བོད་རྒྱ་འབྲེལ་མོལ་ཐེངས་དགུ་བའི་ཐད་དཔལ་ལྡན་རྒྱལ་གྱིས་རྩོམ་པ་པོ་ྐླུ་སྨྱོན་ལགས་དང་མཉམ་དུ་གླེང་མོལ་ཞུས་པ། Posted on 2010-01-302010-01-30 By ཁ་བརྡ་ 8 Comments on བོད་རྒྱ་འབྲེལ་མོལ་ཐེངས་དགུ་བའི་ཐད་དཔལ་ལྡན་རྒྱལ་གྱིས་རྩོམ་པ་པོ་ྐླུ་སྨྱོན་ལགས་དང་མཉམ་དུ་གླེང་མོལ་ཞུས་པ། འདི་ལ་བསྣན་ནས་ཉན་རོགས། གསར་འགྱུར།
ཨ་ཁུ་ཀླུ་སྨྱོན་ལགས། འུ་ཚང་གིས་བོད་མི་དག་གི་ལྟོ་གོས་ཁོ་ན་རྩོད་ཀྱི་ཡོད་རྒྱུ་མ་རེད་འདོད་ཀི དེ་འདྲ་ཞིག་ཡིན་ན་ནི། བོད་པ་ཚང་གིས་བཙན་བྱོལ་གཞུང་དེ་ཕྱིར་བསྡུ་བྱས་པ་ཡིན་ན། ཕལ་ཆེར་མི་འགྲིག་པ་མེད་པར་འདོད། ང་ཚོ་ལ་གྲོས་ཆོད་དང་སྐད་ཆ་སྙན་པོ་བཤད་པ་ལས་ལག་ལེན་རྩ་བྲལ་དུ་བྱིན་པའི་སྲིད་གཞུང་ངན་པ་དེ་ཡིས་ད་དུང་། བོད་མི་རང་ལ་དགོས་པའི་གནད་དོན་ཁག་ལ་གཏན་ནས་ཁས་ལེན་མི་བྱེད་པ་ནི། རྒྱ་ནག་སྲིད་གཞུང་གི་མཐར་ཐུག་གི་འདོད་པ་དེ་རེད་ཅེས་ཚིག་ཐག་བཅད་ཆོག་པར་འདོད། ང་ཚོ་བཙན་བྱོལ་གཞུང་གིས་རང་བཙན་དོར་ནས་རང་སྲིད་རང་སྐྱོང་ཞིག་བརྩད་ཀྱང་དེ་ལ་ཡང་ཁ་བྲལ་རང་རུགས་པ་དང་ཏྰ་ལའི་ལོག་སྤྱོད་པ་ཟེར་བའི་མིང་དེ་གཉིས་ལས་བརྒལ་མེད་པའི་སྲིད་གཞུང་དེར་ཡིད་ཆེས་བྱེད་པ་ནི། རང་སྲོག་ལ་ཀུ་རེ་རྩེ་བ་ལས་མ་འདས་པར་འདོད། གལ་སྲིད་བོད་ཀྱི་གནད་དོན་ཐག་གཅོད་ཞིག་ཡོང་དགོས་པ་ཡིན་ན། ད་ལྟའི་སྲིད་་གཞུང་ངན་པ་དེ་མགོ་མཇུག་མ་ལོག་པར་དུ་བོད་ལ་དགོས་པའི་རེ་མདུན་དེ་འགྲུབ་མི་སྲིད།
གསན་བཞེས་གནང་བར་ཐུགས་རྗེ་ཆེ་ཞུ་བ་ལགས། ལས་ཀ་ན་ཡོད་དུས་སྐུ་ཞབས་དཔལ་ལྡན་རྒྱལ་ལགས་ནས་ཧོབ་སྟེ་ཞལ་པར་གནང་ནས་བཀའ་འདྲི་གནང་སོང་བས་གྲ་སྒྲིག་ཅི་ཡང་མེད་པར་ཡིད་ལ་ཤར་ཚད་ཅིག་ཞུས་པ་ཡིན། མི་འགྲིག་ས་ཡོད་ན་བཟོད་པར་གསོལ།
