ཨེ་མ་ཧོ།
སྐྱིད་པའི་ཉི་མ་དྲོན་པོ་དགུང་ནས་འཆར།།
ཞིམ་པའི་བཟའ་གཏུང་ལོངས་སྤྱོད་མདུན་དུ་བཤམས།།
མཛེས་པའི་ན་ཆུང་བུ་མོ་དད་དགའ་བཅས།།
བདེ་བའི་ཕྱག་རྒྱ་ཆེན་པོའི་ཚོགས་འཁོར་རོལ།།
ངེས་འབྱུང་རྣལ་མ་སྐྱེས་པའི་རྒྱ་མོ་འདིས།།
ལུས་དང་ལོངས་སྤྱོད་དཀོན་མཆོག་གསུམ་ལ་མཆོད།།
ཚེ་གཅིག་སྨིན་གྲོལ་ཐོབ་པའི་གདམས་ངག་ཅིག།
གསུང་པའི་གནད་བསྐུལ་ཡང་ཡང་སྙིང་ནས་གསོལ།།
བླ་མའི་རྣལ་འབྱོར་རང་རིག་རྒྱལ་པོ་བསྟན།།
ཡི་དམ་རྒྱལ་བ་རྡོ་རྗེ་སེམས་དཔའ་བསྙེན།།
མཁའ་འགྲོ་བཀྲ་ཤིས་དོན་ཀུན་གྲུབ་པ་དང་།།
ཆོས་སྐྱོང་གེ་སར་སྲོག་དབང་བཀའ་གཏད་བཅོལ།།
ཚེ་གཅིག་སངས་རྒྱས་ཐོབ་པའི་སྨོན་ལམ་བཏབས།།
ཆོས་གཅིག་རྫོགས་པ་ཆེན་པོའི་གདམས་ངག་བཤད།།
སྐད་ཅིག་བཙན་ས་ཟིན་པའི་དགོངས་པ་བརྙེས།།
དལ་ཅིག་དབྱིངས་རིག་ངང་དུ་མཉམ་པར་བཞགས།།
རང་སེམས་སངས་རྒྱས་ཡིན་པར་གོ་བརྡ་འཕྲོད།།
གདམས་ངན་བདུད་རྩི་ཡིན་པའི་མྱོང་བ་ཐོབ།།
རང་བཞིན་རྫོགས་པ་ཆེན་པོའི་དོན་རྟོགས་ནས།།
ཤྲྰིཿསྨྱོན་རྩ་གསུམ་ཀུན་འདུས་ངེས་པར་རྙེད།།
གསོལ་ཇ་མཆོད་སྐབས་སུ་དབྱངས་ཅན་ལྷ་མོ་དང་དཀོན་མཆོག་དཔལ་སྒྲོལ་ལ་རྩ་གསུམ་ཆོས་སྐྱོང་བསྟེན་ཚུལ་དང་རང་ངོ་སྐྱོང་ཚུལ་བཤད་པས་གནད་དུ་སྨིན་པ་ཞིག་བྱུང་བས་གང་དྲན་དུ་དབྱིན་ཇིའི་རྒྱལ་ས་ལན་དྲོན་ཨེ་ཝྃ་མཁའ་འགྲོ་ཆོས་འཁོར་གླིང་ནས་ཤྲྰིས་སོ།།