དགའ་ཉག་འཁྱམ་པོ།
མདོ་ཁམས་བྲག་གཡབ་ཡུལ་གྱི་༧སྐྱབས་མགོན་དགུ་པ་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོའི་འཁྲུངས་སྐར་ལ་སྒོ་གསུམ་དྭངས་བས་གུས་འདུད་དང་འཚམས་འདྲི་ཞུ། ཁོང་ནི་ཕྱི་ལོ་༡༩༤༠ ཟླ་བ་༧ པའི་ཚེས་༢༧ ཉིན་མདོ་ཁམས་མི་ཉག་ཡུལ་དུ་སྐུ་འཁྲུངས།
མདོ་ཁམས་མི་ཉག་དགེ་བཅུ་ཚང་བའི་སར།།
ངོ་མཚར་ཁྱད་འཕགས་རྟགས་དང་རྟེན་འབྲེལ་ཁྲོད།།
རབ་མཛེས་སྐུ་ཡི་མཚན་དཔེའི་མེ་ཏོག་བཞད།།
དཀར་ཕྱོགས་ལྷར་བཅས་ཡིད་ལ་ངལ་གསོ་ཐོབ།།
འཁྲུལ་བྲལ་ལུང་དང་དཔྱད་བཟོད་བརྟག་ཐབས་ཀྱིས།།
མདོ་ཁམས་བྲག་གཡབ་ལུགས་གཉིས་མངའ་བདག་གི།
༧སྐྱབས་མགོན་བརྒྱད་པའི་སྐུ་ཡི་ཕྲེང་བར་བཀོད།།
སྟོང་ཚོ་བཅུ་གཉིས་རེ་བའི་སྨྱུ་གུ་འབུས།།
དཀའ་བ་སྟོང་དང་གནོན་ཤུགས་ཁྲི་ཕྲག་ལ།།
དཀའ་བསྐྱེད་འབད་བརྩོན་སྙིང་སྟོབས་ཆེན་པོ་ཡིས།།
རང་ཡུལ་གདན་འདྲེན་གོང་མའི་ཁྲི་ལ་བཀོད།།
ལྷ་སྡེ་མི་སྡེ་མགོན་དང་སྐྱབས་ཡོད་གྱུར།།
ལོ་རྒྱུས་རིང་བའི་རང་ཡུལ་གདན་ས་ནང་།།
ཡོངས་འཛིན་དགེ་བའི་བཤེས་གཉེན་རྣམ་གཉིས་མདུན།།
སྦྱོར་ཀློག་སྔོན་འགྲོའི་ཆོས་སྐོར་ཚེགས་མེད་མཁྱེན།།
ཡོངས་འཛིན་འཁོར་བཅས་རེ་བ་འཕར་མ་བསྩལ།།
དབུས་འགྱུར་ཞིང་གི་དཔལ་ལྡན་འབྲས་སྤུངས་སུ།།
མཚན་སྙན་འབར་བའི་མཁས་གྲུབ་དུ་མའི་མདུན།།
ཤེས་བརྩོན་ཟབ་མོས་རྟོགས་དཀའི་གཞུང་ལ་འབད།།
ལུང་རིགས་སྨྲ་བའི་བཤེས་རྣམས་མགུ་བར་བྱས།།
བྲག་གཡབ་ཚང་གི་གདན་གསུམ་གཏོང་སྒོ་ལ།།
གངས་ཅན་ལྷ་གཅིག་པད་དཀར་འཆང་བའི་མདུན།།
དག་གསལ་སྙན་པའི་མཎྜལ་རྒྱས་བཤད་མཛད།།
ལྷ་སྡེ་མི་སྡེ་དད་པའི་མིག་ཆུ་ཤོར།།
ཤར་ཕྱོགས་ཙི་ནའི་གཡོ་ཇུས་ངན་འཕྲུལ་གྱིས།།
གངས་ཅན་སྣོད་བཅུད་བདག་གིར་བྱས་པའི་ཚེ།།
གངས་རིའི་ཞིང་ནས་འཕགས་པའི་ཡུལ་དུ་ཕེབས།།
བྲག་ལྗོངས་ཞིང་དེ་མགོན་མེད་དྭ་ཕྲུག་གྱུར།།
རྒྱུས་མེད་ས་མཐའི་མངར་སྐྱུར་འཚོ་བའི་ཁྲོད།།
དཀའ་སྡུག་ཆུ་གཉེར་གཅིག་རྗེས་གཉིས་མཐུད་ཀྱིས།།
ཁེར་རྐྱང་འོ་རྒྱལ་མྱངས་བའི་སྔོན་གྱི་གཏམ།།
ནམ་རེ་ཐོས་ཚེ་སྙིང་ལ་ཟུག་རྔུ་རེ།།
གསེར་རི་འདྲ་བའི་བཤེས་གཉེན་ཡོངས་འཛིན་མདུན།།
བརྡ་དག་སྙན་སུམ་མདོ་སྔགས་གཞུང་ལུགས་ལ།།
རྩེ་གཅིག་དྭངས་བས་གུས་རྟག་སྦྱོར་བ་ཡིས།།
བླ་ཆེན་མཁས་པའི་གྲལ་ནས་འོད་དུ་འཚེར།།
ཤེས་རིག་མཚན་གྱི་སྙན་པ་འཆང་བའི་སྡེར།།
ཤེས་ཡོན་སློབ་གསོ་འཛིན་སྐྱོང་དར་སྤེལ་དང་།།
ཤེས་རབ་སྒོ་འབྱེད་”བོད་བརྡའི་ཚིག་མཛོད་”བརྩམས།།
མཁས་བླུན་སྟོང་ལ་མིག་གཅིག་སྦྱིན་པར་མཛད།།
ཕྱག་ན་པདྨོའི་བཀའ་ཡི་དགོངས་དོན་བཞིན།།
རྒྱལ་སའི་བོད་ཁང་གངས་ཅན་རིག་པའི་གཞུང་།
རྣམ་དཔྱོད་བཀོད་པས་དགུང་དུ་འདེགས་པ་ན།།
རིག་གཞུང་སྲོག་གི་ཀ་བ་ཚུགས་ཞེས་གྲགས།།
ནང་བསྟན་རིག་གནས་ནུབ་དུ་དར་བའི་ཆེད།།
ཞབས་ཀྱི་འཁོར་ལོ་རྗར་མན་ཡུལ་ལ་བསྒྱུར།།
ཆེས་མཐོའི་སློབ་གླིང་སློབ་དཔོན་མཛད་པ་ན།།
ཀུན་སྙོམས་འོད་ཅིག་ཀུན་ལ་ཁྱབ་པར་གྱུར།།
གཞན་ཡང་འགྲོ་བའི་ཁམས་དང་མོས་པ་བཞིན།།
མི་རིགས་སྣ་ཚོགས་ཆོས་ལུགས་རིས་མེད་ལ།།
སེམས་ཀྱི་བདེ་སྐྱིད་བདེ་བའི་ལམ་སྟོན་དང་།།