བློ་མཐུན་ཤ་ཁྲག་ལགས་ཉིད་ཀྱིས། བོད་པ་ཚང་གིས་བཙན་བྱོལ་གཞུང་དེ་ཕྱིར་བསྡུ་བྱས་པ་ཡིན་ན། ཕལ་ཆེར་མི་འགྲིག་པ་མེད་པར་འདོད། ཅེས་པའི་དོན་དེ་ངས་ངོ་མས་ཡག་པོ་མ་གོ་ཐལ། ཁོམ་པ་རེ་ཡོད་ན་འདིའི་དོན་གང་ཡིན་གསུང་རོགས་ཐུགས་རྗེ་ཆེ།
ཨ་ཁུ་ཀླུ་སྨྱོན་འདི་ཆབ་སྲིད་ཀྱི་གནད་དོན་གླེང་དགོས་ན་ཡང་ངར་བ་ཞིག་རེད་ཡ། ཨ་ཁུ་མི་མང་བོ་ཞིག་ཚོར་བའི་དབང་དུ་སོང་སྐད་ཆ་བཤད་ཀྱི་ཡོད་ནི་རེད་དེའི་རིགས་ཀྱིས་རྒྱང་རིང་ལ་བསམ་བློ་གཏོང་ཐུབ་ནི་མ་རེད། ཡང་བཤད་ན་འགན་ཆེན་པོ་ལེན་གྱི་ཡོད་ནི་མ་རེད་གནས་སྐབས་ཀྱི་ཚོར་བ་གླེང་བསྡད་ཡོད་ནི་རེད། རང་ཉིད་འཆི་མི་ཐུབ་པར་གཞན་ལ་འཆི་དགོས་ནི་རེད་ཟེར་ནི་རེད། ཨ་ཁུ་གསུང་སྟངས་ངོ་མ་འགྲིག་གི་བསམ། གང་ཡིན་ཟེར་ན་བོད་རྒྱའི་བར་གྱི་གནད་དོན་སེལ་དགོས་ན་གྲོས་མོལ་རིམ་པ་ལྟར་བྱས་ནས་སེལ་བའི་ཐབས་ལམ་ཞིག་འཚོལ་དགོས་ནི་རེད་མ་གཏོགས་དེ་མིན་གཞན་གང་བྱ་དགོས་ནི་རེད། རྒྱ་ནག་ལ་ཡིད་ཆས་མེད་ཀྱང་གྲོས་མོལ་བྱེད་རྒྱུ་ལས་འགན་རེད། དེ་མིན་གཞན་ག་རེད་བྱ་རྒྱུ་ཡིན། དེང་སང་སྤྱི་ཚོགས་ཀྱི་མཐོ་དམན་བར་གསུམ་ན་གནས་པའི་མི་ཁག་ཅིག་གིས་རང་ཉིད་བོད་ལ་ལྷག་བསམ་ཆེན་པོ་ཡིན་པ་དང་རྒྱ་ནག་ལ་དགའ་བོ་མེད་པ་སོགས་སྤྱི་ཚོགས་ཐོག་ཏུ་སྤེལ་ཏེ་དོ་བདག་རང་ལ་ལངས་ཕྱོགས་བརྟན་པོ་ཞིག་ཡོད་པ་དང་ལ་རྒྱ་ཤུགས་དྲགས་ཤིག་ཡོད་པ་མངོན་ཐབས་བྱེད་ཀྱི་ཡོད་ནི་རེད་ལ། ད་དུང་དེའི་སྟེང་རང་ཉིད་ལ་ཆབ་སྲིད་ཐོག་གོ་རྟོགས་ཆེན་པོ་ཡོད་ཚུལ་སོགས་བསྒྲགས་ཀྱི་ཡོད་ནི་རེད། དེའི་རིགས་ཀྱིས་འགན་ཁུར་མེད་པའི་ཁ་སྟང་བརྡར་གྱི་ཡོད་ནི་རེད་ཡ། ཨ་ཁུས་གྲ་སྒྲིག་སོགས་བྱེད་ཁོམ་མེད་པར་བཤད་པའི་སྐད་ཆ་དེ་ཁྱོད་ཀྱི་རྒྱུན་ལྡན་གྱི་བསམ་བློ་ཡིན་རྒྱུ་རེད་ངོ་མ་བཟང་གི་ཐུགས་རྗེ་ཆེ། མུ་མཐུད་ནས་ཤོད་རོགས
