང་། དེ་མིན་གཞན་ཞིག་ཡོད། རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་ྋཔཎ་ཆེན་དེར་བོད་མི་བརྒྱ་ཆ་ ༨༠།༩༠ བར་གྱིས་ངོས་ལེན་བྱེད་ཀྱི་མེད། ལྷག་པར་རྒྱ་རིགས་མང་པོས་ངོས་ལེན་བྱེད་ཀྱི་མེད། ཁོང་ཚོས་རྒྱ་སྐད་ནང་ཅཱ་པཎ་ཆེན། ཞེས་པཎ་ཆེན་རྫུན་མ་བརྗོད་ཀྱི་ཡོད།
བཀའ་འདྲི། སྐུ་ཉིད་ཀྱི་སྐུ་ཕྲེང་རྗེས་མའི་སྐོར་མུ་མཐུད་བཀའ་འདྲི་གཞན་ཞིག་ཞུ་རྒྱུར། ཏཱ་ལའི་བླ་མའི་སྐུ་ཕྲེང་རྗེས་མ་དེ་ངེས་པར་དུ་བུ་ཡིན་དགོས་སམ། ངས་ཉེ་ཆར་སྐུ་ཉིད་ཀྱིས་ཀྲོ་རོན་ཀྲོར་ཏཱ་ལའི་བླ་མའི་སྐུ་ཕྲེང་རྗེས་མ་དེ་བུད་མེད་ཡོང་སྲིད་ཀྱི་རེད་ཅེས་ཞལ་ཤོབ་གནང་བ་ཞིག་ཐོས་བྱུང་། སྐུ་ཉིད་ཀྱིས་དེ་ལྟར་དངོས་གནས་གསུངས་པ་ཡིན་ནམ་ཡང་ན་སྐུ་རྩེད་གནང་བ་ཡིན།
བཀའ་ལན། དེ་དངོས་གནས་རེད། འདི་གནས་ཚུལ་གསར་པ་གང་ཡང་མ་རེད། དྲི་བ་འདི་ངོས་ལ་ལོ་ཉི་ཤུ་ལྷག་ཙམ་གྱི་གོང་ཕ་རན་སིའི་རྒྱལ་ས་པེ་རི་སིར་ཡོད་སྐབས་དྲིས་པ་ཞིག་དྲན་གྱི་འདུག དེ་ཡང་བུད་མེད་ཀྱི་དུས་དེབ་ཅིག་གི་ནང་ངོས་ཀྱི་སྐོར་རྩོམ་ཡིག་ཅིག་འགོད་རྒྱུ་དེའི་སྐབས་དྲི་བ་དེ་ཐོག་མར་སླེབས་བྱུང་། སྐབས་དེར་ངོས་ཀྱིས་དེ་ལྟར་སྲིད་པ་རེད་ཅེས་བརྗོད་ཡོད། གལ་ཏེ་བུད་མེད་ཀྱི་ཡང་སྲིད་ཀྱིས་ནང་པ་སངས་རྒྱས་པའི་བསྟན་པར་ཞབས་འདེགས་ཕན་རླབས་ཆེ་བ་ཞིག་དང་། ནུས་པ་ཆེ་བ་ཞིག་ཞུ་ཐུབ་པའི་གནས་སྟངས་ཤིག་ཆགས་པ་ཡིན་ན་དེ་ལྟར་བྱུང་སྲིད་པ་རེད་ཅེས་བཤད་ཡོད། དེ་ནས་ངོས་ཀྱིས་རྩེད་མོ་དང་སྦྲགས་ནས་ཚིག་ཁ་སྣོན་བྱས་པར། གལ་སྲིད་བུད་མེད་ལ་ཡོང་ན་བུད་མེད་དེ་རྣམ་པ་ཤིན་ཏུ་མཛེས་པོ་ཞིག་ཡོང་རྒྱུ་ཡིན་ཞེས་བརྗོད་དེ་བཞད་གད་ཕྲན་བུ་བསླངས་ཡིན། འོན་ཀྱང་ངོས་ཀྱི་བསམ་པར་བོད་ཀྱི་ནང་པའི་ཆོས་ལུགས་ནང་བུད་མེད་ཀྱི་ཚད་མཐོའི་ཡང་སྲིད་རིགས་འདས་པའི་ལོ་བདུན་བརྒྱ་བརྒྱད་བརྒྱའི་གོང་ནས་བྱུང་མྱོང་ཡོད་པ་རེད།
བཀའ་འདྲི། བོད་མི་མང་གིས་ཀྱི་ཏཱ་ལའི་བླ་མའི་ཡང་སྲིད་བུད་མེད་ཅིག་ངོས་འཛིན་ཞུ་རྒྱུར་སྐུ་ཉིད་ལ་ཡིད་ཆེས་ཡོད་དམ། དགོངས་ཚུལ་དེ་ལ་འགོག་རྒོལ་ཡོང་གི་མ་རེད་དམ།
བཀའ་ལན། ངོས་ཀྱིས་དེ་འདྲ་ཡོང་གི་རེད་དྲན་གྱི་མེད། ད་བར་ཏཱ་ལའི་བླ་མའི་ཡང་སྲིད་བུད་མེད་བྱུང་མེད་སྟབས་མི་འགའ་ཤས་ལ་ཏན་ཏན་ཡ་མཚན་ཕྲན་བུ་ཡོང་སྲིད། འོན་ཀྱང་གཏིང་ཟབ་པོའི་ཐོག་ནས་བཤད་ན། ཆོས་ཕྱོགས་ཀྱི་ཐོག་ནས་ངོས་དང་འཕགས་མཆོག་སྤྱན་རས་གཟིགས་ལས་འབྲེལ་ཤིན་ཏུ་ཟབ་པོ་ཡོད་པར་བརྟེན་གལ་ཏེ་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་བུད་མེད་ཀྱི་ཡང་སྲིད་དགེ་ཕན་ཆེ་བ་གཟིགས་ཚེ་རྟགས་མཚན་གཞན་དང་མི་འདྲ་བའི་བེུད་ཅིག་ཡོང་རྒྱུ་ཡིན། དེ་ལ་བོད་མི་མང་ཆེ་བས་ངོས་ལེན་ཞུ་གི་རེད།
བཀའ་འདྲི། ྋགོང་ས་མཆོག ང་ཚོས་སྐུ་ཉིད་ཀྱི་ཡང་སྲིད་གང་འདྲ་ཞིག་ཕེབས་རྒྱུ་དང། ངོས་འཛིན་ཇི་ལྟར་ཞུ་མིན་སྐོར་བཀའ་མོལ་ཞུ་གི་ཡོད། འོན་ཀྱང་དངོས་ཡོད་གནས་ཚུལ་ལ་དེ་དག་ད་ལྟའི་ཆར་ངེས་གཏན་གང་ཡང་མེད་པའི་གནས་སྟངས་ཤིག་ཏུ་ལུས་ཡོད་པ་རེད། དེ་ལྟར་ནའང་སྐུ་ཉིད་དགུང་གྲངས་ ༧༥ ཕེབས་ཡོད་པ་དང། གང་གི་ཡང་སྲིད་ནི་བོད་ཀྱི་རྩ་དོན་ཐོག་གལ་གནད་ཤིན་ཏུ་ཆེན་པོ་ཆགས་ཡོད། དེར་བརྟེན་སྐུ་ཉིད་ཀྱིས་ད་ལྟའི་ངེས་མེད་ཀྱི་གནས་ཚུལ་འདི་འགྲིག་གི་ཨེ་ཡོད། ངེས་མེད་ཀྱི་གནས་ཚུལ་འདི་སྐུ་ཉིད་ཀྱིས་སེལ་མི་དགོས་སམ།
བཀའ་ལན། ངོས་ཀྱིས་བསམ་པར། གལ་སྲིད་ངོས་རང་འཆི་བའི་གནས་ཚུལ་བྱུང་བ་ཡིན་ན། དེས་གནས་སྐབས་རིང་དཀའ་ངལ་འཕྲད་རྒྱུ་ཡིན་པ་རང་བཞིན་གྱི་ཆོས་ཉིད་རེད། འོན་ཀྱང་གཞི་རྩའི་ཆ་ནས་བོད་ནང་གི་མི་མང་ཚོ་ཆོད་སེམས་ཧ་ཅང་བརྟན་པོ་ཡོད་པ་དང་། འདི་ཕྱོགས་བཙན་བྱོལ་བོད་མིའི་ཁྲོད་དུའང་ང་ཚོས་ཆོས་སྲིད་གཉིས་ལྡན་གྱི་སྒྲིག་འཛུགས་ཤིག་བཙུགས་ཡོད་པ་བཅས་དེ་དག་ནི་ད་ལྟ་ནས་ང་ཚོས་གྲ་སྒྲིག་ཡག་པོ་བྱས་པ་ཞིག་ཡིན་པས་དཀའ་ངལ་ཡོང་གི་མ་རེད་སྙམ།
བཀའ་འདྲི། ད་ལྟའི་ཆར་སྐུ་ཉིད་དགུང་ལོ་ ༧༥ ཕེབས་ཡོད་པ་དང་། འདས་པའི་ལོ་ ༥༠ བརྒལ་བའི་རིང་སྐུ་ཉིད་བོད་ལ་ཕེབས་ཐུབ་མེད། མ་འོངས་པར་བོད་ལ་ཕེབས་ཐུབ་པ་དགོངས་ཀྱི་ཡོད་དམ།