གངས་ཅན་བོད་ཀྱི་རིག་གཞུང་ངོ་སྤྲོད་མཛད།།
དུས་ངན་རླུང་འཚུབ་ཅུང་ཟད་ཞི་བའི་ཚེ།།
རེ་དོགས་ཤིག་གིས་བྲག་ལྗོངས་ཡུལ་དུ་ཕེབས།།
ལྷ་སྡེ་མི་སྡེ་དད་དམ་གཡོ་མེད་ཀྱི།།
ངང་ཚུལ་གཟིགས་པས་དགྱེས་བཞིན་རྗེས་བཟུང་མཛད།།
འཚོ་བ་ངན་ངོན་དཀའ་བསྐྱེད་འབུམ་ཕྲག་གིས།།
རྗར་མན་བྲག་གཡབ་རོགས་ཚོགས་གསར་དུ་བཙུགས།།
གཞིས་ཀྱི་ཤེས་རིག་འཕྲོད་བསྟེན་སློབ་གསོ་ལ།།
དངོས་དང་བརྒྱུད་པས་མཐུན་རྐྱེན་བར་མེད་བསྩལ།།
མ་དགོན་འདུས་སྟེ་སྟོང་ལ་ཉེ་བ་ལ།།
ཆབ་དགོན་མཁན་ཆེན་དམ་པའི་བཀའ་དྲིན་འོག།
པོད་ལྔའི་རྩོད་གྲྭ་གསར་དུ་བཙུགས་པར་མཛད།།
མཚན་ཉིད་སྡེ་ཚན་ཞེས་པའི་མིང་བྱང་གནང་།།
བྱམས་མདུན་བྱམས་པ་རང་བྱོན་གྲག་པའི་སར།།
གངས་ཅན་བོད་ཀྱི་གསོ་རིག་སློབ་པའི་གྲྭ།།
གསར་དུ་བསྐྲུན་དང་མཐུན་རྐྱེན་བར་མེད་གནང་།།
གསོ་རིག་སྡེ་ཚན་ཞེས་པའི་མིང་བྱང་བསྩལ།།
དབྱེན་འདུམ་ཐང་ཆེན་སྟེང་པའི་ས་ཡི་ཆར།།
མེས་པོའི་སྲོལ་རྒྱུན་ལྷ་བྲིས་སློབ་གྲྭ་ཞིག།
གསར་དུ་བསྐྲུན་དང་མཐུན་རྐྱེན་བར་མེད་གནང་།།
བཟོ་རིག་སྡེ་ཚན་ཞེས་པའི་མིང་བྱང་བསྩལ།།
རྫོང་དང་བར་ཐག་རིང་བའི་རི་གྲོང་དུ།།
ཤེས་ཡོན་སློབ་གཉེར་བྲལ་བའི་ན་ཆུང་ཚོར།།
ཤེས་རིག་སློབ་གསོའི་འོད་སྣང་འབྱུང་བའི་ཆེད།།
དཀའ་བ་བསྟེན་ཏེ་སློབ་གྲྭ་དུ་མ་བཙུགས།།
ཡར་ཤོད་དབེན་གནས་སྒྲོལ་མ་རི་ཁྲོད་ཀྱི།།
འདུས་སྡེ་བཙུན་མ་ལྔ་བརྒྱ་ཉེ་བ་ལ།།
གཞུང་ཆེན་རྩོད་པའི་ཆོས་གྲྭ་གསར་དུ་བསྐྲུན།།
དགེ་བཤེས་མ་ཡི་གོ་མིང་ཡོད་པར་མཛད།།
བྱེས་ཀྱི་གདན་སའི་ཉག་རེ་སློབ་གཉེར་བ།།
ཨང་རིམ་དང་པོའི་གནས་ཚད་ལོན་པ་ཚོར།།
ལེགས་གསོལ་བྱ་དགའ་ཡུན་རིང་བསྩལ་བར་མཛད།།
དུས་ནས་དུས་སུ་བཀའ་སློབ་ལམ་སྟོན་གནང་།།
ཡིད་བཞིན་ནོར་བུའི་ལམ་རིམ་ཆེ་ཆུང་སོགས།།
གསུང་ཆོས་སྔ་ཕྱིའི་ཞུ་སྒྲིག་གཙོ་བོའི་འགན།།
ལོ་མང་བཞེས་ཏེ་རིང་མིན་ཚར་བ་ཡི།།
སྐལ་བཟང་དུས་ཀྱི་ཉི་གཞོན་འཛུམ་ལ་ཉེ།།
ཤར་ནུབ་ཤེས་རིག་བར་གྱི་ཟམ་པ་དང་།།
གཞིས་བྱེས་བོད་དང་རི་བོ་ཧི་མ་ལའི།།
མཁས་པ་འཛོམས་སའི་བསྟི་གནས་ཤིག་གི་ཆེད།།
རྗར་མན་བོད་ཁང་གསར་དུ་བཙུགས་པར་མཛད།།
གངས་ཅན་ཁ་བའི་རིགས་ཞེན་སྤུན་ཟླ་ཚོར།།
རིགས་ཀྱི་སྐད་ཡིག་གཅེས་འཛིན་བེད་སྤྱོད་ཐད།།
འཚོ་བ་དངོས་ཀྱི་མཐོང་ཐོས་མང་པོ་ཞིག།།
ཁུངས་ཐུབ་རིགས་པའི་ལམ་ནས་གསལ་བར་མཛད།།
བོད་ལ་དགའ་ཞིང་བསྟན་ལ་དད་པ་ཚོར།།
དབང་སྒྱུར་བོད་ཀྱི་སྤྲུལ་སྐུའི་ལམ་སྲོལ་དེ།།
དུས་བསྟུན་བསྒྱུར་བཅོས་དགོས་པའི་ལེགས་བཤད་བསྩལ།།
གཟུར་གནས་ཚོགས་ཀྱིས་བསྔགས་པའི་མེ་ཏོག་གཏོར།།
མདོར་ན་བསྟན་འགྲོ་སྤྱི་དང་གངས་ཅན་པ།།
ཡང་སྒོས་གང་གི་ཐུགས་རྗེས་སྐྱོང་བའི་ཡུལ།།
དུས་ཚོད་སྐར་ཆ་ཐུགས་ཀྱིས་མི་འདོར་བར།།
དོན་ཆེན་སྒྲུབ་འདི་ངོ་མཚར་རྨད་དུ་བྱུང་།།
༧གོང་ས་ཡིད་བཞིན་ནོར་བུའི་ཐུགས་རྗེའི་ཤུགས།།
བྲག་གཡབ་ཁྲི་ཚོ་དྲུག་གི་དད་པའི་ཤུགས།།
སྲུང་མ་བསེ་ཡི་ཁྲབ་ཅན་ནུས་ཤུགས་ཀྱིས།།
བློ་ལྡན་ཤེས་རབ་སྐུ་ཚེ་བརྟན་གྱུར་ཅིག།
འབྲེལ་ཐོགས་རང་ཡུལ་ཁ་བའི་ཞིང་ཁམས་སུ།།
ཉིན་མཚན་དད་གདུང་སེམས་ཀྱིས་འཚོ་བ་ཡི།།
