ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ
༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་སྐོར་གསར་འགོད་ལྷན་ཚོགས་གནང་བ།
ཕྱི་ལོ་༢༠༡༤ ཟླ་༧ ཚེས་༢༨ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༠ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་ཕྱི་ལོ་༢༠༡༥ ལོར་སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པ་དང་སྟབས་བསྟུན། བོད་ཀྱི་ལོ་ཐོ་ལྟར་འཁྲུངས་ཚེས་བོད་ཟླ་༥ ཚེས་༥ དང་། ཕྱི་ལོ་༢༠༡༥ ཟླ་༦ ཚེས་༢༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་དང་། མདོ་སྨད་ཆོལ་ཁའི་སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་བཅས་ནས་ལྷན་ཅིག་ཏུ་མགོན་པོ་གང་ཉིད་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་རྒྱུའི་སྐོར་གསར་འགོད་ལྷན་ཚོགས་ཤིག་སྤེལ་སོང་། དེ་ཡང་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དང་། ཆོས་རིག་དྲུང་ཆེ་རྒྱལ་གླིང་དོན་གྲུབ་རྡོ་རྗེ་ལགས། མདོ་སྨད་དབུས་རྒྱུན་ཚོགས་གཙོ་བསྟན་པའི་དངོས་གྲུབ་ལགས་ཀྱིས་གཙོས་ཆོས་རིག་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད། ཕྱི་ནང་གི་གསར་འགོད་པ་ ༢༠ བརྒལ་བའི་དབུས་སུ་ཆོས་རིག་དྲུང་ཆེས་འཚམས་འདྲི་དང་ལས་རིམ་ངོ་སྤྲོད་གནང་དོན། ད་རེས་རྣམ་པ་ལྷན་རྒྱས་འདི་གར་ཕེབས་རོགས་ཞུས་དགོས་དོན་ནི།
ཕྱི་ལོ་ ༢༠༡༥ ལོར་སྤྱི་ནོར༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༠ ཕེབས་ཀྱི་ཡོད་པའི་སྐུའི་འཁྲུངས་སྐར་ཉིན་གཞུང་དམངས་གཉིས་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཆོག་པ་གནང་རོགས་ཞེས་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་སྙན་གསེང་བསྒྲོན་པ་དང་དེ་བཞིན་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་སམ་དགེ་ལུགས་སྤྱིའི་ངོས་ནས་བརྟན་བཞུགས་༕བསྟར་འབུལ་ཞུས་ཆོག་པའི་སྙན་གསེང་ཞུས་པ་རེད། འོན་ཀྱང་ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༧ ཉིན་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་བཀའ་ཤག་ལ་བཀའ་ཡིག་ཕེབས་པའི་ནང་། བོད་མིའི་སྒྲིག་འཛུགས་ནས་༸གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༠ ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་བརྟན་བཞུགས་རྒྱས་པ་ཞིག་འབུལ་རྒྱུའི་སྙན་གསེང་བསྒྲོན་པར། སྐབས་དེར་༸གོང་ས་མཆོག་ཨ་རིར་ཆིབས་སྒྱུར་བསྐྱང་གཏན་འཁེལ་ཟིན་པར་བརྟེན། མདོ་སྨད་ཆོལ་ཁའི་སྐུའི་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གིས་སྙན་གསེང་བསྒྲོན་ཏེ་ཐུགས་གཏན་འཁེལ་བའི་བརྟན་བཞུགས་དང་།
རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་སམ་དགེ་ལུགས་སྤྱིའི་ངོས་ནས་བརྟན་བཞུགས་བསྟར་འབུལ་རྒྱུ་དེ་བཞིན་རེ་རེ་བཞིན་མི་དགོས་པར་ཐུན་མོང་ནས་འབུལ་འཐུས་ཀྱི་བཀའ་ཕེབས་བྱུང་བ་མ་ཟད། འབྲེལ་ཡོད་ཚན་པ་གསུམ་གྲོས་མོལ་གནང་དགོས་སྐོར་ལམ་སྟོན་ཕེབས་བྱུང་དེར་བརྟེན་ཕྱི་ཚེས་ ༢༣ ཉིན་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་སམ་དགེ་ལུགས་སྤྱིའི་ངོས་ནས་རྣམ་གྲྭ་མཁན་རིན་པོ་ཆེ་མཆོག་གིས་དབུས་ཆོས་འཕེལ་བཟོད་པ་ལགས་དང་ཚོགས་མི་གཞན་ཞིག དེ་བཞིན་ཆོས་རིག་དྲུང་ཆེ་དང་། དྲུང་འཕར། ཟུང་དྲུང་། མདོ་སྨད་ཆོལ་ཁའི་ཚོགས་གཙོ་དང་ཚོགས་མི་གཉིས་བཅས་ལྷན་འཛོམས་ཀྱིས་ཁུངས་སོ་སོའི་སྙན་གསེང་ཞུ་སྟངས་དང་། བར་སྐབས་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་བརྟན་བཞུགས་དང་འབྲེལ་བའི་བཀའ་ཕེབས་སྐོར།
མ་འོངས་པར་ང་ཚོའི་བྱེད་ཕྱོགས་སྐོར་མི་རིང་བར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཐུབ་ན་ཡག་པོ་ཡོང་ངེས་རེད་ཅེས་ཐག་གཅོད་བྱུང་དོན་བཞིན། རྣམ་པ་ཚོ་དེ་རིང་འདི་གར་ཕེབས་རོགས་ཞུས་དགོས་དོན་དེ་ལྟར་ཡིན། ཆོས་རིག་ལས་ཁུངས་ལ་ཆ་མཚོན་ན། སྔོན་མ་ནས་ཐུགས་གཏན་འཁེལ་ཟིན་པ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། ཆོས་རིག་ལས་ཁུངས་ནས་བརྟན་བཞུགས་དང་འབྲེལ་བའི་རྒྱ་བལ་འབྲུག་གསུམ་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་འཁོད་བོད་མི་ཡོངས་ལ་ཕྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༡ ཉིན་ཆོས་རིག་ལས་ཁུངས་ནས་༸གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པ་དང་སྟབས་བསྟུན། གཞུང་འབྲེལ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་རྒྱུ་ཐུགས་གཏན་འཁེལ་ཟིན་པར་བརྟེན། བོད་མི་ཡིན་ནོ་ཅོག་གིས་སོ་སོའི་གནས་ཡུལ་རྒྱལ་ཁབ་ཀྱི་སྒོར་ ༣།༠༠ རེ་འབུལ་རྒྱུ་རྒྱས་བཅད་དང་། དེའི་ཐོག་དང་བླངས་བློས་བཅད་ཞལ་འདེབས་འབུལ་བློ་ཡོད་རིགས་རྣམས་ནས་ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༢༨ སྔོན་ལ་ཆོས་རིགས་ལས་ཁུངས་སུ་གནང་འབྱོར་ཐུབ་ཐབས་ཡོང་བའི་གསལ་བསྒྲགས་སྤེལ་ཡོད། ཅེས་ངོ་སྤྲོད་གནང་། དེ་ནས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་སྐུ་ཚབ་རྣམ་གྲྭ་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་དང་། མདོ་སྨད་དབུས་རྒྱུན་ཚོགས་གཙོ་བསྟན་པའི་དངོས་གྲུབ་ལགས་གཉིས་ཀྱིས་རིམ་བཞིན་ངོ་སྤྲོད་གནང་རྗེས་ཆོས་རིག་དྲུང་ཆེས་དབྱིན་སྐད་ཐོག་ལས་འཆར་ཁག་ཞིབ་ཕྲ་ངོ་སྤྲོད་གནང་སོང་།
བརྟན་བཞུགས་ བརྟན་བཞུགས་ཟེར་བ་དེ་པད་ལས་རང་རེད་ རང་ཉིད་ལ་ངོ་སྟོད་ཡོང་བའི་མཆེད་དུ་མི་མང་ལ་ཞལ་འདེབས་ཀློང་ནས་༧གོང་ས་མཆོག་ལ་པད་ལས་བཤད་ཀྱི་འདུག་ ༧གོང་ས་མཆོག་གི་སྐུ་ཚེར་ཕན་གྱི་ཡོད་མེད་གང་ཤེས་ པད་ལས་བཤད་མཁན་ཚོས་མི་མང་ལ་འདབས་སིག་ཆེན་པོ་བཟོ་གྱི་འདུག་
འདི་འདྲ་གསུངས་འདུག བོད་མི་ཡིན་ནོ་ཅོག་གིས་སོ་སོའི་གནས་ཡུལ་རྒྱལ་ཁབ་ཀྱི་སྒོར་ ༣།༠༠ རེ་འབུལ་རྒྱུ་རྒྱས་བཅད་དང་།ང་ལ་བལ་སྒོར་གསུམ་འབུལ་ན་གང་འདྲ་བྱས་ནས་བསྐུར་དགོས་སམ། འབྲེལ་ཡོད་མི་སྣས་ལན་ཡོད་པར་ཞུ། བལ་ཡུལ་གཞུང་ཙབ་ལ་འབུལ་ན་འགྲིག་གམ།
ཨ་ཕྱི་འདི་དཀྲུག་ཤིང་ཚ་བ་མ་ཟད། སེར་སྣ་ཅན་ཞིག་ཀྱང་རེད་འདུག ཁྱོད་ནུབ་ཕྱོགས་རྒྱལ་ཁབ་ལ་བསྡད་ནས་འཛམ་གླིང་གི་དངུལ་འཛའ་ཐང་ཆུང་ཤོས་བལ་སྒོར་སྤྲོད་རྩིས་བྱེད་དམ། མགོ་བདེ་པོ།
རེད་རེད་དབྱིན་སྒོར་གཅིག་ཀྱང་མི་གནས་པར་མ་ཟད་་་ཕལ་ཆེར་དབྱིན་འཇིའི་པད་ཤག་ལྔ་ཙམ་མ་གཏོགས་མི་གནས་ཀྱང་དེ་ལ་སེར་སྣ་བྱེད་ཁུལ། འདོད་པ་མེད་ན་མེད་ལབ་ན་འགྲིག་གི་རེད།
ཨ་ཕྱི་འདི་་་དོལ་ཚོགས་ཞིག་མིན་འགྲོ་བསམ་བསམ་འདུག
ཨ་ཕྱི་རྒད་མོ་དབྱིན་ཡུལ་དུ་བསྡད་ནས་ཕར་བཏང་དུས་བལ་པོའི་སྒོར་མོའི་འཛའ་ཐང་ལ་སྒྱུར་ནས་སྤྲད། ཚར་ལེན་དུས་དབྱིན་སྒོར་གྱི་འཛའ་ཐང་ལ་སྒྱུར་ནས་ལེན་གྱི་ཡོད་པར་འདྲ།། གནས་སྟངས་འདི་ནི་བོད་ཀྱི་སྤྲུལ་སྐུ་ཚོ་ལ་༼༼༼གཏོང་རྒྱ་དང་སྡུད་རྒྱ༽༽༽ཟེར་བའི་རྒྱ་མ་གཉིས་ཡོད་པ་ལྟར་རེད་འདོད།
དམྱལ་བའི་གཤེན་རྗེའི་ཡུལ་དུ།
དགེ་སྡིག་སྲང་ལ་འཇལ་སའི།
ཁྲིམས་ཀྱི་རྒྱ་མ་དེ་ཡང་།
གཏོང་རྒྱ་སྡུད་རྒྱ་ཨེ་རེད།
ལས་འབྲས་མགོ་གཏིང་སློག་མཁན།
དྲང་བདེན་རྡོག་པས་བརྫིས་མཁན།
ཡུལ་མིའི་ཟུངས་ཁྲག་འཇིབ་བྱེད།
སྤྲུལ་སྐུའི་སྡུད་རྒྱ་ཨེ་རེད།
ཡར་ལ་སྒོར་མོ་ཕུལ་ན།
མར་ལ་སྲུང་མདུད་གནང་ཡོང་།
དྲང་བདེན་མེད་པའི་ཚོང་དེ།
སྤྲུལ་སྐུའི་གཏོང་རྒྱ་ཨེ་རེད།
༧གོང་ས་མཆོག་ལ་དུས་ནས་དུས་སུ་བརྟན་བཞུགས་འབུལ་དགོས་དོན་ཅི་ཡིན་ནམ། གངས་ཅན་པ་ཚོ་མནོ་བསམ་བཞེས་རོགས། དེང་སྙིགས་མའི་དུས་འདིར་བོད་རིགས་དམ་ཉམ་མང་དུ་སོང་ནས་བོད་མི་འགའ་རེ་ནས་༧མགོན་པོ་གང་ཉིད་ཐུགས་ཕམ་བཅུག་ཡོད་པས་གནས་ཚུལ་བྱུང་བཞིན་པ་ཚང་མའི་མཁྱེན་གསལ་ལྟར་ཡིན། གང་ལྟར་ལས་ཀྱི་སྣེ་མོར་རྟོགས་པའི་བོད་མི་རྣམས་ནས་དགོངས་པ་ཟབ་བཞེས་དགོས་པ་ནི། ༧རྒྱལ་བ་དགེ་བའི་མཆོད་འཕྲིན་གཙོ་ཆེ་ནི་༧མགོན་པོ་མཆོག་གི་བཀའ་སློབ་རྣམས་ཁ་ཞེ་གཉིས་མེད་ཐོག་ལག་ལེན་བསྟར་དགོས་པ་ཡིན། བོད་མི་རྣམས་ནས་འདི་ལྟར་གནང་ཐུབ་ཚེ་༧གོང་ས་མཆོག་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ཞལ་བཞེས་གནང་པ་ལྟར་དགུང་ལོ་ ༡༡༣ བཞུགས་རྒྱུ་ཡིན་པ་ཐེ་ཚོམ་མེད། འོན་ཀྱང་གཙོ་ཆེ་ཤོས་དེ་བོད་རིགས་མི་མང་གི་བྱ་སྤྱོད་ལ་རག་ལས་སོ།