བན་དེ་བ།་ལགས་ཀྱིས་མཆན་བཏབ་པ།:
August 5th, 2014 at 2:59 AM
གཞོན་ནུ་ཟླ་མེད་ལགས་ཁྱེད་ཀྱིས་བྲིས་པའི་མཆན་༩༨ནང་བུད་མེད་ཁྱོ་དད་ཅན་དང་ཝ་ཤ་དད་ཅན་གཉིས་ཀྱི་གཏམ་རྒྱུད་དེ་དཔེ་གང་དུ་ཡོད་དམ། ང་ལའང་དེ་ནང་བཞིན་ཞིག་བཤད་རྒྱུ་ཡོད་ཁྱེད་ལ་དཔེ་མིང་དེ་ཐུགས་ལ་ཡོད་ན་གཅིག་གསུང་གནང་རོགས་ཞུ།
ལན། སྐྱེས་པོ་གསོ་ཐིག་ལས་དྲངས་པའོ།།
དོལ་རྒྱལ་པ་ཚོས་དོལ་རྒྱལ་མ་དོར་བར་དུ་འབྲེལ་བ་བྱེད་རྒྱུ་མེད་ཟེར། དོལ་རྒྱལ་མ་དོར་བར་དུ་ཁོ་ཚོ་བོད་པའི་སྤྱི་ཚོགས་སུ་ལོག་རྒྱུ་མེད་ཟེར། ཧཧཧཧཧཧཧ། ཟང་གདོང་འདི་བོད་མིའི་ནང་ཁུལ་ཕྱོགས་འགལ་དང་ཁ་འཐོར་གཏོང་རྒྱུར་སྣང་དག་གཏང་མཁན་ཞིག་མ་རེད། དེ་སྔོན་ཆུ་སྒང་གསར་རྙིང་གཙོས་པའི་བོད་པའི་སྤྱི་ཚོགས་སུ་ཁ་བྲལ་ཡ་བྲལ་བཟོས་པ་ཉུང་ཉུང་མ་རེད། ཁོ་རང་ཡང་དོལ་རྒྱལ་བ་རེད། འོན་ཀྱང་སྲིད་དོན་སྐབས་འཚོལ་དབང་གིས་རང་གི་རྩ་བའི་བླ་མ་དང་དེའི་རིང་ལུགས་ལ་དགྲ་ལྟར་འཛིན་ནས་བླ་རྫུས་མགོ་ཧྲིལ་འདི་ཚོའི་བྱ་སྤྱོད་ནི་ཕ་རྒན་ཤེས་མེད་རྣམས་ཀྱི་སྤྱོད་པ་ལས་སྡུག་གི།
སེམས་པ་གཙབ་འགྲོ་བའི་ཁོའི་སྐད་ཆ་འགའ་ཞིག་སྟེ། (ངས་རྩ་བའི་བླ་མའི་བཀའ་སྒྲུབ་པ་མ་གཏོགས་བོད་ཀྱི་ལ་རྒྱ་གང་ཡང་མེད། ཟེར་བ་དང་། ནང་ཆོས་ཀྱི་ཆེད་དུ་བོད་མི་རིགས་ཉམས་ནའང་འགྲིག་གི་རེད། ཟེར་བ། ཕྱིའི་དགྲ་བོ་ལས་ནང་གི་དགྲ་བོ་རང་བཙན་རྩོད་མཁན་ཚོ་སྡུག་གི་རེད།) ཟེར་བ་སོགས་ལ་ཉན་རྗེས་ང་ནི་ཁོའི་སྐད་ཆར་ཉན་མི་འདོད་པ་ཞིག་ཏུ་གྱུར་སོང་།
དོལ་རྒྱལ་བ་དང་སྐབས་འཚོལ་བ་ཚོ་སྡུག་སྐད་ཤོར་ཡོང་དུས་བཀའ་སློབས་འདི་གནད་ལ་ཁེལ་སོང་བའི་རྟགས་རེད།
འདི་ལོའི་ཕྱི་ཟླ་ ༡༠ བའི་ཟླ་མཇུག་ནས་ཟླ་ ༡༡ པའི་ཟླ་མགོ་བར་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དུ་བཀའ་ཆོས་གནང་རྒྱུ་ཡིན་འདུག
འདི་གར་གནས་ཚུལ་འབྱོར་གསལ་ལྟར་ན། ཉེ་སྔོན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་ཚ་བ་ཁང་ཚན་གྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་བཞེས་ཟབ་མོ་ཐོབ་སྟེ། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༧ ཉིན་ནས་ཕྱི་ཟླ་ ༡༡ ཚེས་ ༢ ཉིན་བར་གྱི་དུས་ཡུན་བདུན་ཕྲག་གཅིག་ལྷག་གི་རིང་བཀའ་བློན་ཁྲི་ཟུར་མཆོག་གིས། འབྲས་སྤུངས་བློ་གསལ་གླིང་ཚ་བ་ཁང་ཚན་གྱི་གཙུག་ལག་ཁང་དུ་དགེ་འདུན་པ་དང་སེར་སྐྱ་མི་མང་ལ་༼བྱང་ཆུབ་ལམ་གྱི་སྒྲོན་མེའི༽བཀའ་ཆོས་གནང་རྒྱུ་ཡིན་འདུག
ཡག་པོ་འདུག
རྒྱལ་བཙོང་བ་ཚོས་དཀྲུག་ཤིང་རྒྱག་གྱི་མཚམས་བཞག་གི་མིན་པེ། བོད་མི་རིགས་ལ་ཆིག་སྒྲིལ་མེད་ན་བོད་མི་རིགས་ལ་རྒྱལ་ཁ་འཐོབ་ཀྱི་མེད་པར་གཞོན་སྐྱེས་ཚོས་གསལ་པོ་མཁྱེན་གྱི་ཡོད་རེད། ད་་་རྒྱལ་བཙོང་པའི་སྤྲུལ་གོག་བརྒྱད་ཅུ་ཧན་ལོག་ཁྱོད་ཚོ་ཤི་རན་པའི་དུས་ལ་བབ་ཡོང་གི་ཡོད་རེད། བོད་མི་རིགས་ལ་རང་དབང་གི་ཉི་མ་ཤར་ལ་ཉེ་་་་ཧཧཧཧཧཧཧ
དོལ་རྒྱལ་ཚོགས་པ་ཚོས་བོད་མི་རིགས་ལ་དམའ་འབད་དང་། གོང་ས་མཆོག་ལ་མཚན་སྨད། མི་གསད། སྤྱི་ཚོགས་དཀྲུགས། བརྡུང་འདེད་གཏོང་། ད་དུང་གོང་ས་མཆོག་ལ་གཏམ་བརྗོད་ཀྱི་རང་དབང་འཕྲོགས་རྩིས་བྱེད་ཆོག་དུས། ཟམ་གདོང་རིན་པོ་ཆེས་བདེན་པའི་གསལ་བཤད་བྱེད་མི་ཆོག་པའི་རྒྱུ་མཚན་གང་ཞིག་ཡོད།
གོང་གི་མཆན་བཀོད་མཁན་ཚོས་ལོང་བ་ཡིན་ན་མ་གཏོགས་ tibetan public talk ཐོག་དོལ་ཚོགས་ཀྱིས་ག་རེ་བཤད་བཞིན་ཡོད་པ་ང་ཚོས་གསལ་པོ་མཐོང་ཐུབ་ཀྱི་ཡོད། ཡིན་ཡང་དྲ་འབུ་ཚོས་དེ་དག་མ་མཐོང་འདོག་འདོག་བྱེད་མཁན་ཚོས་དགོངས་པ་ཡག་པོ་ཞིག་གཞེས་རོགས་ཞུ་རྒྱུ་ཡིན།
ཚེ་སྟོད་བོད་མིའི་སློབ་གསོའི་བྱ་བ་བསྒྲུབས།
བར་ལ་རིག་གནས་རིག་གཞུང་དོན་གཉེར་མཛད།
ཚེ་མཇུག་རྒྱལ་བའི་འགན་འཁུར་འདེགས་གྲོགས་མཛད།
བོད་འབངས་གཉེན་གཅིག་ཟམ་གདོང་སྤྲུལ་སྐུ་དྲན།
དབུ་བ་དཀར་པོ་ལྷག་བསམ་དཀར་དང་མཚུངས།
ཐུགས་གཤིས་སྒམ་པ་ངོ་ལྐོག་བྲལ་བའི་རྟགས།
སྐད་ཡིག་བྱང་བ་ཤེས་བྱར་ཐོགས་མེད་པ།
ཁྱེད་ནི་གངས་ཅན་ལྗོངས་ཀྱི་སྐར་ཆེན་ཞིག
དིང་དུས་ཀྱི་ཕྲུ་གུ་ཚོར་ལྷ་དྲེའི་སྐོར་གསུང་ནས་གང་ཡོང་ དེའི་ནང་ནས་སློག་གྲྭའི་ནང་ལྷ་འདྲེའི་སྐོར་སློབ་ཁྲེད་གནང་བ་དེ་ཁྲིམས་དང་མཐུན་གྱི་ཨ་ཡོད་ དེང་དུས་་ཀྱི་ཤེས་ཡོན་སློབ་སྦྱོང་བྱེད་བཞིན་པའི་བོད་པའི་ཕྲུ་གུ་ཚོར་ལྷ་འདྲེའི་སྐོར་གསུང་ནས་ཕན་ཐོག་གང་ཡོད་དམ།
གདོན་འདྲེ་བསྟེན་མཁན་གྱི་ཀླ་ཀློར་ཚེ་རབས་ཀུན་ཏུ་མ་སྐྱེ་བའི་སྨོན་ལམ་འདེབས་བཞིན་འཆིས།
མ་འོངས་སོན་རྩ་ཚོ་ལ། ལམ་ལེགས་པ་བསྟན་པ་ལ་བཀའ་དྲིན་ཆེ། མ་གོ་མི་ཤེས་ཟེར་ས་མེད་པར་བཞག་པར་བཀའ་དྲིན་ཆེ། བྱ་བ་འདི་ཚོ་གལ་ཆེན་ནང་གི་དོན་ཆེན་རེད། ཚང་མས་ཤེས་དགོས་བའི་གནད་དོན་ཆེན་པོ་ཞིག་རེད།
དོལ་རྒྱལ་དགྱ་དགའ་མ་ཚོ། ནང་འདྲེ་གྲོད་པའི་སྤུ་ཚོ། དེ་འདྲ་སེམས་ནག་པོ་ཞིག་ཡོད་ཡོད་བསམ་པར་མ་བྱུང་། ༧གོང་ས་མཆོག་རྒྱལ་སྤྱིའི་ཁྲིམས། རྒྱ་དཀར་གྱི་ཁྲིམས། དགྱ་ནག་གི་ཁྲིམས། ཁྲིམས་ཁང་གང་ཞིག་ལ་སྐྱོལ་མ་ཐུབ་པ་ལས། མ་བསྐྱལ་བ་མིན་པ་འདི་ཡིས། ག་འདྲའི་སྡུག་རྐྱལ་ཡོད་པ་ཤེས་སོང་། འདི་ཚོའི་ངོ་མྱིག་གིས་ཅིག་མི་རིག་པར་ཤོག།
རྣ་བ་ཡོད་ནི། ཀླད་པ་ཡོད་ནི། བསམ་བློ་ཡོད་ནི། བླངས་དོར་ཤེས་ནི། བོད་ལ་ཤ་ཚ་ནི། བདེན་བརྫུན་ཤེས་བ་ལ་ཡིད་དགའ་ནི། ལོ་རྒྱུས་དགོས་ནི། རྒྱལ་སྤྱིའི་ཁྲིམས་དོན་རྩི་ནིའི་མི་བུ་ཡོད་ཚད་ཀྱིས་འདི་ལ་ཉན། ཡང་ཉན། དེ་ནས་ཡང་ཉན། ཐང་ཁ་ཤས་ལ་ཉན་ནས་ལག་པ་བྲང་ཁ་ལ་བཞག་ན། དེ་ནས་ཨ་ཁ། བླ་རྒན་དབུ་དཀར་འདི། མི་ཤེས་ཤེས་མདོག་མཁན་ཚོའི་ཁ་ནང་གི་བླ་མ་ཡང་སྙིང་མེད་པ་དེ་མིན་པ་གཞུག་ནས་ཤེས་བ་ལ་ཐེ་ཚོམ་མི་འདུག།
སྔོན་ལ་ཁ་གཏང་ནི་ཡིན། ད་ནས་བློ་དཀར་ནི་ཡིན། སྐུ་ཚེ་རིང་། ཡིན་ན་ཡང་། སྲིད་ཀྱི་སྐོར་ལ་མང་པོ་རང་གསུང་མ་ཡོང་རོགས་ཞུ་ཡ་ཡིན། བདེ་འཇོག་གནོངས།
གཞན་གང་ཤེས་དེང་སང་བཙན་བྱོལ་ནང་ཆོས་དང་ཟང་ཟིང་ཁ་དང་ཁ་སྤུ་དབྱེ་འབྱེད་ཟེར་བ་དེའི་ཐོག་བླ་དཔོན་མང་པོ་ཞིག་གིས་རྣོ་ངར་ལྡན་པའི་ལས་འགུལ་དང་ཁ་བརྡུང་གཏོང་བཞིན་ཡོད། རེད་དེ་ནམ་ཞིག་ང་ཚོས་རྨི་ལམ་མངོན་དུ་གྱུར་ནས་ལམ་དབུ་མའི་འོག་ནས་གཞིས་བྱེས་ལྷན་འཛོམ་གྱི་ཉི་མ་ཤར་བ་ཡིན་ཚེ། ཆོས་དང་ཟང་ཟིང་ཟེར་བ་དེ་མུ་མཐུད་ནས་ལག་ལེན་བསྟར་ས་ཡོང་གི་ཡོད་དམ་མེད་དེ་ཡང་ད་ལྟ་ནས་བརྩིས་རྒྱབ་རྒྱུ་གལ་ཆེ་བར་མངོན། གལ་སྲིད་དེ་ལྟར་ལག་ལེན་བསྟར་ས་ཞིག་མ་བྱུང་ན་ད་ལྟ་ནས་འཆར་གཞི་དང་ལྡན་པའི་ཐོག་ནས་ཕན་ཚུན་མཐུན་ཐབས་གནང་ན་མི་ཡག་གམ།
འགོ་གོང་ས་མཆོག་ནས་མཇུག་བོད་མི་མང་བར་གྱིས་བདུག་འདྲེ་ཚོགས་པ་ལ་མཐུན་ཐབས་མ་བྱས་པ་ཅི་ཡང་མེད། ཡིན་ན་ཡང་ཁོ་ཚོས་བསམ་ཤེས་གཏན་ནས་མེད་པར་བོད་གངས་ཅན་པའི་ཡོད་ཚད་ལ་ཐལ་བ་གཏོར་ཅི་ཐུབ་བྱས་སོང་བས། ད་ནི་དོལ་ཚོགས་དང་ཁྱོད་ཤི་ང་གསོན་ལས་མཉམ་གནས་བྱེད་ཐབས་གཏན་ནས་མེད།