སྐྱ་སེར་ཁྲི་ཡི་རེ་འདུན་ཟབ་མོ་སྟེ།།
ཞལ་མཇལ་གསུང་ཐོས་དགའ་སྟོན་སྤེལ་བར་མཛོད།།
བདག་གི་ཨ་མའི་སེམས་ཀྱི་རེ་བ་དང་།།
ལོ་མང་མ་མཇལ་ཡིད་ཀྱི་གདུང་བ་རྣམས།།
བརྩེ་ཆེན་ཀློང་ནས་བརྩེ་བ་ཆེན་པོ་ཡིས།།
རེ་བ་སྐོངས་ཤིག་གདུང་བ་སེལ་བར་མཛོད།།
མ་བཅོས་ཡིད་ལ་མ་འབད་ཤར་བ་ཡི།།
མཛད་རྣམ་ཁྲོད་ནས་མཛད་པ་ཉེར་ལྔ་ཙམ།།
ཀུན་སློང་གཙང་མས་ཀུན་ནས་ཉེར་བསླངས་ཏེ།།
རང་ཡུལ་སྤུན་ཟླ་རང་རིགས་ཡོངས་ལ་ཕུལ།།
བྲག་ཡབ་སྐྱབས་མགོན་ཁོང་ཉེ་སྔོན་རྒྱ་པཎ་གཉིས་མ་གཏོགས་སྤྲུལ་སྐུ་ལམ་ལུགས་རྩ་མེད་བཟོ་དགོས་ཚུལ་བཤད་བསྡད་མཁན་རྒད་པོ་དེ་མ་རེད་པས། པར་འདིར་ཁོ་པ་ཁྲིའི་སྒང་ལ་གྲྭ་ཆས་ཚུལ་མཐུན་གྱོན་ནས་ཆོས་བཤད་སྡད་ཡོད་པ་འདྲ། བྱས་ཙང་ཁོ་རང་འདྲ་བ་སྤྲུལ་སྐུ་ཚང་མ་སྐྱ་མིན་སེར་མིན་འདི་འདྲ་ཡིན་གྱི་རེད་དྲན་ཡིན་ས་རེད། རྩ་མེད་བཟོ་ན་ཁོ་རང་དང་ཁོ་རང་འདྲ་རྣམས་རྩ་མེད་བཟོ་དགོས་ཡག་རེད་འདུག
ཧ་ཧ་ཧ་ད་ཡིན་ན་ལྟད་མོ་འདུག ཁ་སེང་སྔོན་མ་སྐྱ་ཆས་གྱོན་ཏེ་བཀའ་སློབ་གནང་མཁན་དེ། དེ་རིང་ཁྲི་ཞིག་གི་སྟེང་དུ་བསྡད་དེ་གྲྭ་ཆས་དམར་འཇོལ་ལེ་གོན་ནས་ཅི་ཡིན་པའི་ཚུག་ཀ་རེད། བླ་མ་དེའི་མཛད་པ་དེ་དགེ་ལུགས་པའི་ཞབས་འདེགས་ཡིན་ཟེར་དགོས་རེད་དང༌། རྐང་འདྲེན་རེད་ལབ་དགོས་རེད་དྲ་གྲོགས་རྣམས་པས་རང་རང་གིས་དགོངས་ཚུལ་ལྷུག་པོ་བྲི་རོགས་ཞུ་རྒྱུ་ཡིན།
བླ་མས་བྱས་ན་མཛད་པ་དང་། ཉེ་གནས་བྱས་ན་སྤྱོད་ལོག་ཟེར་བའི་དཔེ་ལྟར། ཁོ་རང་ག་རེ་བྱས་ནའང་ཡིན་ཤག་ཤག་དང་འགྲིག་ཆོག་ཆོག གཞན་དག་ལ་ཞེ་བོ་བཤད་རྒྱུ་ཡོད་མདོག་མདོག་དང་མ་འགྲིག་འདུག་གྱུ་གྱུ། ངོ་མ་སངས་རྒྱས་ཀྱི་ཞབས་འདྲེན་འདི་དང་འདི་འདྲ་བ་ཚོ་རེད། ད་དུང་སྐྱབས་མགོན་རེད་ཟེར་ཧ་ཧ་ཧ་ཧ། དངོས་གནས་འདི་ཚོ་ཞུ་དག་གཏོང་དགོས་རེད། དང་པོ་ཁོ་རང་སངས་རྒྱས་བཅོམ་ལྡན་འདས་ལ་བཤགས་པ་ཕུལ་ད་ནི་བཟུང་ངའི་སྤྲུལ་སྐུ་ཡིན་ཟེར་བ་འདི་མཚམས་འཇོག་གི་ཡིན། ད་རེས་ཞབས་འདྲེན་ཞུས་སོང་ད་ནི་བཟུང་གྲྭ་རྐྱང་ཞིག་ཡིན་ལབ་དང་དེ་ནས་གཞན་ལའང་བཤད་ན་མི་འགྲིག་མི་འདུག་སྙམ།
མངའ་རིས་འཕྲིན་ལས་ཀྱི་བཤད་ནོ་བདེན། ཕྱུག་པོས་འཁྲབ་ཚད་ཞབས་བྲོ། སྤྲང་པོས་འཁྲབ་ཚད་ཐལ་སློང། དེ་ག་རང་རེད། རྒྱལ་པན་ངཉིས་མ་གཏོགས་སྤྲུལ་སྐུ་གཞན་རྣམས་མི་དགོས་གསུངས་པ་དེ་རྟག་མཐར་ལྷུང་འདུག རང་ཉིད་ཀྱི་ཆོས་ཁུངས་གང་ཡིན་པ་གསལ་པོར་བསྟན་པ་རེད། ངས་བསམ་དུས་དགེ་ལུགས་ཕྱོགས་ནས་གྲྭ་བ་ཡིན་མིན་གྲྭ་ཆས་གོན་མ་གོན་ལ་ལྟས་ན་གསལ་པོར་རེད་བསམ་སོང། ཡིན་ནའང་ཁོང་གིས་གྲྭ་ཆས་གྱོན་པའི་སྐུ་པར་དེ་ག་དུས་ཡིན་མིན་དང་ཡང་ན་སྐྱ་སར་ཕབ་རྗེས་ཡིན་དང་དེའི་གོང་དུ་ཡིན་མིན་དེ་ལ་རྩོམ་འབྲི་མཁན་དང་སྐུ་པར་བསྐུར་མཁན་གྱིས་གསལ་བཤད་ཅིག་དགོས་པ་འདུག
ཁ་མར་འཁོར་ནས་ཤོད་དུས་དང་བདེ་བོ་ཡོད་རེད། དོན་ངོ་མར་ལག་ལེན་རང་ཐོག་ལ་བབ་དུས་དཀའ་ལས་ཁག་པོ་རེད།
ཁ་བཤད་ཆུ་ཡི་ལྦུ་བ།།
ལག་ལེན་གསེར་གྱི་ཐིགས་པ།།