བཀའ་ལན། དེ་ལྟར་འགྲོ་ཐུབ་ཀྱི་རེད་དྲན་གྱི་འདུག གང་ཡིན་ཟེར་ན། ང་ཚོ་བོད་ཀྱི་དཀའ་རྙོག་འདི་མི་མང་ནང་འཁྲུག་གི་དཀའ་རྙོག་ཅིག་ཡིན་ན་འགྲོ་ཐུབ་རྒྱུ་ཁག་པོ་ཡིན། འོན་ཀྱང་བོད་ཀྱི་དཀའ་རྙོག་འདི་རྒྱ་ནག་ཕྱོགས་ཀྱིས་བཟོས་པའི་དཀའ་རྙོག་ཅིག་དང་། དེ་ཡང་རྒྱ་ནག་གཞུང་གིས་བཟོས་པ་ལས་རྒྱ་ནག་མི་མང་གིས་བཟོས་པ་ཞིག་མིན། ད་དུང་རྒྱ་ནག་གི་འགོ་ཁྲིད་ཚོའི་ནང་བསམ་འཆར་མི་མཐུན་པ་ཡོད་པ་རེད། གལ་སྲིད་ལྟ་བ་མཁྲེགས་འཛིན་བྱེད་མཁན་རྒྱ་ནག་གི་འགོ་ཁྲིད་ཚོའི་བསམ་བློར་འགྱུར་བ་ཕྱིན་ན་ཉི་མ་ཁ་ཤས་ནང་བོད་ཀྱི་དཀའ་རྙོག་དེ་སེལ་ཐུབ་པ་ཡོང་རྒྱུ་ལས་དཀའ་ངལ་མེད།
བཀའ་འདྲི། བྱས་ན་སྐུ་ཉིད་སླར་བོད་ལ་ཕེབས་ཐུབ་རྒྱུར་གདེང་ཚོད་ཡོད་དམ།
བཀའ་ལན། དེ་ལྟར་ཡོད།
བཀའ་འདྲི། གལ་སྲིད་སྐུ་ཉིད་བོད་ལ་ཆིབས་བསྒྱུར་གནང་མ་ཐུབ་གོང་སྐུ་ཚེ་མ་བརྟན་པ་ཡིན་ན་སྐུ་ཉིད་ཐུགས་ཕམ་ངང་དགོངས་པ་རྫོགས་པའི་གནས་ཚུལ་ཡོང་རྒྱུ་མ་རེད་དམ།
བཀའ་ལན། དེ་ལྟར་བློ་ཕམ་བྱེད་དགོས་དོན་མེད། ངོས་རང་དགེ་སློང་ཞིག་ཡིན་པའི་ཆ་ནས་དངོས་ཡོད་གནས་ཚུལ་ལ་ཆུང་ས་ནས་བཤད་ན་སོ་སོའི་ཁྱིམ་ཚང་དང་། ཆེ་ས་ནས་བཤད་ན་སོ་སོའི་ལུང་པར་ཆགས་ཞེན་མེད་པ་ཞིག་དགོས་པ་ཡིན། གལ་ཆེ་ཤོས་སོ་སོའི་ཉིན་རེའི་མི་ཚེ་སྐྱེལ་སྟངས་དེ་དོན་སྙིང་ལྡན་པ་ཞིག་དགོས་པ་ཡིན། དེར་བརྟེན། ངོས་རང་ད་བར་བཙན་བྱོལ་དུ་ལོ་ ༥༡ སྡོད་རིང་རྒྱ་གར་གཞུང་དང་མི་མང་། དེ་བཞིན་འཛམ་གླིང་རྒྱལ་ཁབ་ཁག་བཅས་པའི་ནང་གྲོགས་པོ་མང་པོ་ཞིག་ཡོད། ངོས་ཀྱིས་མི་སྒེར་སོ་སོའི་སེམས་ནང་ཞི་བདེ་སྐྲུན་ཐབས་དང་། དེ་བཞིན་ཆོས་ལུགས་ཕན་ཚུན་བར་མཐུན་འབྲེལ་གོང་མཐོར་གཏོང་ཐབས་བཅས་ལ་ཞབས་འདེགས་མི་དམན་ཙམ་བསྒྲུབས་ཐུབ་ཡོད་པ་དེ་དག་ལ་ངོས་རང་དགའ་ཚོར་ཆེན་པོ་ཡོང་གི་འདུག
བཀའ་འདྲི། ྋགོང་ས་མཆོག ད་བོད་ཀྱི་ད་ལྟའི་གནས་སྟངས་སྐོར་ཁ་ཕྱོགས་སྒྱུར་ནས་ཞུ་ན། ཟླ་བ་སྔོན་མའི་ནང་གསར་འགྱུར་ཐོན་པར་གཞིགས་ན། རྒྱ་ནག་གཞུང་གིས་བོད་ཀྱི་སློབ་གྲྭ་ཁག་ནང་བོད་ཀྱི་སྐད་ཡིག་ཐད་དམ་དྲག་བྱེད་ཀྱི་ཡོད་ཚུལ་དང་། ལྷག་པར་བོད་རང་དབང་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། སློབ་ཚན་ཁག་ཚང་མ་རྒྱ་ཡིག་ཐོག་སློབ་རྒྱུ་དང་། སློབ་དེབ་ཡོངས་རྫོགས་རྒྱ་ཡིག་ཐོག་བསྒྱུར་རྒྱུ་ཡིན་པར་བརྟེན་བོད་ཀྱི་སྐད་ཡིག་དེ་འཆར་གཞི་ལྡན་པའི་སྒོ་ནས་རྩ་མེད་བཟོ་རྒྱུའི་ངན་བྱུས་སྤེལ་གྱི་ཡོད་ཚུལ་བརྗོད་འདུག་པ་དེའི་ཐད་སྐུ་ཉིད་ལ་དགོངས་ཚུལ་གང་ཡོད་དམ།
བཀའ་ལན། ཕྱི་ལོ་ ༡༩༨༦ ལོར་ྋཔཎ་ཆེན་རིན་པོ་སྐུ་གོང་མ་དང་། ང་ཕོད་གཉིས་ཀྱིས་འགོ་ཁྲིད་པའི་ཐོག་ནས་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་ཞིག་གི་ཐོག་ཕྱི་ལོ་ ༡༩༨༧ ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་གཞུང་འབྲེལ་སྐད་ཡིག་བོད་ཀྱི་སྐད་ཡིག་གིས་བྱེད་དགོས་རྒྱུའི་ཐག་གཅོད་བྱས་ཡོད། འོན་ཀྱང་དེ་རྗེས་སྐད་ཆ་དེ་དག་རྦད་དེ་འཇའ་ཡལ་བ་རེད། དེ་རྗེས་རྒྱ་ནག་གཞུང་གི་ལྟ་བ་མཁྲེགས་འཛིན་པ་རྒྱ་དཔོན་ཁྲེན་ཁུའི་ཡོན་བོད་རང་སྐྱོང་ལྗོངས་དམར་པོ་ཚོགས་པའི་དྲུང་ཆེ་བྱེད་པར་ལྷ་སར་སླེབས་ཡོད། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་ཚོགས་འདུ་ཞིག་གི་ཐོག་ཁོ་པས་བོད་དེ་མེས་རྒྱལ་ཁྱིམ་ཚང་ཆེན་པོ་ནས་ལོགས་སུ་ཁ་བྲལ་འགྲོ་རྒྱུར་ཉེན་ཁ་ཆེ་ཤོས་ནི་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ལུགས་དེ་རེད་ཅེས་བཤད་ཡོད། དེ་ཡང་ངོས་ཀྱིས་བོད་ལྗོངས་སློབ་གྲྭ་ཆེན་མོར་ལས་ཀ་བྱེད་མྱོང་མཁན་གྱི་བོད་མི་ཁག་གཅིག་ཐུག་སྐབས་ཁོང་ཚོས་རྒྱ་དཔོན་ཁྲེན་ཁུའུ་ཡོན་ལྷ་སར་མ་སླེབས་གོང་བོད་ལྗོངས་སློབ་གྲྭ་ཆེན་མོར་བོད་ཀྱི་གནའ་བོའི་བསྟན་བཅོས་ཁག་སློབ་ཁྲིད་བྱེད་ཀྱི་ཡོད། དེ་དག་ནི་སེམས་ལ་ཤིན་ཏུ་ཕན་པོ་དང་མཁོ་གལ་ཆེན་པོ་ཡོད་པ་ཞིག་རེད། ཁྲེན་ཁུའུ་ཡོན་སླེབས་རྗེས་ཁོ་པའི་སྲིད་བྱུས་ཀྱིས་དེ་དག་ཚང་མ་མཚམས་འཇོག་བྱེད་བཅུག་པ་དང་། སློབ་དེབ་ཁག་རྒྱ་ཡིག་རྩོམ་བསྒྱུར་བྱ་རྒྱུ་ལས་གཞན་མེད་པ་བཟོས་སྟབས་བློ་ཕམ་ཆེན་པོ་བྱུང་ཞེས་བརྗོད་ཀྱི་འདུག སྐབས་དེར་བོད་མི་ཁག་གཅིག་གིས་དེ་ལ་ཕྱེད་རིག་གནས་གསར་བརྗེ་བྱེད་འགོ་ཚུགས་སྐོར་བརྗོད་ཀྱི་ཡོད་འདུག རིག་གནས་གསར་བརྗེ་དངོས་སུ་འགོ་ཚུགས་ནས་བོད་ཀྱི་ས་ཁུལ་ཁག་གཅིག་གི་ནང་ལོ་བཅོ་ལྔ་རྗེས་བོད་ཀྱི་སྐད་ཡིག་ཤུལ་མེད་དུ་ཕྱིན་པའི་གནས་ཚུལ་ཡང་བྱུང་ཡོད། དེང་གི་སྐབས་སུ་གནས་ཚུལ་དེ་རིགས་མངོན་གསལ་ཇེ་ཆེར་འགྲོ་གི་འདུག