རྩམ་དགའ་ལགས། ངས་འདི་ནས་བཙན་བྱོལ་བོད་གཞུང་ཕྱིར་བསྡུ་བྱས་པ་ཡིན་ན་འགྲིག་གི་རེད་ཟེར་དོན་གང་ཡིན་ཟེར་ན། དེང་སང་བོད་མི་མི་ཉུང་བ་ཞིག་གིས་བོད་ཀྱི་རྩ་དོན་དེ་ནི་བོད་མི་དག་གིས་ལྟོ་གོས་མ་འགྲིག་པ་ལྟ་བུ་ཞིག་གླེང་བཞིན་ཡོད་པ་དང་ལྟོ་གོས་འགྲིག་པ་ཡིན་ན་འཐུས་པ་ལྟ་བུར་འདོད་མཁན་དག་ལ་བཤད་པ་ཡིན། དེང་སང་བོད་ནང་ཁུལ་གྱི་དཔལ་འབྱོར་གྱི་ཡར་རྒྱས་ཐད་ནས་འདོད་བློ་མ་ཁེངས་པ་དེ་ཙམ་ཞིག་རྩོད་ཀྱི་ཡོད་ན་ནི། བོད་བཙན་བྱོལ་གཞུང་འདི་དགོས་དོན་མི་འདུག་ཟེར་ནས་བཤད་པ་ཡིན། ང་ཚོས་བོད་ཕྱི་ནང་གཉིས་ཀྱི་བོད་མི་དག་གིས་གསལ་བོ་ཤེས་དགོས་པ་དེ་ནི་བོད་མི་དག་གིས་ལྟོ་གོས་མ་འགྲིག་པ་དེ་ཙམ་ཞིག་རྩོད་ཀྱི་མེད་པ་དེ་གསལ་བོ་ཤེས་དགོས་ཀྱི་འདུག དེ་ཙམ་ལས་མི་དགོས་པ་ཞིག་ཡིན་ན་འུ་ཅག་གི་བཙན་བྱོལ་གཞུང་དེ་དགོས་དོན་མི་འདུག་ཞེས་བཤད་པ་ཡིན། ལྷག་པར་དུ་ལྟོ་གོས་ཁོ་ན་ཞིག་གི་འགྲིག་གི་ཡོད་པར་འདོད་མཁན་དག་གིས་ཅི་ནས་ཀྱང་ཤེས་དགོས་པ་ཞིག་ནི། བོད་མི་དག་ལ་ལྟོ་གོས་ལས་ཀྱང་གལ་ཆེ་བ་ཞིག་ཡོད་པ་དེ་ནི་བོད་མི་རིགས་ཀྱི་རིག་གཞུང་དང་གོམ་གཤིས་དེ་ཉིད་ཉམས་པ་སོར་བཅུད་དང་མི་ཉམས་གོང་འཕེལ་ཆེད་དུ། བཙན་བྱོལ་གྱི་གཞུང་འདི་བཙུགས་ཡོད་པ་ལས། བོད་མི་དག་གི་ལྟོ་གོས་མ་འགྲིག་པར་གཞུང་འདི་བཙུགས་པ་མིན་དུས། ངས་དེ་ལྟར་བཤད་པ་ཡིན། འདི་ནི་སྐུ་ཉིད་ལ་བཏབ་པའི་ལན་མདོར་བསྡུས་ཤིག་ཡིན། དེ་ཡི་མ་འཐུས་པ་ཡིན་ན། ཐད་ཀར་བཀའ་འདྲི་བྱོས་དང་། ངས་གང་ཐུབ་ཅི་ཐུབ་ཅིག་ལན་འདེབས་ངེས་ཡིན་ལགས། ལྷག་པར་དུ་བོད་རྒྱུའི་འབྲེལ་མོལ་བྱེད་དུས་སུ། ག་དུས་ཡིན་ཡང་རྒྱའི་སྲིད་གཞུང་གིས་བོད་ནང་གི་བོད་མི་དག་གི་འཚོ་བ་ཡར་རྒྱས་སོང་ཡོད་པ་རྐྱང་རྐྱང་ཞིག་ལས། གཞན་དག་གི་གནད་འགག་ཅན་གྱི་གནས་ཚུལ་གང་ཡང་གླེང་གི་མེད་པ་དེ་ཤེས་པར་གྱིས་ཤིག