ཞེས་སྔར་གྱི་གཏམ་དཔེ་འདུག་གཱ སྐྱ་མིན་སེར་མིན་འདི་འདྲ་ག་རེ་ཡིན་པའི་ཁུལ་ཡིན་ནམ། ལེགས་པར་དཔྱད་ན་དགེ་བསྙེན་གྱི་སྡོམ་པ་ཙམ་ཡང་ལྡན་ཨེ་ཡོད་སྙམ་པའི་དོགས་གཞི་འདུག་གཱ བྲག་ཡབ་པ་ཚང་ལ་སྐྱབས་མགོན་འདི་འདྲ་བ་ཞིག་བྱུང་བ་ནི། དགེ་ལུགས་པའི་གདན་གསུམ་གས་དམིགས་དཔེ་ཡར་ལྟ་བྱེད་ཡུལ་ཞིག་འཁྲུངས་འདུག
གོས་ཆེན་གྱི་རྒྱབ་ཡོལ་དང་ཟུར་དར་སོགས་ཁྲི་ཆས་ཡོངས་སུ་ཚང་བའི་ཆོས་ཁྲི་སྟེང་དེར་རྒྱ་པཎ་མ་གཏོགས་སྤྲུལ་སྐུའི་ལམ་ལུགས་རྩ་མེད་བཟོ་དགོས་ཟེར་མཁན་གྱི་སྐྱབས་མགོན་ཁོང་ཡང་སྐྱ་ཆས་གྱོན་ནས་སྡད་འདུག་ངོ་མ་ཁོང་རྫུ་འཕྲུལ་ལམ་གཡོ་འཕྲུལ་ཅན་གྱི་སྐྱ་མིན་སེར་མིན་ཞིག་ཡིན་པ་འདྲ། འདི་འདྲ་ཡིན་ན་མི་རྒན་འདི་ཉིད་ཁོ་རང་གི་ཆོས་བརྒྱུད་ཀྱི་ཞབས་འདྲེན་ཞུས་འདུག་ག ད་དུང་ཁ་སེང་པར་དེ་དང་དེ་རིང་པར་འདི་གཉིས་མཉམ་དུ་སྒྲིག་ན་ག་འདྲ་ཡོང་ས་རེད། ད་དུང་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཡོངས་རྫོགས་ཀྱི་སྤྲུལ་སྐུའི་ལམ་ལུགས་ལ་བྱུས་གཏོགས་བྱེད་ངོ་ཚ་རྒྱུ་མེད་པ་རང་རེད།
ད་རེས་གྲྭ་ཡབ་ཆེ་ཚང་ནས་སྤྲུལ་སྐུའི་ཡང་སྲིད་སྐོར་ལ་ཁོང་རང་སྒེར་གྱི་བསམ་ཚུལ་རྩམ་གསུང་པ་ལས་ཁོང་ལ་ཐག་བཅོད་པའི་དབང་ཆ་དང་ནུས་པ་གང་ཡང་ཡོད་མ་རེད་ མཆན་བྲིས་མཁན་ཚོས་ཀྱང་དེའི་ཐོག་རང་གི་བསམ་ཚུལ་གསུང་པ་ལས་དོན་མེད་ཁ་སྡུང་གཏང་ན་དེ་ནི་མ་འོས་པ་ཞིག་རེད་ ངའི་བསམ་ཚུལ་ནི་སྤྲུལ་སྐུ་ཚང་མ་དང་ སྲུང་མ་ཚང་མ་མི་དགོས་པ་མ་ཟད་ གྲ་པ་དང་ཨ་ནི་ཡང་བརྒྱ་ཆ་དགུ་བཅུ་མེད་པ་བྱས་ན་ཡག་པོ་འདུག་
ཨ་ཕྱི་ཆོས་སྒྲོན་ལགས།
ཁྱེད་རང་ལ་བོད་ཀྱི་སྤྱི་ཚོགས་དང་། བོད་ཀྱི་ལས་དབང་ལ་ཕན་པའི་དགོངས་ཚུལ་གསུང་རྒྱུ་ཡོད་པ་དང་། བོད་ཀྱི་ཆོས་དང་སྲིད། སྒྱུ་རྩལ་དང་། རིག་པའི་གནས་གང་ལའང་བྱས་པ་ཅན་གྱི་བོད་མོ་ཚོར་སྐུ་ཉིད་ངོས་ནས་དགོངས་ཚུལ་གསུང་རྒྱུ་ཡོད་ན་ང་ཚོའི་”རྗར་མེ་ནི་བོད་ཀྱི་ཁང་པའི་བརྙན་པར་གླེང་མོལ་ལེ་ཚན་”ནང་སྐུ་ཉིད་གདན་འདྲེན་ཞུས་ཆོག ཉིན་དེ་ནས་དོ་སྣང་ཡོད་པའི་མི་ཚང་མས་སྐུ་ཉིད་མི་ངོ་ཆོས་ཀྱི་རེད།
ཉིན་དེ་ནས་བྱས་པ་ཅན་ཚོར་སྐུ་ཉིད་ཀྱིས་མཚན་སྨད་ཞུ་བ་དང་། སྤྱི་ཚོགས་ཕུ་དཀྲུག་འདའ་དཀྲུག་བཟོ་བའི་ལེའུ་དེ་ཡང་རྫོགས་འགྲོ་བར་སྨོན།
བོད་པ་འདི་ཚོ་ཕྱོགས་རིས་ཀྱིས་སྨྱོས་འདུག སྐད་ཆ་ཅི་ཞིག་བཤད་ཀྱང་ཆོས་ལུགས་འཐེན་འཁྱེར་གྱི་ཚིག་ཤ་སྟག་འཁྱེར་ཡོང་གི་འདུག རང་བཙན་ཤོར་ཡ་ཡང་དེའི་རྐྱེན་གྱིས་ཤོར་སོང་བ་རེད། ད་དུང་མུ་མཐུད་ནས་འདི་འདྲ་རང་བྱེད་རྩིས་རེད། མི་སྒེར་ལ་སྐྱོན་འཛུགས་བྱེད་ཀྱིན་བྱེད་ཀྱིན་དེའི་ཆོས་ལུགས་ལའང་ཚད་ལས་བརྒལ་བའི་དམའ་འབེབས་བྱེད་འོང་བ་འདིས་དོན་དམ་དུ་རང་ཉིད་ཆོས་ལུགས་ཅི་ཞིག་ལ་གཏོགས་པ་གསལ་བཤད་བྱས་ཡོད་པ་རེད།
ཨ་ཕྱི་ཆོས་སྒྲོན་ཡིན་ནའང་འདྲ་ཨ་ཁྱི་ཆོས་སྒྲོན་ཟེར་བ་དེ་ད་ལྟ་བར་དུ་ཕན་ཚུན་དབྱེན་དཀྲུག་དང་ཟུར་ཟ་ཁོ་ན་བྱས་ནས་ཡོང་སོང་ མི་བཀྲ་ཤིས་ཞིག་མིན་པ་ཐག་གི་ཆོད་ཞག་
ཁོང་གི་དགོངས་པ་ལྟར་ན་སྤྲུལ་སྐུ་ཡིན་ན་ཆབ་སྲིད་པ་ཡིན་དགོས་རེད།
སྐྱ་ཆས་བྱས་ན་གོས་ཆེན་གཡོག་པའི་གདན་ལ་སྡོད་མི་ཆོག་པ་ཅི་ཡོད་ན། ངས་བལྟས་ན་ཁོ་གསེར་སྟེགས་དང་དངུལ་སྟེགས་གང་དུ་འདུག་ཀྱང་རང་དབང་རེད་དྲན།