བཀའ་འདྲི། ད་དུང་དེ་བས་ཚབས་ཆེ་བའི་གོམ་སྟབས་གཅིག་ནི། ཕྱི་ཟླ་བཅུ་པའི་ཟླ་མཇུག་ཏུ་རྒྱ་ནག་གཞུང་གིས་བོད་ཀྱི་ནང་པའི་དགོན་སྡེ་ཁག་གི་འཛིན་སྐྱོང་དང་འབྲེལ་བའི་ལམ་ལུགས་སྐོར་བཀོད་ཁྱབ་ཅིག་ཁྱབ་བསྒྲགས་བྱས་པ་དེའི་ནང་ཕྱི་ཟླ་ ༡༡ པའི་ཚེས་ ༡ ནས་བཟུང་གྲྭ་པ་སུ་ཞིག་དང་། དགོན་པ་གང་ཞིག་གིས་རྒྱལ་ཁབ་ཀྱི་ཕྱི་ལ་ཡོད་པའི་མི་སྒེར་དང་། སྒྲིག་འཛུགས་བཅས་གང་དང་ཡང་འབྲེལ་བ་བྱེད་མི་ཆོག་ཅེས་གསལ་ཡོད། དེ་ནི་སྐུ་ཉིད་དང་བོད་མིའི་བར་གྱི་འབྲེལ་བ་མཚམས་གཅོད་ཐབས་བྱེད་པའི་ཆེད་དུ་བྱས་པ་ཞིག་མ་ཡིན་ནམ།
བཀའ་ལན། སྤྱིར་བཏང་ལོ་སྔོན་མའི་ནང་བོད་རང་སྐྱོང་ལྗོངས་ཀྱི་ལྟ་བ་མཁྲེགས་འཛིན་པའི་འགོ་ཁྲིད་ཁག་གཅིག་གིས་བོད་ཀྱི་ཆོས་སྡེ་ཁག་དེ་དག་འགྲེམས་སྟོན་ཁང་ལྟ་བུར་འགྱུར་དགོས་ཚུལ་བཤད་པར་མ་ཟད། ཆོས་སྡེ་དེ་དག་ནང་གྲྭ་པ་ཉུང་ཤས་ཤིག་དགོན་པ་བདག་གཉེར་བྱེད་མཁན་ལྟ་བུར་བཞག་རྒྱུ་ལས་ཆོས་སློབ་གཉེར་བྱེད་ས་མེད་པ་བཟོ་རྒྱུའི་བསམ་འཆར་བཤད་ཡོད་པ་ངོས་ཀྱིས་གོས་ཐོས་བྱུང། ངོས་ཀྱིས་འདས་པའི་ལོ་ ༢༠ གོང་བོད་ནང་བསམ་བཞིན་དང་བསམ་བཞིན་མ་ཡིན་པ་བཅས་ཀྱི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་རྩ་བརླག་བཏང་དང་གཏོང་བཞིན་ཡོད་པ་བཤད་ཡོད། གལ་སྲིད་ཁྱེད་ཀྱིས་གནད་དོན་འདིའི་ཐད་ཉམས་ཞིབ་མང་ཙམ་བྱས་ན་དེའི་རྒྱུ་མཚན་ཤེས་ངེས་ཡིན།
བཀའ་འདྲི། བྱས་ན་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་པ་ཉེན་ཁའི་གནས་ལ་གྱར་བ་མ་རེད་དམ།
བཀའ་ལན། དེ་ལྟར་རེད།
བཀའ་འདྲི། སྐུ་ཉིད་ཀྱིས་དེར་གདོང་ལེན་གནང་ཐུབ་བམ།
བཀའ་ལན། གནས་ཚུལ་དེ་འདྲའི་དབང་གིས་ང་ཚོས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཐོབ་ཐང་དགོས་པའི་དགོས་འདུན་བཏོན་ཡོད།
བཀའ་འདྲི། འོན་ཀྱང་རྒྱ་མི་བོད་ནང་གཏན་སྡོད་ཀྱིས་བོད་ཀྱི་སྐད་ཡིག་རྩ་བརླག་གཏོང་བཞིན་ཡོད་པར་མ་ཟད། ཁོང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ཡང་རྩ་བརླག་གཏོང་ཐབས་བྱེད་པ་དང་། ཏཱ་ལའི་བླ་མ་མཆོག་དང་བོད་ཀྱི་ཆོས་སྡེ་ཁག་དབར་འབྲེལ་བ་མེད་པ་བཟོ་ཐབས་བཅས་བྱེད་བཞིན་ཡོད་པ་མ་རེད་དམ།
བཀའ་ལན། འོན་ཀྱང་རྒྱ་ནག་གཞུང་གི་སྲིད་བྱུས་དེ་དག་དངོས་ཡོད་གནས་ཚུལ་དང་མ་འཚམས་པ་ཞིག་ཡིན་སྟབས་ལམ་ལྷོང་ཡོང་རྒྱུ་ཁག་པོ་ཡིན།
བཀའ་འདྲི། སྐུ་ཉིད་ལ་ཁོང་ཚོ་ལམ་ལྷོང་ཡོང་རྒྱུ་མིན་པར་ཡིད་ཆེས་ཡོད་དམ།
བཀའ་ལན། ཡིད་ཆེས་ཡོད།
བཀའ་འདྲི། བྱས་ན་རྒྱ་ནག་གཞུང་གི་སྲིད་བྱུས་ཕམ་ཉེས་དང་། བོད་ཀྱི་ཆོས་དང་། རིག་གཞུང། སྐད་ཡིག་བཅས་འཚོ་གནས་ཐུབ་པ་ཡོང་གི་རེད་དམ།
བཀའ་ལན། ཏན་ཏན་འཚོ་གནས་ཐུབ་པ་ཡོང་ངེས་ཡིན།
ཀ་རན་ཐ་པར། ཏཱ་ལའི་བླ་མ་མཆོག་དང་བཀའ་མོལ་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཐུགས་རྗེ་ཆེ།
ྋགོང་ས་མཆོག་ལ་རྒྱ་གར་སི་ཨན་ཨན་བརྙན་འཕྲིན་ཁང་གིས་བཅར་འདྲི་ཞུས་པ།
ད་ ལམ་ཕྱི་ཟླ་ ༡༡ ཚེས་ ༢༡ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མཛད་ འཕྲིན་ཉིན་ལྔའི་རིང་སྐྱོང་སྐབས་རྒྱ་གར་སི་ཨན་ཨན་གསར་འགྱུར་བརྙན་འཕྲིན་ཁང་ (CNN-IBN) གི་ལས་རིམ་གཙོ་སྐྱོང་བ་ཀ་རན་ཐ་པར་གྱིས་ྋགོང་ས་མཆོག་ལ་སྐར་མ་བཅོ་བརྒྱད་དང་ཕྱེད་ཀའི་རིང་བཅར་འདྲི་ཞུས་པ་དང་བཀའ་ལན་སྩལ་བ་བཅས་བོད་ཡིག་ཐོག་ཕབ་སྒྱུར་ཞུས་པ།
བཀའ་འདྲི། དང་ཐོག་སྐུ་ཉིད་ཀྱི་སྐོར་བཀའ་འདྲི་ཞུ་རྒྱུར། ད་ལོའི་ལོ་འགོར་སྐུ་ཉིད་དགུང་གྲངས་ ༧༥ ཕེབས་པ་དང་། ངས་ཤེས་རྟོགས་བྱུང་བར་གཞིགས་ན་སྐུ་ཉིད་བགྲེས་ཡོལ་དུ་ཕེབས་རྒྱུའི་སྐོར་གསུང་ གི་ཡོད་འདུག སྐུ་ཉིད་དངོས་གནས་བགྲེས་ཡོལ་དུ་ཕེབས་རྒྱུའི་དགོངས་པ་བཞེས་ཀྱི་ཡོད་དམ།
