ཁྲོ་གཏུམ།
ངས་ཆེས་མཐོ་བའི་ཁང་བརྩེགས་ནས་མར་བལྟ་དོན
ཁྱོད་རང་ཚོའི་རྐང་པའི་སྐྱ་འཐབ་པ་མཐོང་འདོད་ཡིན
རྐང་ཐང་གི་གོམ་སྒྲས་ཁོར་ཡུག་ལ་བཞག་པའི་དབྱངས་སྣ་ཚོགས་ཤིག
རྡུང་མ་ཤེས་པའི་རོལ་ཆ་དེས་གར་སྟེགས་ཉོབ་པ་ལྟར
ངལ་དུབ་ལ་ལྷུང་བའི་མི་ཚོགས་ཀྱི་འགྲོ་འོང་ནང་དུ་སྙན་འཇེབས་མི་འདུག
རྐང་ལྷམ་ས་ལ་བཙན་གྱིས་བརྡར་བའི་གོམ་ཁ་དེས
ངོ་གདོང་ནས་སྟོན་ཁ་འབྲས་བུ་མ་ལེགས་པའི་གཉེར་མའི་ཤུར་མོ་དང
དྲག་ཆར་གྱིས་བརྡུང་ཚར་བའི་ལོ་མའི་སྐྲ་ལོ་དག་སེར་བོ་སེར་བོ་རེད
མིག་གི་རྒྱལ་ཁམས་སུ་སེམས་ཀྱི་འདུན་པ་འོད་དུ་འཚེར་ཡང
འདྲུད་ལྷམ་གྱིས་ཁྱོད་ཀྱི་གོམ་འགྲོས་སུ་ཆུ་ཚོད་བཀག་ཡོད་པས
ནམ་རྒྱུན་ཁྲོམ་ལམ་དེའི་གཡས་གཡོན་ནས
ཁྱོད་རང་རྒས་ཤིང་ཁྱོད་ཀྱི་འདྲུད་ལྷམ་རལ་དགོས་པར་གྱུར
༢༠༡༤།༠༧།༢༢ ཉིན་བྲིས།
ལོ་མའི་སྐྲ་ལོ།
མཐོ་ས་ནས་མཐོང་འདོད་པ་དེ།
འཇིག་རྟེན་ན།
སྐྱིད་པོ་ཆ་ཚང་བ་ཞིག་ཉོ་རྒྱུ་མི་འདུག།
ཁབ་དང་སྐུད་པ་བཟོ་མ་ཤེས་ན།
རྐང་བ་ས་ལ་འབྱར་ནས་ངལ་དུབ་ལ་ལྷུང་།
སྨད་ཀི་དགྱ་མོས་དར་འཐག་དུས།
སྟོད་ཀི་བལ་བོས་ལི་རྡུང་གི།
བར་གི་བོད་པས་རང་མོས་བྲིས་སོང་།