བོད་རང་བཙན་སློབ་ཕྲུག་ཚོགས་པ།
ལོ་མང་པོའི་རིང་ལ་དབྱིན་ཡུལ་དུ་བཞུགས་ནས། བོད་རང་བཙན་སློབ་ཕྲུག་སློབ་ཕྲུག་ཚོགས་པའི་དབྱིན་ཡུལ་གྱི་རྒྱལ་ཡོངས་འགན་འཛིན་གནང་མྱོང་བའི་བོད་དོན་འཐབ་རྩོད་པ་པདྨ་ལགས་ཀྱིས་ཉེ་ལམ་བོད་ཀྱི་དཀའ་རྙོག་སེལ་བྱེད་ཀྱི་ཐབས་ལམ་ཟེར་བའི་འགུལ་རིས་ཅན་གྱི་བརྙན་པར་ཞིག་བཟོས་ནས་དྲ་ལམ་དུ་ཁྱབ་སྤེལ་བྱས་ཡོད་ལ། ད་ལྟ་བརྙན་པར་དེར་གཟིགས་མཁན་གྱི་གྲངས་འབོར་༧༠༠༠ ལྷག་བརྒལ་ནས། རྒྱལ་སྤྱིའི་ནང་གླེང་སློང་ཤུགས་ཆེར་འགྲོ་བཞིན་ཡོད།
བརྙན་པར་དེའི་ནང་ཁོ་མོས། རྒྱ་ནག་གི་སྟོབས་ཤུགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཐོག་གི་ལས་འགུལ་ཁག་ནུས་མེད་གཏོང་གི་ཡོད་པ་དེའི་རྒྱུ་མཚན་ནི་འཛམ་གླིང་སྟེང་གི་རྒྱལ་ཁབ་ཁག་གི་གནད་ཡོད་འགོ་ཁྲིད་མི་སྣ་ཚོས་རྒྱ་ནག་གཞུང་ལ་བོད་ཀྱི་དཀའ་རྙོག་སེལ་བའི་འབོད་སྐུལ་ཁེར་རྐྱང་དུ་ཞུས་པས། དེ་ལ་རྒྱ་ནག་གཞུང་གིས་ཉན་འཇོག་རྩ་བ་ནས་མ་བྱས་པར་མ་ཚད། ཁོང་ཚོས་ཚོང་ལས་ཀྱི་སྟོབས་ཤུགས་ངོམས་ནས་བོད་དོན་ཐོག་སེམས་འཚབ་ཡོད་པའི་་རྒྱལ་ཁབ་སོ་སོའི་དབུ་ཁྲིད་ཁག་ཚང་མ་ཡང་ཁ་ཚུམ་དུ་བཅུག་ཡོད་པའི་འགྲེལ་བརྗོད་བྱས་ཡོད།
བོད་མི་རིགས་ཉིད་ད་ལྟ་ཆེས་གཉན་འཕྲང་གི་དུས་སྐབས་ཤིག་ཏུ་ཡོད་ལ། དུས་ད་ལྟའི་དབར་རྒྱལ་གཅེས་བོད་མི་༡༢༥ ལྷག་གིས་རྒྱལ་སྤྱིའི་ཐོག་ཏུ་བོད་དོན་ལ་རྒྱབ་སྐྱོར་རེག་ཆེད་དང་། རྒྱ་ནག་གི་གདུག་རྩུབ་ཀྱི་སྲིད་ཇུས་ལ་ངོ་རྒོལ་བྱེད་ཆེད་རང་ལུས་མེ་རུ་བསྒྲོན་ཡོད་པས། ད་ནི་བོད་ཀྱི་དཀའ་རྙོག་སེལ་བའི་དུས་ལ་བབ་ཡོད།
དེས་ན་བོད་ཀྱི་དཀའ་རྙོག་སེལ་བའི་ཐབས་ལམ་གང་ཡོད་ཅེ་ན། ལངས་ཕྱོགས་མཐུན་པའི་སྲིད་གཞུང་ཁག་གིས་མཉམ་སྦྲེལ་སྒོས་རྒྱལ་མང་རང་བཞིན་གྱི་ཚོགས་སྡེ་ཞིག་གསར་འཛུགས་བྱས་ནས་མཉམ་འབྲེལ་གྱི་ནུས་ཤུགས་གཅིག་ཏུ་སྤུངས་ཏེ་རྒྱ་ནག་གཞུང་གི་ཧམ་བཤད་དང་ཐུབ་ཚོད་ལ་ལན་འདེབས་དང་། འཛམ་གླིང་གི་གནད་ཡོད་འགོ་ཁྲིད་ཚོས་ཁེར་རྐྱང་ངང་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུས་པ་ཙམ་མ་ཡིན་པར། ཐུན་མོང་ཐོག་རྒྱ་ནག་གཞུང་ལ་གནོན་ཤུགས་ཚ་ནན་སྤྲད་ན་བོད་ཀྱི་དཀའ་རྙོག་སེལ་ཐུབ་ངེས་ཅེས་ཁོ་མོས་བརྗོད་འདུག