བཀའ་ལན། དེ་རེད། ཕྱི་ལོ་ ༢༠༠༡ ལོ་ནས་ང་ཚོར་འོས་འདེམས་བྱས་པའི་སྲིད་དོན་གྱི་འགོ་ཁྲིད་ཅིག་ཐོན་ཡོད། དེ་ནས་བཟུང་ལོ་རྒྱུས་ཐོག་མི་ལོ་ ༤༠༠ ལྷག་ཙམ་སོང་བའི་ཆོས་སྲིད་གཉིས་ལྡན་གྱི་ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་མེད་ པ་ལྟ་བུ་ཆགས་པ་དང་། ངོས་ཀྱི་གནས་སྟངས་ཀྱང་ཕྱེད་རྒས་ཡོལ་ལྟ་བུར་གྱུར་ཏེ། གལ་གནད་ཆེ་བའི་བྱེད་སྒོ་ཁག་ཐག་གཅོད་བྱེད་དབང་འོས་འདེམས་བྱས་པའི་ད་ལྟའི་ སྲིད་དོན་གྱི་འགོ་ཁྲིད་དེའི་ལག་ཏུ་ཡོད། དེར་བརྟེན་ངོས་ཀྱི་བསམ་པར་མང་གཙོའི་ལམ་ལུགས་ཆ་ཚང་བེད་སྤྱོད་ཡོང་བ་ལ་ངོས་ ཀྱིས་སྲིད་དོན་གྱི་ལས་དོན་རིགས་ལ་ཐེ་གཏོགས་མ་བྱས་ན་ལེགས་པ་དྲན་གྱི་ཡོད། འོན་ཀྱང་དེ་མིན་གྱི་ལས་དོན་གཞན་དཔེར་ན་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་ ཐབས་དང་། ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་གོང་འཕེལ་གཏོང་རྒྱུ་བཅས་ངོས་ནས་འགན་འཁུར་ མུ་མཐུད་བླང་བཞིན་ཡོད། ངོས་རང་རྒས་ཡོལ་བྱ་རྒྱུའི་བསམ་བློ་གཏོང་གི་ཡོད།
བཀའ་འདྲི། སྐུ་ཉིད་དུས་ཚོད་གང་ཞིག་ལ་བགྲེས་ཡོལ་ཕེབས་རྒྱུའི་ཐུགས་འདུན་ཡོད་དམ།
བཀའ་ལན། དུས་ ཚོད་གཏན་འཁེལ་མེད། དང་ཐོག་ངོས་ནས་བཙན་བྱོལ་བོད་མིའི་སྤྱི་འཐུས་ལྷན་ཚོགས་ལ་དམིགས་དོན་འདི་སྐོར་ གྲོས་བསྡུར་བྱེད་དགོས་ཤིང་། འདི་སྐོར་ཁོང་ཚོར་རོབ་ཙམ་བརྗོད་ཟིན་པ་ཡིན།
བཀའ་འདྲི། དེ་ལྟར་ཁོང་ཚོར་བཀའ་བསྡུར་གནང་ནས་དུས་ཚོད་གཏན་འཁེལ་གནང་རྒྱུ་ཡིན་ནམ།
བཀའ་ལན། དེ་རང་ཡིན།
བཀའ་འདྲི། དེ་དག་དུས་ཚོད་ག་དུས་ཡོང་རྒྱུ་ཡིན་ནམ།
བཀའ་ལན། ངོས་ཀྱི་བསམ་པར་ཕལ་ཆེར་ཟླ་བ་དྲུག་གི་ནང་ཡོང་སྲིད་པ་རེད་སྙམ་གྱི་ཡོད།
བཀའ་འདྲི། དེས་ན་ཟླ་བ་དྲུག་གི་ནང་ཚུད་སྐུ་ཉིད་བགྲེལ་ཡོལ་གནང་འཆར་ཡོད་དམ།
བཀའ་ལན། དེ་ལྟར་མ་རེད། དང་ཐོག་ངོས་ནས་དེ་སྐོར་གྲོས་བསྡུར་བྱེད་དགོས་པ་ཡིན།
བཀའ་འདྲི། སྐུ་ཉིད་ཀྱི་དགོངས་པར་བགྲེས་ཡོལ་ག་དུས་གནང་རྒྱུ་ཡིན་ནམ།
བཀའ་ལན། དེ་ངས་ཤེས་ཀྱི་མེད། གཅིག་བྱས་ན་ཟླ་བ་ཁ་ཤས་རྗེས་ཡོང་སྲིད་དྲན་གྱི་འདུག
བཀའ་འདྲི། གལ་འགངས་ཆེ་བའི་གནད་དོན་ནི་སྐུ་ཉིད་བགྲེས་ཡོལ་གནང་རྗེས་གནས་ཚུལ་གང་འདྲ་ཞིག་ ཡོང་རྒྱུ་ཞེས་པ་དེ་རེད། སྐུ་ཉིད་ནས་ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་སྐུ་ཉིད་མེད་པ་ཆགས་རྗེས་མཇུག་ བསྒྲིལ་སྲིད་པའི་སྐོར་དེ་སྔོན་ཐེངས་གཅིག་གཉིས་ཙམ་བཀའ་གནང་འདུག
བཀའ་ལན། དེ་ག་རང་རེད།
བཀའ་འདྲི། ད་ལྟའི་ཆར་སྐུ་ཉིད་ག་རེ་དགོངས་ཀྱི་ཡོད་དམ། ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པ་ཕེབས་རྒྱུ་ཡིན་དང་། ཡང་ན་ད་ལྟའི་སྐུ་ཐོག་འདི་ཐ་མ་ཡིན་ནམ།
བཀའ་ལན། གལ་སྲིད་ངོས་རང་ལོ་ཁ་ཤས་རྗེས་འཆི་བའི་གནས་ཚུལ་བྱུང་ཚེ་སྐབས་དེར་བོད་མིས་ གཙོས་པའི་སོག་པོ་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནང་པ་བཅས་ཀྱིས་གལ་སྲིད་ཏཱ་ལའི་བླ་མའི་སྒྲིག་འཛུགས་ འདི་དགོས་ངེས་མཐོང་ཚེ་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅོ་ལྔ་པ་ཡོང་ངེས་ཡིན། ཡང་ལོ་ཉི་ཤུའམ་སུམ་ཅུའི་རྗེས་སུ་ང་ཚོ་རང་ཡུལ་ལ་ཕྱིར་ལོག་ཐུབ་པ་བྱུང་སྟེ་ གནས་སྟངས་ཞི་འཇགས་ལྟ་བུ་བྱུང་བའི་དུས་སུ་བོད་མི་བརྒྱ་ཆ་མང་བས་ཏཱ་ལའི་བླ་ མའི་སྒྲིག་འཛུགས་འདི་དགོས་ཕན་མེད་པ་མཐོང་ན་རང་བཞིན་གྱིས་མེད་པ་ཆགས་རྒྱུ་ རེད།
བཀའ་འདྲི། གཙོ་གནད་བཀའ་འདྲི་ཞུ་རྒྱུ་ཞིག་ལ་སྐུ་ཉིད་ཀྱི་སྐུ་ཕྲེང་རྗེས་མ་དེ་ངོས་འཛིན་ ཇི་ལྟར་བྱས་ནས་ཞུ་རྒྱུ་ཡིན་ནམ། ད་ལྟའི་གནས་སྟངས་ལ་བོད་དེ་རྒྱ་ནག་གི་དབང་འོག་ཏུ་ཡོད་པ་དང་། རྒྱ་ནག་གཞུང་ནི་ཏཱ་ལའི་བླ་མའི་སྒྲིག་འཛུགས་ལ་བརྩེ་ཞེན་མེད་པ་རེད།
བཀའ་ལན། དེ་འདྲ་མ་རེད། དེའི་ཐད་ངོས་ཀྱི་བསམ་པར་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་ཡང་སྲིད་སྐོར་སེམས་ འཚབ་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ངོས་ཀྱི་བསམ་པར་ཁོང་ཚོ་ནི་ངའི་ཡང་སྲིད་སྐོར་ལ་ང་ལས་སེམས་འཚབ་ཆེ་བ་བྱེད་མཁན་ ཞིག་རེད།
བཀའ་འདྲི། སྐུ་ཉིད་ཀྱིས་ཏཱ་ལའི་བླ་མའི་ཡང་སྲིད་དེ་སྲོལ་རྒྱུན་ལྟར་ངོས་འཛིན་ཞུ་དགོས་ དགོངས་ཀྱི་ཡོད་དང་། ཡང་ན་ད་ལྟའི་འགྲོ་སྟངས་ཀྱི་ལམ་ལུགས་ལ་འགྱུར་བ་གཏོང་དགོས་དགོངས་ཀྱི་ཡོད་དམ།
