ཚེ་རིང་།
ལམ་དུ་ཆས་ཀྱིན་ཡོད
འགྲན་རྩོད་ཀྱི་ལམ་བུ་རིང་མོ་འདིར
རེ་དོགས་དང་སྐྱོ་ངལ་མེད་པར
ལམ་དུ་ཆས་ཀྱིན་ཡོད
འདི་ནི ངའི་ལས་དབང་གིས་བསྐོས་ཐང་ཡང་ཡིན
འདི་ལྟར རང་གིས་མི་ཐེག་པའི་རྡོག་ཁྲེས་ཤིག
རྒྱབ་ཏུ་འདྲུད་གྱིན
གཞན་གྱིས་མི་ཚོར་བའི་སྔངས་སྐྲག་ཅིག
སེམས་ཀྱིས་མྱོང་བཞིན
ལམ་དུ་ཆས་ཀྱིན་ཡོད
དུས་སྐབས་དེར
སུ་ཞིག་ཡོད་འདོད་ཀྱིས་ཁ་ཕྱིག་སློག་དུས
རྒྱབ་ལོགས་ནས
མིག་ཟུང་རབ་རིབ་ཅིག་གིས་སྐྱེལ་མ་ཞིག་ཡོད་ན་བསམ
ལག་ཟུང་འདའ་འདར་ཞིག་གིས་གྱེས་བརྡ་ཞིག་ཡོད་ན་སྙམ
2014/07/12