ཀྲའོ་ཡུང་ཁང་ཚར་ཚ་དེ་ རྒྱ་གུང་ཁྲན་ཡིན་ཡང་ལ་མགོའི་ཉི་ཟེར་ཙམ་དུ་གནས་ཡོད་ བོད་རིགས་མི་མང་གིས་ཉི་མ་དེ་ཡང་སྤྲིན་པ་དམར་པོའི་གསེབ་ནས་འཆར་ལ་ཉེ་བའི་དུས་ལ་སླེབས་ཡོད་ དོལ་ཚོགས་རྒྱུག་ཁྱི་ཚོའི་ཉི་མ་ནི་རེ་ཞིག་ནུབ་ཚར་བ་དང་གཅིག་མཚུངས་རེད་སྒྲུང་རིང་པོ་བཟོས་མ་བཟོས་ཡོ་ལེ་མ་རེད་ ངེད་ཁ་བ་རི་བ་ཚོའི་གླུ་དབྱངས་ཁ་བའི་ལྗོངས་ནས་ལེན་ཡོང།
གུང་ཁྲན་ཏང་གི་སྒྲིག་འཛུག་འོག་ལ་ག་དུས་ལོག་ན་ཡང་སྒོ་ཕྱེ་ཕྱེ་པ་རེད་ཟེར་བ་ཅིས་མཚུངས་རེད། ངོ་མ་དུས་ཚོད་འདི་འདྲ་ལ་སྐད་ཆ་འདི་འདྲ་ཁོ་ནས་ཕུང་སོང་བ་མ་རེད་དམ། ཧམ་བཤད་གཞན་ཞིག་ནི་གོ་བརྡ་གང་འདྲ་སྤྲོད་པ་རེད། རྫུན་དེ་འདྲ་ཞིག་གི་དགེ་སློང་གི་སྡོམ་པ་ནས་ཕམ་པ་དངོས་སུ་ལྟུང་བ་དེ་མདོ་རང་གི་དགོངས་པ་རེད། ཟོམ་དོང་ལྟ་བུ་དང་སྤན་ཚེ་ལྟ་བུ་བོད་མི་རིགས་འདི་དངོས་སུ་ནང་ཁུལ་འགལ་ཟླ་བཟོ་ཁན་བྱེད་པོ་གཙོ་བོ་ཞིག་རེད། སློབ་གྲྭ་ལ་སྐད་ཆ་འདི་འདྲ་ཞིག་བཤད་པ་ལ་དངོས་ནས་ངོ་མི་ཚ་འམ།
རོང་པོ་ལགས་གུང་ཁྲན་ཏང་གིས་ད་ལྟའི་སྒོ་ཕྱེ་ཕྱེ་པ་དེའི་ནང་ལ་འཛུལ་ན་དོལ་ཚོགས་མིང་འདྲ་པོ་ཞིག་ཁྱེར་ནས་བོད་པའི་སྤྱི་ཚོགས་ནང་ལ་ཕུ་དཀྲུགས་མདའ་དཀྲུགས་བྱེད་ཡས་ཀྱིས་ལས་ཀ་ཞིག་རག་གི་རེད་
ཁ་བྲོ།
འགོ་གོང་ས་མཆོག་དང་ཟང་གདོང་སོགས་ཀྱིས་གཙོས་དབུ་ལམ་པ་ཡོད་དོ་ཅོག་ནི་རྒྱ་གོང་ཁྲན་སར་འགྲོ་ས་མ་རག་པ་དང་ལག་པ་གཏོང་ས་མ་རག་ནས་ལུས་པ་རེད་མ་གཏོག་སྔ་ས་ནས་རྒྱར་ལོག་འགྲོ་རྒྱུ་ཡིན་པར་གསལ་པོ་རེད། རྒྱ་ལ་བཟང་འདོགས་དང་བྱམས་འདོགས་སོགས་བྱེད་རྒྱུ་བཅོ་བརྒྱད་བར་དུ་མཛད་ནས་བོད་མི་ནང་ཁུལ་གྱི་མཐུན་ལམ་ལ་སྐྱ་པ་ལས་གཙིས་ཀྱི་མེད། ས་སྟེང་འདིར་གོང་ས་མཆོག་དང་བོད་ཀྱི་ཆོས་ལུགས་རིགས་གཞུང་མི་རིགས་དང་བཅས་པར་རྩ་གཏོར་བཏང་བ་དང་མཚན་སྨད་བྱེད་མཁན་ནི་རྒྱ་དམར་ནང་བཞིན་འཛམ་གླིང་ན་མེད། འོན་ཀྱང་ཁོང་ཚོ་རྒྱ་ལ་བཟོད་སྒོམས་ཀྱིས་དགའ་འདོགས་དང་བྱམས་འདོགས་སྟོན་པའི་དམིགས་ཡུལ་མདོར་སྡུས་ནས་ཞུ་ན་རྒྱའི་དངོས་དངུལ་དེ་རེད། དོལ་ཚོགས་ནས་རྒྱ་དང་འབྲེལ་བ་བྱེད་པར་ཁྲག་དོག་མ་རེད་ན་ཅི་རེད། གལ་སྲིད་དོལ་ཚོགས་ཀྱི་རྒྱ་དང་མཉམ་འབྲེལ་དང་དངོས་དངུལ་སོགས་ཀྱི་ཁེ་ཕན་རག་གི་ཡོད་ཚེ་ཡོད་ཚོད་ལེན་དགོས་རེད། དེ་གོ་སྐབས་རེད། དབུ་ལམ་དང་དོལ་ཚོགས་སོགས་ཀྱིས་རྒྱ་དང་མཉམ་འབྲེལ་སྐོར་འབུ་དཀར་ནག་གི་བྱེད་བབ་ཙམ་ལས་དོན་ལ་ཁྱད་པར་ཞིག་ཡོད་པ་མ་མཐོང་། དེ་སྔོན་བཙན་བྱོལ་གཞུང་དང་བོད་མི་སྒེར་པས་ཐེ་ཝན་བོད་སོག་ལས་ཁོངས་ས་ནས་པད་ཤག་ལེན་པར་ཁྱད་པར་ཡོད་ཚུལ་བཅོ་བརྒྱད་བཤད་ཀྱང་དོན་དུ་གཅིག་མཚུངས་གྱུར་ཟིན་པ་རེད། རྒྱ་དམར་གྱི་དངོས་དངུལ་ཡང་དེ་དེ་བཞིན་ལས་མ་འདས་པའི་དབུ་ལམ་གྱིས་བཟོས་པ་རེད། མི་རིགས་མཐུན་ལམ་དང་མི་དམངས་མཉམ་གནས་ལ་ཚུར་ལ་མ་གཙིས་ན་ཕར་གཙིས་པའི་གཅིག་པུར་དོན་འབྲས་མི་ཡོང་། ཚུར་ལ་སྐྱག་པ་གཙིས་ན་ཕར་ལ་གནོང་པ་གཙིས་རྒྱུ་ལས་ལྷག་ཡོད་མ་རེད། དགེ་བའི་བཤེས་གཉེན་རྟེན་ཚུལ་ཚུན་ཆོད་ལ་ཡང་རང་འདོད་རྐྱང་རྐྱང་བྱས་ནས་འཇིག་རྟེན་པའི་སྙན་གྲགས་གཉེར་མཁན་བླ་དཔོན་དེ་ཚོར་ངས་མི་སྐུལ་ཁོ་ཐག་ཡིན།།
ཟམ་གདོང་རིན་པོ་ཆེས་བདེན་པའི་གསལ་བཤད་གང་མིན་ཚད་ཡག་པོ་གསུངས་སོང་། ཤེས་དགོས་པ་གཙོ་བོ་དེ། འཛམ་བུ་གླིང་གི་ཕྱོགས་སོ་སོ་ན་བཞུགས་ཡོད་པའི་སྙིང་ལ་རུས་པ་ཡོད་པའི་བོད་མི་་ཚོས་ད་ལྟའི་དོལ་ཚོགས་ཀྱི་བྱ་སྤྱོད་དེ་གང་འདྲ་ཞིག་ཡིན་པ་གསལ་པོ་མཐོང་བར་བྱས་ནས་དགྲ་གཉེན་མ་ནོར་བ་དང་ལྷ་འདྲེ་དབྱེ་ཐག་ཆོད་པ་ཞིག་བྱེད་པའི་དུས་ལ་བསླེབས་ཡོད།
ད་ལྟའི་དོལ་ཚོགས་ཀྱི་བྱེད་སྟངས་ངོ་མ་ནི་གདོན་འདྲེའི་གཡོག་པོ་དང་རྒྱ་གཞུང་གི་ལག་ཆ་ཁོ་ན་ཡིན་པས་ང་ཚོས་ངེས་པར་དུ་ངོ་རྒོལ་བྱེད་དགོས།
དངོས་གནས་ཡག་པོ་གསུང་འདུག་་་གནས་ཚུལ་ཚང་མ་ཤེས་དགོས་རེད་མ་གཏོག་་་རྫུན་མ་རི་ཙམ་ཞིག་བཤད་ན་བདེན་པ་གཡག་ཙམ་ཞིག་ཐོབ་རེ་བྱེད་འགའ་འདུག་་ཁོ་ལེན་ཡག་གསུང་འདུག་་་་
ཞེད་སྣང་དང་ཉོབ་སྣང་གི་བཀའ་སློབ་་་་་་་་་་་་་
(ངས་རྩ་བའི་བླ་མའི་བཀའ་སྒྲུབ་པ་མ་གཏོགས་བོད་ཀྱི་ལ་རྒྱ་གང་ཡང་མེད། ཟེར་བ་དང་། ནང་ཆོས་ཀྱི་ཆེད་དུ་བོད་མི་རིགས་ཉམས་ནའང་འགྲིག་གི་རེད། ཟེར་བ། ཕྱིའི་དགྲ་བོ་ལས་ནང་གི་དགྲ་བོ་རང་བཙན་རྩོད་མཁན་ཚོ་སྡུག་གི་རེད།)
བསྟན་འཛིན་ཟེར་བ་ཁྱོད་ཀྱིས་བཤད་སྟངས་ལ་བལྟས་ན་ རྒྱ་དམར་ལས་ཁྱོད་རང་སྡུག་སྡུག་སྡུག་རེད་འདུག་ཡིད་མ་ཆེས་ན་བསམ་རྣོ་ཡག་པོ་ཞིག་གཏོང་དང་ཤེས་འདོད་ཡོད་ན་ཤེས་ལེ་རེད་ཤེས་འདོད་མེད་ན་ང་གཉིས་བར་ལ་སྐད་ཆ་བཤད་དགོས་དོན་མིན་འདུག་
ཟམ་གདོང་རིན་པོ་ཆེ་མཆོག་གི་བདེན་པའི་གསལ་བཤད། ལ། བདེན་དོན་ལ། ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད་དོ།། །།
རྨོངས་དད་དང་དཔོན་དད་ཅན་གྱི་བོད་རྒན་ཁ་རི་བ་ཁྱེད་ཅག་གིས་བཤད་པར་ཟུར་གནས་སུའི་འཛིན། རེད་རེད། ང་རྒྱ་དམར་ལས་སྡུག་བ་རེད། གད་མོ་སྐུ་ནས་ཤོར་སོང་། མི་ལོ་སུམ་བཅུ་ཡ་མན་ཙམ་དུ་དོལའདྲེ་གཙུག་ཏུ་བཀུར་ནས་གསོ་སྟོད་ཞུ་རྒྱུའི་མཚམས་སུ་གསོལ་བ་རེད། སྐབས་དེའི་དུས་ཀྱི་དོལ་རྒྱལ་དང་དེང་སྐབས་དོལ་རྒྱལ་བར་དཀར་ནག་འདར་ཨ་ཡོད། མེད་ན་སྐབས་དེ་དུས་ནས་ནང་པ་སངས་རྒྱས་པའི་གྲལ་ནས་བུད་ཟིན་པ་རེད། དགེ་ལུགས་པའི་བླ་ཆེན་དང་མཁན་ལས་ཟུར་གཙོས་གྲ་པ་ཕལ་ཆེ་བ་ནང་པ་མ་རེད་ཟེར་ན་ཨ་ཆོག། དེ་དག་ནི་དོལ་འདྲེ་དང་དངོས་རྒྱུད་གང་རུང་གི་འབྲེལ་བ་མེད་མཁན་མེད་ཟེར་ན་ཆོག། འཕག་པ་སྤྱན་རས་གཟིགས་ཀྱིས་བླ་གྲྭ་དང་མི་དམངས། མཐར་ན་ལོ་ཆུང་བྱེས་པ་ཚུན་ཆད་ལ་དངོས་ཤུགས་རྒྱུད་གསུམ་གྱིས་གནོད་ཤུགས་དང་གཡོལ་སྒྱུར་ཐབ་གསུམ་གྱི་བྱ་སྤྱོད་ཇི་ཙམ་སྤེལ་ཀྱང་འཇིག་རྟེན་པའི་དྲེད་པ་མཐར་མ་པ་དོལ་རྒྱལ་འདིར་ཁ་གཏད་ཆོག་གི་མི་འདུག། སྤྱན་རས་གཟིགས་གཙོས་པའི་བོད་དུ་སངས་རྒྱས་བྱང་སེམས་སོགས་ཀྱི་སྐྱེ་སྤྲུལ་དངསྔགས་པའི་གྲུབ་ཆེན་སོགས་ས་དགེ་བཀའ་རྙིང་གང་སར་གཅིག་ལས་གཅིག་རྫིགས་བ་དེ་ཚོ་གང་ན་བུད་སོང་ནི་རེད། གཟུག་མེད་ལྷ་འདྲེ་ཞེས་པ་དེ་དག་ཡོད་ན། གཟུགས་མེད་ལ་གཟུགས་མེད་ཚུལ་གྱིས་ནུས་རྩལ་གྱིས་རྒྱལ་འཕམ་དབྱེ་དགོས་པ་ལས་ཉམས་ཆུང་མི་སེལ་ངེད་རྣམས་སར་དངོས་མེད་བདེན་མེད་ཀྱིས་སྤུན་ཟླ་ནང་དམེ་མ་བཟོ་རོགས། བརྒྱ་བཤད་སྟོང་ལ་སྐོར་ནས་བཤད་ཀྱང་རྐུ་རྒྱབ་ཇག་ལང་ཙམ་ལས་བདེན་ཁ་ཡོད་པའི་སྐད་ཆ་སུ་ལ་ཡང་མི་འདུག་གོ། ང་ནི་ལྷ་འདྲེ་གང་ལ་མི་དད་ལ་སུ་ཡང་མི་སྡང་། དེ་དག་ནི་རྟོག་བཏགས་ཀྱིས་རོ་སྒྲུང་ཙམ་ལས་མ་འདས་པར་ངས་འདོད་དོ།