བཀའ་ལན། དེ་ནི་བོད་རྒྱ་ཆེའི་མི་མང་གིས་ཐག་གཅད་རྒྱུ་ཞིག་རེད། ལོ་མང་པོའི་སྔོན་ངོས་ཀྱིས་གསལ་པོ་བཟོས་ཡོད། གལ་སྲིད་བོད་མིའི་གྲངས་འབོར་བརྒྱ་ཆ་མང་བས་ད་ལྟའི་ཏཱ་ལའི་བླ་མའི་སྒྲིག་ འཛུགས་འདི་དགོས་ངེས་མཐོང་ཚེ་དེ་མཚམས་གཞི་ནས་དྲི་བ་གཉིས་པ་ཏཱ་ལའི་བླ་མའི་ཡང་ སྲིད་སྲོལ་རྒྱུན་ལྟར་རམ་ཡང་ན་དེ་མིན་ཐབས་ལམ་གསར་པ་ཞིག་གི་ཐོག་ནས་ངོས་འཛིན་ རྒྱུ་ཡིན་མིན་སྐོར་གྱི་སྐད་ཆ་འདི་སླེབས་རྒྱུ་རེད། དེ་དག་ཚང་མ་ངོས་ཀྱིས་ལོ་ཉི་ཤུ་སུམ་ཅུའི་སྔོན་ནས་ཡོངས་བསྒྲགས་བྱས་ཟིན་པ་ཡིན།
བཀའ་འདྲི། མི་མང་པོ་ཞིག་གི་བསམ་པར་སྐུ་ཉིད་ཀྱིས་ད་ལྟའི་གནས་བབ་ལ་དགོངས་པ་བཞེས་ནས་ཏཱ་ ལའི་བླ་མའི་སྐུ་ཕྲེང་རྗེས་མ་དེ་སྐུ་ཉིད་སྐུ་འཚོ་བཞུགས་སྐབས་བསྐོ་གཞག་ཐག་ གཅོད་གནང་རྒྱུ་གལ་ཆེར་མཐོང་ན། སྐུ་ཉིད་ལ་དེ་ལྟར་གནང་རྒྱུའི་གྲ་སྒྲིག་ཡོད་དམ།
བཀའ་ལན། ངོས་ཀྱི་བསམ་པར་ད་ལྟའི་གནས་སྐབས་ལ་ཏཱ་ལའི་བླ་མའི་སྐྱེ་ཕྲེང་རྗེས་མའི་གནད་ དོན་སྐོར་ལ་བྲེལ་བ་བྱེད་དགོས་དོན་མེད། ངོས་རང་ད་ལྟ་གཟུགས་པོ་བདེ་ཐང་ཡོད། དེར་བརྟེན་ལོ་བཅོ་ལྔ་ཉི་ཤུའི་རིང་སྒུག་ཆོག་གི་རེད། དེ་ནས་རིམ་པས་བལྟ་ཆོག་གི་རེད་ང་ཚོ་བཙན་བྱོལ་ནང་གནས་པའི་རིང་སྲིད་ཕྱོགས་ཀྱི་ ཆ་ནས་ལོ་ལྔ་རེའི་མཚམས་འོས་འདེམས་ཀྱི་ལམ་ནས་སྲིད་དོན་གྱི་འགོ་ཁྲིད་འདེམས་ ཀྱི་ཡོད། དེ་ནས་ཆོས་ཕྱོགས་ཀྱི་ཐོག་ནས་བཤད་ན། ས་དགེ་བཀའ་རྙིང་བོན་དང་བཅས་པའི་ཆོས་ལུགས་འདྲ་མིན་རྣམས་རྩ་བ་བརྟན་པོ་ཡོད་པ་ དང་། དེ་དག་རྒྱུན་འཛིན་བྱེད་མཁན་གྱི་གཞོན་སྐྱེས་ཀྱང་ཧྲ་ཏག་ཏག་ཡོད་པར་བརྟེན། དེའི་ཐད་ང་ལ་སེམས་ཁྲལ་གང་ཡང་མེད།
བཀའ་འདྲི། འོན་ཀྱང་སྐུ་ཉིད་ཀྱི་བཀའ་ལན་རྣམས་ནས་ག་རེ་ཤེས་རྟོགས་བྱུང་ཞེ་ན། སྐུ་ཉིད་ཀྱིས་གང་གི་ཡང་སྲིད་བསྐོ་གཞག་གནང་འདོད་མེད་པ་ཤེས་རྟོགས་བྱུང་། སྐུ་ཉིད་ཀྱིས་དེའི་ཐད་ཐེ་གཏོགས་གནང་རྒྱུ་མེད་པ་དགོངས་ཀྱི་འདུག་གམ། ངས་གོ་བ་ལེན་ཕྱོགས་དེ་འགྲིག་འདུག་གམ།
བཀའ་ལན། དེ་ལྟར་མ་རེད། གལ་སྲིད་བོད་མི་མང་གིས་ད་ལྟའི་ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་གནས་འདོད་ བྱེད་ཀྱི་ཡོད་ན། ངོས་རང་འཆི་བའམ་ཡང་ན་ལོ་ན་ཆེས་རྒས་པའི་དུས་སུ་སླེབས་སྐབས་དགོས་གལ་བྱུང་ན་ ཕལ་ཆེར་ཏཱ་ལའི་བླ་མའི་ངོ་ཚབ་ལྟ་བུ་ཞིག་འདམ་ཆོག་གི་རེད། དེ་ལ་མིང་གང་འདྲ་ཞིག་འདོགས་དགོས་མིན་ངས་ཤེས་ཀྱི་མེད། ངོས་རང་གསོན་པོར་གནས་ཤིང་ཆེས་རྒས་པོ་ཆགས་པའི་དུས་སུའང་ངོས་ཀྱིས་ད་བར་འགན་ འཁུར་བླང་བཞིན་པའི་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་ཐབས་དང་། ཆོས་ལུགས་ཕན་ཚུན་དབར་མཐུན་འབྲེལ་གོང་མཐོར་གཏོང་ཐབས་དེ་དག་ངོས་རང་མ་འཆི་བར་ འགན་འཁུར་བླང་རྒྱུའི་དམ་བཅའ་ཡོད་པ་བཞིན་མུ་མཐུད་རྒྱུན་འཛིན་སླད་དགོས་གལ་ བྱུང་མཚམས་ངོས་ཀྱི་ངོ་ཚབ་ཀྱིས་ཏཱ་ལའི་བླ་མའི་མིང་འཁྱེར་ཏེ་ལས་དོན་བསྒྲུབ་ སྲིད་པ་ཡིན།
བཀའ་འདྲི། གལ་སྲིད་ཏཱ་ལའི་བླ་མའི་སྐུ་ཕྲེང་རྗེས་མ་དེ་སྲོལ་རྒྱུན་བཞིན་ངོས་འཛིན་ཞུ་ རྒྱུ་ཡིན་ཚེ་ཡང་སྲིད་དེ་བོད་ཀྱི་ས་ཁུལ་གཅིག་པུའི་ནང་ནས་ངོས་འཛིན་གནང་རྒྱུ་ ཡིན་དང་། ཡང་ན་བཙན་བྱོལ་བོད་མིའི་ཁྲོད་ནས་ངོས་འཛིན་གནང་ཆོག་པ་ཡིན།
བཀའ་ལན། དེ་དག་ངོས་ཀྱིས་ལོ་མང་པོའི་སྔོན་ནས་གསལ་པོ་བཟོས་ཟིན་པ་ཡིན། གལ་སྲིད་ང་ཚོ་བཙན་བྱོལ་ལ་གནས་པའི་རིང་ངོས་རང་འཆི་བའི་གནས་སྟངས་བྱུང་ཚེ་ངོས་ ཀྱི་ཡང་སྲིད་དེ་བོད་ཀྱི་ཕྱི་ལོགས་སུ་ཡོང་རྒྱུ་ཡིན་པ་གཏན་འཁེལ་བ་ཡིན། དེ་ཡང་ཡང་སྲིད་ཡོང་བའི་དགོས་དམིགས་གཙོ་བོ་ནི་སྐུ་ཐོག་གོང་མས་བརྩམས་པའི་ལས་ ཀའི་མཇུག་བསྐྱང་རྒྱུ་ཡིན་པར་བརྟེན། ངོས་ཀྱི་ཡང་སྲིད་དེས་ཀྱང་ངོས་ཀྱིས་འགོ་བརྩམས་པའི་ལས་ཀ་མུ་མཐུད་མཇུག་སྐྱོང་ བྱེད་དགོས་པ་ཡིན། དེས་ན་ངོས་ཀྱི་ཡང་སྲིད་བོད་ཀྱི་ཕྱི་ཕྱོགས་ཡོང་རྒྱུ་གཏན་འཁེལ་བ་ཚད་མས་གྲུབ་ པ་ཡིན།
བཀའ་འདྲི། བྱས་ན་སྐུ་ཉིད་ཀྱི་ཡང་སྲིད་བོད་ཀྱི་ཕྱི་ལ་འཁྲུངས་རྒྱུ་གཏན་འཁེལ་ཡིན་ནམ།
བཀའ་ལན། དེ་རང་རེད། འོན་ཀྱང་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་ཡང་སྲིད་གཞན་ཞིག་ངོས་འཛིན་བྱེད་ སྲིད་པ་རེད། དེ་ཡང་ད་ལྟའི་ཆར་ྋཔཎ་ཆེན་རིན་པོ་ཆེ་གཉིས་ཡོད་པ་ལྟ་བུ་ཡིན། རྒྱ་ནག་གཞུང་གིས་ངོས་ལེན་ཡོད་པའི་ྋཔཎ་ཆེན་གཅིག་དང་། དེ་མིན་གཞན་ཞིག་ཡོད། རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་ྋཔཎ་ཆེན་དེར་བོད་མི་བརྒྱ་ཆ་ ༨༠།༩༠ བར་གྱིས་ངོས་ལེན་བྱེད་ཀྱི་མེད། ལྷག་པར་རྒྱ་རིགས་མང་པོས་ངོས་ལེན་བྱེད་ཀྱི་མེད། ཁོང་ཚོས་རྒྱ་སྐད་ནང་ཅཱ་པཎ་ཆེན། ཞེས་པཎ་ཆེན་རྫུན་མ་བརྗོད་ཀྱི་ཡོད།
