གཡུ་དྲུག་དཀར། རྡ་ས།
“འེ་་་་་གྲོགས་པོ། ག་བ་འགྲོ་གེ།’’མུན་ནག་ནང་ནས་མི་ཞིག་གིས་བོད་སྐད་དག་ལ་མ་དག་ཅིག་གིས་དེ་ལྟར་བརྗོད་བཞིན་ངའི་ཕྱོགས་སུ་རྒྱུག་ཡོང་པས། སེམས་ལ་དེ་རིང་ངན་པ་དགུ་འཛོམས་ཀྱི་ཉིན་མོར་ཏག་ཏག་བཀྲ་མི་ཤིས་པ་ཅི་ཞིག་འབྱུང་རྒྱུ་ཡིན་ནམ་སྙམ་མོད། ཡིན་རྒྱུ་ནི་ཁང་བདག་རེད། གློག་འོད་ཀྱི་ངོགས་ནས་ངས་ཁོང་གསལ་གྱི་ལེར་མཐོང་པས་སེམས་ལྷོད་ལ་བབས་ནས་བསྡད། ཁོང་ཚུར་ཡོང་བཞིན་དུ་སླར་ཡང་ཁྲོས་སྐད་དང་བཅས་ཏེ་“ཁྱེད་རང་ག་བ་འགྲོ་གེ་’’ཅེས་ནན་ནན་བཅག་བཅག་གིས་དྲིས་བྱུང་པས། ང་ལ་བསམ་དབང་དྲན་དབང་ཅི་ཡང་མེད་པར་ཁ་ནས་“གྲོགས་པོའི་ནང་ལ་འགྲོ་གི་ཡོད།’’ཅེས་ཐལ།
དོན་ངོ་མར་ཡང་གྲོགས་པོ་ངེད་གཉིས་ཀྱིས་ནང་ནས་ཁ་བརྡ་བྱེད་ཞོར་དུ་ཇ་འཐུང་རྒྱུ་མང་དྲགས་ནས། ངས་གཅིན་པ་བསྲན་མ་ཐུབ་པར་ཁང་པའི་ནང་ན་གསང་སྤྱོད་མེད་པས་ནམ་རྒྱུན་ལྟར་ཕྱི་ལོག་ལ་གཅིན་པ་གཏོང་གི་ཡོང་བ་ཡིན། གཅིན་པ་གཏོང་དུས་འདི་ལྟར་ཚ་འདྲི་བྱེད་མཁན་ཞིག་ལ་ཐུག་རྒྱུ་ཡིན་པ་ཤེས་ན། ཇ་མང་པོ་མ་འཐུང་ནའང་འགྲིག་མོད། མེག་གྷན་གྱི་དགུན་ཁའི་གྲང་ངར་ནི་ཕ་ཡུལ་གྱི་དགུན་ཁའི་གྲང་ངར་དང་འདྲ་ལ། ཁང་བདག་གིས་རོགས་པ་ལ་ཁང་པ་གྱན་གང་ངམ་གནའ་སྔ་མོའི་བརྗོད་སྟངས་ལྟར་བྱས་ན་ཁང་པ་ཀ་བ་གཅིག་གི་ས་ལ་ཟླ་རེར་ཁང་གླ་སྒོར་ཆིག་སྟོང་ལྔ་བརྒྱའི་སྟེང་ཁང་པའི་ནང་ནས་ཚ་གློག་སྦར་མི་ཆོག་པ་དང་གློག་ཐབ་བཙུགས་མི་ཆོག་པ་སོགས་ཀྱི་ཆ་རྐྱེན་མང་པོ་ཞིག་བཏོན་འདུག་པས། ངེད་གཉིས་ནང་ནས་ཉལ་ཆས་ནང་ལ་འཛུལ་ནས་བསྡད་ཀྱང་གྲང་ངར་གྱིས་ཕྱི་འཁྱག་ནང་ནང་འཁྱག་བྱས་བྱུང་པས། ཇ་མང་པོ་མི་འཐུང་ག་མེད་ཆགས་པ་རེད།
ཁང་བདག་གིས་ང་ཁོའི་ཁང་པའི་ཁང་མིགཨང་༡༠པའི་ནང་སྡོད་མཁན་གྱི་གྲྭ་པ་དེའི་རོགས་པ་ཡིན་པ་ཤེས་ཀྱི་ཡོད་མིན་ཇི་ལྟར་ཡང་། ངས་ཁོ་གྲོགས་པོའི་ཁང་བདག་ཡིན་པ་སྔར་ནས་ཤེས། ཁང་བདག་ངའི་འགྲམ་ལ་སླེབས་མ་ཐག ཁོས་ཅི་ཞིག་བཤད་རྩིས་འདུག་མོད། དེ་མ་ཐག་ངའི་རོགས་པ་ནང་ནས་ཕྱི་ལོག་ལ་བུད་བྱུང་པས། ཁང་བདག་གིས་ཁོ་ལ་གཏད་དེ་“ངས་རང་ལ་མི་ལྷག་མ་བསྡད་ན། དངུལ་ལྔ་བརྒྱ་ལྷག་མ་ལེན་གི་ཡིན་ཟེར་བ་མིན་ནམ།’’ཞེས་རྫིག་རྫིག་བྱས་པ་ན། ང་ལ་སྔ་འདང་ཕྱི་འདང་ཅི་ཡང་རྒྱག་ཁོམ་མེད་པར་ཁ་ནས་“དེ་འདྲ་མ་གནང་། ང་སང་ཉིན་འགྲོ་གི་ཡིན།’’ཅེས་ཤོར། སྐབས་དེར་ངའི་གྲོགས་པོ་འཛུམ་དམུལ་དམུལ་ངང་ང་ལ་“ཁྱོད་ཞེད་དགོས་ནི་མ་རེད། འདི་ཚོར་ཧམ་པ་འདི་འདྲ་བྱེད་རྒྱུ་གོམས་བསྡད་ཡོད་རེད། ས་འདིའི་ཁང་བདག་ཚང་མས་འདི་ལྟར་རྙོག་དྲ་བཤད་ནི་རེད།’’ཟེར་བ་དང་། དེ་ནས་ཁོས་གདོང་ཁང་བདག་ལ་གཏད་དེ་དབྱིན་སྐད་དག་མ་དག་ཅིག་གིས་“པྲྣཔྱཔྱཕྲ’’ ཞེས་བརྗོད་པ་དང་། དེ་ནས་སླར་ཡང་བོད་སྐད་ཀྱིས་“སྤོ་ལགས་རང་གིས་ཧམ་པ་དེ་འདྲ་མ་བཤད་ལོ།’’ཞེས་བརྗོད་སྟངས་ལ་བསམ་ན་སྐབས་དེར་ཁོའི་སེམསཀྱང་མ་སྐྱིད་པ་འདྲ་ལ། ཁོའི་སྐད་ཆ་དུམ་བུ་དེ་ཡིས་ངའི་མགོའི་སྐྲའང་ཞོགས་སུ་བཅུག་མོད། དེ་མ་ཐག་ཁང་བདག་མི་རྒན་དེའང་ཁ་ཕྱིར་ལོག་ནས་བུད་སོང་།
དེ་ནས་ངེད་གཉིས་ཀྱིས་ཅུང་ཙམ་རིང་མུན་ནག་ཁྲོད་ཀྱི་མཚན་མོ་དེའི་གནམ་གྱི་སྐར་ཚོགས་དང་ས་ཡི་གློག་འོད་སོགས་ལ་ཅེར་རེར་ལྟོས་པའི་མུར། སེམས་ནས་སྔ་འདང་ཕྱི་འདང་མང་པ་ཞིག་བརྒྱབས་ཤིང་། མཇུག་མཐར་ཟིང་ཟིང་དུ་གྱུར་བའི་བྲང་ཁོག་ནས་དབུགས་རིང་མནར་མནར་རེ་མུན་ནག་གིས་བཟུང་བའི་སྟོང་ཁམས་སུ་སྤུར་ཏེ་ཁང་མིག་ཆུང་ཆུང་དེའི་ནང་ཕྱིར་ལོག ངེད་གཉིས་རང་རང་གི་མལ་སའི་ནང་འཛུལ་མ་ཐག་གྲོགས་པོ་གྱང་ལ་རྒྱབ་བསྙེས་ཏེ།“འེ་་་་་ངའི་ཁང་བདག་གཅིག་པོ་འདི་འདྲ་ངན་སོང་བ་མ་རེད་ལ། ས་འདིའི་ཁང་བདག་ཚོ་གཅིག་པོ་ངན་སོང་བའང་མ་རེད། མེག་གྷན་གྱི་རྒྱ་གར་བ་(ཁང་བདག ཚོང་བདག གླ་བྱེད་རླངས་འཁོར་གྱི་བདག་པོ། ཟ་ཁང་གི་བདག འགྲུམ་འགྲུལ་ལས་ཁུངས་ཀྱི་བདག་པོ་སོགས།)ཚང་མའི་བྱེད་སྟངས་འདི་འདྲ་རེད། ཁོང་ཚོས་བོད་པ་ཚོའི་སྟེང་ལ་ཧམ་པ་བྱེད་པ་དང་། བོད་པ་ཚོར་མགོ་སྐོར་གཏོང་བ། བརྙས་བཅོས་དང་མཐོང་ཆུང་བྱེད་པ། སྤོ་ཤོད་བཤད་པ་སོགས་གང་འགྲོ་འགྲོ་བྱེད་པ་རེད།’’ཟེར།
དེ་ནས་ངེད་གཉིས་ཀྱི་སྔར་གྱི་གྲོགས་པོའི་ནང་གཏམ་གྱི་ཁ་བརྡ་དེ་བརྗེ་སྤོར་གྱིས་མེག་གྷན་གྱི་བོད་མི་ཚོའི་སྡུག་གཏམ་གླེང་འགོ་ཚུགས། ངེད་གཉིས་ཀྱིས་མེག་གྷན་གྱི་ཁང་གླ་མཐོ་རབས་དང་ཁང་བདག་བཙན་རབས། གླ་བྱེད་རླངས་འཁོར་གྱི་རིན་གོང་ཆེ་རབས་དང་ཁ་ལོ་བ་དག་ཁོང་ཁྲོ་ཆེ་རབས། ས་འདིའི་ཡུལ་མི་ཚོས་བཙན་ཚད་མ་ཟིན་པར། སྤྱི་ལོ་གཅིག་དགུ་གོ་གྲངས་ནང་བོད་མིའི་ཚོང་ཁང་དང་། ཟ་ཁང་། མགྲོན་ཁང་སོགས་རྡོ་ཡིས་བཅོམ་པ་དང་། སྤྱི་ལོ་(༢༠༠༥) ལོའི་ཟླ་༥བའི་ཚེས་༢༡་ཉིན་བཙུན་མ་ཞིག་གི་སྟེང་ལ་ཚུལ་མིན་གྱི་བྱ་སྤྱོད་སྤེལ་བ་སོགས་གནས་ཚུལ་ཆེ་མ་ཆུང་གསུམ་རེ་རེ་ནས་གླེང་ཞིང་། མཇུག་མཐར་ངེད་གཉིས་ཀྱིས་བཤད་ཚོད་མ་ཟིན་པར། ༸གོང་ས་མཆོག་གི་བཞུགས་སྒར་