དཀོན་མཆོག་མཁྱེན། བོད་མི་མང་པོ་ཞིག་ད་དུང་ཟམ་གདོང་ལྟ་བུའི་འཁྲབ་སྟོན་པ་ཚོའི་གཡོ་འོག་ནས་ཐར་མི་འདུག ད་གསུང་ཆོས་ཞུས་ཨ། བྱིན་རླབས་ཡོད་རྒྱུ་རེད། ཧ་ཧ་ཧ་ཧ་ཧ་
བསྟན་འཛིན་ཞེས་པ་འདི་དོལ་རྒྱལ་བ་ཞིག་ཡིན་པ་སྔར་ནས་ཤེས་ཡོད། ཁྱོད་ཚོས་སྡུག་སྐད་ཇི་ཙམ་རྒྱབ་ཀྱང་ཕན་ཐོག་མེད་པ་ཤེས་པར་གྱིས། གོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ཀྱིས་རྒྱ་གཞུང་ལ་འབྲེལ་བ་གནང་བ་ནི་བོད་མི་མང་གི་རང་དབང་དང་བདེ་སྐྱིད། བོད་ཀྱི་ཆོས་རིག་སྲུང་སྐྱོབ་ཀྱི་ཆེད་དུ་རེད་ལ། དོལ་རྒྱལ་བས་རྒྱ་གཞུང་ལ་མགོ་བཏགས་པ་ནི་གདོན་འདྲེ་ཞིག་དང་པད་ཤ་དམར་པོའི་ཆེད་དུ་རེད། དེས་ན་གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གཞུང་ལ་འབྲེལ་བ་གནང་བ་དང་།དོལ་རྒྱལ་བས་རྒྱ་གཞུང་ལ་མགོ་བཏགས་ཞུས་པ་གཉིས་སྡུར་བ་ནི་གསེར་དང་སྐྱག་པ་སྡུར་བ་རང་རེད།
བསྟན་འཛིན་ཟེར་བ་ཁྱོད་དབྱེན་དཀྲུགས་ཁོ་ནའི་ཆེད་དུ་ཡོང་བ་ཞིག་འདུག་པས་ བྱས་ཙང་བཤད་ཡ་་གཅིག་ལས་མེད་དེ་ནི་གལ་སྲིད་ཁྱོད་བོད་མི་ཞིག་ཡིན་པའི་ཆ་ནས་ཁྱོད་རང་གི་ངོས་ནས་ད་ལྟ་བར་དུ་ག་རེ་འདྲ་ཅི་འགྲུབ་ཞག་ཡོད་དེ་དང་ཁྱོད་རས་མདུན་ལ་ཟུར་ཟ་བྱེད་སའི་མི་དེ་ཚོ་ཡང་བོད་མི་གཅིག་མཚུངས་ཡིན་པའི་ཆ་ནས་བོད་མི་རིགས་དང་རྩ་དོན་གྱིས་ཆེད་དུ་དབུ་སྐྲ་དཀར་པོར་གྱུར་ཀྱང་ད་དུང་ཡང་ལྷག་བསམ་འགྱུར་བ་མེད་པའི་ཐོག་ནས་སྐུ་ལས་གང་འདྲ་ཞིག་སྐྱོན་གྱིས་མིན་འདུག་གས་ འདི་ལ་བཀའ་དྲིན་རྗེས་དྲན་མེད་ཀྱང་ཟུར་ཟ་བྱེད་པ་ནི་ཁྱི་རྒན་ཞིག་ལས་ཀྱང་ཐབས་སྐྱོ་བ་རེད་ མེ་པོ་རྣམས་ལ་ཡང་ངོ་ཚ་དགོས་པ་ཞིག་རེད་
ཕུར་པ་སྐྱབས་ཟེར་བ་ཡང་དེ་དེ་བཞིན་ནོ་
ད་གསལ་པོ་ཞེ་དྲག་རེད། གཅིག་ནས་གོང་ས་མཆོག་ནས་བཙན་བཀའ་བཏང་ནས་དོལ་རྒྱལ་འགོག་གི་མེད་ཟེར་གྱི་ཡོག་རེད། གཉིས་ནས་བཙན་བྱོལ་སྒྲིག་འཛུགས་དང་བཙན་བྱོལ་སྤྱི་ལྷན་ནས་ལན་རྒྱག་འཕྲོར་ལྷག་པར་དགའ་ལྡན་ཕོ་བྲང་གི་འགན་འཛིན་མངགས་ནས་འགོག་སྟངས་འགོག་དོན་གསལ་བཤད་གནང་གི་ཡོག་རེད། དེ་བས། བྱ་སྦྱོད་འདིའི་ཐད་དྲི་བ་གསུམ་འདུག
༡ ཟམ་གདོང་རིན་པོ་ཆེ་ཡིས་ཅིའི་ཕྱིར་དེང་གི་པར་དུ་གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་དོལ་རྒྱལ་བསྟེན་ཕྱོགས་ཐད་བླང་དོར་བཀའ་སློབ་གང་མང་གནང་ཡང་སློབ་ཕྲུག་ཚོར་དྲི་བ་ཡོང་དོན་ནི་དགེ་རྒན་ཚོར་རག་ལས་ཡོད་འདུག་གསུང་དོན་ཅི།
༢ འདི་ལྟ་བུའི་ལས་འགུལ་ཞིག་སྤེལ་བཞིན་དུ་ད་དུང་དོལ་རྒྱལ་བསྟེན་གསོལ་རང་དབང་ཡིན་ཟེར་ཕོད་དམ།
༣ དགའ་ལྡན་ཕོ་བྲང་གི་འགོ་གཙོ་ནས་ལས་མི་ཡོངས་ལ་རྫུན་ལབ་ནའང་སྡོམ་པ་མ་ཤོར་པའི་ཁྱད་དབང་སུས་སྤྲད་ཡོད་དམ།
ཟམ་གདོང་ནི་སྐྱབས་རྗེ་ཁྲི་བྱང་མདུན་ནས་དོལ་རྒྱལ་གྱི་སྲོག་གཏད་ཞུ་མཁན་ཞིག་རེད། དེ་ཁྲི་བྱང་ལོ་རྒྱུས་ཤོག་ངོས༣༨༤ནང་གསལ་ཡོད།་ད་དུང་ངོ་ཚ་མེད་པར་སློབ་གྲྭ་བུ་གུ་ཨ་བ་ཚོར་དོལ་རྒྱལ་བཤད་ནས་ཅི་ཕན། སྨྱོན་ལས་རེད་མགཏོགས་བཤད་ཡ་དང་བཀག་འདོད་ན་གདན་ས་ཁག་ནང་སོང་སྟེ་བཀག་དགོས་རེད།
ཁྱེད་རང་ཚོ་ཁ་ཤས་ཤིག་གིས། རང་སེམས་ལྕགས་བུག་འདྲ་བོ་དེ་རྒྱུད་ནས། གཞན་གྱིས་བཤད་དོན་མི་རྟོག་པ་དང་། རང་གིས་ཅི་ཤེས་མི་དྲང་བའི་ལམ་ནས། སྐབས་རེར་རང་བརྫད། མཚམས་རེར་གཞན་བརྫད་ནས། མགོ་ཀྲོག་ཀྲོག་དང་རྣ་ཅོར་ཅོར་བྱས་དང་མ་བྱས་ཡོད་ནི་མ་རེད།
འདྲེ་དེ་ཚོ་ཚོགས་པ་གཏོར་སྤྱད་ཞིག་ཡིན་པ་གསལ་བོར་ཆགས་པ་རེད། དུས་དེ་ནས་བཟུང་ཚོགས་ཁུང་ལ་ཚོགས་པ་གཏོར་མཁན་ཞིག་ཡོང་དུ་མི་འཇུག་པ་ནི། ཚོགས་པ་དེའི་འོས་འགན་རེད། དེ་ནི་ཕན་ཚུན་གཉིས་ཀྱི་བདེ་འཇགས་རེད། རྒན་དམ་དེ་དང་ཁོང་གི་སྐུ་འཁོར་རྣམ་པ་ཚོ་གཙབ་པ་ནས། གདན་ས་ཁོག་ནི་སྐྲག་ནས་དེ་འདྲ་བསྐྱར་དུ་མི་ཡོང་བར་མ་འོངས་བའི་སྔོན་འགོག་ལ་བུད་པ་རེད། ཐོབ་ཐང་ཆ་ཚང་ཡོད་པ་རེད།
ད་སློབ་ཕྲུག་ཚོའི་ནང་ལ་ཡང་གཏོར་གི་ཡིན་ཟེར་ན། སློབ་གྲྭའི་ལས་ཀྱི་སྣེ་མོ་བ་ཚོས་ཡང་། སློབ་མ་ཡོངས་ཀྱི་བདེ་འཇགས་ཀྱི་དོན་དུ། སློབ་ཁུང་ལ་ངོས་ལེན་མ་ཡོད་པའི་་ལམ་ཁ་ཡང་འགག་དགོས་བ་རེད། ཐོབ་ཐང་ཆ་ཚང་ཡོད་པ་རེད།
དོལ་རྒྱལ་བ་ཚོས་སོ་སོས་སོ་སོ་བཅུག་ནས་རིལ་བུ་འདྲ་ཞིག་བྱེད་ཀྱིན་ཡོད་པ་ལ། སྙིང་རྗེ་ཟེར་ཐུབ་ནི་མ་རེད། གཡུག་བྱ་བཞག།
ལོང་རྟོག་མིང་ཅན་འདིས་བླ་དཔོན་ཁར་འཁྱེར་ནས་སྐབས་འཚོལ་ཞིག་མིན་ན་ཉན་ཨ། (ང་དོལ་རྒྱལ་བ་ཡིན་པར་སྔ་ནས་ཤེས་ཨེ་)ཧཧཧཧཧཧཧ། མི་ཁྱེད་འདྲ་བའི་བཤད་སྟངས་དང་སྤྱོད་སྟངས་འདིར་ང་ཞེན་པ་གཏིང་ནས་ལོག་སོང་། དཀོན་མཆོག་དང་བཀའ་བསྟན་ཚད་མ་ཡོད་ཚོད་སྤོང་དུ་བཞོགས། འཇིག་རྟེན་མི་ཆོས་ཐམས་ཅད་ཚད་དུ་གཙུགས་ནས་ངས་དོལ་འདྲེ་རྟེན་མྱོང་མེད་ལ་མ་འོང་པར་རྟེན་པ་ཡང་འགྱུར་མི་སྲིད། གལ་སྲིད་ལས་རྒྱུ་འབྲས་ལ་སླུ་བ་མེད་པ་ཞིག་ཡོད་ན་ཁྱེད་རྣམས་ཀྱིས་མི་བདེན་རྫུན་སྒྲིགས་འདིའི་རིགས་ཀྱི་གནའ་སྡིག་ལས་ངན་ཐམས་ཅད་ཁྱེད་ཀྱི་ལུས་ཐོག་ཏུ་མྱུར་དུ་བབ་པ་ཤོག། མགོ་མ་མཐོང་གོང་ནས་ཀླད་པ་མཐོང་མཁན་གྱི་མི་ངན་ཁྱེད་ཚོས་མི་གཞན་ལ་མ་ཉེས་ཁ་གཡོག་དང་བོད་མིར་ནང་དམེའི་བྱ་སྤྱོད་དེས་ངས་དོལ་ཚོགས་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན།།
བསྟན་འཛིན་མིང་ཅན་པ་ཁྱོད་ག་རེ་བྱས་ནས་ཞེ་སྣང་བྱེད་ཀྱིས་ཡོད་དམ་ གལ་སྲིད་ཁ་ནས་ཐོན་གསུམ་བཅོ་བརྒྱད་མ་བཤད་ན་ངུ་དགོས་དོན་མེད་ དང་པོ་ལས་རྒྱུ་འབྲས་མ་བཤད་གོང་ལ་ཁྱོད་ད་ལྟའི་རྐུབ་བཞག་ས་དེ་སུ་དང་སུའི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་པ་དེ་གསལ་པོ་ཤེས་པ་བྱོས་
རྐམ་བློ་གསལ་ཅན་པ་ཁྱོད་རང་གིས་དྲི་བ་དེའི་ཐོག་ནས་བློ་གསལ་པོ་ཞིག་མེད་པ་ཚོན་ཐུབ་
ཡག་པོ་འདུག དང་པོ་ནང་འཁྲུག་ལ་སྦྱངས་བ་བྱས། དེ་རྗེས་ཕྱི་འཁྲུག་ལ་འཐབ་མོ་བཀྱེད་དགོས། དེ་ཡང་རྫིང་ཆུང་ནང་རྐྱལ་རྩལ་རྫོགས་རྗེས་གཞི་ནས་རྒྱ་མཚོ་ཆེན་པོའི་ནང་བསྐྱོད་དགོས།
གང་ལྟར་ཁ་བརྡའི་ནང་ཡོང་མཁན་ཚང་མ་མི་རིགས་ཀྱི་སྐད་ཡིག་ལ་དོ་སྣང་ཡོད་པ་དང་། སྤྱི་དོན་ཆེད་དུ་བསམ་ཚུལ་ཤོད་མཁན་ཤ་སྟག་རེད་འདུག་པས་རྒྱབ་སྐྱོར་ཡོད།
བློ་སྦྱོང་གི་ཐབས་ལམ་གསར་པ་ཞིག། ཚིམས་ཐག་གཅོདཅིག་ཡིན་ད།
མགོ་འཐོམས་ཚོ་ལ་འདི་ལས་ལྷག་ཅིག་གོ་དོན་སྤྲོད་རྒྱུ་ཨེ་ཡོད་ན། ཐུགས་རྗེ་ཆེ། བོད་གངས་ཅན་གྱི་མཁས་དབང་ཆེན་མོ། སྐུ་ཚེ་ཡུན་རིང་བརྟན་པར་ཤོག