བཀའ་འདྲི། སྐུ་ཉིད་ཀྱི་སྐུ་ཕྲེང་རྗེས་མའི་སྐོར་མུ་མཐུད་བཀའ་འདྲི་གཞན་ཞིག་ཞུ་རྒྱུར། ཏཱ་ལའི་བླ་མའི་སྐུ་ཕྲེང་རྗེས་མ་དེ་ངེས་པར་དུ་བུ་ཡིན་དགོས་སམ། ངས་ཉེ་ཆར་སྐུ་ཉིད་ཀྱིས་ཀྲོ་རོན་ཀྲོར་ཏཱ་ལའི་བླ་མའི་སྐུ་ཕྲེང་རྗེས་མ་དེ་བུད་ མེད་ཡོང་སྲིད་ཀྱི་རེད་ཅེས་ཞལ་ཤོབ་གནང་བ་ཞིག་ཐོས་བྱུང་། སྐུ་ཉིད་ཀྱིས་དེ་ལྟར་དངོས་གནས་གསུངས་པ་ཡིན་ནམ་ཡང་ན་སྐུ་རྩེད་གནང་བ་ཡིན།
བཀའ་ལན། དེ་དངོས་གནས་རེད། འདི་གནས་ཚུལ་གསར་པ་གང་ཡང་མ་རེད། དྲི་བ་འདི་ངོས་ལ་ལོ་ཉི་ཤུ་ལྷག་ཙམ་གྱི་གོང་ཕ་རན་སིའི་རྒྱལ་ས་པེ་རི་སིར་ཡོད་ སྐབས་དྲིས་པ་ཞིག་དྲན་གྱི་འདུག དེ་ཡང་བུད་མེད་ཀྱི་དུས་དེབ་ཅིག་གི་ནང་ངོས་ཀྱི་སྐོར་རྩོམ་ཡིག་ཅིག་འགོད་རྒྱུ་ དེའི་སྐབས་དྲི་བ་དེ་ཐོག་མར་སླེབས་བྱུང་། སྐབས་དེར་ངོས་ཀྱིས་དེ་ལྟར་སྲིད་པ་རེད་ཅེས་བརྗོད་ཡོད། གལ་ཏེ་བུད་མེད་ཀྱི་ཡང་སྲིད་ཀྱིས་ནང་པ་སངས་རྒྱས་པའི་བསྟན་པར་ཞབས་འདེགས་ཕན་ རླབས་ཆེ་བ་ཞིག་དང་། ནུས་པ་ཆེ་བ་ཞིག་ཞུ་ཐུབ་པའི་གནས་སྟངས་ཤིག་ཆགས་པ་ཡིན་ན་དེ་ལྟར་བྱུང་སྲིད་པ་ རེད་ཅེས་བཤད་ཡོད། དེ་ནས་ངོས་ཀྱིས་རྩེད་མོ་དང་སྦྲགས་ནས་ཚིག་ཁ་སྣོན་བྱས་པར། གལ་སྲིད་བུད་མེད་ལ་ཡོང་ན་བུད་མེད་དེ་རྣམ་པ་ཤིན་ཏུ་མཛེས་པོ་ཞིག་ཡོང་རྒྱུ་ ཡིན་ཞེས་བརྗོད་དེ་བཞད་གད་ཕྲན་བུ་བསླངས་ཡིན། འོན་ཀྱང་ངོས་ཀྱི་བསམ་པར་བོད་ཀྱི་ནང་པའི་ཆོས་ལུགས་ནང་བུད་མེད་ཀྱི་ཚད་མཐོའི་ ཡང་སྲིད་རིགས་འདས་པའི་ལོ་བདུན་བརྒྱ་བརྒྱད་བརྒྱའི་གོང་ནས་བྱུང་མྱོང་ཡོད་པ་ རེད།
བཀའ་འདྲི། བོད་མི་མང་གིས་ཀྱི་ཏཱ་ལའི་བླ་མའི་ཡང་སྲིད་བུད་མེད་ཅིག་ངོས་འཛིན་ཞུ་རྒྱུར་ སྐུ་ཉིད་ལ་ཡིད་ཆེས་ཡོད་དམ། དགོངས་ཚུལ་དེ་ལ་འགོག་རྒོལ་ཡོང་གི་མ་རེད་དམ།
བཀའ་ལན། ངོས་ཀྱིས་དེ་འདྲ་ཡོང་གི་རེད་དྲན་གྱི་མེད། ད་བར་ཏཱ་ལའི་བླ་མའི་ཡང་སྲིད་བུད་མེད་བྱུང་མེད་སྟབས་མི་འགའ་ཤས་ལ་ཏན་ཏན་ཡ་ མཚན་ཕྲན་བུ་ཡོང་སྲིད། འོན་ཀྱང་གཏིང་ཟབ་པོའི་ཐོག་ནས་བཤད་ན། ཆོས་ཕྱོགས་ཀྱི་ཐོག་ནས་ངོས་དང་འཕགས་མཆོག་སྤྱན་རས་གཟིགས་ལས་འབྲེལ་ཤིན་ཏུ་ཟབ་ པོ་ཡོད་པར་བརྟེན་གལ་ཏེ་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་བུད་མེད་ཀྱི་ཡང་སྲིད་ དགེ་ཕན་ཆེ་བ་གཟིགས་ཚེ་རྟགས་མཚན་གཞན་དང་མི་འདྲ་བའི་བེུད་ཅིག་ཡོང་རྒྱུ་ཡིན། དེ་ལ་བོད་མི་མང་ཆེ་བས་ངོས་ལེན་ཞུ་གི་རེད།
བཀའ་འདྲི། ྋགོང་ས་མཆོག ང་ཚོས་སྐུ་ཉིད་ཀྱི་ཡང་སྲིད་གང་འདྲ་ཞིག་ཕེབས་རྒྱུ་དང། ངོས་འཛིན་ཇི་ལྟར་ཞུ་མིན་སྐོར་བཀའ་མོལ་ཞུ་གི་ཡོད། འོན་ཀྱང་དངོས་ཡོད་གནས་ཚུལ་ལ་དེ་དག་ད་ལྟའི་ཆར་ངེས་གཏན་གང་ཡང་མེད་པའི་གནས་ སྟངས་ཤིག་ཏུ་ལུས་ཡོད་པ་རེད། དེ་ལྟར་ནའང་སྐུ་ཉིད་དགུང་གྲངས་ ༧༥ ཕེབས་ཡོད་པ་དང། གང་གི་ཡང་སྲིད་ནི་བོད་ཀྱི་རྩ་དོན་ཐོག་གལ་གནད་ཤིན་ཏུ་ཆེན་པོ་ཆགས་ཡོད། དེར་བརྟེན་སྐུ་ཉིད་ཀྱིས་ད་ལྟའི་ངེས་མེད་ཀྱི་གནས་ཚུལ་འདི་འགྲིག་གི་ཨེ་ཡོད། ངེས་མེད་ཀྱི་གནས་ཚུལ་འདི་སྐུ་ཉིད་ཀྱིས་སེལ་མི་དགོས་སམ།
བཀའ་ལན། ངོས་ཀྱིས་བསམ་པར། གལ་སྲིད་ངོས་རང་འཆི་བའི་གནས་ཚུལ་བྱུང་བ་ཡིན་ན། དེས་གནས་སྐབས་རིང་དཀའ་ངལ་འཕྲད་རྒྱུ་ཡིན་པ་རང་བཞིན་གྱི་ཆོས་ཉིད་རེད། འོན་ཀྱང་གཞི་རྩའི་ཆ་ནས་བོད་ནང་གི་མི་མང་ཚོ་ཆོད་སེམས་ཧ་ཅང་བརྟན་པོ་ཡོད་པ་ དང་། འདི་ཕྱོགས་བཙན་བྱོལ་བོད་མིའི་ཁྲོད་དུའང་ང་ཚོས་ཆོས་སྲིད་གཉིས་ལྡན་གྱི་སྒྲིག་ འཛུགས་ཤིག་བཙུགས་ཡོད་པ་བཅས་དེ་དག་ནི་ད་ལྟ་ནས་ང་ཚོས་གྲ་སྒྲིག་ཡག་པོ་བྱས་པ་ ཞིག་ཡིན་པས་དཀའ་ངལ་ཡོང་གི་མ་རེད་སྙམ།
བཀའ་འདྲི། ད་ལྟའི་ཆར་སྐུ་ཉིད་དགུང་ལོ་ ༧༥ ཕེབས་ཡོད་པ་དང་། འདས་པའི་ལོ་ ༥༠ བརྒལ་བའི་རིང་སྐུ་ཉིད་བོད་ལ་ཕེབས་ཐུབ་མེད། མ་འོངས་པར་བོད་ལ་ཕེབས་ཐུབ་པ་དགོངས་ཀྱི་ཡོད་དམ།