ཡོངས་གྲགས་སུ་སྐྱབས་མགོན་རྣམ་གསུམ་ཞེས་གྲགས་པའི་བྲག་གཡབ་སྐྱབས་མགོན། ལི་ཐང་སྐྱབས་མགོན། ལྡན་མ་སྐྱབས་མགོན་གསུམ་ཡོད་པ་ལས། ད་ལྟའི་ཆར་གྱི་བྲག་གཡབ་སྐྱབས་མགོན་སྐུ་ཕྲེང་རིམ་པ་ཡོད་མཁན་ཞིག་ཡིན་པས། སྐུ་ཕྲེང་རིམ་བརྒྱུད་མུ་མཐུད་བྱུང་བ་ན་བཟང་བར་བསམ། སྒེར་གྱི་བསམ་ཚུལ་རང་དབང་ལ་དགའ་བསུ་ཞུ་རྒྱུ་ཡིན། འོན་ཀྱང་བོད་མི་རིགས་ཀྱི་སྤྲུལ་སྐུའི་ལམ་ལུགས་ལ་ཞན་ཆ་ཇི་ལྟར་ཡོད་རུང་། དེ་བོད་ཀྱི་ཐུན་མིན་གྱི་ལམ་ལུགས་ཡིན་པས་ཅི་ནས་ཀྱང་མཇུག་སྐྱོང་དགོས་པ་ཡིན།
སྤྲུལ་སྐུ་མེད་པ་བཟོ་དགོས་པའི་འབོད་སྐུལ་ཞུ་མཁན་འདི་བྲག་གཡབ་སྐྱབས་མགོན་གཅིག་པུ་མ་རེད། བོད་ནང་ལ་བརྒྱད་བཅུའི་ནང་ལ། རྙིང་མའི་སྐྱབས་རྗེ་གཟན་དཀར་སྤྲུལ་སྐུ་མཆོག་གིས་ཀྱང་ཀྲུང་དབྱང་ལ་འདི་ལྟར་གྱི་རེ་བ་བཏོན་པ་གཟན་དཀར་སྤྲུལ་སྐུ་ཉིད་ཀྱི་ཞལ་ལས་ཐོས་སོ། ཡིད་མ་ཆེས་ན་ཁོང་ལ་དྲིས་ཤིག
ད་དུང་གུང་ཐང་རིན་པོ་ཆེའི་བཀའ་སློབ་ཅིག་གི་ནང་ལ་ཡང་། རང་བྱུང་སྤྲུལ་སྐུ་སྙོན་མེད་རེད། མི་བཟོས་སྤྲུལ་སྐུ་དགོས་པ་མེད་གསུང་པ་གོ་མི་མྱོང་ངམ། ད་དུང་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་༡༦པས་ཀྱང་སྤྲུལ་སྐུའི་སྐོར་ལ་བཀའ་སློབ་བཙན་པོ་གནང་བ་རུམ་སྟེགས་ཀྱི་བླ་རྒན་ཚོར་གསུང་རྒྱུ་འདུག འདིའི་སྐོར་ལ་སྔོན་མ་ཨ་རི་བ་འཇམ་དབྱངས་རྣམ་རྒྱལ་གྱི་ཞལ་ལས་ཐོས་སོ། ཞིབ་ཕྲ་སྐབས་དེ་དུས་གསུང་ཆོས་ལ་བཅར་མཁན་འགྲས་སུ་རྫོགས་ཆེན་དཔོན་སློབ་རིན་པོ་ཆེ་དང་། རི་རྒུ་མཆོག་སྤྲུལ་ཡོད་པ་གོ་མྱོང་། ཁོང་རྣམས་པ་དྲིས་ཤིག
ད་དུང་སྤྲུལ་སྐུ་འགོག་དགོས་པའི་ལུང་རིག་ཟབ་ཤོས་ཀྱི་རྩོམ་ཡིག་ཞིག མཁས་དབང་ཁང་དཀར་ཚུལ་ཁྲིམས་ནས་ཉི་ཧོང་ནས་གོང་ས་མཆོག་ལ་བསྐུར་བ་དང་། དེའི་འདྲ་བཤུས་སྐུ་སྒེར་ལ་ཡོད་ངེས། དེ་བཞིན་སྤྲུལ་སྐུ་མི་དགོས་གསུང་མཁན་དེ་བཀའ་དྲིན་མཚུངས་མེད་ཀྱི་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་ཡིན་པ་དང་། ཁོང་གིས་སྤྲུལ་སྐུའི་སྐོར་ལ་བཀའ་ཇི་གནང་དོ་བདག་མཁན་པོ་ཚུལ་ཁྲིམས་ལ་སོགས་ཞུགས་ཡོད་པས་དྲིས་ཤིག
བྲག་གཡབ་སྐྱབས་མགོན་གྱི་གསུང་གཙོ་བོ་དེ་སྤྲུལ་སྐུའི་ལམ་ལུགས་ཀྱི་སྐྱོན་གསུང་པ་དེ་སྦས་ན། ཞར་བྱུང་གི་ཚིག་གྲོས་རྒྱལ་བ་པན་ཆེན་ཟེར་བ་འབུར་བཏོན་བྱས་ནས་རྩོད་པ་རྒྱག་པ་འདི། དྲི་ཆེན་སངས་ཕོར་ནང་སྦས་ཐབས་ཀྱི་རྣམ་པ་ལས། ཁུངས་འཁྱོལ་མི་ཐུབ། སྤྲུལ་སྐུའི་ལམ་ལུགས་དང་དེ་དང་འབྲེལ་བའི་བླ་བྲང་གི་ལམ་ལུགས་དེས། བོད་མིར་སྡུག་གཅོད་ཇི་ལྟར་ཕོག་པ་གསལ་པོ་རེད། བྲག་གཡབ་རིན་པོ་ཆེས་འདི་དག་གསུངས་བས་ན། དེ་ལ་གྲོ་གླེང་དགོས་པར་མཐོང་།
བསམ་བློ་ཐོངས་དང་། དགེ་ལྡན་པའི་རྗེ་རིན་པོ་ཆེར་སྤྲུལ་སྐུ་མིན་འདུག ས་སྐྱ་བའི་གོང་མ་རྣམས་ལ་སྤྲུལ་སྐུ་མིན་འདུག བཀའ་བརྒྱུད་པའི་མར་མི་དྭགས་གསུམ་ལ་སྤྲུལ་སྐུ་མིན་འདུག རྙིང་མའི་གུ་རུ་རིན་པོ་ཆེ་དང་། མཁན་ཆེན་ཞི་བ་འཚོ། ཀ་མ་ལ་ཤི་ལ། དེ་བཞིན་རྒྱལ་བ་ཀློང་ཆེན་པ་སོགས་ལ་སྤྲུལ་སྐུ་མིན་འདུག
ཨ་ཕྱི་འདི་སྙིང་རྗེ་་་རྒྱ་ཁྱི་མཇུག་མེད་ཅིག་ཡིན་པ་འདྲ་པོ་འདུག་་་་???