ང་རྡོ་རྗེ་ཤུགས་ལྡན་གསོལ་མཁན་ཚོར་རྙིང་རྗེ་སྐྱེ་བར་བྱེད། ཤུགས་ལྡན་ལ་ཁོང་རྣམ་པ་ཚོས་བརྗོད་པ་བཞིན་ནུས་སྟོབས་ཡོད་ན། ཤུགས་ལྡན་ལ་ངོ་རྒོལ་བ་ཚོ་སྐད་ཅིག་ཉིད་ལ་ཁྲག་སྐྱུགས་ནས་ཤི་དགོས་ཚོད། དེ་ལྟར་མིན་པར་ཤུགས་ལྡན་སྟེན་་མཁན་ཚོ་ནད་དང་འགེགས་སྣ་ཚོགས་ཀྱིས་རྒུད་པར་བྱེད། ད་འདི་ཅི་རེད། ད་ཕར་བལྟས་ན་མིས་ལྷ་སྲུང་བ་ལས་ལྷས་མི་སྲུང་གི་ཡོད་པའི་རྣམ་པ་མིན་འདུག དེ་ཡང་མིའི་ནང་ནས་དབྱིན་ཇི་དང་ཨ་རིར་ཡོད་པའི་བོད་པ་སྐྱབས་བཅོལ་བ་ཚོས་སྲུང་དགོས་ཀྱི་འདུག དེ་ལས་གསར་འབྱོར་བ་སློབ་གྲྭར་འགྲོ་མ་མྱོང་མཁན་ཚོས་སྲུང་དགོས། དེ་ཡང་གཙོ་བོ་ཁམས་པ་འབའ་ཞིག་གིས་སྲུང་དགོས། ད་འདི་ལས་ལྷག་པའི་གསལ་ཁ་གང་དགོས།
ཤུགས་ལྡན་འདི་ཁྱེར་ཡོང་མཁན་དབུས་གཙང་རེད། བདག་པོ་རྒྱག་མཁན་དེ་ཁམས་པ་རེད། ལྟད་མོ་ལྟ་མཁན་དེ་ཨ་མདོ་བ་ཚོ་རེད།
ད་ཁྱེད་ཚོ་ལྷ་འདྲེའི་སྐོར་གྱི་བརྩོད་པ་དེ་མཚམས་བཞག་ན་ཡག་པོ་འདུག་ ཕན་ཚུན་གཉིས་ཀར་གྱོང་མ་གཏོགས་ཁེ་རྩ་བ་ནས་ཡོད་མ་རེད་ མཐར་ང་ཚོ་བོད་པ་ཚང་མར་གྱོང་རག་གི་རེད་ དེ་ནང་འཁྲུག་གི་ཆོས་ཉིད་རེད་ ངའི་བསམ་ཚུལ་ལ་༧གོང་ས་མཆོག་ནས་དོལ་རྒྱལ་སྐོར་ལ་་ཡག་ཉེས་གང་ཡང་མ་གསུང་པའི་ཐོོག་ ནགས་ཆུང་དང་ཚེ་རིང་བཅོ་ལྔ་ལ་སོགས་པ་ཚང་མ་མཚམས་མཇོག་གནང་རྒྱུ་དང་ ཉིན་དེ་རང་ལ་དོལ་རྒྱལ་བ་ཚོས་དོལ་རྒྱལ་མཚམས་མཇོག་བྱས་ནས་ཁྱེད་ཚོ་ཚང་མ་ང་དང་འདྲ་བ་ལས་རྒྱུ་འབྲས་ལས་སྲུང་མར་ཡིད་ཆེད་མེད་པའི་ནང་པ་ཞིག་བྱས་ན་གང་འདྲ་འདུག་གམ།
བསྟན་འཛིན་ལགས། ཁྱེད་རང་གི་ཚེ་འདིས་བཟང་སྤྱོད་དང་ཕྱི་མའི་རྒྱུ་འབྲས་གཉིས་ཀ་རྩིས་མེད་ཀྱིས་བདུག་འདྲེ་ཚོགས་པར་རྒྱབ་སྐྱོར་བྱེད་ནུས་དུས། དོལ་རྒྱལ་གསོལ་མཁན་རེད་ཟེར་བར་དེ་ཙམ་ཞེད་དགོས་དོན་ཅི་ཡོད། ཤ་ཚ། མི་ཁྱོད་ཚོའི་གྲལ་ནི་ཡར་མི་གྲལ་ལ་མ་སླེབས་མར་ཁྱི་གྲལ་ལ་མ་སླེབས་པའི་བར་དོ་བ་ཞིག་རེད། ཁྱོད་རང་གིས་བླ་མའི་དམ་ཚོག་དང་མི་རིགས་ཀྱི་ལ་རྒྱ་ཡོད་ཚད་ཆུ་ལ་གཡུག་ནས་བླ་མ་ལ་ངོ་རྒོལ་དང་དོལ་འདྲེ་བ་ཚོར་རྒྱབ་སྐྱོར་བྱེད་པ་དེར་ལས་རྒྱུ་འབྲ་མ་འཁོར་ན། ངས་བླ་མའི་དམ་ཚིག་སྲུང་མི་རིགས་ཀྱི་ལ་རྒྱ་སྲུང་ནས་དོལ་འདྲེ་བ་ཚོར་ངོ་རྒོལ་བྱས་པར་ལས་འབྲས་འཁོར་དོན་མེད་པ་རེད། ཁྱོད་རང་གིས་དོལ་ཚོགས་ལ་རྒྱབ་སྐྱོར་བྱས་ཀྱང་རང་ཉིད་ཀྱི་ཚེ་འདི་ཕྱི་གཉིས་ཕུང་བ་ལས་གཞན་ཕན་གནོད་གང་ཡང་མེད་པར་ཤེས་པ་གྱིས།
ལོང་རྟོག་ལགས། བླ་ཆེན་མི་ཆེན་རྐྱང་པར་ངོ་སྟོད་ཀྱིས་དམ་ཚིག་དང་ལ་རྒྱ་ནི་འཇིག་རྟེན་ཆོས་བརྒྱད་ཀྱི་སྤྱོད་ཚུལ་ཙམ་ལས་སངས་རྒྱས་པའི་ཆོས་ཚུལ་མ་རེད། མི་རིགས་ངན་ཁུལ་ནང་དམེ་རྐྱང་བཟོ་ནས་ད་དུང་མི་རིགས་ཀྱི་ལ་རྒྱ་ཨེ། ཧཧཧཧཧཧ། ངེད་སངས་རྒྱས་པའི་ལུགས་ལ་བླ་མར་ཐབ་དང་གོ་སའི་བཞུགས་ཁྲི་མཐོ་དམན་དང་མིང་གྲགས་སོགས་གཙོ་མི་ཆེ། རང་ཉིད་བློ་ཁ་ཆོས་སུ་སྒྱུར་མཁན་གྱི་དགེ་བའི་བཤེས་གཉེན་རང་དང་ཁ་མཉམ་ལག་མཉམ་དུ་ཡོད་པའི་བླ་མ་རྣམས་ལ་ལྷག་པར་བཀུལ་དགོས། རྩ་གདན་སྟེང་གི་བླ་ཆུང་དང་བཞུག་ཁྲི་མཐོར་པོའི་སྟེང་གི་བླ་ཆེན་སོགས་ཀྱི་དབར་བཤེས་གཉེན་རྟེན་ཚུལ་གཅིག་གྱུར་ལས་བླ་མར་བཟང་ངན་གྱིས་དབྱེ་བ་ནི་བཤེས་གཉེན་རྟེན་ཚུལ་རྣལ་མ་ཞིག་མེད་པའི་རང་རྟགས་རེད། ཚེ་སྟོད་དོལ་རྒྱལ་ལྷ་རུ་ལྟ།་ཚེ་སྨད་དོལ་རྒྱལ་འདྲེ་རུ་འཛིན་པ་འདིར་ཡིད་མ་བདེ། མདོ་སྡུས་ནས་བཤད་ན་དོལ་རྒྱལ་སྐོར་མོ་དང་གཟིམས་ལམ་བཅས་ལ་རྟེན་ནས་བཟང་ངན་བཤད་པ་ཙམ་རེད། རྟོག་བཏགས་རྟོག་བཏགས། རྣམ་རྟོག་རྣམ་རྟོག། འདི་དག་ལ་མཐའ་མེདོ།།
གོང་ད་མཆན་འབྲི་མཁན་བསྟན་འཛིན་ཟེར་བ་དང་འདྲ་བའི་མི་ཁག་ཅིག་ལ་དེའདྲའི་ན་ཟུག་གཏོང་དགོས་པ་ནི་རིན་པོ་ཆེའི་བཀའ་སློབ་རྣམས་གནད་ལ་ཁེལ་པོ་བྱུང་བ་རེད་ ད་དུང་རྒྱ་གར་དངཕྱི་རྒྱལ་ཡུལ་ནང་བཞུགས་པའི་བླ་མ་དང་སྤྲུལ་སྐུ་ཡིན་ཟེར་མཁན་ཚང་མས་རིན་པོ་ཆེ་ལྟར་རྒྱལ་བའི་བཀའ་སྒྲུབ་རྒྱུར་འབད་པ་གནང་གལ་ཆེ།།
བསྟན་འཛིན་ལགས། ངས་སངས་རྒྱས་བསྟན་པའི་མཛེས་རྒྱན་བསྟན་འཛིན་གྱི་སྐྱེས་བུ་གོོང་ས་མཆོག་ལྟ་བུའི་བཀའ་ལ་བརྩི་ཞིང་གསུངས་ལ་རྒྱབ་སྐྱོར་བྱས་པ་དེ་སངས་རྒྱས་ཀྱི་ཆོས་ཚུལ་དང་འགལ་ཡོད་མེད་མི་ཤེས་ཏེ། ཁྱེད་རང་གིས་བསྟན་དགྲ་དམ་ཉམ་དོལ་རྒྱལ་དང་དེ་གསོལ་མཁན་རྣམས་ལ་རྒྱབ་སྐྱོར་བྱས་པ་དེ་སངས་རྒྱས་ཀྱི་ཆོས་ཚུལ་དང་འགལ་ཡོད་པ་བརྒྱ་ཆ་བརྒྱ་ཐག་བཅད་ནས་བཤད་ཆོག་གི་རེད། ཁྱེད་རང་ལྟ་བུ་ཞིག་གིས་ངེད་སངས་རྒྱས་པའི་ལུགས་ཟེར་བ་ལས་ངེས་དོལ་རྒྱལ་བའི་ལུགས་ལ་ཟེར་ན་ཏག་ཏག་རེད། སངས་རྒྱའི་ལུགས་ལ་བླ་མ་རྒྱབ་ལ་གཡུག་ནས་དྲེག་པ་ཐོད་ལ་ལེན་པའི་ལུགས་སྲོལ་གཏན་ནས་མེད་པ་རེད། བློ་ཁ་ཆོས་ལ་བསྒྱུར་མཁན་གྱི་བླ་མ་ལ་གུས་བཀུར་བྱེད་མཁན་ཞིག་ཡིན་ན་རྒྱལ་བ་ཡིད་བཞིན་ནོར་བུ་ལྟ་བུ་ལ་བརྩི་བཀུར་དང་ཡིད་ཆེས་བྱེད་པ་ལས་དམ་སྲི་དོལ་རྒྱལ་ལྟ་བུ་ལ་རྒྱབ་སྐྱོར་བྱེད་མི་སྲིད་པ་རེད། བླ་ཆེན་བླ་ཆུང་སུ་ཡིན་ཡང་བླ་མའི་ཡོན་ཏན་གྱི་སྟེང་ནས་གཞལ་དགོས་པ་ལས་བླ་ཆེན་ཡོད་ཚད་སྡུག་པོ་དང་དེ་ལ་གིས་བཀུར་བྱེད་ཚད་ངོ་རྒ་རེད་ཟེར་ན་དེ་ནི་རང་ཉིད་གཟུ་བོར་མི་གནས་ཤིང་ཕྲག་དོག་ཆེ་བའི་རྟགས་ལས་ཅི་ཡང་མིན། རྒྱ་བ་རིན་པོ་ཆེས་སྐུ་ཚེའི་སྟོད་ལ་དོལ་རྒྱལ་གསོལ་ཡོད་ཀྱང་དེ་ཉིད་ནོར་འཁྲུལ་ཡིན་པ་ངོས་ལེན་གནང་ཡོད་པ་ལས་དོལ་རྒྱལ་བ་བཞིན་དུ་ནོར་ཙ་ཤེས་བཞིན་དུ་ཨུ་ཚུག་གནང་མེད། འདིས་སྟེང་ནས། མཁས་པ་རང་གིས་དཔྱད་ཤེས་ཀྱི། །བླུན་པོ་གྲགས་པའི་རྗེས་སུ་འགྲོ།། ཞེས་པ་གསལ་བཤད་བྱས་ཡོད།
ཤུགས་ལྡན་བརྟེན་མཁན་ཚོས་བླ་མ་རྒྱབ་ལ་གཡུག་མེད་་་་དེ་ཚོའི་བླ་མ་ནི་ཕ་བོང་ཁ་དང་་་གསེར་སྐོང་རིན་པོ་་་ཁྲི་བྱང་རིན་པོ་ཆེ་་་ཟོང་རིན་པོ་ཆེ་་་ཛེ་སྨད་རིན་པོ་ཆེ་ལ་སོགས་པ་ཡིན་་་དེ་ཚོའི་བཀའ་དང་འགལ་བ་ལས་བླ་མ་གཅིག་གི་བཀའ་དང་འགལ་ན་ཉེས་པ་ཆུང་་་བླ་མས་གསུང་ཚད་བཀའ་བཞིན་སྒྲུབ་དཀའ་་་་དེ་ཙམ་གྱིས་རྒྱབ་ལ་གཡུག་པ་ག་ལ་ཡིན་་་
ཀརྨ་བློ་གསལ་ལགས་ཀྱིས་སྐད་ཆ་བདེན་པ་རེད། དབྱེ་འབྱེད་བྱས་མྱངས་མེད་ཅེས་མང་པོ་བཤད་ཀྱི་འདུག ཁ་དང་ཁ་སྤུ་དབྱེ་འབྱེད་མེད་ན་དཀའ་ངལ་འདི་འདྲ་ཡོད་དོན་མེད་པ།
བསྟན་འཛིན་ལགས་ཀྱིས་གསུངས་པ་ལྟར་ང་ཡང་དོལ་རྒྱལ་ལ་དད་པ་སྤུ་ཙམ་མེད། དོལ་རྒྱལ་གསོལ་མྱངས་མེད། ཡིན་ཀྱང་དབང་ཡོད་དབང་མེད་བྱས་ནས་ཉམ་ཆུང་ལ་ཐུབ་ཚོད་གཏོང་གི་ཡོད་པར་མཐོང་དུས་ཁོང་ཁྲོ་གཏིང་ལངས་ཡོང་གི་འདུག གལ་སྲིད་ཁྱོད་ཚོས་དོལ་རྒྱལ་ཚོགས་པའི་བོད་རིགས་སྤུན་ཟླ་རྣམས་དང་ཁྱོད་ཤི་ང་གསོན་བྱེད་ཀྱི་ཡིན་་ཟེར་ན་་་ང་ཡང་དོལ་རྒྱལ་ཚོགས་པའི་བོད་རིགས་སྤུན་ཟླ་ཉམ་ཆུང་གྲངས་ཉུང་ཚོའི་ཕྱོགས་ལང་ངེས་ཡིན་པར་དཀོན་མཆོག་གསུམ་པོར་དཔང་དུ་བཙུགས།
ཆོས་འདུལ་བའི་བཅའ་ཁྲིམས་གཞིར་བཟུང་བྱས་ན་མི་ཆེན་བླ་མའི་རྫུན་བྱེད་མཁན་སྤྲུལ་གོག་ཟམ་གདོང་སྡོམ་པ་མེད་པའི་གྲྭ་ལོག་ཞིག་ཡིམ་པ་ནི་གསལ་པོ་རེད། འདུལ་བའི་བཅའ་ཁྲིམས་ཡང་རྡ་སའི་བཙན་བྱོལ་སྒྲིག་འཛུགས་ཀྱི་ཁྲིམས་བཅའ་ལྟར་སྒེར་གཅོད་པ་ཚོས་རང་སྣང་གང་དྲན་བྱེད་ཆོག་ཆོག་ཨེ་ཡོད།