བཀའ་ལན། དེ་ལྟར་འགྲོ་ཐུབ་ཀྱི་རེད་དྲན་གྱི་འདུག གང་ཡིན་ཟེར་ན། ང་ཚོ་བོད་ཀྱི་དཀའ་རྙོག་འདི་མི་མང་ནང་འཁྲུག་གི་དཀའ་རྙོག་ཅིག་ཡིན་ན་འགྲོ་ཐུབ་ རྒྱུ་ཁག་པོ་ཡིན། འོན་ཀྱང་བོད་ཀྱི་དཀའ་རྙོག་འདི་རྒྱ་ནག་ཕྱོགས་ཀྱིས་བཟོས་པའི་དཀའ་རྙོག་ཅིག་ དང་། དེ་ཡང་རྒྱ་ནག་གཞུང་གིས་བཟོས་པ་ལས་རྒྱ་ནག་མི་མང་གིས་བཟོས་པ་ཞིག་མིན། ད་དུང་རྒྱ་ནག་གི་འགོ་ཁྲིད་ཚོའི་ནང་བསམ་འཆར་མི་མཐུན་པ་ཡོད་པ་རེད། གལ་སྲིད་ལྟ་བ་མཁྲེགས་འཛིན་བྱེད་མཁན་རྒྱ་ནག་གི་འགོ་ཁྲིད་ཚོའི་བསམ་བློར་ འགྱུར་བ་ཕྱིན་ན་ཉི་མ་ཁ་ཤས་ནང་བོད་ཀྱི་དཀའ་རྙོག་དེ་སེལ་ཐུབ་པ་ཡོང་རྒྱུ་ལས་ དཀའ་ངལ་མེད།
བཀའ་འདྲི། བྱས་ན་སྐུ་ཉིད་སླར་བོད་ལ་ཕེབས་ཐུབ་རྒྱུར་གདེང་ཚོད་ཡོད་དམ།
བཀའ་ལན། དེ་ལྟར་ཡོད།
བཀའ་འདྲི། གལ་སྲིད་སྐུ་ཉིད་བོད་ལ་ཆིབས་བསྒྱུར་གནང་མ་ཐུབ་གོང་སྐུ་ཚེ་མ་བརྟན་པ་ཡིན་ན་ སྐུ་ཉིད་ཐུགས་ཕམ་ངང་དགོངས་པ་རྫོགས་པའི་གནས་ཚུལ་ཡོང་རྒྱུ་མ་རེད་དམ།
བཀའ་ལན། དེ་ལྟར་བློ་ཕམ་བྱེད་དགོས་དོན་མེད། ངོས་རང་དགེ་སློང་ཞིག་ཡིན་པའི་ཆ་ནས་དངོས་ཡོད་གནས་ཚུལ་ལ་ཆུང་ས་ནས་བཤད་ན་སོ་ སོའི་ཁྱིམ་ཚང་དང་། ཆེ་ས་ནས་བཤད་ན་སོ་སོའི་ལུང་པར་ཆགས་ཞེན་མེད་པ་ཞིག་དགོས་པ་ཡིན། གལ་ཆེ་ཤོས་སོ་སོའི་ཉིན་རེའི་མི་ཚེ་སྐྱེལ་སྟངས་དེ་དོན་སྙིང་ལྡན་པ་ཞིག་དགོས་ པ་ཡིན། དེར་བརྟེན། ངོས་རང་ད་བར་བཙན་བྱོལ་དུ་ལོ་ ༥༡ སྡོད་རིང་རྒྱ་གར་གཞུང་དང་མི་མང་། དེ་བཞིན་འཛམ་གླིང་རྒྱལ་ཁབ་ཁག་བཅས་པའི་ནང་གྲོགས་པོ་མང་པོ་ཞིག་ཡོད། ངོས་ཀྱིས་མི་སྒེར་སོ་སོའི་སེམས་ནང་ཞི་བདེ་སྐྲུན་ཐབས་དང་། དེ་བཞིན་ཆོས་ལུགས་ཕན་ཚུན་བར་མཐུན་འབྲེལ་གོང་མཐོར་གཏོང་ཐབས་བཅས་ལ་ཞབས་འདེགས་ མི་དམན་ཙམ་བསྒྲུབས་ཐུབ་ཡོད་པ་དེ་དག་ལ་ངོས་རང་དགའ་ཚོར་ཆེན་པོ་ཡོང་གི་འདུག
བཀའ་འདྲི། ྋགོང་ས་མཆོག ད་བོད་ཀྱི་ད་ལྟའི་གནས་སྟངས་སྐོར་ཁ་ཕྱོགས་སྒྱུར་ནས་ཞུ་ན། ཟླ་བ་སྔོན་མའི་ནང་གསར་འགྱུར་ཐོན་པར་གཞིགས་ན། རྒྱ་ནག་གཞུང་གིས་བོད་ཀྱི་སློབ་གྲྭ་ཁག་ནང་བོད་ཀྱི་སྐད་ཡིག་ཐད་དམ་དྲག་བྱེད་ ཀྱི་ཡོད་ཚུལ་དང་། ལྷག་པར་བོད་རང་དབང་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། སློབ་ཚན་ཁག་ཚང་མ་རྒྱ་ཡིག་ཐོག་སློབ་རྒྱུ་དང་། སློབ་དེབ་ཡོངས་རྫོགས་རྒྱ་ཡིག་ཐོག་བསྒྱུར་རྒྱུ་ཡིན་པར་བརྟེན་བོད་ཀྱི་སྐད་ ཡིག་དེ་འཆར་གཞི་ལྡན་པའི་སྒོ་ནས་རྩ་མེད་བཟོ་རྒྱུའི་ངན་བྱུས་སྤེལ་གྱི་ཡོད་ ཚུལ་བརྗོད་འདུག་པ་དེའི་ཐད་སྐུ་ཉིད་ལ་དགོངས་ཚུལ་གང་ཡོད་དམ།
བཀའ་ལན། ཕྱི་ལོ་ ༡༩༨༦ ལོར་ྋཔཎ་ཆེན་རིན་པོ་སྐུ་གོང་མ་དང་། ང་ཕོད་གཉིས་ཀྱིས་འགོ་ཁྲིད་པའི་ཐོག་ནས་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་ཞིག་ གི་ཐོག་ཕྱི་ལོ་ ༡༩༨༧ ལོ་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱི་གཞུང་འབྲེལ་སྐད་ཡིག་བོད་ཀྱི་སྐད་ཡིག་ གིས་བྱེད་དགོས་རྒྱུའི་ཐག་གཅོད་བྱས་ཡོད། འོན་ཀྱང་དེ་རྗེས་སྐད་ཆ་དེ་དག་རྦད་དེ་འཇའ་ཡལ་བ་རེད། དེ་རྗེས་རྒྱ་ནག་གཞུང་གི་ལྟ་བ་མཁྲེགས་འཛིན་པ་རྒྱ་དཔོན་ཁྲེན་ཁུའི་ཡོན་བོད་རང་ སྐྱོང་ལྗོངས་དམར་པོ་ཚོགས་པའི་དྲུང་ཆེ་བྱེད་པར་ལྷ་སར་སླེབས་ཡོད། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་ཚོགས་འདུ་ཞིག་གི་ཐོག་ཁོ་པས་བོད་ དེ་མེས་རྒྱལ་ཁྱིམ་ཚང་ཆེན་པོ་ནས་ལོགས་སུ་ཁ་བྲལ་འགྲོ་རྒྱུར་ཉེན་ཁ་ཆེ་ཤོས་ནི་ བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ལུགས་དེ་རེད་ཅེས་བཤད་ཡོད། དེ་ཡང་ངོས་ཀྱིས་བོད་ལྗོངས་སློབ་གྲྭ་ཆེན་མོར་ལས་ཀ་བྱེད་མྱོང་མཁན་གྱི་བོད་མི་ ཁག་གཅིག་ཐུག་སྐབས་ཁོང་ཚོས་རྒྱ་དཔོན་ཁྲེན་ཁུའུ་ཡོན་ལྷ་སར་མ་སླེབས་གོང་བོད་ ལྗོངས་སློབ་གྲྭ་ཆེན་མོར་བོད་ཀྱི་གནའ་བོའི་བསྟན་བཅོས་ཁག་སློབ་ཁྲིད་བྱེད་ཀྱི་ ཡོད། དེ་དག་ནི་སེམས་ལ་ཤིན་ཏུ་ཕན་པོ་དང་མཁོ་གལ་ཆེན་པོ་ཡོད་པ་ཞིག་རེད། ཁྲེན་ཁུའུ་ཡོན་སླེབས་རྗེས་ཁོ་པའི་སྲིད་བྱུས་ཀྱིས་དེ་དག་ཚང་མ་མཚམས་འཇོག་ བྱེད་བཅུག་པ་དང་། སློབ་དེབ་ཁག་རྒྱ་ཡིག་རྩོམ་བསྒྱུར་བྱ་རྒྱུ་ལས་གཞན་མེད་པ་བཟོས་སྟབས་བློ་ཕམ་ ཆེན་པོ་བྱུང་ཞེས་བརྗོད་ཀྱི་འདུག སྐབས་དེར་བོད་མི་ཁག་གཅིག་གིས་དེ་ལ་ཕྱེད་རིག་གནས་གསར་བརྗེ་བྱེད་འགོ་ཚུགས་ སྐོར་བརྗོད་ཀྱི་ཡོད་འདུག རིག་གནས་གསར་བརྗེ་དངོས་སུ་འགོ་ཚུགས་ནས་བོད་ཀྱི་ས་ཁུལ་ཁག་གཅིག་གི་ནང་ལོ་བཅོ་ ལྔ་རྗེས་བོད་ཀྱི་སྐད་ཡིག་ཤུལ་མེད་དུ་ཕྱིན་པའི་གནས་ཚུལ་ཡང་བྱུང་ཡོད། དེང་གི་སྐབས་སུ་གནས་ཚུལ་དེ་རིགས་མངོན་གསལ་ཇེ་ཆེར་འགྲོ་གི་འདུག