བློ་མཐུན་ལྷ་ཀླུ་གཉན་གསུམ་ལགས། རེད་རེད་་་་ངས་ཀྱང་ཉིད་ཀྱི་བཤད་དོན་འདི་འདྲ་ཞིག་ཡིན་རྒྱུ་རེད་བསམ་བྱུང་ཡང་། ཡག་པོ་བསམ་བློ་བཏང་ཡོང་དུས་བོད་མི་རེ་འགའི་ཐོག་ནས་རང་གཞུང་ཕྱིར་བསྡུ་བྱས་ན་མ་འགྲིག་པར་འདྲ་བོ་ཞིག་མཐོང་བས་དྲིས་པ་ཡིན་ལགས། འོ་་ངས་བལྟས་ན་ང་ཚོས་དཔར་འབྱོར་གྱིས་འདོད་པ་མ་ཁེངས་པ་དེ་ཡང་རྩོད་དགོས་ཀྱིན་འདུག་བསམ་གིན། གང་ཡིན་ཟེར་ན་རྒྱ་ནག་ཁོང་ཚོ་ནང་ཁུལ་གྱི་དཔར་འབྱོར་ཡར་རྒྱས་དང་། ང་ཚོའི་བོད་ས་ཁུལ་ཁག་གི་དཔར་འབྱོར་འདི་གཉིས་ལ་གནམ་ས་ལྟ་བུའི་ཁྱད་པ་ཤོར་ཡོད་ན་ཡང་། རྒྱ་གཞུང་གིས་ད་རུང་བོད་ཡར་རྒྱས་ལ་བཏང་ཡོད་ཅེས་བསྒྲགས་དང་སྒྲོག་བཞིན་ཡོད་པ་འདིའི་བརྫུན་ཁུང་གཏོར་ཆེད་དུ། ང་ཚོས་གང་ཐུབ་ཐུབ་ཀྱིས་རྩོད་ལོས་དགོས་བསམ་གིན་འདུག འདི་ངའི་བསམ་ཚུལ་ཙམ་བཤད་པ་ཡིན་ལགས།
ཨ་ཁུ་ཀླུ་སྨྱོན་ལགས། འུ་ཚང་གིས་བོད་མི་དག་གི་ལྟོ་གོས་ཁོ་ན་རྩོད་ཀྱི་ཡོད་རྒྱུ་མ་རེད་འདོད་ཀི དེ་འདྲ་ཞིག་ཡིན་ན་ནི། བོད་པ་ཚང་གིས་བཙན་བྱོལ་གཞུང་དེ་ཕྱིར་བསྡུ་བྱས་པ་ཡིན་ན། ཕལ་ཆེར་མི་འགྲིག་པ་མེད་པར་འདོད། ང་ཚོ་ལ་གྲོས་ཆོད་དང་སྐད་ཆ་སྙན་པོ་བཤད་པ་ལས་ལག་ལེན་རྩ་བྲལ་དུ་བྱིན་པའི་སྲིད་གཞུང་ངན་པ་དེ་ཡིས་ད་དུང་། བོད་མི་རང་ལ་དགོས་པའི་གནད་དོན་ཁག་ལ་གཏན་ནས་ཁས་ལེན་མི་བྱེད་པ་ནི། རྒྱ་ནག་སྲིད་གཞུང་གི་མཐར་ཐུག་གི་འདོད་པ་དེ་རེད་ཅེས་ཚིག་ཐག་བཅད་ཆོག་པར་འདོད། ང་ཚོ་བཙན་བྱོལ་གཞུང་གིས་རང་བཙན་དོར་ནས་རང་སྲིད་རང་སྐྱོང་ཞིག་བརྩད་ཀྱང་དེ་ལ་ཡང་ཁ་བྲལ་རང་རུགས་པ་དང་ཏྰ་ལའི་ལོག་སྤྱོད་པ་ཟེར་བའི་མིང་དེ་གཉིས་ལས་བརྒལ་མེད་པའི་