ད་དུང་་་མཁས་མང་བློ་གསལ་གླིང་གི་མཁས་དབང་དམ་གཙང་ཁྲིམས་གཙང་རྣམས་ལ་ལམ་རིམ་བཀའ་ཆོས་ཡིན་ན་ཅིག་གསུང་གི་ཟེར་གྱི་འདུག་ག་་་་ཧཧཧ དམ་ཉམས་ཚོས་བཤིས་གཉེན་བརྟེན་ཚུལ་བཤད་དུས་ཤཀྱའི་རྒྱལ་པོ་ངུ་གི་འདུག་ཟེར་་་་ག
ཁྱོད་ཚོའི་དགེ་བའི་བཤེས་གཉེན་ཁྲི་བྱང་སྤྲུལ་གོག་ལ་ཁྱི་བྱང་ཅེས་ཁ་བརྡའི་ཐོག་ཏུ་མཚན་སྨད་ཞུ་གི་འདུག་ག་་་འབོད་མཁན་ཨ་ཕྱི་གཞང་ཧྲེད་མ་རེད། ཤེས་སོང་ངམ།་་ཟམ་གདོང་། ཁྱོད་ཚོའི་དགེ་བའི་བཤེས་གཉེན་ལ་ཁྱི་བྱང་ཞེས་འབོད་འོང་དུས་སེམས་པ་ཨེ་སྐྱིད་ཁུ། ལམ་རིམ་གསུང་དང་གསུང་། བཤིས་གཉེན་ཚུལ་བཤད་ཕོད་པ་ནི་གདོང་ལ་ཕག་སྤུ་སྐྱེས་ཡོད་པའི་རྟགས་རེད།
གེ་སར། མྱི་ཁྱོད་ཅན་པོ། ཨ་མ་དང་རྫ་མ་འཁོན་ན། རྫ་མར་ཤ་ཚ་ནི་ཅན་པོ་རེད། ད་ཅི་བྱེད། ཁྱོད་ལ་འདྲེ་རྒན་ཚང་ནས་འཆི་ཁར་སྐྱག་པ་རྡོག་རྡོག་ཞིག། འཆི་ཁའི་རིལ་བུ་ལ་རག་པར་ཤོག། དེ་ཡི་དུས་ཁྱོད་འཆི་མ་ཐུབ། གསོན་མ་ཐུབ་པར་བསྡད་ཡོད་དུས། ༧རྒྱལ་བ་མཆོག་གི་ཕྱོགས་ལ་བློ་འགྱུར་དང་། དེའི་དུས། ངས་ཁྱེད་ལ་ཧ་ཧ་ཧོ་ཧོ་ཅོ་བརྒྱད་བྱེད་དགོས། སྙིང་རྗེ།
བོད་མི་རིགས་དགྲ་བོ་ལོང་རྟོགས་ཟེར་བའི་རྒྱལ་བཙོང་བ་འདི་ཁ་ནས་མི་རིགས་ཀྱི་ལ་རྒྱ་གླེང་གི་འདུག་ག་་་་སྙིང་རྗེ། བོད་མི་རིགས་གཏོར་བཤིག་བཏང་མཁན་ཞིག་གིས་མི་རིགས་ཀྱི་ལ་རྒྱ་གླེང་ཕོག་པ་འདི་ཡང་གདོང་ལ་ཕག་ཕྲུག་ཞིག་གི་སྤུ་སྐྱེས་ཡོད་པའི་རྟགས་རེད།
དོལ་རྒྱལ་གསོལ་སྟོད་པ་དག་གི་བླ་མདང་བཤེས་གཉེན་རྟེན་ཚུལ་གཙུག་ཏུ་བཀུལ་ནས་བྱུང་བ་ཞིག་ལས་ལྷ་མིན་འདྲེ་མིན་ངོ་མ་ཤེས་ནས་རྟེན་གསོལ་བྱས་པ་ཞིག་མ་རེད། བཤེས་གཉེན་རྟེན་ཚུལ་ལ་བླ་ཆེན་བླ་ཆུང་གི་ཁྱད་པ་མེད་ཞེས་པའི་གོ་དོན་དེ་རེད། དོལ་ཚོགས་པས་རྩ་བའི་བླ་མའི་དམ་ཚིག་སྲུང་གི་ཡོད་པར་ཨ་ཤེས། གཡོལ་ཁྲམས་པ་ཚོས་གོ་ཨེ་ཐལ།།
དོལ་རྒྱལ་རྟེན་ན་ཕན་ཐོག་ཡོད་རེད་ཟེར་ཀྱང་ང་ཡིད་མ་མཆེད་. ཡང་དོལ་རྒྱལ་རྟེན་ནས་གནོད་ཀྱི་འདུག་གསུང་ནའང་ང་ཡིད་མ་མཆེད་ ང་ཚོ་བོད་པ་ཚོས་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཡེད་ཆེད་བྱས་ནས་གསོལ་བས་སྲུང་མ་དེ་རྣམས་ཚང་མས་ང་ཚོར་ཕན་ག་རེ་ཐོག་ཡོ་རེད་དམ་ རྒྱ་མིས་ང་ཚོའི་ལུང་པ་བརྩན་བཟུང་བྱས་ནས་མི་ལོ་དྲུག་བཅུ་ལྷག་རྩམ་སོང་བའི་རིང་བོད་པ་ཁྲི་མང་པོ་བསད་ དགོན་པ་སྟོང་ཁྲག་མང་པོ་གཏོར་ ད་བར་རང་དབང་གང་ཡང་མེད་པ་བཟོས་པའི་དུས་ལ་སྲུང་མ་དེ་ཚོས་ཕན་ག་རེ་ཐོག་བྱུང་ ད་དུང་དེ་ཚོར་ཡེད་ཆེད་བྱེད་དགོས་དོན་གང་རེད་དམ། ད་དུང་དེ་ཚོའི་ཆེད་དུ་ནང་ཁྲུག་རྒྱབ་དགོས་དོན་གང་རེད་དམ་
ཟམ་གདོང་རིན་པོ་ཆེའི་བཀའ་སློབ་ལ་མཆན་འབྲི་མཁན་བསྟན་འཛིན་དེ་དང་འདིར་མཆན་འབྲི་མཁན་བསྟན་འཛིན་གཉིས་མི་གཅིག་མ་ཡིན་པ་མཁྱེན་པ་གནང་རོགས།
http://www.aljazeera.com/news/asia/2014/07/sri-lanka-hardline-monk-denounces-dalai-lama-20147221518638936.html
གེ་སར་མིང་ཅན་ལགས། མི་ཁྱོད་འདྲ་ཞིག་དོལ་རྒྱལ་ཚོགས་པའི་ནང་ལ་སོང་ན་དགའ་དགའ་ཡིན། མི་བཟང་པོ་བརྒྱ་ཡོད་ན་ཉུང་སྐྱོན་དང་ངན་པ་གཅིག་ཡོད་ན་ཡང་མང་སྐྱོན་ཡིན། ཁྱོད་ལྟ་བུའི་ཕྱི་ནང་དབྱེ་བ་མི་ཤེས་པའི་ཁྱི་རྒན་ཞིག་མེད་སོང་བས་བོད་པ་ཚང་ལ་ཁེ་མ་གཏོགས་གྱོང་གང་ཡང་མེད་པ་རེད། དོལ་རྒྱལ་ཚོགས་པ་ཉམ་ཆུང་ཡིན་མིན་མི་ཚང་མས་ཤེས་ཀྱི་རེད། ཁོ་ཚོས་མི་གསད་སོང་ལ་རྡུང་སོང་འཇིགས་སྐུལ་བྱས་སོང་། ད་དུང་བོད་གངས་ཅན་པའི་ཕ་གསད་ཀྱི་ཤ་ཕ་ལག་དམར་རྒྱ་དམར་གཞུང་ལ་མགོ་སྒུར་སྐྱབ་ཞུ་བྱས་ནས་བོད་གངས་ཅན་པའི་ཡོད་ཚད་ལ་ཐལ་བ་གཏོར་སོང་། དེ་འདྲ་ཞིག་ཉམ་ཆུང་རེད་ཟེར་ན་ཁྱེད་རང་ཉམ་ཆུང་དང་བཙན་པོའི་དབྱེ་བ་ཕྱེ་མི་ཤེས་ཤིང་བཟང་དང་ངན་གྱི་དབྱེ་བ་ཕྱེ་མི་ཤེས་པའི་བླུན་པོ་དུད་འགྲོ་ལྟ་བུ་ཞིག་ཡིན་པའི་རྟགས་སྟན་པ་རེད། གོ་ཨེ་སོང་།
བློ་བཟང་དབང་འདུས་ལགས། བླ་མ་མང་ཉུང་གི་སྟེང་ནས་བཤད་དགོས་ན། ཕ་ཝོང་ཁ་པ་སོགས་ཁྱེད་རང་གིས་གོང་དུ་བཤད་ཡོད་པའི་བླ་མ་ཁ་ཤས་དེ་ལས་གཞན་པའི། གོང་ས་ལྔ་པ་ཆེན་པོ་དང་། བཅུ་གསུམ་པ་ཆེན་པོ་། བཅུ་བཞི་པ་ཆེན་པོ། ཁྲི་ཆེན་ངག་དབང་མཆོག་ལྡན་དང་། ལྕང་སྐྱ་རོལ་པའི་རྡོ་རྗེ་། ཐུ་ཀན་ཆོས་ཀྱི་ཉི་མ་སོགས་དགེ་ལྡན་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཕལ་མོ་ཆེས་དོལ་རྒྱལ་ལ་དམ་བསྒྲགས་གནང་གི་ཡོད་པས་དེ་ཚོའི་བཀའ་ལ་ཅིའི་ཕྱིར་བརྩི་མི་དགོས།
བསྟན་འཛིན་ལགས། དོལ་ཚོགས་ཀྱིས་རྩ་བའི་བླ་མའི་དམ་ཚིག་སྲུང་ཀྱི་ཡོད་པ་ཤེས་དང་ཤེས། དོལ་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་བསྐལ་བཟང་དང་གངས་ཅན་བླ་མ་སོགས་ཀྱི་སྔོན་མ་རྒྱལ་བ་བསྟན་འཛིན་རྒྱ་མཚོའི་མདུན་ནས་དབང་ཞུས། ད་ལྟ་ཁོང་དགྲ་ཡི་དྭངས་མར་རྩིས་ནས་སྐུ་སྲོག་ཚུན་ཆད་ལ་རྒོལ་བའི་བྱ་ངན་བརྩམས་ཁོ་ཚོའི་དམ་ཚིག་སྲུང་སྟངས་ནི་འདི་རེད། ཧཧཧཧཧ
ལུང་རྟོགས་ལགས་
གོང་ས་ལྔ་པ་ཆེན་པོས་སྐུ་ཚེ་སྨད་ལ་བསྟེན་ཡོད། བཅུ་བཞི་པ་ཆེན་པོས་སྐུ་ཚེ་སྟོད་ལ་བསྟེན་ཡོད། ཁྲི་ཆེན་ངག་དབང་མཆོག་ལྡན་དང་། ལྕང་སྐྱ་རོལ་པའི་རྡོ་རྗེ་། ཐུ་ཀན་ཆོས་ཀྱི་ཉི་གསུམ་གྱིས་མ་བསྟེན་པའི་ཁུངས་ལུང་གང་ཡང་མེད་་་་་
བློ་བཟང་དབང་འདུས་ལགས། གོང་ས་ལྔ་པ་ཆེན་པོས་སྐུ་ཚེའི་སྨད་ལ་རྟེན་ཡོད་ཅེས་པ་དེ་བརྒྱ་ཆ་བརྒྱ་སྐྱག་རྫུན་རེད། ཁོང་གིས་དོལ་རྒྱལ་ལ་མངོན་སྤྱོད་ཀྱི་ལས་མཛད་ཡོད་པ་མ་ཟད་དེའི་སྐབས་ཀྱི་འཕྲིན་གཅོལ་ཡང་ཁོང་གི་གསུང་འབུམ་ནང་ལ་ཡོད་པ་ཡོངས་གྲགས་རེད། སྐུ་ཚེའི་སྟོད་ལ་དེ་འདྲ་གནང་མཁན་ཞིག་གིས་སྐུ་ཚེའི་སྨད་ལ་རྟེན་པ་རེད་ཟེར་ན་སུ་ཡང་ཡིད་ཆེས་མི་སྲིད། གོང་ས་བཅུ་བཞི་པས་སྐུ་ཚེའི་སྟོད་ལ་རྟེན་ཡོད་ཀྱང་དེ་ཁོང་གིས་ནོར་འཁྲུལ་ཤོར་ཡོད་པ་ཡོངས་གྲགས་གསུང་ཡོད་པ་རེད། ཁྲི་ཆེན་ངག་དབང་མཆོག་ལྡན་སོགས་ཀྱིས་དམ་བསྒྲགས་གནང་ཡོད་པ་རྣམ་ཐར་ནང་གསལ་ཡོད་དུས་དེ་ལས་ལྷག་པའི་བདེན་སྤང་ཅི་དགོས།
སྤྱི་ཏང་ཁ་བརྡ་ནང་གི་དྲྭ་འབུ་ཚོའི་སྐྱག་ཁ་བསྔོགས་མི་འདོད་ཀྱང་། བྲིས་ཟིན་པའི་ཡི་གེ་ཞིག་མཆན་གྱི་ཚུལ་བཞག་ན་འདོད། སྙིང་ན་མཁན་དག་ལ་སྙིང་ནད་ཐོབ་པ་རེ་བཟོ་སྲིད་མོད་ང་ལ་ཐབས་ཤེས་ནི་མི་འདུག་་་་
ཟམ་གདོང་བླ་མ་ཁྱོད་ནི་གླེན་པ་ལོས་ཡིན།
ཟམ་གདོང་ལགས། ཁྱེད་ནི་ཕྱི་ནང་རིག་གནས་ཀུན་ལ་མཁྱེན་རབ་ཀྱི་གཤོག་རྩལ་རབ་ཏུ་རྒྱས་ཤིང་རྩོད་མེད་ཡོངས་གྲགས་ཀྱི་མཁས་པའི་དབང་པོའི་མཚན་སྙན་གྱི་བ་དན་དེ་བཞིན་འཛིན་མའི་ཁྱོན་འདིར་ལྷབ་ལྷུབ་དུ་གཡོ་བཞིན་ཡོད་པས་འོ་ན་ཅིའི་ཕྱིར་འཛམ་གླིང་ས་ཕྱོགས་གང་སར་ཆོས་ཚོགས་བཙུགས་ནས་དངུལ་དངོས་ཀྱི་བང་མཛོད་བསྐྲུན་མ་ཤེས་པ་ཡིན། ད་དུང་ཐོག་བརྩེགས་དུ་མ་ལྡན་པའི་ཁང་བཟང་དང་། སྒོར་མོ་འབུམ་ཕྲག་གནས་པའི་རླངས་འཁོར། ལྕེ་བརྒྱ་སྤྲུལ་ལ་མཁས་པའི་ཕྱག་མཛོད་སོགས་དཔུང་སྡེ། ཕྱོགས་མཐར་ཀུན་ནས་ཞ་ཞ་དང་སྒུར་སྒུར་བྱེད་ཅིང་མཐོན་པོའི་གསེར་དངུལ་གྱི་ཁྲི་ཐོག་ཏུ་དར་ཟབ་སྣ་ལྔའི་འབོར་གདན་འདིངས་མཁན་གྱི་འཁོར་གཡོག་སོགས་གང་ཡང་མི་འདོད་པའི་རང་གཤིས་དེས་ཁྱོད་ནི་གླེན་པ་རང་ཡིན་པར་གསལ་སྟོན་བྱས་འདུག