བཀའ་འདྲི། ད་དུང་དེ་བས་ཚབས་ཆེ་བའི་གོམ་སྟབས་གཅིག་ནི། ཕྱི་ཟླ་བཅུ་པའི་ཟླ་མཇུག་ཏུ་རྒྱ་ནག་གཞུང་གིས་བོད་ཀྱི་ནང་པའི་དགོན་སྡེ་ཁག་གི་ འཛིན་སྐྱོང་དང་འབྲེལ་བའི་ལམ་ལུགས་སྐོར་བཀོད་ཁྱབ་ཅིག་ཁྱབ་བསྒྲགས་བྱས་པ་དེའི་ ནང་ཕྱི་ཟླ་ ༡༡ པའི་ཚེས་ ༡ ནས་བཟུང་གྲྭ་པ་སུ་ཞིག་དང་། དགོན་པ་གང་ཞིག་གིས་རྒྱལ་ཁབ་ཀྱི་ཕྱི་ལ་ཡོད་པའི་མི་སྒེར་དང་། སྒྲིག་འཛུགས་བཅས་གང་དང་ཡང་འབྲེལ་བ་བྱེད་མི་ཆོག་ཅེས་གསལ་ཡོད། དེ་ནི་སྐུ་ཉིད་དང་བོད་མིའི་བར་གྱི་འབྲེལ་བ་མཚམས་གཅོད་ཐབས་བྱེད་པའི་ཆེད་དུ་ བྱས་པ་ཞིག་མ་ཡིན་ནམ།
བཀའ་ལན། སྤྱིར་བཏང་ལོ་སྔོན་མའི་ནང་བོད་རང་སྐྱོང་ལྗོངས་ཀྱི་ལྟ་བ་མཁྲེགས་འཛིན་པའི་ འགོ་ཁྲིད་ཁག་གཅིག་གིས་བོད་ཀྱི་ཆོས་སྡེ་ཁག་དེ་དག་འགྲེམས་སྟོན་ཁང་ལྟ་བུར་ འགྱུར་དགོས་ཚུལ་བཤད་པར་མ་ཟད། ཆོས་སྡེ་དེ་དག་ནང་གྲྭ་པ་ཉུང་ཤས་ཤིག་དགོན་པ་བདག་གཉེར་བྱེད་མཁན་ལྟ་བུར་བཞག་ རྒྱུ་ལས་ཆོས་སློབ་གཉེར་བྱེད་ས་མེད་པ་བཟོ་རྒྱུའི་བསམ་འཆར་བཤད་ཡོད་པ་ངོས་ ཀྱིས་གོས་ཐོས་བྱུང། ངོས་ཀྱིས་འདས་པའི་ལོ་ ༢༠ གོང་བོད་ནང་བསམ་བཞིན་དང་བསམ་བཞིན་མ་ཡིན་པ་བཅས་ཀྱི་ཐོག་ནས་བོད་ཀྱི་ཆོས་དང་ རིག་གཞུང་རྩ་བརླག་བཏང་དང་གཏོང་བཞིན་ཡོད་པ་བཤད་ཡོད། གལ་སྲིད་ཁྱེད་ཀྱིས་གནད་དོན་འདིའི་ཐད་ཉམས་ཞིབ་མང་ཙམ་བྱས་ན་དེའི་རྒྱུ་མཚན་ ཤེས་ངེས་ཡིན།
བཀའ་འདྲི། བྱས་ན་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་པ་ཉེན་ཁའི་གནས་ལ་གྱར་བ་མ་རེད་དམ།
བཀའ་ལན། དེ་ལྟར་རེད།
བཀའ་འདྲི། སྐུ་ཉིད་ཀྱིས་དེར་གདོང་ལེན་གནང་ཐུབ་བམ།
བཀའ་ལན། གནས་ཚུལ་དེ་འདྲའི་དབང་གིས་ང་ཚོས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ ཁྲིམས་ཀྱི་སྒྲོམ་གཞིའི་ནང་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་ཐོབ་ཐང་ དགོས་པའི་དགོས་འདུན་བཏོན་ཡོད།
བཀའ་འདྲི། འོན་ཀྱང་རྒྱ་མི་བོད་ནང་གཏན་སྡོད་ཀྱིས་བོད་ཀྱི་སྐད་ཡིག་རྩ་བརླག་གཏོང་བཞིན་ ཡོད་པར་མ་ཟད། ཁོང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ཡང་རྩ་བརླག་གཏོང་ཐབས་བྱེད་པ་དང་། ཏཱ་ལའི་བླ་མ་མཆོག་དང་བོད་ཀྱི་ཆོས་སྡེ་ཁག་དབར་འབྲེལ་བ་མེད་པ་བཟོ་ཐབས་བཅས་ བྱེད་བཞིན་ཡོད་པ་མ་རེད་དམ།
བཀའ་ལན། འོན་ཀྱང་རྒྱ་ནག་གཞུང་གི་སྲིད་བྱུས་དེ་དག་དངོས་ཡོད་གནས་ཚུལ་དང་མ་འཚམས་པ་ཞིག་ཡིན་སྟབས་ལམ་ལྷོང་ཡོང་རྒྱུ་ཁག་པོ་ཡིན།
བཀའ་འདྲི། སྐུ་ཉིད་ལ་ཁོང་ཚོ་ལམ་ལྷོང་ཡོང་རྒྱུ་མིན་པར་ཡིད་ཆེས་ཡོད་དམ།
བཀའ་ལན། ཡིད་ཆེས་ཡོད།
བཀའ་འདྲི། བྱས་ན་རྒྱ་ནག་གཞུང་གི་སྲིད་བྱུས་ཕམ་ཉེས་དང་། བོད་ཀྱི་ཆོས་དང་། རིག་གཞུང། སྐད་ཡིག་བཅས་འཚོ་གནས་ཐུབ་པ་ཡོང་གི་རེད་དམ།
བཀའ་ལན། ཏན་ཏན་འཚོ་གནས་ཐུབ་པ་ཡོང་ངེས་ཡིན།
ཀ་རན་ཐ་པར། ཏཱ་ལའི་བླ་མ་མཆོག་དང་བཀའ་མོལ་ཞུ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཐུགས་རྗེ་ཆེ།
སྤེལ་དུས། 2010-11-30
འཇམ་དཔལ་རྣོན་པོ། གསར་འགྱུར་བཀོད་པར་ཐུགས་རྗེ་ཆེ།
རྒྱལ་བ་རིན་པོ་ཆེའི་ཡང་སྲིད་དེ་བུད་མེད་དང་སྐྱེས་པ་གང་ཞིག་ཕེབས་ཀྱང་ཁྱད་པར་གཏན་ནས་ཡོད་མ་རེད་ལ། དེའི་སྐོར་གླེང་སློང་བཟོ་རྒྱུ་ཡང་དེ་ཙམ་དགོས་གལ་ཆེ་བར་མ་མཐོང་། ང་ཚོ་ལ་དགོས་པ་དེ་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གནང་ཐུབ་མཁན་ཞིག་དགོས་ཀྱིན་ཡོད་པས། དེ་བྱུང་པ་ཡིན་ན་བུད་མིད་ཡིན་ཡང་རུང་ལ། སྐྱེས་པ་ཡིན་ཡང་ཆོག
ད་ལྟར་ང་ཚོས་གླེང་དགོས་པ་ནི། ཡང་སྲིད་ཀྱི་སྐོར་གཙོ་བོ་མིན་པར་ཁོང་གིས་རྒས་ཡོལ་གྱི་ཚུལ་དུ་བཞུགས་པའམ། དགོངས་པ་རྫོགས་རྗེས་ང་ཚོ་གང་འདྲ་ཆགས་ཀྱིན་རེད། བཙན་བྱོལ་གཞུང་གང་འདྲ་ཆགས་ཀྱིན་རེད། བོད་ཀྱི་ལོ་རྒྱུས་གང་འདྲ་ཆགས་ཀྱིན་རེད། ད་ལྟར་བོད་གཞུང་ཟེར་ཁུལ་བྱས་ཀྱང་། དོན་དངོས་ཐོག་རྒྱ་གར་གཞུང་གི་ལས་ཁུངས་གང་དུའང་བོད་གཞུང་གི་དེབ་སྐྱེལ་ཡོད་པའི་ཚིག་འབྲུ་གཅིག་ཀྱང་མེད་ཅིང་། ཐ་ན་རང་གཞུང་གི་ལས་དོན་ཆེ་ཕྲ་མང་པོ་ཞིག་རྒྱ་གར་གཞུང་གི་ཆོག་མཆན་སྒུག་དགོས་ཀྱིན་ཡོད་པ་རེད། ཡ་ངལ་བའི་གནས་སྟངས་འདི་ཚོ་རྗེས་མར་གང་འདྲ་དགོས་མིན་གྱི་ཐོག་ཏུ་བགྲོ་གླེང་ལྷུག་པོར་གནང་དགོས་རྒྱུ་ཧ་ཅང་གལ་གནད་ཆེ་བར་མཐོང་།