ཨེ་མ་ཧོ།
སྐུ་ཡི་ལང་ཚོ་མདོ་ཁམས་ལྗོངས་སུ་བཞད།།
གསུང་གི་གདུལ་བྱ་འཛམ་གླིང་ཕྱོགས་ཀུན་ཁྱབ།།
ཐུགས་ཀྱི་མཁྱེན་རབ་རྫོགས་པའི་སངས་རྒྱས་དངོས།།
སྐུ་གསུམ་རྒྱལ་བའི་རྒྱལ་ཚབ་རྒྱལ་གྱུར་ཅིག།
ཚུལ་ཁྲིམས་རྣམ་དག་གནས་བརྟན་དགེ་སློང་ཆེ།།
བློ་གྲོས་མཚུངས་མེད་རྒྱལ་སྲས་འཇམ་དཔལ་དབྱངས།།
རྒྱལ་ཀུན་སྤྱི་གཟུགས་མཚོ་སྐྱེས་རྡོ་རྗེ་བཞིན།།
གངས་ལྗོངས་མུན་པ་བསལ་བའི་སློབ་དཔོན་རྒྱལ།།
ཀུན་མཁྱེན་རྒྱལ་བའི་དགོངས་པ་ཇི་བཞིན་འཛིན།
ཀུན་བཟང་ཕྲིན་ལས་མཛད་པ་ཇི་བཞིན་སྐྱོང་།།
ཀུན་ཕན་བཤད་སྒྲུབ་བསྟན་པ་མཆོག་ཏུ་སྤེལ།།
ཀུན་མཁྱེན་བླ་མའི་བཞེད་དོན་ལྷུན་གྲུབ་ཤོག།
ཅེས་པ་རབ་རྒྱན་ཤིང་རྟའི་སྣྲོན་ཟླའི་དབང་ཕྱོགས་དགའ་བ་དང་པོ་འམ་ཕྱི་ལོ ༡༥ ༧ ༢༠༡༤ ལ་ཀུན་མཁྱེན་བླ་མ་ཚུལ་ཁྲིམས་བློ་གྲོས་ཀྱི་སྐར་ལ་གང་དྲན་དུ་ཤྲཱི་ནཱ་ག་ཛྙྰ་ནའི་སློབ་གླིང་ནས་ཨེ་མ་ཧོས་གསོལ་བའདེབས་པར་དགེའོ།། །།
འཁྲུངས་སྐར་དགའ་བསུ་ཞུ། ལེགས་སོ།
སྤྱིར་བཏང་ཆོས་རྒྱུད་སོ་སོར་ཀུན་མཁྱེན་གྱི་མཚན་ཅན་ཤིན་ཏུ་མང་ཡང་། གུས་པ་རང་གིས་བསམས་ཚུལ་ལྟར་ན། སྔོན་ནས་ད་ལྟའི་བར་ཀུན་མཁྱེན་གྱི་མཚན་ཅན་དག་གི་ནང་ན་བོད་ནང་པའི་མདོ་སྔགས་རིག་གནས་དང་བཅས་པ་ཡོངས་སུ་རྫོགས་པ་མཁྱེན་མཁན་ཤིན་ཏུ་དཀོན་པར་མཐོང་། ནང་དོན་རིག་པར་མཁས་ཀྱང་། བོད་ཀྱི་སྨན་རྩིས་སོགས་ལ་མཁྱེན་དཔྱོད་མེད་མཁན་དང་། མདོ་ལ་མཁས་ཀྱང་སྔགས་ལ་མཁྱེན་དཔྱོད་མེད་མཁན་ཡང་མི་ཉུང་ཙམ་ཡོད་པར་ངེས། དེས་ན་ཀུན་མཁྱེན་དག་གི་ནང་ནས་མཁྱེན་རྒྱ་ཆེ་ཤོས་དེ་སུ་ཡིན་ནམ།