སྲིད་གཞུང་དེར་ཡིད་ཆེས་བྱེད་པ་ནི། རང་སྲོག་ལ་ཀུ་རེ་རྩེ་བ་ལས་མ་འདས་པར་འདོད། གལ་སྲིད་བོད་ཀྱི་གནད་དོན་ཐག་གཅོད་ཞིག་ཡོང་དགོས་པ་ཡིན་ན། ད་ལྟའི་སྲིད་་གཞུང་ངན་པ་དེ་མགོ་མཇུག་མ་ལོག་པར་དུ་བོད་ལ་དགོས་པའི་རེ་མདུན་དེ་འགྲུབ་མི་སྲིད།
བཀུར་འོས་ཀླུ་སྨྱོན་ལགས་ནས།
བོད་རྒྱ་འབྲེལ་མོལ་བསྐོར་ནས་ཡག་ཐག་ཆོག་གླེང་མོལ་གནང་སོང་ཐུགས་རྗེ་ཆེ།
གསན་བཞེས་གནང་བར་ཐུགས་རྗེ་ཆེ་ཞུ་བ་ལགས། ལས་ཀ་ན་ཡོད་དུས་སྐུ་ཞབས་དཔལ་ལྡན་རྒྱལ་ལགས་ནས་ཧོབ་སྟེ་ཞལ་པར་གནང་ནས་བཀའ་འདྲི་གནང་སོང་བས་གྲ་སྒྲིག་ཅི་ཡང་མེད་པར་ཡིད་ལ་ཤར་ཚད་ཅིག་ཞུས་པ་ཡིན། མི་འགྲིག་ས་ཡོད་ན་བཟོད་པར་གསོལ།
བློ་མཐུན་ཤ་ཁྲག་ལགས་ཉིད་ཀྱིས། བོད་པ་ཚང་གིས་བཙན་བྱོལ་གཞུང་དེ་ཕྱིར་བསྡུ་བྱས་པ་ཡིན་ན། ཕལ་ཆེར་མི་འགྲིག་པ་མེད་པར་འདོད།
ཅེས་པའི་དོན་དེ་ངས་ངོ་མས་ཡག་པོ་མ་གོ་ཐལ། ཁོམ་པ་རེ་ཡོད་ན་འདིའི་དོན་གང་ཡིན་གསུང་རོགས་ཐུགས་རྗེ་ཆེ།
དགོངས་དག་ཤ་ཁྲག་མ་རེད། ལྷ་ཀླུ་གཉན་གསུམ་ལ་བཅོས་རོགས།
ཨ་ཁུ་ཀླུ་སྨྱོན་འདི་ཆབ་སྲིད་ཀྱི་གནད་དོན་གླེང་དགོས་ན་ཡང་ངར་བ་ཞིག་རེད་ཡ།
ཨ་ཁུ་མི་མང་བོ་ཞིག་ཚོར་བའི་དབང་དུ་སོང་སྐད་ཆ་བཤད་ཀྱི་ཡོད་ནི་རེད་དེའི་རིགས་ཀྱིས་རྒྱང་རིང་ལ་བསམ་བློ་གཏོང་ཐུབ་ནི་མ་རེད། ཡང་བཤད་ན་འགན་ཆེན་པོ་ལེན་གྱི་ཡོད་ནི་མ་རེད་གནས་སྐབས་ཀྱི་ཚོར་བ་གླེང་བསྡད་ཡོད་ནི་རེད།
རང་ཉིད་འཆི་མི་ཐུབ་པར་གཞན་ལ་འཆི་དགོས་ནི་རེད་ཟེར་ནི་རེད།
ཨ་ཁུ་གསུང་སྟངས་ངོ་མ་འགྲིག་གི་བསམ། གང་ཡིན་ཟེར་ན་བོད་རྒྱའི་བར་གྱི་གནད་དོན་སེལ་དགོས་ན་གྲོས་མོལ་རིམ་པ་ལྟར་བྱས་ནས་སེལ་བའི་ཐབས་ལམ་ཞིག་འཚོལ་དགོས་ནི་རེད་མ་གཏོགས་དེ་མིན་གཞན་གང་བྱ་དགོས་ནི་རེད།