ས་འདི་ནས་གནས་གཞན་ཞིག་ཏུ་སྤོར་བཞག་ཚེ་དགའ་རབས་ཀྱི་བསམ་འཆར་ཞིག་ཀྱང་ཁ་སྣོན་བྱས་ལ། སྐབས་དེར་ངས་ཉེ་སྔོན་གསར་དུ་ཐོན་པའི་མཛད་རྣམ་རྒྱ་ཆེའི་སྙིད་རྗེའི་རོལ་མཚོ་(ཤོག་ངོས་༤༥༩ན་གསལ།)ལས་དེ་སྔོན་ཞིག་ལ་སྤྱི་ཚོགས་ནང་ས་འདི་ནས་བསྡད་ན་འགྲིམ་འགྲུལ་སོགས་ཕྱོགས་གང་ཅིའི་ཐད་ནས་དཀའ་ངལ་ཆེ་རབས་ཀྱི་གླེང་སློང་ཞིག་བྱུང་བ་དང་། དཀའ་ངལ་དེ་༸གོང་ས་མཆོག་གིས་གཟིགས་པ་ལ་བརྟེན་ནས་བཞུགས་སྒར་གནས་སྤོར་བྱ་རྒྱུའི་སྐོར་གསུངས་མོད། སྐབས་དེར་ས་འདིའི་རྒྱ་གར་ཡུལ་མིའི་འགོ་ཁྲིད་ཚོས་ཁོང་ལ་ཞུ་བ་ནན་གྱིས་འཐེན་ཏེ། སྤྱི་ལོ་(༡༩༦༦)ལོར་འཕགས་བོད་མཛའ་མཐུན་ཚོགས་པ་གསར་འཛུགས་བྱས་ཤིང་། ཡུལ་ཕྱོགས་འདིའི་ཡར་རྒྱས་ཀྱི་སླད་དུ་བཞུགས་རྒྱུར་འབོད་སྐུལ་བྱས་པ་དང་། བོད་མིའི་དཀའ་ངལ་ཐད་ལ་རོགས་རམ་བྱ་རྒྱུ་ཁས་ལེན་བྱས་འདུག་པ་ཞིག་གསལ་བའི་སྐོར་ཡང་ཁོང་ལ་བཤད་པ་ཡིན།
འདི་ལྟར་ཕར་བཤད་ཚུར་བཤད་བྱས་ཏེ་མཚན་གུང་ཡོལ་སོང་། རྣ་བ་ཕྱི་རོལ་ལ་བགླགས་ཚེ། ད་ནི་ཟིང་ཟིང་གི་མེག་ཁི་ལོ་སྒྲི་གྷན་ཇི་ཁུ་སིམ་མེར་གཉིད་ལ་ཡུར་འདུག་པ་ཚོར་བཏུབ་ལ། ཕྱི་རོལ་གྱི་ལྷང་འཇགས་ཀྱི་འཇིག་རྟེན་དེ་ནི་ངའི་སྣང་ངོར་སློབ་གྲྭའི་ཉལ་བརྡ་གཏོང་བའི་ཅོང་སྒྲ་ཐོས་པ་ལྟ་བུ་ཞིག་ཏུ་གྱུར་ཏེ། ནམ་རྒྱུན་གྱི་ལོབས་ཕྱོགས་ལྟར་གླལ་སྒྱིང་ཞིག་བྱས་པས། རོགས་པས་ཅི་ཞིག་རྟོགས་སོང་བ་འདྲ་ཡང་། ཁོས་ཀུ་རེ་དང་བསྒྲགས་ཏེ་“ད་ཉལ་མ་གཏོགས། ཡང་ཁང་བདག་གིས་བཀའ་བཀྱོན་རེག་ཡོང་།’’ཟེར་བས། ངེད་གཉིས་གད་མོ་རེ་བགད་རྗེས། རང་རང་ས་ནས་མགོ་རུམ་ལ་བཅུག་ནས་གཉིད།
གཉིད་གོང་ནས་རྨི་ལམ་གཏོང་བ་ནི་ཀུན་ལ་གསལ་ཆ་ཆེ་བའི་དོན་དག་ཅིག་རེད་ལ། རྨི་ལམ་དེ་ཡང་དུས་ནམ་ཡང་གཅིག་གྱུར་གྱི་རྨི་ལམ་ཞིག་མ་ཡིན་པར་སྣ་ཚོགས་སྣ་ཚོགས་ཤིག་ཡིན་པར་ཡང་ཀུན་ལ་རྒྱུས་ཡོད་རེད། རྨི་ལམ་ལ་མཚོན་ན། མཚམས་རེར་འདས་བ་ཞིག་སླར་རྨི་ལམ་གཏོང་བ་དང་། ཡོང་རྒྱུ་ཞིག་རྨི་ལམ་གཏོང་བ། སྐབས་རེར་འདས་བ་ཞིག་གི་རྐྱེན་པས་ཡོང་རྒྱུ་ཞིག་རྨི་ལམ་གཏོང་བ། ཡང་ལན་རེར་རང་གི་རེ་འདོད་ངོ་མ་ཞིག་གམ། རང་གི་སེམས་ནང་གི་རྨི་ལམ་ཞིག་རྨི་ལམ་དུ་གཏོང་བའང་ཡ་མཚར་དགོས་པ་ཞིག་མ་རེད།
