ཁྲོ་གཏུམ།
ཉག་ཁ་ཉུང་བའི་རི་རྒྱུད་ཅིག་རིང་བོ
རྫོང་མཐུག་པའི་ནགས་ལྗོངས་དང་རི་བྲག་གི་མངའ་ཐང་ལ
རྩམ་པ་དང་མར་ཆུར་གྱི་སྟོབས་ཀྱིས་བཏུལ་མྱོང་བ་བྱུང་འདུག
དཔུང་ཤ་མཐུག་པས་རི་བོ་དག་ལ་རྨི་ཐག་འཐེན་པའི་སྐབས་ཀྱི་ལས་འགུལ་དེས
ནམ་ལང་དང་ས་རུབ་ཀྱི་སྲུབ་ཀ་རེ་རེ་ནས
ཅེ་སྤྱང་གི་ཆོ་ངེ་ལ་དམར་འཛིང་བྱས་མྱོང་འདུག
འདི་ལྟར་དྲན་སྒོ་ནས་འདི་དག་གི་གཏམ་རྒྱུད་སླེབས་སོང་ན
ང་ད་བར་ཁོམ་དྲག་པ་མང་སོང་འདུག
ངའི་ལག་གི་དཀར་ཡོལ་དུའང་རྩམ་དྲི་མི་བྲོ་ལ
ངའི་ཁོར་ཡུག་ལ་རྩམ་དྲི་མི་བྲོ་བས
ངས་དེ་ལྟར་དུ་མགོ་བོར་ཁུ་ཚུར་བཞེས་ནས་ལམ་ལ་ཆས་བཞིན་ཡོད
༢༠༡༤།༠༧།༡༧ཉིན་བྲིས།