དཔལ་གྱེ་རྡོར་འམ་ཨེ་མ་ཧོས། ཨ་ཕྱིའི་མིང་འོག་ལ་རྙོག་ཁྲ་རྐྱང་ཤོད་བསྡད་ན་ཡག་པོ་མིན་འདུག བོད་མི་སྙོམས་ཆུང་རྣམས་ལ་སྡུག་ཉིས་བརྩེགས་རེད། རྒྱལ་དབང་ཀརྨ་པ་ལ་ནག་རིལ་ཞེས་མཚན་སྨད་ཤུགས་ཆེ་བྱས་ནས་བོད་ནང་ལ་ཁྱབ་བསྒྲགས་བྱས་ནས་དད་ལྡན་རྣམས་ཀྱི་སེམས་དཀྲུགས་པ་དེས་བོད་མིའི་མཐུན་སྒྲིལ་ལ་གནོད་ཚེ་ཇེ་ཆེ་དང་ལྷག་དོན་བཀའ་རྙིང་དབར་ལ་དམ་ཚིགས་ནག་ནོག་བྱེད།
འཇམ་བཞད་རྗེའི་སྤྲུལ་སྐུ་ཡིན་པར་དགེ་ལྡན་པས་བཞེད། ས་སྐྱ་རྣམ་ལྔའི་ཡ་གྱལ་གྲགས་པ་རྒྱལ་མཚན་ཡང་སྲིད་ཀུན་མཁྱེན་གོ་རམ་པ་ཡིན་པར་ས་སྐྱའི་ནང་ཡོངས་གྲགས། མར་པའི་སྐྱེ་སྤྲུལ་སི་ཏུ་ཡིན་པར་བཀའ་བརྒྱུད་པས་འདོད། ད་དུང་དྭགས་པོའི་སྤྲུལ་བརྒྱུད་ཐུབ་བསྟན་བཤད་སྒྲུབ་ཆོས་ཀྱི་སེང་གེ་ད་ལྟ་གདན་ས་དྭགས་ལ་སྒམ་པོར་བཞུགས་ཡོད། གུ་རུ་རིན་པོ་ཆེའི་སྤྲུལ་སྐུ་གཏེར་སྟོན་ཕལ་ཆེར་ཡིན་པར་རྙིང་མ་པ་ལ་ཡོངས་གྲགས་ཡིན། དེ་དག་བྲག་ཡབ་པས་ཤེས་ཀྱི་ཡོད་པ་ཐག་ཆོད་ཡིན་མོད་སྨྱོ་བཤད་འདི་འདྲར་ཡ་ཆ། མདོར་ན་དེའི་གོང་གི་རྗེ་འབངས་ཉེར་ལྔ་སོགས་སྤྲུལ་སྐུ་ཡིན་པར་སོ་སོའི་རྣམ་ཐར་དུའང་གསལ། འདི་པས་སྤྲུལ་མིང་ཁོ་པ་ལྟ་བུ་དང་སྤྲུལ་སྐུ་མཉམ་བསྲེས་བགྱིས་པར་ཉོན་མོངས་པ་ཁོ་ན་འོ།
ཨ་ཕྱི་ཞེས་པའི་སྨྱོན་མ་འདི་དངོས་གནས་ཤི་རྒྱུ་མེད་པའི་དྲ་འདྲེ་ཞིག་རེད། མི་འདི་འདྲ་ཞིག་བོད་པའི་ནང་ལ་སྐྱེས་པ་ནི་བོད་སྤྱི་པའི་ཆག་སྒོ་རེད།
༧རྒྱལ་བ་བན་ཆེན་མ་གཏོགས་ཡང་སྤྲུལ་དགོས་ཡ་མི་འདུག་གསུངས་པ་འདི་ལ་སྐྱོན་ག་རེ་འདུག་གམ།རེ་རེ་བཞིན་ཅིག་གསུངས་དང་།
ཀ་མལ་མདོག་འདྲ་ལྷག་བསམ་ཡོད་མདོག་གིས།།
ཁ་ནས་གང་འདོད་བཤད་པའི་བྲག་སྐྱབས་ལ།།
ག་ས་ག་ནས་འགྲིག་ཐབས་མེད་ཟེར་བ།།
ང་ཡི་སྐྱོན་དུ་འགྱུར་བ་ཡེ་མ་མཐོང་།།
ང་ཚོ་འདིར་དོན་དངོས་བཤད་པ་ལས་ཁ་རྡུང་གཏོང་ཡ་དང་། ཕྱོགས་རིས་ཀྱི་སྐད་ཆ་བཤད་པར་ཡོང་ཡོད་མ་རེད།
དེང་གི་སྤྲུལ་སྐུ་མང་པོས་སོ་སོའི་ནང་མི་དང་གཉེན་ཉེ་ལ་རོགས་རམ་བྱེད་པ་ལས་མི་མང་སྐྱོ་པོ་ལ་རོགས་རམ་གནང་གི་ཡོད་མ་རེད། བྱས་ཙང་སྤྲུལ་སྐུ་འདིའི་རིགས་མེད་པ་བཟོས་ན་ཏག་ཏག་རེད།
དང་པོ་རང་ཉིད་ནས་འགོ་གཟུག་རྒྱུ་ནི་གནད་འགག་རེད། ང་རང་གི་རྒྱུན་ལྡན་བསམ་པ་ནི་དང་པོ་རང་ཉིད་ཡག་པོ་བཟོ། དེ་ནས་ནང་མི། དེ་ནས་ཉེ་འབྲེལ། དེ་ནས་ཁྱིམ་ཚེས། རིམ་བཞིན་ཕ་ཡུལདང་། རྒྱལ་ཁབ། འཛམ་གླིང་། སོགས་ལ་ཕན་བདེ་བསྐྲུན་རྒྱུ་ནི་གནད་འགག་རེད་བསམ་གྱི་ཡོད། བྱས་གཙང་སྤྲུལ་སྐུ་ཚོས་ཉེ་འབྲེལ་ལ་ཡག་པོ་བཟོ་ཐུབ་པ་དེ་གང་མིན་ཚད་ཡག་པོ་རེད་ལ་འཇོན་ཐང་ཡང་རེད། དེ་ལ་ང་ཚོས་ཕྲག་དོགས་དགོས་དོན་ཅི་ཡོད། མ་ནམ་མཁའ་ཟེར་བཞིན་སོ་སོའི་འཁྲིས་ལ་འཁོར་བའི་སེམས་ཅན་དེ་ཚོ་བློས་གཏང་། ཐག་རིང་པོ་ཞིག་ནས་གཅིག་བྱ་རྒྱུ་ཡོད་མདོགས་སྟོན་པ་ནི་ངོ་མ་རང་མགོ་རང་གཡོག་རེད་ལ་སེམས་ཅན་དོན་ཟེར་བ་ཁ་ཙམ་ཟད། རང་གི་ཉེ་འབྲེལ་ཡང་སེམས་ཅན་རེད་བ་དེ་ལ་ཡག་པོ་མ་ཐུབ་ན་གཞན་ལ་ག་བ་ག་བ་གད་མོའི་གནས་རེད།
རྒྱལ་བ་པཎ་ཆེན་མ་གཏོགས་སྤྲུལ་སྐུ་མི་དགོས་ཟེར་ན་དགེ་ལུགས་མ་གཏོགས་ཆོས་ལུགས་གཞན་མི་དགོས་ཟེར་གྱི་ཡོད་རེད་ད། དེ་ཧ་མ་གོ་ན་ལྐུག་པ་རང་རེད།