དེ་བས། དགོང་མོ་དེར་ང་གཉིད་ལ་ཤོར་མ་ཐག་ནས་རྨི་ལམ་གྱི་ལམ་ལ་ཆས་ཤིང་། རྨི་ལམ་དེའང་མེག་གྷན་གསར་བ་ཞིག་ཏུ་སླེབས་པའི་རྨི་ལམ་རེད། ཐང་ཆེན་པོ་ཞིག་གི་དཀྱིལ་ན་རྒྱ་ཕིབས་སེར་ལམ་མེར་གདའ་བའི་ཐོག་ཁང་གཞི་རྒྱ་ཆེན་པོ་ཞིག་མཆིས་ཤིང་། དེ་ནི་༸གོང་ས་མཆོག་གི་ཕོ་བྲང་རེད་ཟེར་ལ། དེའི་མཐའ་སྐོར་དུ་བོད་ལུགས་ཁང་བརྩེགས་མཐོན་པོ་མང་པོས་བསྐོར་ཡོད་པ་ནི་བོད་གཞུང་གི་ལས་ཁུངས་མ་ལག་ཁག་དང་། དེའི་ཁྲོད་ནའང་ཁྲིམས་ཞིབ་དང་ཁྲིམས་འཛིན། ཁྲིམས་བཟོ་བཅས་བོད་གཞུང་མང་གཙོའི་ཀ་བ་གསུམ་གྱི་ལས་ཁུངས་གསུམ་ནི་འབུར་དུ་ཐོན་འདུག ལས་ཁུངས་ཁག་དང་ཁ་ཐག་མི་རིང་བའི་ས་ན་ཁང་ལེབ་བསྟར་ཕྲེང་མང་པོ་ཁྲ་ལམ་མེར་འདུག་ལ། དེ་དག་གི་དབུས་སུ་ཁང་ལེབ་གཉིས་ཐོག་ཅན་མང་པོ་ཞིག་གིས་གྲུབ་པའི་སློབ་གྲྭ་འགའ་དང་། བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་ཞེས་པའི་སློབ་ཆེན་ཞིག་ལས་ཁུངས་ཆུང་ཆུང་ཞིག སྨན་ཁང་ཆུང་ཆུང་ཞིག་བཅས་ཡོད་པ་ནི་མེག་ཁི་ལོ་སྒྲི་གཞིས་ཆགས་རེད་ཟེར། ངས་ཐོག་མར་ཕོ་བྲང་ལ་སྐོར་བ་ཞིག་བྱས་ཤིང་། དེ་ནས་ལས་ཁུངས་ཁག་གིདཀྱིལ་དབུས་ན་ཡོད་པའི་མཆོད་རྟེན་དེ་ལ་སྐོར་ཞིག་བརྒྱབས་པ་དང་། ག་ལེར་གཞིས་ཆགས་ནང་ལ་འཛུལ་ནས་འགྲོ་བཞིན་འདུག སྡེ་འདབས་ན་སྒོ་ཆེན་ཞིག་བསླངས་འདུག་ལ། སྒོ་ཆེན་གྱི་ཡ་ཐེམ་དུ་མེག་ཁི་ལོ་སྒྲི་བོད་མིའི་གཞིས་སྒར་ཞེས་འབྲུ་ཚགས་ཡིག་གཟུགས་འབུར་དུ་དོད་ནས་བྲིས་འདུག གཞིས་ཆགས་ནང་ལོག་གི་ཚོང་ཁང་དང་། མགྲོན་ཁང་། ཟ་ཁང་། འགྲུལ་ཁང་སོགས་ཚོང་ལས་ཡོད་ཚད་བོད་མི་རང་གིས་བདག་ཏུ་བཟུང་ཞིང་། དེ་དག་ཐམས་ཅད་ཀྱི་སྒོ་བྱང་རྣམས་བོད་ཡིག་ཡིག་གཟུགས་འདྲ་མིན་ཐོག་ཚོན་སྣ་འདྲ་མིན་གྱིས་བྲིས་ཤིང་། ཁྲོམ་ལམ་སྟེང་ན་རྒྱུག་བཞིན་པའི་གླ་བྱེད་རླངས་འཁོར་དག་གཏོང་མཁན་ཡང་བོད་རིགས་རྒན་གཞོན་ཅི་རིགས་རེད་འདུག་པས། ངོ་མ་བོད་ཀྱི་རྒྱལ་ཁམས་ཤིག་ཏུ་སེམས་པར་བྱེད་ཅིང་། ལྷག་པར་དུ་མི་ཚང་མས་སྐད་རིགས་འདྲ་མིན་བསྲེ་སླད་མི་བྱེད་པར་རང་སྐད་རྣམ་དག་ཅིག་ཤོད་ཀྱིན་འདུག་པ་དང་། སྡེ་དེའི་རྒྱུན་སྤྱོད་ཡིག་རིགས་ཀྱང་བོད་ཡིག་རེད་པས། དེ་བས་ཀྱང་ཡིད་འཕྲོག་པ་ཞིག་འདུག
ངས་གཞིས་ཆགས་ནང་ལོག་གི་སྲང་ལམ་རེ་རེ་བཞིན་མྱུལ་ནས་འགྲོ་དུས་ཁྱིམ་ཚང་རེ་རེའི་ཁང་པའི་ཕར་སྣེ་ཚུར་སྣེ་བྱས་ཏེ་དར་ལྕོག་འཐེན་པ་དང་། ལྷས་དཀྱིལ་ན་རྒྱལ་མཚན་རྩེ་མོ་བསྒྲེངས་པ། བསང་ཁྲི་བཞེངས་བ། རྒན་རྒོན་ཚོས་ལག་གཡས་པར་མ་ཎི་འཁོར་ལོ་ཐོགས་ཤིང་ལག་གཡོན་པས་ཕྲེང་བ་བགྲང་བཞིན། ཁ་ནས་ཤུབ་ཤུབ་མ་ཎི་ཟློ་བཞིན་ཡར་འགྲོ་མར་འགྲོ་བྱེད་པ་སོགས་མཐོང་དུས་ཕ་ཡུལ་གྱི་རྣམ་པ་ཡུལ་ལ་འཆར་བར་བྱེད་ལ། རྒྱ་གར་ཡུལ་མི་དང་མ་འདྲེས་པར་རང་སྲུང་རང་བདག་བྱེད་པས། བོད་པ་ཁེར་གཙང་དུ་གཞིས་ཆགས་ཡོད་པའི་བདེ་སྐྱིད་གླིང་བོད་མིའི་གཞིས་སྒར་དང་དོན་གྲུབ་གླིང་གཞིས་སྒར་སོགས་ཡིད་ལ་དྲན་གྱིན་འདུག