ཡོང་ཁུངས། བོད་ཀྱི་དུས་བབ།
དེ་རིང་སྔ་དྲོར་པེ་ཅིན་རྒྱ་ནག་ན་གཞོན་ཚགས་པར་ཁང་གི་སྒོ་འགྲམ་དུ་མི་༧ གྱིས་ཞིང་སྨན་བཏུང་སྟེ་རང་ཤི་བརྒྱབ་ཡོད་འདུག
དེ་རིང་སྔ་དྲོ་པེ་ཅིན་གྱི་ཆུ་ཚོད་༨།༡༠ ཙམ་ལ། རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་རྒྱ་ནག་ན་གཞོན་ཚགས་པར་ཁང་གི་སྒོ་འགྲམ་དུ། བུད་མེད་༢ དང་སྐྱེས་༥ ཡིས་ཞིང་སྨན་བཏུང་སྟེ་རང་ཤི་བརྒྱབ་ཡོད་པ་དང་། སྐར་མ་བཅུ་གྲངས་ཤིག་འགོར་རྗེས། མྱུར་སྐྱོབ་རླངས་འཁོར་གྱིས་སྨན་ཁང་དུ་བསྐྱལ་ཡོད་འདུག ཉེན་རྟོག་ཕྱོགས་ནས་རྒྱུ་རྐྱེན་གང་ཡིན་གསལ་བོ་མེད་པས་རྟོག་ཞིབ་བྱེད་བཞིན་པའི་སྒང་ཡིན་ལུགས་བརྗོད་འདུག
གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རང་ཤི་རྒྱག་མཁན་དེ་ཚོ་རྒྱ་ནག་ཅང་སུའུ་ཞིང་ཆེན་སི་ཧོང་རྫོང་ཆིན་ཡཱང་གྲོང་ཚོ་ནས་ཡིན་པ་དང་། ཉེ་ལམ་ནས་ས་གནས་སྲིད་གཞུང་གིས་གྲོང་ཚོ་འཛུགས་སྐྲུན་ལ་ཁ་གཡར་ཏེ་མཁར་གྲོང་རྙིང་པ་རྣམས་གཏོར་བཤིག་གཏོང་བཞིན་ཡོད་པ་དང་། ཁང་ས་ལ་དཔང་ཡིག་མེད་མཁན་ཚོར་གུན་གསབ་ཉུང་ཉུང་ལས་སྤྲད་མེད་པ་མ་ཟད། གྲོང་མི་མང་པོར་སྡོད་ཁང་མེད་པར་དཀའ་ངལ་ཆེན་པོ་འཕྲད་སྟབས། རྫོང་སྲིད་གཞུང་ལ་ཁྲིམས་འགལ་གྱིས་མི་མང་གི་སྡོད་ཁང་གཏོར་བཤིག་གཏོང་བཞིན་ཡོད་པའི་ཞུ་གཏུག་ཡི་གེ་སྤྲད་ཡོད་ཀྱང་། རྫོང་སྲིད་གཞུང་གིས་བཟང་ཕྱོགས་ཀྱི་ཡ་ལན་སྤྲད་མེད་པ་མ་ཟད། ཞུ་གཏུག་ཏུ་ཕྱིན་པའི་གྲོང་མི་ཚོ་མུན་བཙོན་ཏུ་བཅུག་ཡོད་པ་དང་། འདས་ལོའི་ཕྱི་ཟླ་༩ ཚེས་༢༤ ཉིན་གྱི་སྔ་དྲོར་ཆིན་ཡཱང་གྲོང་ཚོའི་མགོ་ཁྲིད་ཚོས་གྲོང་མི་བཅུ་གྲངས་ཤིག་བཙན་གྱིས་མངག་གཏོང་ཁང་དུ་ཁྲིད་དེ་འདྲི་གཅོད་དང་གཅར་རྡུང་མནར་གཅོད་བཏང་ཡོད་འདུག