བྲག་གཡབ་སྐྱབས་མགོན་ཟེར་བའི་སྐྱ་མིན་སེར་མིན་གྱི་རྒད་པོ་མགོ་དཀར་དེ་ནི། རང་གིས་བཤད་པའི་སྐད་ཆ་གར་སོང་མི་ཤེས་མཁན་གྱི་རག་དུང་ཁ་ཅན་ཞིག་རེད་གདའ་སྟེ། གལ་སྲིད་བོད་ལ་སྤྲུལ་སྐུའི་ལམ་ལུགས་འདི་མེད་པར་བཟོ་དགོས་ན། དང་པོ་རང་གི་གདོང་ཁེབས་ཀྱི་ཞྭ་དང་། འཕོངས་སྟེགས་ཀྱི་ཁྲི་འུ་དེ་གཉིས་ལྟེབས་གྱིས། དེ་ནས་ལུས་ཀྱི་མི་ཐེག་པའི་ཕྱི་རྫིག་ནང་སྟོང་གི་མིང་ཆེན་པོ་དེ་ནག་བསུབས་ཐོངས་དང་། ད་གཟོད་སྤྱི་ཚོགས་ལ་སྐད་ཆ་ཆེན་པོ་དེ་འདྲ་བཤད་ཀྱང་ཁས་ལེན་པ་ལས། དེ་མིན་སྐད་ཆ་འདི་འདྲ་བསམ་པ་དང་བཤད་པ་གཉིས་ཀའི་ཐོབ་ཐང་ག་ལ་ཡོད། ད་དུང་ལོ་རྒྱུས་ཀྱི་ངོས་ནས་བསམས་ན་ནི། བོད་ལ་ཐུན་མིན་ལམ་ལུགས་གཅིག་ཡོད་དགོས་ན་ནི་སྤྲུལ་སྐུའི་ལམ་ལུགས་འདི་ཡིན་ལ། འདིའི་ལམ་དང་ལུགས་སྲོལ་བརྒྱུད་ནས་འཛམ་གླིང་ན། ད་བར་བོད་ཟེར་བའི་མིང་འདི་གོ་ལའི་རྩེ་མོ་ནས་གྲགས་མྱོང་བ་དེ་ཡང་བསྡུས་ནས་བཤད་ན་དོན་དངོས་བོད་ཀྱི་སྤྲུལ་སྐུ་ཞིག་གི་བྱས་རྗེས་ཡིན་པ་བློ་ལྡན་སུས་ཀྱང་ཤེས་གསལ་རེད།
བྲག་གཡབ་སྐྱབས་མགོན་ནི་དངོས་ནས་རླབས་ཆེན་གྱི་སྐྱེས་བུ་འདུག ཁོང་གི་གསུངས་གདུད་བརྩི་ཐོས་པས་ཡིད་དབང་འཕྲོག་སོང་། སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
བྲག་ཡབ་སྐྱབས་མགོན་ཕུང་འདྲེ་མགོ།
འདྲེ་ཤུགས་ལྡན་ཞུགས་པའི་གདོན་གཟུགས་ཡིན།།
ཆོས་དན་ཚིག་མེད་པའི་དམ་ཉམས་ཡིན།།
ཞེ་བསམ་པ་གནག་པའི་གདུག་འདྲེ་ཡིན།།
ཆོས་ཕྱོགས་རིས་ཅན་གྱི་གཙོ་གཏེ་ཡིན།།
བོད་ནང་ཁུལ་དཀྲུག་པའི་ཐུར་མ་ཡིན།།
སྤྲུལ་སྐུའི་ལམ་ལུགས་འདི་ནི་ལས་སླ་བོའི་ཐོག་ནས་མཚམས་འཇོག་ཐུབ་ཀྱི་མ་རེད།
རབ་བྱུང་ན་སྤྲུལ་སྐུའི་མིང་འཛིན་པ་རང་ཉིད་ནས་མགོ་འཛུགས་གནང་དགོས་པ་འདྲ།
ཆོས་པ་རྣམས་ལྷ་དང་ཡེ་ཤེས་ཀྱི་དབྱིངས་ལ་དད་པ་ཡོད་པས། སྤྲུལ་སྐུ་དགོས་མིན་དེ་མོ་རྒྱག་པ་དང་ལྷ་བཞུགས་ནས་ཐག་གཅོད་བྱས་ན་མི་ལེག་སམ།
དོལ་རྒྱལ་འདྲེ་ཡིན་པ་འདི་གནས་ཆུང་གིས་ཐག་བཅད་པ་རེད། བྱས་ན་སྤྲུལ་སྐུ་དགོས་མིན་ཡང་གནས་ཆུང་ལ་སྐད་ཆ་འདྲི་ན་འཚམ་པོ་འདུག
གནས་ཆུང་གིས་བོད་རང་བཙན་ཐོབ་པའི་ཟླ་ཚེས་ཚང་མར་གཏན་ཁེལ་བྱས་རེད་དེ་མ་བྱུང་བ་རེད། དུས་ཚོད་ཡོལ་ཚར་བ་ཡིན། ཡིན་ནའང་ད་དུང་སྤྲུལ་སྐུ་དགོས་མིན་གྱི་སྐད་ཆ་དྲིས་ན་གསུང་མདོག་ཁ་བོ་རེད། མ་གཞི་ནས་དེང་སང་གནས་ཆུང་ཀྱང་གོ་རྒྱུ་མི་འདུག བར་སྐབས་ཞིག་ལ་བོད་གཞུང་གི་འདི་ཕྱི་ལམ་སྟོན་ཚང་མ་གནས་ཆུང་ལ་དྲིས་ན་བྱེད་ཀྱི་རེད།
བྱང་ཆུབ་ལམ་སྒྲོན་གྱི་བཀའ་ཆོས།
འདོན་སྤེལ། ༢༠༡༤/༠༧/༣༠
འདི་ལོའི་ཕྱི་ཟླ་ ༡༠ བའི་ཟླ་མཇུག་ནས་ཟླ་ ༡༡ པའི་ཟླ་མགོ་བར་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དུ་བཀའ་ཆོས་གནང་རྒྱུ་ཡིན་འདུག
འདི་གར་གནས་ཚུལ་འབྱོར་གསལ་ལྟར་ན། ཉེ་སྔོན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་ཚ་བ་ཁང་ཚན་གྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་བཞེས་ཟབ་མོ་ཐོབ་སྟེ། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༧ ཉིན་ནས་ཕྱི་ཟླ་ ༡༡ ཚེས་ ༢ ཉིན་བར་གྱི་དུས་ཡུན་བདུན་ཕྲག་གཅིག་ལྷག་གི་རིང་བཀའ་བློན་ཁྲི་ཟུར་མཆོག་གིས། འབྲས་སྤུངས་བློ་གསལ་གླིང་ཚ་བ་ཁང་ཚན་གྱི་གཙུག་ལག་ཁང་དུ་དགེ་འདུན་པ་དང་སེར་སྐྱ་མི་མང་ལ་༼བྱང་ཆུབ་ལམ་གྱི་སྒྲོན་མེའི༽བཀའ་ཆོས་གནང་རྒྱུ་ཡིན་འདུག