ད་དུང་མེག་གྷན་གསར་བ་འདིར་སླེབས་པ་ནས་ངའི་སེམས་ནང་གི་དོགས་པ་དང་ཞེད་སྣང་། འཚེར་སྣང་། དུས་རྒྱུན་ང་ལ་རྒྱ་གར་སྐད་མ་བྱས་པར་འཕྲད་ཀྱིན་པའི་དཀའ་ངལ་སོགས་སྡུག་བསྔལ་ལུང་པ་གང་བོ་དེ་ཡོངས་སུ་སངས་ནས། ངའི་ལུས་སེམས་གཉིས་ཀ་བདེ་བདེ་ལྷོད་ལྷོད་ཆགས་འདུག་པས། རང་ཉིད་ཁེར་རྐྱང་ཡིན་ཡང་སྐྱིད་སྣང་ཞིག་གིས་ཁེངས་ཤིང་། སྐྱིད་སྣང་འདི་རྨི་ལམ་ཞིག་ཡིན་པའང་གཏན་དུ་བརྗེད་འདག་མོད། རོགས་པས་“འེ་་་་་ཡར་ལོངས་དང་། ཞོགས་ཇ་འཐུང་།’’ཟེར་བའི་འབོད་སྒྲས་རྨི་ལམ་དེ་ལས་ཡོངས་སུ་དཀྲོགས་སོང་ལ། དེ་མ་ཐག་ངས་རང་ཉིད་མདང་དགོང་གི་མེག་གྷན་དུ་ཡོད་པའང་ཚོར་དུས། སེམས་པ་སླར་ཡང་ལྗིད་ཏིག་གེར ངས་རང་ཉིད་རྨི་ལམ་དེ་ལས་ནམ་ཡང་མ་སད་ན་ཆོག་ཨང་སྙམ་མོ།།
ཁ་བརྡ་ཚང་ལ་རྒོལ་བ།
རྩོམ་འདི་ཁ་བརྡ་ཚང་ལ་བསྐུར་མོད་བཀོད་མ་སོང་པས་འདིར་སྤེལ་བ་ཡིན།
ཁ་བརྡ་དྲ་དེབ་ཐོག་རྩོམ་ཡིག་(༡༥༢༤)དང་མཆན་(༢༠༥༠༩ )གྱི་བསྡོམས་གྲངས་དེ་འདྲ་ཞིག་ཡོད་ན་རྩ་འགོག་དང་བསུབས་བཞག་པའི་རྩོམ་མཆན་ག་ཚད་ཡོད་དམ། དེ་དག་གི་གྲངས་ཀ་ཡང་ཉུང་ཉུང་ཆེ་ཡིན། དཔེར་ན། མདང་དགོང་་་མགར་སྟོང་བཙན་གྱི་སྐོར་ཟེར་བ་དེའི་ནང་ཉུང་མཐའ་ཡང་མཆན་ཉི་ཤུ་ཙམ་བསུབས་འདུག་ཀ འཇིགས་རྟེན་གཏམ་གྱི་དཔེ་ལ། ཁྱ་བྱིའུ་ཐུབ་གི་བྱིའུ། བྱིའུ་འབུ་ཐུབ་གི་འབུ། ཟེར་བའི་དཔེ་ལྟར། རྒྱ་དམར་གྱིས་བོད་པ་ཚོའི་སྨྲ་བརྗོད་རང་དབང་ལ་བཀག་བསྡོམས་བྱེད་པ་ལྟར་ཕྱིའི་རང་དབང་གི་འཁོར་ཡུག་ནང་ཡོད་ན་ཡང་ཁ་བརྡ་ཚང་གིས་མི་མང་པོ་ཞིག་གི་སྨྲ་ལྕེ་བསྡམས་ཡོད་པ་དེ་ནི་ཁ་བརྡ་འཛུགས་མཁན་ཚང་མར་རྒྱ་དམར་གྱི་སློབ་གསོ་ཐོབ་ཡོད་པའི་སྐྱོན་ཡིན་ནམ། ཡང་ན་སྐྱོན་གཞན་པ་ཞིག་ཡོད་པ་ཡིན་ནམ། དགོད་བྲོ་བ་ཞིག་ལ། སངས་རྒྱས་དངོས་ལ་བརྩི་བའི་བླ་མ་སྐྱེས་བུ་དམ་པ་རྣམས་ལ་མིག་གི་བལྟ་མི་བཟོད་པའི་ངན་སྨྲས་བྱས་ནས་དད་ལྡན་པ་ཁྲི་སྟོང་མང་པོའི་དད་མོས་ལ་རྨ་ཁ་བཟོས་ན་འདི་ཚོས་བསུབ་གི་མི་འདུག ཁ་བརྡའི་རྩོམ་སྒྲིག་པ་དང་ཁོ་ཚོའི་ངོ་ཤེས་ཚོར་རྣག་ཐོག་ལ་ཁབ་གཙགས་བྱས་ན་བསུབ་འཇོགས་གི་འདུག ལོ་ངོ་གཅིག་གི་སྔོན་ལ་ཁ་བརྡའི་ཕྱོགས་གཏོགས་པ་གཡུ་ཚང་ལྷ་མོ་དོན་གྲུབ་ཟེར་བ་ཞིག་གིས་༧་གོང་ས་མཆོག་ལ་བརྣབ་སེམས་ཀྱིས་སྡིགས་བརྗོད་བྱས་བ་ལ་ཁོ་བོས་ལྡོག་བརྗོད་ཀྱི་ལམ་ནས་གནད་ལ་ཁེལ་བའི་ལན་བྲིས་བ་ཆ་ཚང་བསུབས་འདུག་པ་འདི་ལ་བལྟོས་ན་འདི་ཚོ་༧་ གོང་ས་མཆོག་གི་ཁ་གཏད་ནས་ལང་མཁན་རེ་མིན་ནམ་སྙམ་པའི་དོགས་པ་བྱུང་སོང་།