སྤྱིར་ཀུན་མཁྱེན་ཞེས་པ་ཡོད་ཚད་མཁྱེན་དགོས་པའི་དོན་མིན་ཀྱང་། སྐབས་ཐོབ་བོད་ནང་པའི་རིག་གཞུང་ལ་བརྟེན་ནས་མཚན་དེ་ལྟར་འདོགས་ཚེ། ངེས་པར་དུ་རིག་གཞུང་དེའི་མ་ལག་ཆ་ཚང་བ་ཐུགས་སུ་ངེས་མཁན་ཞིག་ཡིན་དགོས་པར་སེམས། སྤྱིར་ཚན་རིག་མཁས་པ་དང་། དམགས་དོན་ལ་མཁས་པ། ཚོང་དོན་ལ་མཁས་པ་སོགས་ལའང་ཀུན་མཁྱེན་གྱི་མིང་དོན་ཚང་སྟེ། ཀུན་ཞེས་པ་ཐམས་ཅད་དང་མཁྱེན་ཞེས་པ་ནི་ཤེས་པའི་གུས་ཚིག་ཙམ་ཡིན་པ་ལྟར་ན། ཚོང་གི་གནང་སྟངས་ཐམས་ཅད་ཤེས་པའང་དེ་འགྲའི་སྒྲ་བཤད་ཙམ་རུང་མོད།
དེ་ལྟར་བཏགས་ན་བོད་སྐད་དང་མི་རིགས་དེའི་སེམས་ཁམས་དང་ཡོངས་སུ་འགལ་ནས་ཡོད། དེས་ན། མཁན་པོ། མཁས་དབང་། ཀུན་མཁྱེན་སོགས་ཆོ་ལོ་འམ་ཆེ་མཐོང་གི་མཚན་དེ་དག་སྐབས་ཐོབ་མི་རིགས་ཀྱི་སེམས་ཁམས་དང་བསྟུན་ནས་བེད་སྤྱོད་གཏོང་རྒྱུ་འགལ་འགེངས་ཆེན་པོ་ཡོད་པར་མཐོང་། དེ་ནི་སྤྱིར་བཤད་པ་ཡིན་གྱི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་ལ་ཀུན་མཁྱེན་ཞེས་མཚན་གསོལ་མི་རུང་བར་བཤད་པ་གཏན་ནས་མིན་པས། གོ་བ་ལོག་སྒྲུབ་མི་གནང་བར་ཞུ།
རྣམ་དཔྱོད་ལྡན་པའི་དབང་འདུས་ཀྱིས་བསམ་ཚུལ་ཡག་པོ་གསུངས་འདུག སྤྱིར་སྔོན་དུས་སུ་ཀུན་མཁྱེན་རོང་ཀློང་རྣམ་དང་།ཀུན་མཁྱེན་པདྨ་དཀར་པོ། ཀུན་མཁྱེན་གོ་རམས། ཀུན་མཁྱེན་ཇོ་ནང་པ། ཀུན་མཁྱེན་འཇིགས་མེད་གླིང་པ། ཀུན་མཁྱེན་མི་ཕམ་རྒྱ་མཚོ། ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་མཚན་དོན་མཐུན་པ་མང་དུ་བྱོན་པ་དེ་དག་གི་བཀའ་གསུང་འབུམ་ལ་གཟིགས་དང་དགོས་པའི་དོན་ཀུན་མཁྱེན་པ་དང་བཅུ་ཕྲག་རིག་པའི་གནས་ལ་བྱང་ཆུབ་པ་ཤར་ཏག་རེད། ཡང་གཅིག་ནི་ཀུན་གཟིགས་པན་ཆེན་ཡང་དུ་མར་ས་པན་ནས་ཀུན་གཟིགས་པདྨ་ཚེ་དབང་སོགས་མིང་དོན་མཚུངས་པ་བྱུང་བ་སྨོས་ཅི་དགོས། དེ་བཞིན་མཁན་པོ་དང་སྤྲུལ་སྐུ་སོགས་ཆོ་ལོ་ཙམ་མིན་པར་ནང་དོན་རིག་གཞུང་ཀུན་ལ་ཆགས་ཐོགས་བྲལ་བའི་མིང་དོན་མཚུངས་པ་བྱོན་པར་སྨོས་ཅི་དགོས། དེང་དུས་ཁ་བཏགས་མཁན་པོ་དང་སྒྲོ་ལོའི་སྤྲུལ་སྐུ རྩོམ་སྒྲིག་པ་ལ་པན་ཆེན་བཏགས་པ་ངོ་ཚ་དགོས་པ་ཡིན་ལྟ་ཅི་སྨོས། ཡིན་ན་ཡང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་ལ་ཀུན་མཁྱེན་ཞེས་མཚན་གསོལ་བ་དོན་ལ་གནས་པ་རེད་སྙམ། དེང་དུས་ཁོང་ལྟ་བུ་ལ་ཀུན་མཁྱེན་མ་གསོལ་ན་ཀུན་མཁྱེན་གདགས་ས་ཡང་གཞི་མི་གྲུབ་པར་སྣང་ངོ། ཁོང་ནི་རྣམ་དཔྱོད་ཕུལ་ཏུ་བྱུང་བ། མཁས་པ་ཡང་བཟོ་དང་སྨན། སྒྲ་དང་ཚད་མ། ནང་དོན་གྱི་མདོ་སྔགས། ཐ་ན་ཚན་རིག་སོགས་མ་མཁྱེན་པ་མེད་པར་བྱང་ཆུབ་པ་དང་མཁྱེན་པ་ཉིད་ཕྱགམལེན་ནས་འགྲོ་ཕན་སྒྲུབ་པ་འདི་འདྲ་བཞུགས་པ་ང་ཚོ་གངས་པ་པ་དང་འཛམ་གླིང་ནོར་འཛིན་ན་མཆིས་པའི་འགྲོ་བ་མིའི་བསོད་ནམས་གྲུབ་པར་མ་ཡིན་ནམ།
མཁན་པོ་ཚུལ་ཁྲིམས་བློ་གྲོས་གང་དེའི་དགོངས་བཞེད་ཐ་དག་ལྷུན་གྱིས་གྲུབ་པ་དང་། བསྟན་འགྲོའི་བདེ་རྩ་ཆེད་དུ་སྐུ་ཚེ་རིང་དུ་འཚོ་བར་སྨོན་ལམ་འདེབས།
རབ་བྱུང་ན་ང་ཚོ་ཕྱི་ལ་སྡོད་མཁན་རྣམས་ཀྱིས་བོད་ནང་གི་མི་དམངས་ཀྱིས་གུས་བཀུར་ཚད་མེད་ཞུ་བའི་ཡོངས་གྲགས་ཀྱི་བླ་མ་རྣམས་བསྟན་འགྲོའི་དབུ་ཁྲིད་དུ་འདེགས་དགོས། དཔེར་ན། གོང་ས་མཆོག་དང་། ས་སྐྱ་གོང་མ་རིན་པོ་ཆེ། དེ་བཞིན་བླ་མ་ཚུལ་ཁྲིམས་བློ་གྲོས། རྒྱལ་དབང་ཀརྨ་པ་ལ་སོགས་མཉམ་དུ་བསྒྲིགས་ན་ལེགས།
དེ་བཞིན་མཁན་རིན་པོ་ཆེ་ཨེ་མ་ཧོ་ལ་རེ་སྐུལ་ཞུ་རྒྱུར། གང་ཉིད་ནས། རྒྱལ་དབང་ཀ་རྨ་པ་ཨུ་རྒྱན་འཕྲིན་ལས་ཀྱི་བསྟོད་པ་ཞིག་ལྗགས་རྩོམ་ཡོང་བ་ཅི་ནས་མཁྱེན་མཁྱེན་མཁྱེན།