ཀླུ་སྨྱོན།
དེ་རིང་བསྒྲིགས་པའི་འདྲ་པར་འདི་དང་ཡི་གེ་འདི་ཡི་རལ་གྲི་ཡིས།།
སྦྲགས་སྐད་བཤད་པའི་མི་ཡུལ་གསོན་འདྲེའི་མགོ་བོ་མ་ལུས་བྲེགས་གྱུར་ཏེ།།
ཕ་སྐད་གཙང་མའི་མི་ལུས་གསར་པར་ཕ་མེས་ཟུངས་ཁྲག་རྒྱུ་བ་དང་།།
གངས་ལྗོངས་ཆོས་རིག་ལང་ཚོ་དར་བབས་བཙན་པོའི་ཕ་མཁར་བསྲུང་ནུས་ཤོག།
༼ཕ་སྐད་གཙང་མའི་མི་ལུས་གསར་པར་ཕ་མེས་ཟུངས་ཁྲག་རྒྱུ་བ་དང་།།༽
་་་་་་་་་་་་་་་་་ ་་་་་་་་་་་་་་་་་ ་་་་་་་་་་་་་་་་་་ ་་་་་་་་་་་་་་་་་་་་
ཧ་སྐད་གཙང་མའི་མྱི་ལུས་གསར་བར་ཨ་མྱེས་ཟུངས་ཁྱག་རྒྱུ་བ་དང་།།
སྦྲགས་སྐད་མི་འབྲིར་ཧ་སྐད་བཤད་ན་འདི་འདྲ་རེད་སྐྱབས་སུ་མཆི་རྒྱུ་ཚང་། ད་ཁྱོའི་བློང་ལོག་སོང་ནི་མིན་ནི་ཨ།
ད་སྤྲུལ་སྐུ་ཚང་འདི་པ་ཡི་བཤད་རྒྱུ་རྫོགས་ནོ་ཡིན་ས་རེད། སྐྱག་པ་དང་གཅིན་པ་མ་གཏོགས་མི་འདུག
སྦྲགས་སྐད་འདིའི་ནང་ལ། ཡུལ་སྐད་འཇོག་གམ། ལྷག་དོན་བོད་སྤྱི་པའི་རྩ་དོན་གྱི་སྐོར་ལ། ཆོལ་ཁ་གསུམ་གྱི་འདུ་འཛོམས་ཁ་བརྡའི་ནང་ལ། ཡུལ་སྐད་ཕ་ཝང་གི་སྐད་ལྟ་བུ་རྒྱག་པ་འདི་ཡང་སྦྲགས་སྐད་ཅིག་མ་རེད་དམ། རྒྱུ་མཚན་ནི། ཡུལ་དུས་དང་མི་འཚམ་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། ཡིན་པའི་ཕྱིར། ཁ་བརྡ་འདི་ཁྱོད་ཀྱི་ཕ་ཡུལ་སྦར་མཐིལ་ཙམ་གྱི་ཡི་གེ་འབྲི་ཀློག་ཤེས་མཁན་གྲྭ་ཟུར་རེ་གཉིས་ཀྱི་ཆེད་དུ་མིན་པའི་ཕྱིར།
མི་སྐྱའི་སྦྲག་སྐད་བཤད་པའམ་སྤྲུལ་སྐུ་རྫུན་བཟོ་བྱེད་པ་ལ་ཁྱད་པར་མི་འདུག
གོང་གི་མཆན་འདི་ཁ་བརྡར་ཕེབས་མཁན་ང་རང་ནས་གཙོས་པའི་ཁ་སྐད་དང་ཡིག་སྐད་ར་མ་ལུག་འབྲི་མཁན་རྣམས་ལ་དམིགས་པ་ཡིན་གྱི། རྒན་ཀླུ་སྨྱོན་ལ་མིན། ཁོང་ནི་རྣམ་པ་ཀུན་དུ་གང་ཐུབ་ཀྱིས་ཡིག་སྐད་དྭངས་མ་ཞིག་འབྲི་མཁན་གྱི་རྩོམ་པ་པོ་ཞིག་གོ
དེ་རིང་རྒན་ལགས་ཀྱིས་ལབ་རྒྱུ་མེད་པ་ནང་བཞིན་གནང་ཤག་
ཨོ་གཅིག་བྱས་ན་དེ་འདྲ་ཡིན་རྒྱུ་མ་རེད་སྦྲགས་སྐད་འདི་
ཉིད་ཀྱིས་ཕ་སྐད་ལ་རྡུང་རྡེག་གཏོང་གི་ཡོད་རྒྱུ་རེད་
ཡ། རྒྱུ་མཚན་དེ་ལ་རྟེན་ནས་རྒན་ལགས་ཀྱིས་སྦྲགས་སྐད་
ཕར་རྡུང་རྡེག་གནང་གི་ཡོད་ས་རེད་འདུག་ཡ།ཧཧཧ
ལྷག་པར་ཏུ་ཕྱི་བོད་རྣམས་ཀྱིས་སྦྲགས་སྐད་ལ་དོ་སྣང་བྱེད་རྒྱུ་གལ་ཆེན་རེད་འདུག་བསམ།