1. ཞོར་ལ་ཞུ་རྒྱུ་ཞིག་ལ་ཁོ་བོའི་རྩོམ་ཡིག་དེ་ཁ་བརྡ་ཚང་གི་བཙོན་འོག་ནས་བཙོན་གྲོལ་ཐོབ་པར་རེ་བ་བྱེད་ཀིན་ཡོད། ལོ་གཅིག་དང་ཟླ་བ་ལྔ་ལ་སྨྲ་ལྕེ་བསྡམས་ན་རྒྱ་དམར་འོག་ནས་ལོ་ཉུང་ཉུང་ཡིན་ནའང་རང་དབང་ལུང་པའི་ནང་ལོ་ཉུང་ཉུང་མ་རེད།
རྩོམ་མཆན་དེ་ནི་དོན་གྱིས་༧་གོང་ས་མཆོག་ལ་རྒྱབ་སྐྱོར་གྱི་གནད་གསར་བ་མང་པོ་གསལ་འདོན་བྱས་ཡོད།
༧་གོང་ས་མཆོག་རྒྱལ་གྱུར་ཅིག ཀུན་གསལ་གྱི་སྨྲ་བརྗོད་རང་དབང་རྒྱལ་གྱུར་ཅིག
རྩོམ་འདི་རེད ༣༽ ཀུན་གསལ་ནས།
སྤྱི་ལོ་ ༢༠༠༨ ཟླ་ ༨ ཚེས་ ༡༨ གི་ཆུ་ཚོད་ ༡༡ སྐར་མ་ ༢༦
ཨ་རོགས། ངོ་མ་ངར་བ་རེད། སྔོན་མ་ཁྱོད་རྨ་ལྷོ་ཁུལ་ན་ཡོད་སྐབས་རིག་མ་མྱོང་། གོ་མྱོང་ང་། ཕྱིས་སུ་ཕྱི་ཕྱོགས་སུ་བྱ་བ་བགོས་ཡོད་པ་གོ་ཐུས་བྱུང་། མིང་དང་ལོ་གཞན་ཞིག་ཡིན་ཁུལ་བྱས་པ་འདི་འགྲིག་འདུག
གཟབ་གཟབ་བྱེད་དགོས། ཁྱེད་ནས་གོང་དུ་དྲངས་པའི་ང་ཚོའི་ཤ་ཁྲག་རུས་གསུམ་ལ་ཞེན་པའི་ཏང་གི་གསུང་བཤད་གལ་ཆེན་”མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་”ཟེར་བ་འདི་གོ་ནས་ང་འདར་སིག་འདྲ་བོ་ཞིག་རྒྱག་གིན་འདུག xxxxxxxxxxxxxx
—————————
ཀུན་གསལ་ལགས།
ཁྱེད་ཀྱི་མཆན་དུ་གང་ཟག་སྒེར་པའི་ཚེ་སྲོག་ལ་རྒོལ་བའི་འཇིགས་སྐུལ་རིང་ལུགས་པའི་སྐད་ཆ་སླེབས་འདུག དེ་འདྲ་ནི་ཁ་བརྡ་དྲ་དེབ་ཀྱིས་ཐལ་ཆེ་བར་ངོས་འཛིན་བྱེད། རྒྱུ་མཚན་དེ་ལ་བརྟེན་ནས་ཁྱེད་ཀྱི་མཆན་དེའི་འཕྲོས་རྣམས་གསུབ་པ་ཡིན། ཁ་བརྡ་དྲ་དེབ་ཀྱིས།
ཁ་བརྡ་ལགས་།་
ངའི་རང་གིས་ཀུན་གསལ་ལ་འབྲེལ་བ་འཛིན་འདོད་པའི་མཆན་དེ་ཆོག་མཆན་མ་ཐོབ་པའི་རྒྱུ་མཚན་གང་ཡིན་ནམ།་ང་རྡོ་སྤིས་བློ་བཟང་ཡོན་ཏན་ཡིན་།རྡོ་སྤིས་ཀྱི་མི་ཤིག་ལ་བྲིས་ཏེ་།ང་ལ་ངེས་པར་ཏུ་འབྲེལ་བ་འཛིན་རོགས་།ཁྱེད་ཀྱིས་བཤད་པ་ཐམས་ཅད་དེ་ངའི་དྲ་རྒྱའི་རང་དབང་གི་སྐོར་ལ་རྩོམ་ཞིག་འབྲི་བཞིན་ཡོད་པ་དེ་ལ་ཕན་ཐོགས་སྙམ་པའི་ཁྱེ་ལ་དོགས་གཞི་བཅར་འདྲ་ཞིག་བྱ་བསམ་གིན་འདུག་།རྩོམ་འདི་ད་ལོ་རྒྱལ་སྤྱིའི་བོད་རིག་ཞིབ་མཇུག་ཚོགས་འདུའི་སྟེང་སྒྲོག་འདོད་ཡོད།