རྒྱལ་སྲས་སྤྲུལ་པའི་སྐུ་ཡི་མཚན་གནས་དང་། མང་པོས་བཀུར་བའི་བཀའ་ཡི་བློན་ཆེན་སོགས་ཀྱི་གོ་གནས་ཇི་ཙམ་ཕུལ་རུང་འཚོ་གནས་ལ་ཉེ་བར་མཁོ་བའི་དངུལ་དངོས་ཡང་དཀོན་ཙམ་ལས་མེད་པའི་འབྱོར་མེད་ཀྱི་གནས་བབས་ཀྱི་ཐོག་ཏུ་ཨུ་ཚུགས་བྱས་ཏེ་འཚོ་བར་རོལ་བཞིན་པ་འདི་ལ་བསམ་ཚེ་ངོ་མ་ཁྱོད་ནི་གླེན་པ་མིན་ན་གང་ཡིན།
ཆུང་གཞོན་ནུའི་དུས་ནས་དམ་པའི་ཆོས་སྒོར་ཞུགས་ཀྱང་དུས་ཀྱི་རླུང་ནག་འཚུབ་མའི་ཁྲོད་དུ་བསྟན་སྲིད་མི་རིགས་དང་བཅས་པ་ཆགས་འཇིགས་ཀྱི་གནས་སུ་ལྷུང་བའི་དུས༧སྐྱབས་མགོན་བཅུ་བཞི་པས། ད་ནི་ང་ཚོ་བླ་མ་སྤྲུལ་པའི་སྐུ་དང་སེར་མོ་བ་ཚོ་ཡིན་ནའང་། སྔོན་སྐལ་བ་བཟང་པོའི་དུས་ལྟར་བསླབ་པ་ཐོས་བསམ་དང་། སྤང་བ་བསམ་གཏན་ཁོ་ནར་གནང་ནས་དུས་ཚོད་ཆོད་ཁག་པོ་ཡིན་པས་ང་ཚོ་ཚང་མའི་ནུས་ཤུགས་གཅིག་ཏུ་སྤུངས་པའི་དུས་ལ་སླེབས་ཟིན་པ་རེད་ཅེས་བཀའ་གནང་ཐེངས་ཅིག་ལ་དེ་དག་གི་ཁྲོད་ནས་རང་དོན་ཡོད་ཚད་དོར་ཏེ་ཆབ་སྲིད་ཀྱི་ཁོར་ཡུག་ནང་དུ་ཁྱོད་གཅིག་པུར་མདུན་མཆོང་བྱས། དུས་དེ་ནས་བཟུང་སྟེ་༧གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་ཆ་ཤས་ཙམ་ལའང་མཐུར་ཤོར་མེད་པར་དབུ་ལོ་དཀར་པོར་མ་གྱུར་བར་དུ་ཤར་བསྐྱོད་གནང་སྟངས་འདི་ལ་བསམ་ཚེ་ངོ་མ་ཁྱོད་ནི་གླེན་པ་
མིན་ན་གང་ཡིན།
ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་རིས་ལ་དགའ་བའི་སྐྱེ་བོ་ཚོས་འདོད་པ་དང་མ་མཐུན་ནའང་དྲང་བདེན་ཁོ་ན་ལ་ཤི་འཐམ་རོ་འཐམ་གི་ངང་ནས་ཨུ་ཚུགས་དང་། ཐ་ན་སྤྱི་པའི་རྩ་དོན་གྱི་ལྷད་དུ་རང་གི་ཚེ་སྲོག་གི་རིན་ཐང་ལའང་ཇི་སྙམ་པར་དོལ་རྒྱལ་ཚོགས་པའི་མིག་སྔར་རུ་བདེན་དོན་དཔང་པོར་བཞག་སྟེ་དེང་སྐབས་བཙན་བྱོལ་བོད་མའི་སྤྱི་ཚོགས་ཀྱི་ནང་དུ་རྒྱ་ནག་དམར་གཞུང་གིས་ཐད་ཀར་ལག་པ་འཆང་སའི་
ལམ་ཁ་བདེ་ཤོས་ནི་ཁྱེད་ཚོ་ཡིན་ཅེས་གདོང་ལ་མཛུབ་མོ་ཀེར་ནུས་པའི་བློ་ཁོག་དེ་ཡང་གླེན་རྟགས་ལོས་ཡིན།
ཁྱེད་ནི་ཆབ་སྲིད་ཀྱི་མི་སྣ་དང་། ཆོས་ལུགས་པ་སུ་འདྲ་ཞིག་དང་འཕྲད་རུང་མཁས་པའི་ཉམས་བརྗིད་དང་སྒམ་ཚུགས་སོགས་ལ་འགྱུར་བ་གང་ཡང་མེད་པར་དགོས་མཁོ་དང་མཚམས་པའི་བླང་དོར་གྱི་ལམ་སྟོན་ལ་ཤིན་ཏུ་མཁས། རྒྱུ་མཚན་དེའི་དབང་གིས་འཛམ་གླིང་འདིའི་ནང་གི་མང་གཙོའི་རང་དབང་ལྡན་པའི་ཡུལ་གྲུ་ཆེ་ཤོས་ཏེ། རྒྱ་གར་རྒྱལ་ཁབ་ཆེན་པོའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཅུ་ཕྲག་དུ་མའི་སློབ་སྟོན་པ་དང་། ཚོགས་གཙོ་དང་། ཚོགས་གཞོན། ཚོགས་མི་སོགས་ཀྱི་མཚན་གནས་ཕུལ་བར་བྲེལ་བའི་ཚུལ་འདི་དག་ལ་དཔག་ན་ཡུལ་གྱར་བོད་མི་ཙམ་དུ་མ་ཟད་བོད་གངས་ཅན་པའི་
མི་རིགས་འདིའི་ལོ་རྒྱུས་ནང་དུ་གླེན་པ་ཁྱེད་ནང་བཞིན་ཞིག་སྔར་མ་བྱུང་ལ་ཕྱིས་སུའང་འབྱུང་ཁག་པོ་གྱུར་འདུག
ཁྱེད་ཀྱིས་བཙན་བྱོལ་བོད་མིའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་། མི་མང་གིས་འོས་འདེམས་ལམ་ནས་ཐེངས་དང་པོའི་བཀའ་ཁྲིའི་འགན་བཞེས་པའི་དུས་ཡུན་དེའི་རིང་དུ་རུལ་སུང་མཁན་དང་། སྐབས་འཚོ་བ་དག་རེ་རེ་བཞིན་མར་གྱི་དཀྱིལ་ནས་སྤུ་བཏོན་པ་ལྟར་གཙང་སེལ་བྱས་པའི་རྗེས་སུ་ཁྱེད་ནི་མི་བུ་དེ་ཚོའི་དགྲ་བོ་ངོ་མ་དེ་གྱུར་ཡོད་ལ། མཐར་ད་དུང་ཡང་ཞེ་འཁོན་དེའི་དབང་གིས་སྐབས་དང་དུས་ནམ་བྱུང་དུ་ཁྱོད་ལ་སྐྱོན་བརྗོད་དང་བསྐུར་འདེབས་མཚམས་བཞག་མ་མྱོང་ལ་མ་འོངས་པ་ལའང་གཏན་ནས་བཞག་མི་སྲིད།
ཡིན་ནའང་ཁྱེད་ཀྱིས་ཁོང་ཚོ་ལ་བཟང་ངན་གང་གི་ཐད་ནས་ཡ་ལན་དང་མཁོན་འཛིན་བྱེད་ཀྱིན་མེད་པ་འདི་ནི་བཟང་ངན་མི་ཤེས་པའི་གླེན་རྟགས་རང་ལས་མ་འདས།
ད་དུང་ཁྱེད་ལ་སྡང་ཟུག་བྱེད་མཁན་དེ་དག་གི་ནང་དུ་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་པ་གཉིས་ཀ་ཡོད་ལ། ཆོལ་ཁའི་ཁོང་ནས་ཁམས་པ་དང་། ཨ་མདོ་བ་རེ་ཟུང་དང་། ཆོས་ལུགས་ཕྱོགས་ཞེན་པ་ཚོས་ནང་ནས་བཀའ་རྙིང་གཉིས་ཤུགས་ཆེ་བ་ཡོད།
དང་པོ། རྐང་རྗེས་ལག་བསིབས་ཅན་གྱི་ཁམས་པ་ཚོས་ཁྱེད་ལ་དགྲ་ཟླ་འཛིན་དོན་ནི་ཆུ་སྒང་གསར་རྙིང་གི་བྱ་སྤྱོད་སྤེལ་མཁན་གཙོས་ཁམས་པའི་ཆེན་པོ་རེ་འགའ་ལ་རྣག་ཐོག་གཙག་འཁེལ་བྱས་པ་ཉུང་ཉུང་མིན་པས་ལོས་ཡིན།
གཉིས་པ། ཆོས་ལུགས་ཕྱོགས་ཞེན་པ་ཚོས་ཁྱོད་ལ་དགྲ་ཟླ་འཛིན་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་ཆོལ་ཁའི་ནད་ཡམ་དང་འབྲེལ་བ་ཤུགས་ཆེ་བས་ཡིན། འོན་ཅང་བླུན་པོ་རེ་ཟུང་ནི་རི་བོང་ཅལ་རྗེས་སུ་རྒྱུགས་ནས་ཁྱེད་ལ་སྡང་བ་བྱེད། ཨ་མདོ་བའི་ཕྱོགས་ཞེན་ཅན་ཚོས་ཁྱེད་ལ་འཁོན་འཛིན་དགོས་དོན་སྲས་རྒྱ་ལོ་དང་། ཆོལ་ཁའི་ཞེན། ཁ་ཕོར་སྒེར་དོན་དང་འབྲེལ་བའི་གནད་དོན་སོགས་ཀྱང་མཉམ་དུ་ཚུད་ཡོད། དེ་
དག་ཚང་མ་ལ་སྤྲེལ་ལད་དང་ངོ་སྲུང་སྔར་ནས་ཞུ་མ་ཤེས་པ་དེ་ལ་གཞིགས་ན་ངོ་མ་ཁྱེད་ནི་གླེན་པ་རང་ཡིན་ངེས།
ད་དུང་ཁྱེད་ཀྱིས་སྲིད་དབང་བཟུང་བའི་རིང་དུ་ཆབ་སྲིད་ཀྱི་ཐད་ནས་བཤད་ན་རྒྱ་བོད་འབྲེལ་མོལ་ཐེངས་དགུ་ཙམ་བྱས་ཡོད་ལ། དཔལ་འབྱོར་སྒེར་བདག་ཅན་གྱི་ལམ་ལུགས་དང་། ཤེས་ཡོན་སྲིད་བྱུས་གསར་པ་གཏན་འབེབས། སྲོལ་རྒྱུན་སོ་ནམ་ལམ་ལུགས་དར་སྤེལ། བོད་གཞུང་བུ་ལོན་དོང་ནག་རིམ་དགུ་ནས་མྱུར་བསྐྱབས། ཁྲིམས་འགལ་ཅན་གྱི་མ་དངུལ་ཁྲིམས་མཐུན་ལ་བསྒྱུར་བ། བག་མེད་ལོངས་སྤྱོད་ལ་དགའ་བའི་ལས་བྱེད་དག་ལ་རྩིས་ཞིབ་མཐུལ་ཕྱིན་པ་གནང་བ་སོགས་གཟེངས་སུ་ཐོན་པའི་སྔར་མེད་ལམ་ལུགས་མང་པོ་གསར་གཏོད་བྱས་པ་འདི་དག་ལ་བསམ་གཞིགས་རེ་བྱས་ན་ངོ་མ་གླེན་པ་རེད་འདུག
མི་ཚེ་ཕལ་ཆེར་ཆབ་སྲིད་ཀྱི་ཁོར་ཡུག་ནང་བཏང་ནའང་། སྟོན་པ་གོ་ཏ་མའི་ལྟ་གྲུབ་དང་དམ་ཆོས་འདུལ་བའི་བསླབ་བྱའི་གཅེས་མཚམས་ཕྲ་མོ་ཙམ་ཡང་ཉམ་མེད་གཅེས་འཛིན་བྱས་པ་དང་། ཆབ་སྲིད་ཀྱི་ཆ་ནས་བཤད་ནའང་དེ་སྔར་ད་བར་དུ་མཁས་བླུན་ཀུན་དང་། ཆེན་པོ་སུ་གང་གི་ཀྱང་རྗེས་སུ་ལུས་མ་མྱོང་བ་ཙམ་དུ་མ་ཟད་མདུན་སྐྱོད་ཀྱི་རྐང་རྗེས་འདི་ལ་བསམ་ན་ཁྱེད་ནི་ལུགས་གཉིས་ཁ་ལོར་བསྒྱུར་བའི་གླེན་པ་གླེན་ནག་དེ་ལོས་ཡིན།
མདོར་ན་སྤྱི་པའི་དོན་དུ་རང་དོན་ཡོངས་རྫོགས་སྣང་མེད་དུ་དོར་བའི་བྱ་སྤྱོད་དེ་དག་ནི་བྱང་ཆུབ་སེམས་དཔའ་ཅེས་པའི་གླེན་པ་དེ་ཚོ་དང་། རྒྱ་གར་བའི་མེས་པོ་རུ་གྲགས་པའི་གྷན་དྷི་ཟེར་བའི་གླེན་པ་དེ་ཚོ་ལ་
དམིགས་དཔེར་འཛིན་མཁན་གྱི་གླེན་པ་ནི་དེང་གི་དུས་འདིར་ཁྱོད་མ་གཏོགས་ངོ་མ་མཐོང་དཀོན་པོ་གྱུར་འདུག །