ཨ་ཕྱི་ཆོས་སྒྲོན་ཟེར་བ་འདི་དངོས་གནས་ལས་ངན་ཞིག་རེད་ཡ། གཞན་ལ་སྐྱོན་བརྗོད་མ་གཏོགས་ཁ་ནས་ཐོན་ཡ་མི་འདུག ད་སྙིང་རྗེ།།
བྲག་གཡབ་རིན་པོ་ཆེའི་སྐུ་འཁྲུངས་སྐར་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ
བྲག་གཡབ་རིན་པོ་ཆེ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག
གོང་གི་སྒྲིག་གཞི་དང་འགལ་མཁན་འདུག་བས་ དྲ་བདག་ནས་གཟིག་ཡོད་ཤག།།
༄༅༎ཕྱི་ཟླ་༡༢ པའི་ཚེས་༢༧ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཊ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཆགས་པའི་དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་བྲག་གཡབ་སྐྱབས་མགོན་བློ་ལྡན་ཤེས་རབ་རིན་པོ་ཆེས་དབུ་ཁྲིད་དེ་བྲག་གཡབ་མི་དམངས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་ལམ་ཞུས་གྲུབ་མཚམས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བོད་ཡིག་ཚན་པའི་གསར་འགོད་པས་བྲག་གཡབ་སྐྱབས་མགོན་མཆོག་ལ་བཅར་འདྲི་ཁག་ཅིག་ཞུས་པའི་ནང་ནས་དོལ་རྒྱལ་བསྟེན་གསོལ་སྐོར་ལ་འགྲེལ་བརྗོད་གནང་བའི་ནང། བྲག་གཡག་ནང་དོལ་རྒྱལ་བསྟེན་གསོལ་བྱུང་ནས་ལོ་བཞི་བཅུ་ཡས་མས་ཤིག་རེད་མ་གཏོགས། མི་རབས་ནས་མི་རབས་ལ་ཡོད་པའི་རྣམ་གཞག་ཅིག་མ་རེད།དེ་འདྲ་ཡིན་དུས་ང་ཚོ་ཚང་མས་མ་འོངས་པའི་མདུན་ལམ་ཐོག་ལ་བསམ་ཤེས་བྱེད་དགོས།་ལྷག་པར་དུ་བྲག་གཡབ་ནང་སྤྱི་ཚོགས་བདེ་འཇགས་ཐོག་ལ་ཚང་མས་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་ཆགས་ཡོད། དེ་རིང་ཁ་ས་དོལ་རྒྱལ་བསྟེན་གསོལ་བྱས་པ་དེས་རྒྱལ་བ་ཡིད་བཞིན་ནོར་བུར་མཚན་སྨད་ཞུ་རྒྱུའི་གནས་སྟངས་ཤིག་ཡོང་བཞིན་ཡོད་པ་དེ་།་ང་ཚོ་བོད་མི་ཚོའི་སྙིང་ལ་དུག་གི་མདའ་མོ་ཕོག་པ་ལྟར་མི་བདེ་བ་དང་ན་ཟུག་ཆེན་པོ་བཏང་པ་དེ་འདྲ་ཡོང་དུས། རྒྱལ་བ་རིན་ཆེན་པོ་ཆེ་ནི།་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་བླ་ན་མེད་པར་གཙུག་ཏུ་བཀུར་བའི་ང་ཚོའི་མགོན་གཅིག་དང། སྐྱབས་གཅིག་དེ་འདྲ་རེད། གནས་ཚུལ་ཛ་མ་ཚོས་པར་གང་བྱུང་ཤོད་སྐབས་བདེ་འཇགས་ལ་གནོད་ཀྱི་ཡོད་པ་དེ་འདྲ་ཡིན་དུས། དེ་ཚོར་ཕྲན་བུའི་ལམ་ནོར་ཟློག་ཤེས་ཀྱི་ཐོག་ནས་མ་འོངས་པར་ལྷིང་འཇགས་དང་བདེ་འཇགས་ཡོང་རྒྱུའི་ཆ་རྐྱེན་གཅིག་བསྐྲུན་ཐུབ་པའི་རེ་བ་དེ་འདྲ་ཞིག་ཡོད། ཁ་བྲལ་ཟེར་བ་དེ་ང་ཚོར་མི་དགོས་པ་ཞིག་རེད། དོལ་རྒྱལ་བསྟེན་གསོལ་བྱེད་པའི་རྣམ་གཞག་དེས་ང་ཚོ་བོད་མི་ནང་ཁུལ་ཁ་བྲལ་གཏོང་གི་ཡོད།་ང་ཚོར་དགོས་རྒྱུ་འདི་ཆིག་སྒྲིལ་ཡིན།་ཆིག་སྒྲིལ་འདི་རྒྱལ་བ་ཡིད་བཞིན་ནོར་བུས་ལམ་ནོར་ཟློག་ཤེས་དང་། སྤྱི་དང་བྱེ་བྲག་གི་བཀའ་སློབ་ལམ་སྟོན་གཟབ་ཅིང་རྒྱ་ཆེ་བ་དེ་འདྲ་ཞིག་གནང་བ་དེ་།བདུད་རྩི་མཉམ་བསྟེན་བྱས་ན།་ང་ཚོར་ཆིག་སྒྲིལ་ཡོང་རྒྱུར་འགལ་ཟླ་དང་འགོག་རྐྱེན་གང་ཡང་ཡོང་གི་མེད་ཅེས་གསུངས་བཞག།
གསར་འགོད་པ་ཉི་མ་གཡུ་སྒྲོན།
བྲག་གཡབ་༧སྐྱབས་མགོན་གྱི་མཁྱེན་ཡོན་དང་བྱས་རྗེས་༧གོང་ས་མཆོག་གིས་ཐུགས་བརྩེ་ག་ཚོདགནང་གི་ཡོད་མེད་སོགས་ངེས་པ་བྱས་ནས་ད་གཟོད་ག་རེ་བཤད་འདོད་ཡོད་ན་ཤོད་དང་ཆོག