འདི་ལྟར་འགོད་རོགས་གནང་།
ཐུགས་རྗེ་ཆེ།་
ཁ་བྱང་འདི་ཡིན།
ly246@cam.ac.uk
ཀུན་གསལ་ལགས་།
ཁྱོད་ཀྱིས་བཤད་པའི་སྐད་ཆ་དེ་དག་བདག་གི་ཞིབ་མཇུག་བྱ་བཞིན་པའི་བོད་ཀྱི་དྲ་རྒྱ་དང་།གཏམ་གླེང་རང་དབང་གི་སྐོར་ལ་ཕན་ཐོགས་ཡོད་པར་འདོད་པས་བཤམ་གྱི་དྲ་བའི་ཡི་གེ་ཁ་བྱང་ལས་བདག་ལ་འབྲེལ་བ་བཟོ་རོགས་།་
ly246@cam.ac.uk
རྡོ་སྦིས་བློ་བཟང་ཡོན་ཏན་ལགས།
ཁྱེད་ཀྱི་དྲི་བ། “ངའི་རང་གིས་ཀུན་གསལ་ལ་འབྲེལ་བ་འཛིན་འདོད་པའི་མཆན་དེ་ཆོག་མཆན་མ་ཐོབ་པའི་རྒྱུ་མཚན་གང་ཡིན་ནམ།”
ལན་། ཁ་སྔོན་ངེད་ཚོས་ཁྱེད་ལ།
1) ཁྱེད་ཀྱི་དྲི་བ་ལ་ལན་བརྒྱབས་ནས་ཚར་རྒྱུ་ཡོད་རྒྱུ་མ་རེད། ཁྱེད་ཀྱི་དྲི་བ་ལ་ལན་བརྒྱབ་ནས་ཁྱེད་ཀྱི་སེམས་ནད་སངས་ཐུབ་པའི་ཡིད་ཆེས་ཀྱང་བྱེད་ཀྱི་མེད་ལ། ང་ཚོ་ལ་ཁྱེད་ཀྱི་དྲི་བ་ཚང་མར་ལན་རྒྱག་པའི་འགན་ཁུར་ཡང་ཡོད་པ་མ་རེད།
2) ཁྱེད་རང་ཁ་བརྡ་ལ་ཡོང་ན། རྒྱུ་མཚན་གནས་ལུགས་ཤོད་དུ་ཤོག ྐླན་ཀ་འཚོལ་བ་དང་ཁྱད་གསོད་བྱེད་དུ་མ་ཡོང་། ཁྱེད་ཀྱི་ྐླན་ཀ་དང་ཁྱད་གསོད་ལ་ལ་ཉན་རྒྱུའི་འགན་ཁུར་ཡང་ང་ཚོར་ཡོད་པ་མ་རེད།
3) ད་ནས་བཟུང་ཁྱེད་ཀྱི་མཆན་དུ་ཁ་བརྡའི་དོ་བདག་རྣམས་ཚུད་པའི་གང་ཟག་གང་རུང་ཞིག་ལ་ྐླན་ཀ་འཚོལ་བ་དང་ཁྱད་གསོད་བྱེད་ཀྱི་ཡོད་པ་ཚོར་ན་གཅིག་ཀྱང་ཁ་བརྡ་ལ་གཏོང་གི་མིན་པ་དགོངས་འཇགས་ཞུ་ཞེས་ཞུས་ཚར་ཡོད།
རྒྱུ་མཚནའདི་དག་ལ་བརྟེན། ཁྱེད་ཀྱི་མཆན་རྣམས་ལ་བརྟག་དཔྱད་བཏང་རྗེས་གཞི་ནས་ཆོག་མཆན་ཐོབ་ཀྱི་ཡོད་པ་རེད།
ཁ་བརྡ་ཚང་གིས།
བཀའ་དྲིན་ཆེ།་རྒྱུ་མཚན་དེ་ལྟར་ཡིན་ན།་སྐད་ཆ་མང་པོ་མེད་།
རྡོ་སྦིས་བློ་བཟང་ཡོན་ཏན་ལགས།
བདག་གི་རྩོམ་དེ་ཁ་བརྡ་ཚང་གི་བཙོན་འོག་ན་ཡོད་པ་རེད། ཁྱེད་ཀྱིས་ཞིབ་འཇུག་བྱས་ནས་་ད་ལོ་རྒྱལ་སྤྱིའི་བོད་རིག་ཞིབ་མཇུག་ཚོགས་འདུའི་སྟེང་སྒྲོག་གི་ཡོད་ན་ཡག་པོ་རེད། ཁ་བརྡ་ཚང་གིས་བློ་ཡོན་ལ་རྩོམ་མཆན་དེ་མཁོ་སྤྲོད་བྱེད་པའི་རེ་བ་ཡོད། བློ་ཡོན་ལགས། ངའི་རྩོམ་མཆན་དེ་ཁ་བརྡ་ཚང་གིས་གཡུ་ཚང་གི་མིང་ཐོག་ནས་སྤེལ་བའི་༧ གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་པའི་རྩོམ་སྔ་ཕྱི་གསུམ་ལ་ཞིབ་སྡུར་བྱེད་རྒྱུ་མཁྱེན།
ཁ་བརྡ་ཚང་ལགས། ཁྱེད་ཚང་རྒྱུ་མཚན་གནས་ལུགས་བཤད་པར་དགའ་ན་ང་ཡང་དེ་ལ་དགའ། ཁྱེད་ཚོ་རྒྱ་གུང་ཁྲན་བཞིན་གནས་ལུགས་མི་ཉན་ནི་ཞིག་ཡིན་རྒྱུ་མ་རེད་འདོད་ཡོད། ང་ཚོས་བདེན་པ་བཤད་ཡ།