ངོ་མ་ཡིན། ང་ནི་གླེན་པ་ཁྱེད་ལ་ཧ་སང་ཧོན་མཐོར་ནས་བསྡད་ཡོད་དོ།། །།
ནོར་བཅོས/ འབོལ་གདན་འདིང་མཁན་་་་་
ཟབ་གདོང་བླ་མའི་མཛད་རྣམ་ཚིགས་བཞི་ནི། །
བླ་སྤྲུལ་ཡིན་ཡང་ཤེས་ཡོན་ཆབ་སྲིད་འབད། །
སྲོག་གཏད་ཐོབ་ཀྱང་སྲོག་བསྡོས་ངོ་རྒོལ་བྱས། །
ལས་ཟུར་ཕེབས་ཀྱང་དཀའ་ཚེགས་མང་པོ་མཛད། །
དུས་ཁོམས་ཡོད་ཚད་བཀའ་སློབ་ཆོས་གསུང་བྲེལ། །
ང་ཡི་ཟབ་གདོང་བླ་མའི་རྣམ་ཐར་ལགས། །
ཁྱེད་ཚོ་ལྷ་འདྲེ་གང་རྟེན་ནའི་ང་ལ་ཁྱད་པར་མིན་འདུག་ ང་ནི་དེ་ཚོ་ཡོད་པར་ཡིད་ཆེད་མེད་ ང་རང་སྐྱབས་གནས་སངས་རྒྱས་རང་དང་ ལས་རྒྱུ་འབྲས་ལ་ཡིད་ཆེད་ཡོད་མཁན་ཞིག་ཡིན་ འོན་ཀྱང་སློབ་གྲའི་ནང་ལྷ་འདྲེའི་སྐོར་ལ་གསུང་པ་དེ་ལ་ང་རང་ཤིན་ཏུ་བློ་ཕམ་བྱུང་
བོད་མི་ཆིལ་སྒྲིལ་ཡོང་ཆེད་དོལ་རྒྱལ་བསྟེན་རྒྱུ་མཚམས་འཇོག་འོས་པའི་བཀའ་སློབ་དོ་ནན་གནང་བ་ཡིད་ལ་མི་འཐད་མཁན་ཡོད་པར་སྣང་། འོན་ཀྱང་དོན་དངོས་སུ་གལ་སྲིད་དོལ་རྒྱལ་བསྟེན་པ་ཡིན་ན་བོད་མི་རིགས་འདི་ནམ་ཡང་ཆིལ་སྒྲིལ་ཡོང་བཅུག་གི་ཡོད་པ་མ་རེད། དེ་ནི་ནམ་ཡང་ཐབས་མེད་པ་ཞིག་ཡིན་པ་གསལ་བོ་གཟིགས་ནས་༧སྐུ་མདུན་གྱིས་སྐུ་སྒེར་ལ་སྐུ་བགག་ག་རེ་ཡོང་མིན་ལ་མ་འཛེམ་པར་དོལ་རྒྱལ་མ་བསྟེན་གསུངས་པ་རེད། རྒྱུ་མཚན་ནི་དོལ་རྒྱལ་རྗེས་འབྲེང་བ་ཚོས་བཀའ་རྒྱུད་དང་རྙིང་མིའི་ཆོས་རྒྱུད་ལ་དུག་ནང་བཞིན་སྡང་པོ་བྱེད་ཀྱི་ཡོད་པ་རེད། གནས་ཚུལ་ནི་དོལ་རྒྱལ་བསྟེན་མཁན་ཁོ་རང་ཚོས་སྐད་གསེང་མཐོན་པོས་བཤད་བྱེད་ཀྱི་འདུག མ་ཟད་བོད་ཀྱི་སྐྱེས་ཆེན་མང་པོས་རྙིང་ཆོས་ལ་ཐོས་བསམ་བྱས་པའི་རྐྱེན་གྱིས། ཁོང་ཚོའི་སྐུ་སྲོག་དོལ་རྒྱལ་གྱིས་བཅད་པ་རེད་ཅེས་དོལ་རྒྱལ་བསྟེན་ཁོ་ཚོས་བྲིས་པ་དངོས་སུ་ཀློག་མྱོང་། བྱས་ཙང་བོད་མི་དང་བོད་ཀྱི་ཆོས་རྒྱུད་ནང་ཁུལ་ལ་དེ་ཙམ་གྱིས་སྡང་ཟུག་ཆེན་པོ་བྱེད་མཁན་གྱི་འདྲེ་ཞིག་བསྟེན་བཞིན་དུ་བོད་མི་རིགས་ལ་ཆིལ་སྒྲིལ་ཟེར་བ་ཞིག་དུས་ནམ་ཡང་ཡོང་མི་སྲིད་པ་རེད་མི་འདུག་གམ། དེའི་ཕྱིར་འདིར་བློ་ཕམ་པ་ཞིག་ལ་ཡོངས་འཛིན་ཁྲི་ཤིང་རིན་པོ་ཆེས་ཀྱང་། སྟོན་པ་གཅིག་གི་རྗེས་སུ་འབྲེང་མཁན་གྱི་ཆོས་རྒྱུད་ནང་ཁུལ་ལ་དགྲ་རུ་འཛིན་མཁན་གྱི་དྲག་པ་སྡུག་པོ་ཆེ་འདི་འདྲ་ཞིག་བསྟེན་སྲོལ་དར་ཁྱབ་བྱེད་དོན་གང་ཡིན་ནམ། བོད་སྤྱིའི་བདེ་སྡུག་ཐུགས་འགན་བཞེས་མཁན་༧རྒྱལ་བའི་དབང་བོའི་ཡོངས་འཛིན་དུ་མ་རུང་ཁོག་བཅུག་བྱེད་མཁན་ཡོངས་འཛིན་གཡོ་ཅན་འདི་འདྲ་ཞིག་སླེབས་པ་མི་རིགས་ཀྱི་བསོད་ནམས་ཉམས་པའི་རྟགས་རེད་དྲན། སེམས་ཅན་ཐམས་ཅད་ཕར་ཟད་ཐ་ན་བོད་ཀྱི་ཆོས་རྒྱུད་ནང་ཁུལ་ལའང་བརྩི་བཀུར་སྤུ་ཙམ་མེད་པའི་ཡོངས་འཛིན་འདི་འདྲ་ཆོས་པ་རྣམ་དག་དང་སྐྱེས་བུ་དམ་བུའི་གྲལ་དུ་ཅི་ལྟར་ཚུད་པ་ཡིན་ནམ། རིགས་གཞན་པར་སྡང་སེམས་ཡོད་མཁན་ལ་རྒྱལ་སྤྱིའི་ཁྲིམས་ཚིག་ Racism ཞེས་ཉེས་ཅན་པ་ཚབས་ཆེན་པོར་ངོས་འཛིན་བྱེད་ཀྱི་འདུག
དོལ་རྒྱལ་བསྟེན་བཅུག་ན་བོད་མི་རིགས་ཆིལ་སྒྲིལ་ཡོང་གི་ཡོད་ན་བསྟེན་ཆོག་མོད། འོན་ཀྱང་ཐོག་དང་པོ་ནས་༧བོད་མི་རིགས་ཀྱི་ལྷ་སྐལ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་༧རྒྱལ་བའི་དབང་པོ་མཆོག་དང་། བཀའ་རྒྱུད་དང་རྙིང་མ་སོགས་བོད་ཀྱི་ཆོས་རྒྱུད་གཞན་དག་ལ་དོལ་རྒྱལ་གྱིས་དགྲ་ཡི་དངས་མར་འཛིན་གྱི་ཡོད་པ་དང་། དེ་དག་ལ་གནོད་པ་བྱེད་རྒྱུའི་དམིགས་ཡུལ་ཁོ་ནའི་ཆེད་དུ་འཁོར་བསྡད་པའི་སྡུག་འདྲེ་ཞིག་བསྟེན་བཅུག་ན། བོད་ལ་ཆིལ་སྒྲིལ་ཡོང་བའི་རེ་བ་བྱེད་མཁན་འདི་ཚོའི་རེ་བ་བྱེད་སྟངས་འདི་ནི་ཅི་འདྲའི་ཉམས་ང་བ་ལའང་། མདོ་དོན་བསྟེན་བཅུག་ན་ཆིལ་སྒྲིལ་ཡོང་བཅུག་གི་ཡོད་པ་མ་རེད་ལ། བསྟེན་མ་བཅུག་ན་དེ་བས་ཀྱང་སྐད་ངན་བརྒྱབ་ནས་ཆིལ་སྒྲིལ་ཡོང་བཅུག་གི་མེད་པ་རེད། བྱས་ཙང་འདི་ལ་ཞི་བའི་ཐོག་ནས་གདོང་ལེན་བྱེད་རྒྱུ་ལས་འདམ་ཀ་མེད་པ་རེད།
ད་རེས་ཆོས་རིགས་ལྷན་ཁང་གི་གསལ་སྒྲགས་ཞིག་མཐོང་བྱུང་བས་ དེའི་ནང་དོལ་རྒྱལ་ཚོགས་པར་ངོ་རྒོལ་བྱེད་རྒྱུའི་ལས་འགུལ་གང་སར་སྤེལ་དགོས་གསུང་འདུག་པས་ དེ་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལམ་ཕྱོགས་དང་དམིགས་ཡུལ་ཚང་མ་འཁྲུགས་པའི་རྟག་མཚན་ཞིག་རེད་ ང་རང་བོད་ནས་ཡོང་དུས་ཉིན་ཞིག་གོ་སྐབས་བྱུང་ན་ང་ཚོའི་དགྲ་བོ་རྒྱ་མིར་འཛིང་བསམ་པ་མ་ཏོག་ བོད་པ་ནང་ཙག་ཁ་རྩོད་རྩམ་རྒྱབ་རྒྱུ་མིན་པའི་ཨ་མར་དམ་བཅའ་བཞག་ཡོད། དེར་རྟེན་དོལ་ཚོགས་ལ་རྒྱབ་སྐྱོར་མི་བྱེད་ལ་ངོ་རྒོལ་ཡང་མི་བྱེད་།
ང་རང་གི་དམིགས་ཡུལ་དངལམ་ཕྱོགས་སྔར་བཞིན་བརྟན་པོ་ཡོད་།
རང་ཉིད་དགེ་ལྡན་པའི་བསྟན་འཛིན་ཡིན་བཞིན་དུ་གཞན་ལ་འགྲམ་ཆུ་ལྡང་ན་དགེ་ལྡན་པའི་ལྟ་གྲུབ་གཙང་མར་བསྲུང་བའི་སྲུང་མ་ཞིག་གིས་བར་ཆད་གཏོང་བ་དང་། དེ་བཞིན་རང་ཉིད་རྙིང་མ་པའི་བསྟན་འཛིན་ཡིན་བཞིན་དུ་གཞན་ལ་འགྲམ་ཆུ་ལྡང་ན་རྙིང་མ་པའི་ལྟ་གྲུབ་གཙང་མར་བསྲུང་བའི་སྲུང་མ་ཞིག་གིས་བར་ཆད་གཏོང་བ་གཅིག་མཚུངས་ལྟར་གསུངས་ཡོད། དེ་ཙམ་གྱིས་རྙིང་མ་པ་དང་དགེ་ལུགས་པའི་བསྟན་པ་ལ་མ་གུས་པ་དང་དུག་ལྟར་འཛིན་པ་ག་ལ་ཡིན། ཆོས་ལུགས་རང་རང་གི་ལྟ་སྒོམ་སྤྱོད་གསུམ་བསྲེས་བསླད་མེད་པར་གཙང་མ་འཛིན་དགོས་པ་ལས་ཚར་བསྲེས་ཕར་བསྲེས་བྱེད་མི་རུང་གསུངས་ཡོད་
དེ་ཡང་སློབ་དཔོན་རིན་པོ་ཆེས། བསྟན་པ་མ་བསྲེས་རང་རང་ཆོས་ལུགས་གྱིས། །
པ་སངས། མགོ་བདེ་པོ་མ་བྱེད། ཁྱོད་དོལ་ཚོགས་ཀྱི་མགོ་པའི་གྲས་ཅིག་རེད། འདིར་གཡོ་མ་ཁྲབ། དེ་ལས་རྒྱུག་རྡུང་གཟེད་རྩུས་གྱིས། ཁྱོད་ཚོ་དོལ་ཚོགས་ཀྱི་མི་རེ་རེ་བཞིན་བཟོ་ལྟ་བཟོ་རྒྱུ་རེད།
དེང་སང་ཁ་ཡོད་ཚད་ཀྱིས་དོལ་རྒྱལ་སྐོར་བཤད་ནས་ཤར་རྒྱུག་ནུབ་རྒྱུད་བྱས་ནས་རང་ཉིད་དྲིལ་བསྒྲགས་བྱེད་པ་དང་། དོལ་ལ་དོལ་རྒྱལ་གྱི་གནད་དོན་ཤེས་ལ་མ་ཤེས་པ་མང་པོ་བཤད་ནས་འགལ་ཚབས་ཆེ་རུ་གཏོང་བཞིན་པའི་སྐབས་འདིར་སློབ་དཔོན་ཟམ་གདོང་རིན་པོ་ཆེས་དན་རྟགས་ཡོད་པའི་གསལ་བཤད་ཟབ་རྒྱས་གནང་བར། དོལ་ཚོགས་པ་མང་པོ་སྙིང་ལོང་ལངས་འདུག ཇི་ཙམ་དངོས་པོའི་ཤིས་ལ་ཉེ་གྱུར་པ། དེ་ཚེ་དོལ་ཚོགས་སྙིང་ལོང་སྟོད་ལ་ཚངས། ཧཧཧཧཧཧ
ཟམ་གདོང་གིས་ཁོ་རང་གིས་བསྟེན་ཀི་མེད་ཅེས་པའི་གསལ་བཤད་གསལ་པོ་དགོས་འདུག བོད་མི་བརྒྱ་ཆ་དགུ་བཅུས་ཁོ་རང་གིས་བསམ་ཆར་དང་དོགས་པ་ལ་ཟམ་དོང་གིས་བསྟེན་མཆོད་སྒྲུབ་ནས་གཞན་ལ་གསལ་བཤད་དང་དགག་འདོགས་བཤད་པ་བྱི་ལིས་ཆོས་བཤད་མ་ཡིན་ནམ། ཀློང་ཆུང་སོགས་ཀྱིས་དངོས་ཤུགས་ཟུར་ནས་འདྲེ་དེ་ཡང་ཡང་གླེང་བར་ཁྱབ་བསྒྲགས་ལས་གཞཔ་ཅི་གང་མ་རེད། སྟག་སྨྱོན་བཤད་པ་མོས་མཐུན་ཡོད།