ད་རེས་རང་ཤི་རྒྱག་མཁན་གྱི་བུད་མེད་ཅིག་གི་ཁྱོ་གས། སྲིད་གཞུང་གིས་ངེད་ཚང་གི་ཁང་ས་བཙན་འཕྲོག་བྱས་སོང་སྟབས། ང་ཚོས་ཐེངས་མང་པོར་སྲིད་གཞུང་ལ་ཞུ་གཏུག་བྱས་ཀྱང་གནད་དོན་ཐག་གཅོད་བྱས་མེད་པ་དང་། ཕྱིས་སུ་ཁྲིམས་ཁང་ལ་གཏུག་བཤེར་ཡི་གེ་ཞིག་སྤྲད་ཀྱང་ཡ་ལན་སྤྲོད་ཀྱི་མི་འདུག་པས། ངའི་ཆུང་མ་འུ་ཐུག་སྟེ་དེ་ལྟར་བྱེད་དགོས་ཁེལ་བ་རེད། ཅེས་བརྗོད་འདུག
ཡང་རང་ཤི་རྒྱག་མཁན་གྱི་སྐྱེས་པ་ཞིག་གི་བཟའ་ཟླས་ཁྱིམ་ཚང་གི་ཁང་པ་བཙན་འཕྲོག་བྱས་པ་མ་ཟད། གུན་གསབ་ཀྱང་ཧ་ཅང་ཉུང་ཉུང་ཞིག་མ་གཏོགས་མ་སྤྲད་སྟབས། ཁོ་མོའི་ཁྱོ་ག་རྫོང་སྲིད་གཞུང་ལ་ཞུ་གཏུག་བྱེད་དུ་ཕྱིན་སྐབས། གནད་དོན་ཐག་གཅོད་བྱ་རྒྱུ་ཕར་ཞོག་ཁོ་བོ་འཛིན་བཟུང་བྱས་ཏེ། ཁང་པ་ནག་ཁུང་ཞིག་ཏུ་བཅུག་ནས་ཟ་མ་དང་འཐུང་ཆུ་སོགས་སྤྲད་མེད་པ་མ་ཟད། གཉིད་ཀྱང་ཁུག་ཏུ་མ་བཅུག་པར་མནར་གཅོད་མང་པོ་བཏང་སྐོར་བརྗོད་འདུག
རྒྱ་གཞུང་གིས་འཛུགས་སྐྲུན་ལ་ཁ་གཡར་ཏེ་མི་མང་གི་ཁང་ས་བཙོན་འཕྲོག་བྱེད་བཞིན་ཡོད་སྟབས། ས་གནས་ཁག་གི་མི་མང་སྟོང་ཕྲག་མང་པོས་ངོ་རྒོལ་ཁྲོམ་སྐོར་གྱི་ལས་འགུལ་རིམ་པར་སྤེལ་བཞིན་ཡོད་པ་མ་ཟད། འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་བསྲེགས་གཏོང་བ་དང་ཞིང་སྨན་འཐུང་བ་སོགས་ཀྱི་གནད་དོན་བསྟུན་མར་བྱུང་སྟེ། འདས་ལོའི་ཕྱི་ཟླ་༨ ནས་ད་ལྟའི་བར་ཁྱོན་མི་གྲངས་༥༠ ཙམ་གྱིས་པེ་ཅིན་གྱི་དབུས་འབྲེལ་ཡོད་ལས་ཁུངས་ཁག་གི་མདུན་དུ་ངོ་རྒོལ་གྱིས་སྨན་རྫས་རིགས་བཏུང་སྟེ་རང་ཤི་བརྒྱབ་ཡོད་འདུག
གསར་འགོད་པ། པདྨ་མཚོ།
འོ་གསར་འགྱུར་དེ་ཚོ་དུས་བབས་ཏུ་བཞག་པ་ལ་དགའ་བསུ་ཡོད།