༡ གཡུ་ཚང་གིས་ ༧ གོང་ས་མཆོག་ལ་སྐྱོན་བརྗོད་བྱས་པ་མ་བསུབས་པར་ངས་༧ གོང་ས་མཆོག་ལ་ལྡོག་བརྗོད་ལམ་ནས་རྒྱབ་སྐྱོར་བྱས་པ་བསུབས་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ།
༢ ཁ་སང་ངས་་་ཁ་བརྡ་ལ་རྒོལ་བ་་་་ཟེར་བའི་རྩོམ་དེ་ཁ་བརྡ་ཐོག་མ་བཀོད་པ་དང་མཆན་གྱི་ནང་ཡང་ཡང་བསུབས་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། ཁ་བརྡ་ཚང་གི་སྒྲིག་གཞི་གང་དང་འགལ་སོང་བ་རེད། ལན་རེ་ཡོང་བའི་རེ་བ་སྙིང་ནས་ཞུ།
ཀུན་གསལ་དང་།ཁ་བརྡ་གཉིས་ལ་ཐུགས་རྗེ་ཆེ།
གཉིས་ཀ་གང་རུང་ཡིན་ཡང་མཆན་དེ་ང་ལ་སྐུར་བའི་རེ་བ་ཡོད་།ཕྱོགས་གཉིས་ཀྱི་ལྟ་བ་ཤེས་རྒྱུ་དེ་ཤིན་ཏུ་ནས་གལ་ཆེན་པོ་རེད་།ལྷག་པར་ཏུ་ཚོགས་འདུ་འདི་རྒྱལ་སྤྱིའི་བོད་ཀྱི་ཞིབ་མཇུག་ཚོགས་འདུ་ཡིན་པ་དང་།དེ་ལ་ནུབ་གྱི་དཔྱད་རྩོམ་གྱི་ཁྱད་ཆོས་རྣམས་དངོས་སུ་ཚང་དགོས་བས།་ཕྱོགས་ཡོང་ནས་ཞིབ་མཇུག་བྱ་རྒྱུ་ནི་གལ་ཆེན་པོ་རེད་།ངས་འདི་ཁ་བརྡ་དང་།བློ་བཟང་ཡོན་ཏན་།དེ་བཞིན་མི་ག་གེ་མོ་བར་གྱི་རྒྱུ་མཚན་ཞིག་རེད་བསམ་གིན་མེད་།འདི་ནི་དེང་དུས་བོད་ཀྱི་རིག་གཞུང་ལྟ་བ་མཚོན་པ་དང་།ཚན་རིག་ལག་རྩལ་གྱི་ནུས་བ་།་ལྷག་པར་ཏུ་བོད་ཀྱི་ཤེས་ཡོན་པ་རྣམས་ཀྱི་ལྟ་བའི་ཁྱེར་སྟངས་སོགས་མཚོན་པའི་དཔེ་མཚོན་ཞིག་རེད་བསམ་གིན་ཡོད།་ཕྱི་རྒྱལ་གྱི་མཁས་བ་ཁ་ཤས་ཀྱི་མགྲོན་འབོད་ལྟར་འདིའི་སྐོར་ལ་ཆེད་དུ་ཞིབ་མཇུག་ཅིག་བྱེད་བསམ་སོང་།ཀུན་གསལ་ལགས་།ཁ་པར་གྱི་ཨང་གྲངས་ཤིག་ཀྱང་བསྐུར་གནང་ཡོད་པ་ཞུ།ངས་ཁྱོད་ཀྱི་གཏམ་རྒྱུད་དང་།ཁྱེད་ཀྱི་ཕྱོགས་ཀྱི་སྐད་ཆ་ལ་ཉན་འདོད་ཆེན་པོ་ཡོད་པ་མ་ཟད་།ཁ་བརྡ་ཚང་གི་འདིའི་ཐད་ཀྱི་དགོངས་ཚུལ་ཡང་ཤེས་འདོད་ཡོད་།ཕྲན་ཁྱེད་རྣམས་ཀྱིས་རྩོད་པ་འདི་བྱས་སྐབས་སུ་བོད་ནང་དུ་ཡོད་པས་།འདིའི་སྐོར་ཀློག་རྒྱུ་དང་རྒྱུ་མཚན་གསལ་བོ་མ་ཤེས་མོད་།ད་ལྟ་འདིའི་སྐོར་ཆེད་དུ་ཞིབ་མཇུག་བྱ་རྒྱུའི་འདུན་པ་ཡོད་།དེ་བཞིན་ཤན་པ་མེ་རུ་རྩེ་ཟེར་བ་ཞིག་གི་མཆན་ཡང་བསུབ་པ་མཐོང་བས་།དེའི་སྐོར་ལ་གསལ་བཤད་ཅིག་ཡོད་པ་དང་།་ང་ལ་འབྲེལ་བ་འཛིན་པའི་རེ་བ་ཡོད་།དེ་བཞིན་ཁ་བརྡ་ཚང་གིས་ཀྱང་འདིའི་ཐད་ལ་གསལ་བསྒྲགས་ཤིག་སྤེལ་ཐུབ་པ་དང་།ང་ལ་དེའི་སྐོར་གྱི་འགྲེལ་བཤད་ཅིག་ཡོད་པའི་རེ་བ་ཡོད་།
གོང་གི་རྩོམ་དང་འབྲེལ་མེད་དོན་གཞན་གྱི་མཆན་རྐྱང་རྐྱང་རེད་འདུག ཀུན་གསལ་དང་བློ་ཡོན་སོགས་ཀྱིས་སྐྱག་པ་ཟ་འདོད་པ་ཡིན་ནམ།