དེ་ཡང་བོད་མི་ཚོར་དམིགས་ནས་ད་ཆ་བརྙན་པར་དེ་བོད་སྐད་ནང་བཟོ་སྐྲུན་བྱས་ཡོད་པས། གཞིས་བྱེས་བོད་མི་ཡོངས་ཀྱིས་ཁོ་མོའི་ཕུལ་བྱུང་གི་བསམ་བློ་དང་ལས་གཞི་འདི་ལ་རྒྱབ་སྐྱོར་དང་རོགས་འདེགས་ཡོང་བ་ཞུ།
༼ལས་དོན་ཡག་པོ་ཞིག་སྒྲུབ་པ་ཙམ་མ་ཡིན་པར། ལས་དོན་དེ་སྤྱང་པོ་བྱས་ནས་སྒྲུབ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། — པདྨས།༽
བོད་དོན་དྲིལ་བསྒྲགས་ཐད་ལ་ཧ་ཅང་ཕན་ངེས་ཤིག་བཟོས་འདུག་པས་དགའ་བསུ་ཡོད། མུ་མཐུད་ནས་བོད་ཀྱི་དཀའ་ངལ་ཁག་སྒྱུ་རྩལ་གྱི་ཐབས་ལམ་འདྲ་མིན་བརྒྱུད་ནས་སྤེལ་རོགས་ཞུ། ཐུགས་རྗེ་ཆེ།
ག་པའི་ཐབས་རྩལ་མ་འདྲ་བ་ཞིག་བཀོལ་ནས་བོད་དོན་དྲིལ་བསྒྲགས་བྱས་པ་ཕན་ནུས་ཆེན་པོ་ལྡན་པས། ཚང་མས་རྒྱབ་སྐྱོར་དང་བརྙན་པར་འདི་བརྒྱུད་སྐུལ་བྱེད་རྒྱུ་ཧ་ཅང་གལ་ཆེ་བར་མཐོང་།
༼དགྲ་པོ་ལ་དགྲ་པོས་ཁ་གཏད་གཅོག་དགོས་བ་ལས། དགྲ་བོས་དགྲ་བོའི་གྲོགས་པོ་ཚོ་དགྲ་བོ་ལ་ཁ་གཏད་གཅོག་དུ་མངགས་ན། དེ་ནི་བྱེད་མི་ཤེས་བའི་ལས་ཀ་ཞིག་དང་། མཇུག་འབྲས་ལ་རྒྱལ་ཁ་མེད་པའི་ལས་ཀ་ཞིག་རེད། གནམ་གྱིས།༽
༼དགྱ་ནག་སྟོབས་ཆེན་ཅི་ཙམ་ཡིན་ན་ཡང་། དགྲ་བོ་ས་ཡ་དྲུག་གསོད་ཐུབ་པའི་ནུས་བ་དང་རྡོག་རྩ་མེད། གནམ་གྱིས༽
༼མདའ་མདོང་ལག་ཆ་གང་ཡང་མེད་རུང་། རྡོག་རྩ་ཡོད་ན། ས་ཡ་དྲུག་གི་གྲངས་འབོར་གྱི་ཆ་ནས་ཡང་ང་ཚོ་ལ་རྒྱལ་ཁབ་ཐོབ་ཡོད། གནམ་གྱིས།༽
དགྲ་བོར་ང་ཚོ་རང་གི་ཁ་གཏད་གཅོག་དགོས་ཀྱི་མ་རེད་ཅེས་གསུངས་མི་འདུག དགྲ་བོར་ང་ཚོས་འཐབ་འཛིང་བྱེད་དགོས་ཀྱང་དམག་རོགས་འཚོལ་རྒྱུ་ཡང་ཆབ་སྲིད་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་ལོ་རྒྱུས་ཀྱིས་ཁ་གྲགས་ཡོང་གི་འདུག
རྡོག་རྩ་དགོས་ཟེར་ནས་ཆོས་ལུགས་ཀྱི་འཐེན་ཁྱེར་དང་གཞན་གྱི་ཆོས་ལུགས་ལ་སྡང་ཟུག ནང་བསྟན་འཛམ་གླིང་ལ་དར་ན་དེ་ཀས་ཆོག་པ། འཛམ་གླིང་ནང་བསྟན་ལ་བསྒྱུར་ཐུབ་ན་བོད་རང་བཙན་དང་བོད་དོན་ཟེར་བ་དེ་མི་དགོས་ོཔའི་རྣམ་འགྱུར་འདི་ལ་གཞིགས་ཚེ་ངེད་ཚོའི་དམིགས་ཡུལ་ཕ་རིའི་སྤང་རེད།