རུལ་སུངས་དང་གཡོ་སྒྱུའི་རྩེར་སོན་དགྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རྒྱུན་མི་འཆད་དུ་ཡོང་བར་སྨོན། དགྱ་གཞུང་གི་ཆེས་འཇིགས་རུང་གི་བྱ་སྤྱོད་གདུག་རྩུབ་ཅན་རྣམས་དུས་ནས་དུས་སུ་ཐེར་འདོན་བྱས་ཏེ་དགྱ་གཞུང་གི་གཡོ་བྱུས་གསལ་རྗེན་ཡོང་བར་སྨོན།
ཤི་བོ་འདི་ཚོའི་རྒྱབ་ན་སུ་སུ་ལངས་ནས་ཡོད། ལོངས་ཤོག།
བཙན་འཛུལ་ལ་མི་དགའ་ན་ལོངས་ཤོག།
གདུག་སྤྱོད་ལ་མི་དགའ་ན་ལོངས་ཤོག།
མི་རིགས་ཤིག་གི་བདེ་སྐྱིད་བསམ་ན་ལོངས་ཤོག།
དུས་རབ་དེ་སང་གི་འདྲ་མཉམ་དགོས་ན་ལོངས་ཤོག།
རྩ་བ་ཁྱིམ་ཚང་ལ་ཐུག་པའི་རྒྱལ་ཁབ་དགོས་ན་ལོངས་ཤོག།
འགྲོ་མི་གཅིག་དུ་རིག་པའི་རྒྱབ་རྩ་ཡོད་ན་ལོངས་ཤོག།
སྙིང་རྗེ་ལ་ཉམས་ལེན་བྱེད་ནི་ཡོད་ན་ལོངས་ཤོག།
བདེ་སྡུག་གི་དབྱེ་བ་ཤེས་ནི་ཡོད་ན་ལོངས་ཤོག།
དགྱ་ཡུལ་ནས་དགྱ་ལོངས། བོད་ཡུལ་ནས་བོད་ལོངས། ཡུ་གུར་ནས་ཁ་ཆེ་ལོངས། སོག་ཡུལ་ནས་སོག་པོ་ལོངས། སུ་མི་སྐྱིད་ན་དེ་ཚོ་ལོངས། གང་ན་མི་བདེ་ན་དེ་ནས་ལོངས། དབང་མེད་ཚོ་དབང་རྩོད་དུ་ལོངས། རྒྱུ་མེད་ཚོ་རྒྱུ་འཚོལ་དུ་ལོངས། བདེན་པ་ཅན་བདེན་དོན་དུ་ལོངས།
ལངས་ནས་བསྒྱུར་དགོས་བ་དེ་བསྒྱུར་དགོས། གཏོར་དགོས་བ་དེ་གཏོར་དགོས། སྐྱོངས་དགོས་བ་དེ་སྐྱོངས་དགོས། ཕམ་དགོས་བ་དེ་ཕམ་དགོས། སྐྱོབས་དགོས་བ་དེ་སྐྱོབས་དགོས།
ཤུལ་ལུས་ཀྱི་ཆེད་དུ་ཤི་སོང་བ་ནི་དབའ་བོ་ཡིན།
དབའ་བོ་ཚོའི་རྒྱབ་དུ་ལང་ཐུབ་པ་ནི་རྡོག་རྩ་ཡིན།
རྡོག་རྩ་ཅན་གྱི་མི་རིགས་ནི་རྒྱལ་ཁབ་ཡིན།
རྒྱལ་ཁབ་དེའི་ཆེད་དུ་ཁྱོད་དང་ང་ཚོར་ནུས་བ་ཡོད།
ལོངས་ཤོག། ལོངས་ཤོགས། དགྲ་བོ་ལ་ཁ་གཏད་གཅོག་དུ་ལོངས་ཤོག།
ལངས་ད་ལངས་ད་ལངས་དགོས་ཀྱི་རེད་དའི་ལངས་ནུས་ཀྱི་རེད་པས་ ལངས་དགོས་པ་དེ་མ་ལངས་ ལངས་མ་དགོས་པ་དེ་ལངས་ན་ག་རེ་བྱེད་ཀ་
ཡིད་རེ་སྐྱོ།