རྒྱ་ནག་ལ་ཡིད་ཆས་མེད་ཀྱང་གྲོས་མོལ་བྱེད་རྒྱུ་ལས་འགན་རེད། དེ་མིན་གཞན་ག་རེད་བྱ་རྒྱུ་ཡིན། དེང་སང་སྤྱི་ཚོགས་ཀྱི་མཐོ་དམན་བར་གསུམ་ན་གནས་པའི་མི་ཁག་ཅིག་གིས་རང་ཉིད་བོད་ལ་ལྷག་བསམ་ཆེན་པོ་ཡིན་པ་དང་རྒྱ་ནག་ལ་དགའ་བོ་མེད་པ་སོགས་སྤྱི་ཚོགས་ཐོག་ཏུ་སྤེལ་ཏེ་དོ་བདག་རང་ལ་ལངས་ཕྱོགས་བརྟན་པོ་ཞིག་ཡོད་པ་དང་ལ་རྒྱ་ཤུགས་དྲགས་ཤིག་ཡོད་པ་མངོན་ཐབས་བྱེད་ཀྱི་ཡོད་ནི་རེད་ལ།
ད་དུང་དེའི་སྟེང་རང་ཉིད་ལ་ཆབ་སྲིད་ཐོག་གོ་རྟོགས་ཆེན་པོ་ཡོད་ཚུལ་སོགས་བསྒྲགས་ཀྱི་ཡོད་ནི་རེད།
དེའི་རིགས་ཀྱིས་འགན་ཁུར་མེད་པའི་ཁ་སྟང་བརྡར་གྱི་ཡོད་ནི་རེད་ཡ།
ཨ་ཁུས་གྲ་སྒྲིག་སོགས་བྱེད་ཁོམ་མེད་པར་བཤད་པའི་སྐད་ཆ་དེ་ཁྱོད་ཀྱི་རྒྱུན་ལྡན་གྱི་བསམ་བློ་ཡིན་རྒྱུ་རེད་ངོ་མ་བཟང་གི་ཐུགས་རྗེ་ཆེ།
མུ་མཐུད་ནས་ཤོད་རོགས
རྩམ་དགའ་ལགས། ངས་འདི་ནས་བཙན་བྱོལ་བོད་གཞུང་ཕྱིར་བསྡུ་བྱས་པ་ཡིན་ན་འགྲིག་གི་རེད་ཟེར་དོན་གང་ཡིན་ཟེར་ན། དེང་སང་བོད་མི་མི་ཉུང་བ་ཞིག་གིས་བོད་ཀྱི་རྩ་དོན་དེ་ནི་བོད་མི་དག་གིས་ལྟོ་གོས་མ་འགྲིག་པ་ལྟ་བུ་ཞིག་གླེང་བཞིན་ཡོད་པ་དང་ལྟོ་གོས་འགྲིག་པ་ཡིན་ན་འཐུས་པ་ལྟ་བུར་འདོད་མཁན་དག་ལ་བཤད་པ་ཡིན། དེང་སང་བོད་ནང་ཁུལ་གྱི་དཔལ་འབྱོར་གྱི་ཡར་རྒྱས་ཐད་ནས་འདོད་བློ་མ་ཁེངས་པ་དེ་ཙམ་ཞིག་རྩོད་ཀྱི་ཡོད་ན་ནི། བོད་བཙན་བྱོལ་གཞུང་འདི་དགོས་དོན་མི་འདུག་ཟེར་ནས་བཤད་པ་ཡིན། ང་ཚོས་བོད་ཕྱི་ནང་གཉིས་ཀྱི་བོད་མི་དག་གིས་གསལ་བོ་ཤེས་དགོས་པ་དེ་ནི་བོད་མི་དག་གིས་ལྟོ་གོས་མ་འགྲིག་པ་དེ་ཙམ་ཞིག་རྩོད་ཀྱི་མེད་པ་དེ་གསལ་བོ་ཤེས་དགོས་ཀྱི་འདུག