བན་དེ་བ།
རྡོག་རྩ་ཟེར་བ་འདི་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་ཡིན་པ་ལས་བྱུང་དགོས་བའི་རྡོག་རྩ་ཞིག་ཡིན་པ་ལས། ཆོས་ལུགས་དང་ཆོལ་ཁ། སྡེ་ལུང་དང་ཁྱིམ་ཁ་སོ་སོར་ཡོད་མ་ཆོག་པ་དེ་འདྲ་གང་ཡང་མ་རེད་ལོ།
སྲིད་བཤད་ས་ནས་ཆོས་བཤད་ནས་དཀྲུག་མ་ཡོང་ལོ། རྒྱལ་ཁ་གླེང་ས་ནས་ཕམ་ཁར་སྐྲག་ནས་འཁུམ་མ་འདུག་ལོ།
ནང་དགྲ་དང་ཕྱི་དགྲ་གཉིས་ལས་ཕྱི་དགྲ་འདུལ་ཐབས་ཞིག་འཚོལ་བཞིན་པའི་དུས་་རེད་ལོ། ནང་འཛིང་དང་བཟའ་འཛིང་ནི་རྒྱལ་ཁབ་དང་མི་རིགས་ལ་ཐུག་དུས་འཇོག་ཐུབ་པ་ཞིག་ཡིན་པ་མཁྱེན་དགོས་བ་རེད་ལོ།
ལོ་ལོ་ཁྱོས་རྡོག་རྩ་ཟེར་བ་དེ་ག་དུས་དགོས་དང་ཅི་ཞིག་ཡིན་ཤེས་ཡོད་ཚོད་མི་འདུག་ལོ། ལོ་ལོ་ཁྱོས་ངའི་མཆན་ཆག་འདི་ཀློག་བཞིན་གཉིད་ལ་སྡོད་དང་ཕན་ས་རེད་ལོ།
བོད་རང་བཙན་སློབ་ཕྲུག་ཚོགས་པ་ནི་ གཞོན་ནུ་ཚོག་པ་དང་ བེུད་ཚོགས་པ་དང་མི་འདྲ་བར་འབོད་ཚིག་དང་ལམ་ཕྱོགས་མུ་མཐུད་གསལ་པོ་ཡོད་པ་ཞིག་རེད་ དེ་ནི་ཁོང་ཚོའི་དབུས་ལས་ཁུངས་ཨ་རིའི་ནང་ཡོད་ཙང་བྱས་པ་རེད་ གལ་སྲིད་ཁོང་ཚོའི་དབུས་རྒྱུན་ལས་རྡ་རམ་ས་ལར་ཡོད་ན་ སྔ་ས་ནས་བོད་དབུ་མའི་ལམ་སློབ་ཕྲུག་ཚོགས་པ་ཆག་ཚར་བ་རེད་ དེ་འདྲ་ཆག་ན་དམིགས་ཡུལ་དང་ ལམ་ཕྱོགས་ འབོད་ཚིག་གསལ་པོ་མེད་པ་ཆག་གི་རེད་
བསམ་བློ་གཏོང་མི་ཤེས་པ་ལས་བསམ་བློ་ཚར་ཞིག་བཏང་པའང་ཡག་པོ་རེད། ཡིན་ནའི། འཛམ་གླིང་གི་དབུ་ཁྲིད་ཚོས་ཅིའི་ཕྱིར་མཉམ་རུབ་ཀྱིས་བོད་པར་རོགས་པ་གནང་དགོས་པ་རེད་དམ་ཞེས་པའི་དྲི་བ་འདི་པདྨའི་གཙོས་པའི་ལས་འགུལ་པ་ཚོས་མདུན་དུ་ལྷགས་ཡོད། གལ་སྲིད་ལན་མི་བརྙེད་ན། རྒྱ་ཡིག་གི་དེབ་འདིའི་ནང་ཡག་པོ་ཞིག་བཀོད་འདུག
http://showwe.tw/books/books.aspx?b=2525
ད་དུང་མུ་ཐུད་གསུང་དང་
རྒྱ་ནག་རྒྱ་ནག་མ་ཟེར། རྒྱ་ནག་དམར་པོའི་གཞུང་ཞེས་བརྗོད་ན་ལེགས་པར་སེམས། རྒྱ་ནག་རྒྱལ་ཁབ། རྒྱ་མི། རྒྱ་གཞུ་གསུམ་ཡོད་པ་ཤེས་དགོས།
རྒྱ་གཞུང་