དེ་ཙམ་ལས་མི་དགོས་པ་ཞིག་ཡིན་ན་འུ་ཅག་གི་བཙན་བྱོལ་གཞུང་དེ་དགོས་དོན་མི་འདུག་ཞེས་བཤད་པ་ཡིན། ལྷག་པར་དུ་ལྟོ་གོས་ཁོ་ན་ཞིག་གི་འགྲིག་གི་ཡོད་པར་འདོད་མཁན་དག་གིས་ཅི་ནས་ཀྱང་ཤེས་དགོས་པ་ཞིག་ནི། བོད་མི་དག་ལ་ལྟོ་གོས་ལས་ཀྱང་གལ་ཆེ་བ་ཞིག་ཡོད་པ་དེ་ནི་བོད་མི་རིགས་ཀྱི་རིག་གཞུང་དང་གོམ་གཤིས་དེ་ཉིད་ཉམས་པ་སོར་བཅུད་དང་མི་ཉམས་གོང་འཕེལ་ཆེད་དུ། བཙན་བྱོལ་གྱི་གཞུང་འདི་བཙུགས་ཡོད་པ་ལས། བོད་མི་དག་གི་ལྟོ་གོས་མ་འགྲིག་པར་གཞུང་འདི་བཙུགས་པ་མིན་དུས། ངས་དེ་ལྟར་བཤད་པ་ཡིན། འདི་ནི་སྐུ་ཉིད་ལ་བཏབ་པའི་ལན་མདོར་བསྡུས་ཤིག་ཡིན། དེ་ཡི་མ་འཐུས་པ་ཡིན་ན། ཐད་ཀར་བཀའ་འདྲི་བྱོས་དང་། ངས་གང་ཐུབ་ཅི་ཐུབ་ཅིག་ལན་འདེབས་ངེས་ཡིན་ལགས།
ལྷག་པར་དུ་བོད་རྒྱུའི་འབྲེལ་མོལ་བྱེད་དུས་སུ། ག་དུས་ཡིན་ཡང་རྒྱའི་སྲིད་གཞུང་གིས་བོད་ནང་གི་བོད་མི་དག་གི་འཚོ་བ་ཡར་རྒྱས་སོང་ཡོད་པ་རྐྱང་རྐྱང་ཞིག་ལས། གཞན་དག་གི་གནད་འགག་ཅན་གྱི་གནས་ཚུལ་གང་ཡང་གླེང་གི་མེད་པ་དེ་ཤེས་པར་གྱིས་ཤིག
བློ་མཐུན་ལྷ་ཀླུ་གཉན་གསུམ་ལགས།
རེད་རེད་་་་ངས་ཀྱང་ཉིད་ཀྱི་བཤད་དོན་འདི་འདྲ་ཞིག་ཡིན་རྒྱུ་རེད་བསམ་བྱུང་ཡང་། ཡག་པོ་བསམ་བློ་བཏང་ཡོང་དུས་བོད་མི་རེ་འགའི་ཐོག་ནས་རང་གཞུང་ཕྱིར་བསྡུ་བྱས་ན་མ་འགྲིག་པར་འདྲ་བོ་ཞིག་མཐོང་བས་དྲིས་པ་ཡིན་ལགས། འོ་་ངས་བལྟས་ན་ང་ཚོས་དཔར་འབྱོར་གྱིས་འདོད་པ་མ་ཁེངས་པ་དེ་ཡང་རྩོད་དགོས་ཀྱིན་འདུག་བསམ་གིན། གང་ཡིན་ཟེར་ན་རྒྱ་ནག་ཁོང་ཚོ་ནང་ཁུལ་གྱི་དཔར་འབྱོར་ཡར་རྒྱས་དང་། ང་ཚོའི་བོད་ས་ཁུལ་ཁག་གི་དཔར་འབྱོར་འདི་གཉིས་ལ་གནམ་ས་ལྟ་བུའི་ཁྱད་པ་ཤོར་ཡོད་ན་ཡང་། རྒྱ་གཞུང་གིས་ད་རུང་བོད་ཡར་རྒྱས་ལ་བཏང་ཡོད་ཅེས་བསྒྲགས་དང་སྒྲོག་བཞིན་ཡོད་པ་འདིའི་བརྫུན་ཁུང་གཏོར་ཆེད་དུ། ང་ཚོས་གང་ཐུབ་ཐུབ་ཀྱིས་རྩོད་ལོས་དགོས་བསམ་གིན་འདུག འདི་ངའི་བསམ་ཚུལ་ཙམ་བཤད་པ་ཡིན་ལགས།