གླེན་པ་ཟེར་ན་འཇམ་གཅེས་ཁྱོང་རང་རེད་ མི་ཚེ་གང་པོར་ཤེས་བྱའི་གནས་ཐ་དག་ལ་འབད་པ་གནང་ནས་བཞུགས་མཁན་དེར་གང་ཡང་མེད་པ་དངོས་ནས་རེད་ ནང་པའི་དགེ་སློང་ཞིག་གི་ཡོན་ཏན་དང་གཟི་བརྗིད་དངོས་གནས་དེ་རེད་ ཁྱོད་སྤྱང་པོ་བླ་མའི་མིང་ཙམ་ཡོད་པ་དང་ཡོན་ཏན་གང་ཡང་མེད་པ་མི་དགོས་པའི་བླ་བྲང་དང་ཆོས་ཚོགས་ཆེན་པོ་ རླངས་འཁོར་གོང་ཆེན་ཡོད་མཁན་ བྱུང་ན་སྐྱེས་དམན་དང་མཉམ་དུ་ཕག་ཕྲུག་གང་ཙམ་ཡོད་པ་ཞིག་དགོས་ན་བཙལ་ནས་བརྟེན་ན་རང་དབང་རེད། གང་ཡང་མེད་མཁན་དང་གླེན་པ་དེར་འདི་འདྲའི་ཁྲག་འདོད་དང་ང་རྒྱལ་གནང་དགོས་དོན་མེད་པ་རེད་
དོལ་རྒྱལ་་་་རྙིང་མ་དང་བཀའ་རྒྱུད། ཇོ་ནང་སོགས་ལ་གནོན་པ་བྱེད་མཁན་རེད་ཟེར་བའི་སྐད་ཆ་འདི་དག་ཕྲུ་གུ་ཆུང་ཆུང་མགོ་སྐོར་གཏོང་རྐྱེན་འདྲ་པོ་རེད།
༡་་་རྙིང་མ་པའི་སྔགས་པ་མང་པོ་མགོ་རལ་པ་ཤ་རེ་བཅད་མཁན་དང་རྙིང་དགོན་མང་དགེ་ལུགས་སྒྱུར་མཁན་དངོས་ཡོད་མྱི་ཡིན་པ་ལས་དངོས་མེད་དོལ་རྒྱལ་མིན་པ་ནི་ཤེས་གསལ་རེད།
༢་་་བཀའ་རྒྱུད་དང་ཇོ་ནང་གཉིས་ཀྱི་གྲྭ་པ་སྟོང་ཕྲག་མང་པོ་དམར་གསོད་བཏང་མཁན་དང་ཀརྨ་བསྟན་སྐྱོང་དབང་པོའི་རྩ་ནས་བོད་རྒྱལ་ཁབ་ཀྱི་སྲིད་དབང་བཙན་འཕྲོག་བྱེད་མཁན། ཇོ་ནང་དང་བཀའ་རྒྱུད་པའི་དགོན་སྡེ་མང་དགེ་ལུགས་སྒྱུར་མཁན་མྱི་ཡིན་པ་ལས་དོལ་རྒྱལ་མ་རེད།
༣་་་དོལ་རྒྱལ་བརྟེན་གསོལ་བཀག་འགོག་བྱས་ན་ཆོས་ལུགས་མཐུན་སྒྲིལ་ལ་ཕན་ཟེར་བ་ནི་རྒྱུ་མཚན་དང་སྒྲུབ་བྱེད་མེད་པའི་རྫུན་གཏམ་ཁོ་ན་རེད། བཀའ་རྒྱུད་དང་རྙིང་མའི་དགྲ་བོ་ངོ་མ་མྱི་ཡིན་པ་ལས་དངོས་མེད་ལྷ་འདྲེ་ཞིག་མིན་པ་ཡང་མཁྱེན་ངེས་རེད་དོ།
དོལ་རྒྱལ་བཀའ་རྙིང་གཉིས་ཀྱི་དགྲ་བོ་ཡིན་ན་་་བཀའ་རྒྱུད་དང་རྙིང་མ་པའི་བླ་ཆེན་ཚོས་དོལ་རྒྱལ་ལ་དགག་རྒྱག་དང་བཀག་འགོག་མ་བྱས་པ་ག་རེ་རེད་དམ། དྲི་བ་ཡིན།
བོད་མི་རེ་འགའ་ཡིས་དོལ་རྒྱལ་བ་མདུན་དུ་འགྲོ་ནས་དཔར་རྒྱག གསོད་ཀྱི་ཡིན་ཟེར་ནས་སྡུག་ར་སྐུལ་བཞིན་ཡོད་པ་ཡང་དངོས་གནས་ཚུལ་རེད།
བོད་ཡུལ་འཕྲོག་མཁན། བོད་མི་གསོད་མཁན། དགོན་སྡེ་སྟོང་མང་པོར་གཏོར་བཤིག་བཏང་རྒྱ་མི་ཚོའི་མདུན་དུ་འགྲོ་ནས་དཔར་རྒྱག་ནས་གསོད་ཀྱི་ཡིན་ཟེར་ནས་སྡུག་ར་དང་འཇིགས་སྐུལ་བྱས་མྱོང་མཁན་བཙན་བྱོལ་བོད་མི་སུ་ཡོད་དམ། དྲི་བ་ཡིན། མེད་པ། ནང་ཁུལ་བོད་མི་ཆུང་ཚོའི་ཐོག་ཏུ་དཔའ་བོ་ཡིན་པ་ལས་རྒྱ་གུན་ཁྲན་ཐུག་དུས་ག་འདྲ་ཡིན་མིན་མིག་མདུན་དུ་ཡོད་པ།་་་ཧཧཧ སྤྲང་ཕྲུག་འདི་ཚོ
ཝ་ཉིད་ཝ་ཡི་རིགས་ལ་སྡང།
བོད་མི་བོད་མིའི་ཐོག་ཏུ་དཔའ།
སུག་བཞི་ཅན་ཝ་དང་བོད།
དགྲ་བོ་མཐོང་དུས་སྐྲག་ནས་བྲོས།།
རྒན་གེ་སར་ལགས་ང་ཚོ་ཚང་མ་ལུང་པ་མེད་པའི་སྤྲང་ཕྲུག་ཅིག་པ་རེད་མ་ཏོག་ཁྱེད་རང་ཡུལ་གང་ནས་ཕེབས་པའི་རྒྱལ་སྲས་རེད་དམ་ ཧཧཧཧཧཧ ད་ཆོས་ལུགས་དང་ཆོས་ཁའི་དབར་ལ་ཁུང་ལུང་ཡང་དག་མེད་པའི་དགྲ་དགའ་གཉེན་སྡུག་གི་སྐད་ཆ་སྟོང་པ་མང་པོ་མ་གསུངས་ སྤྱིར་བཏང་ཚིག་འདི་ཁའི་རྩེ་ལའང་ལེན་འདོད་མིན་འདུག་འོན་ཀྱང་དེ་རིང་མ་ལེན་ཐབས་མེད་རེད་འདུག་དོལ་རྒྱལ་ཟེར་བ་སྐྱ་སེར་ཕོ་མོ་སུས་བརྟེན་ནའང་རང་དབང་རེད་མ་ཏོག་སུས་ཀྱང་བཀག་འགོག་བྱེད་མཁན་ཡོད་མ་རེད། མིག་གཉིས་ཡོད་བཞིན་གཡང་ལ་ཆོང་ནའང་རང་གི་འདོད་པ་རེད། ཁྱེད་རང་ལ་ཞུ་རྒྱུར་མདོར་བསྡུས་ན་དོལ་རྒྱལ་ཟེར་བ་ཁ་ལ་ཁྱེར་ནས་ཆོས་ལུགས་དབར་ཡོད་པའི་མཐུན་སྒྲིལ་གཏོར་ཤིག་གཏོང་ཐུབ་ཀྱི་མ་རེད་ལ་དེ་འདྲའི་འབད་བརྩོན་ཡང་མ་གནང་རོག་
ཨེ་སྤེན་ཚེ་རྒྱག་པ། གཏམ་ཨ་ཕའི་བཤད་དེར་མནའ་མས་མ་ཤོད། ལྷ་འདྲེའི་དཀྲུགས་ཤིང་བརྒྱབས་ནས་བོད་པའི་སྤྱི་ཚོགས་ཁ་འཐོར་དགུ་འཐོར་བཏང་མཁན་ཁྱོད་ཚོ་ཡིན་པ། ཆོས་ལུགས་བར་དུ་དཀྲུགས་ཤིང་བརྒྱབས་མཁན་ཁྱོད་ཚོ་ཡིན་པ། བོད་མི་ཡོངས་ལོང་བ་མ་རེད་ད།
སྡིག་ར་དང་འཇིག་སྐུལ་མི་གསོད་ཁྲག་སྦྱོར་བྱེད་མཁན་ནི་དོལ་རྒྱལ་བ་ཡིན་པ་ལོང་བ་མིན་ན་མཐོང་ཚོད་ཡིན་ལ་འོན་པ་མིན་ན་གོ་ཚོད་ཡིན། སྐྱེ་བོ་ངན་པས་རང་གི་སྐྱོན། །གང་ཡིན་གཞན་ལ་འགོད་པར་བྱེད། །ཁྭ་ཏས་མི་གཙང་ཟོས་པའི་མཆུ། །ས་གཙང་གཞན་ལ་འབད་དེ་འབྱིད།། ཅེས་པ་འདི་འདྲ་ལ་ཟེར་བ་རེད། བཀའ་རྙིང་བླ་མ་ཚོས་དོལ་རྒྱལ་ནི་དམ་སྲི་བདུག་པ་ཅན་ལ་གཙིས་ནས་ཐ་ན་མིང་ཙམ་སྨོས་པར་ཡང་རྣམ་རྟོག་གནང་གི་ཡོད། ཕ་ཝོང་ཁ་པའི་སློབ་རྒྱུད་ཚོས་ཁམས་ཀྱི་ས་ཁུལ་ཁ་ཤས་ལ་གུ་རུའི་སྐུ་བཤིགས་པ་དང་པད་མ་བཀའ་ཐང་མེ་ལ་སྲེགས་པ་སོགས་བྱས་ཡོད་ལ། དོལ་རྒྱལ་རྟེེན་མཁན་ཞིག་གིས་རྙིང་མ་བའི་དཔེ་ཆ་ཞིག་ནང་ལ་བཞག་ན་ཡང་དོལ་རྒྱལ་གྱིས་སྲོག་བཅད་འགྲོ་བར་བཤད་ཀྱི་ཡོད། མ་ཟད་ཛེ་སྨད་ཀྱི་ཕ་རྒོད་བླ་མའི་ཞལ་ལུང་ཞེས་པ་དེའི་ནང་ལ་དགེ་ལུགས་པའི་བསྟན་འཛིན་གྱི་སྐྱེས་ཆེན་དུ་མ་ཞིག་རྙིང་ཆོས་བྱས་པའི་རྐྱེན་གྱིས་དོལ་རྒྱལ་གྱིས་སྐུ་སྲོག་འཕྲོག་ཡོད་པ་གསལ་འདུག་ན། ཆོས་རྒྱུད་ནང་ཁུལ་གྱི་མཐུན་སྒྲིལ་ལ་གནོད་པ་བྱེད་ཀྱི་ཡོད་མེད་ནི་དེས་གསལ་པོ་སྟན་འདུག
གེ་སར་ཟེར་བ་འདིས། སྐད་ཆ་གསོད་ཟེར་བ་འདི་བཀོལ་བཞིན་འདུག། གསོད་མཁན་ཡིན་ཟེར་མཁན་ཡོད་ན། འདི་ཚོ་རྒྱལ་ཁབ་གང་དེའི་རྒྱལ་ཁྲིམས་ཀྱིས་ལག་སྟེར་བྱེད་དགོས་བ་ཞིག་ཡིན་པས། མི་འདི་འདྲ་ཡོད་ན་ཕན་ཚུན་གཉིས་ལ་ཡང་མི་ཕན་པའི་མི་ཡིན་པས། མི་འདི་ཚོ་སུ་ཡིན་གྱི་མིང་དང་ངོ་ཐག་ཆོད་པ་དགོས་བ་རེད། དེ་འདྲ་མེད་ན། གྱོད་འདྲེ་ཁྱོའི་ཁ་རྐུབ་གཉིས་ཀ་བཙུམ་ན་དགའ། ངོ་མ་ཡིན། རང་གིས་རང་ལྷ་དད་འདྲེ་དད་བྱེད་མཁན་དེ་འདྲ་མིན་ལབ་སོང་ཙང་། སྐལ་མེད་སར་སྐེ་སྲིང་མ་སྡོད་ལོ། ཁྱོས་དགེ་ནི་དགོས་ནི་ཞིག་བཤད་ཀི་མེད་ཀི། ཉན་བསྡད་ན། རང་གི་ཉལ་ཁྲིའི་སྒང་ལ་སྐྱག་པ་བཏང་བ་དེ་ཡང་། ཆོས་འཇིག་རྟེན་གཉིས་ཀྱི་ཕྱོགས་ན་འགྲེལ་བཤད་ཞིག་ཡོད་མདོག་སྟོན་མཁན་དེ་འདྲ་ཡིན་ས་རེད། བོད་མི་ལ་ཁྱེད་འདྲ་བ་འདི་འདྲའི་མཁས་བ་ས་གྲགས་གནམ་གྲགས་དེ་འདྲ་དགོས་དོན་མི་འདུག། ཁ་བཙུམས་ནས་བོད་པ་ཡིན་བསམ་ན། དེ་གས་འགྲིག་པ་རེད། གོ་སོང་ངམ།
རིག་ལམ་དགེ་རྒན་དགེ་ཕྲུག་གསུམ་གསོད་མཁན་དོལ་རྒྱལ་ཚོགས་པ་རེད་ཟེར་བ་འདི་ལ་ཡང་ཡིད་ཆེས་མེད། རྒྱ་ནག་གོང་མའི་ཕོ་བྲང་ནང་གཅེན་པོ་ཧན་ཐོ་ལ་མདའ་ཞིག་བརྒྱབས་པ་དེ་་་་་ཞང་བློན་གྱི་མིས་བརྒྱབས་པ་ཡིན་ནམ། དམག་སྤྱི་ཆེན་མོའི་ཕྱོགས་ཀྱི་མིས་བརྒྱབས་པ་ཡིན། གོང་མའི་གཅེན་པོ་གོ་ཐུང་བསྟན་གྱི་ཕྱོགས་ཀྱི་མིས་བརྒྱབས་པ་ཡིན་སུ་ཡིས་བཤད་ཚོད་ཐུག
ཛེ་སྨད་སྤྲུལ་གོག་ཁོས་དོལ་རྒྱལ་མི་གསོད་མཁན་ཡིན་ཟེར་ནས་བྲིས་ཡོད་པའི་དབང་བཏང་ཡང་སུ་ཡིས་དོལ་རྒྱལ་གྱིས་མི་གསོད་པར་ཡིད་ཆེས་ཡོད་དམ། ལྷ་འདྲེའི་རྨོངས་དད་འོག་གི་ཤེས་ཡོན་མེད་པའི་དུར་འགྲོ་ལྟ་བུའི་མི་རེ་གཉིས་མ་གཏོགས་དོལ་རྒྱལ་གྱིས་མི་གསོད་ཀྱི་རེད་ཟེར་ན་སུ་ཡིོད་ཆེས།
ཁྱོད་ཚོ་ལ་མི་གསོད་ཐུབ་མཁན་གྱི་ལྷ་འདྲེ་སུ་འདྲ་ཞིག་ཡོད་ནའང་ང་གསོད་མཁན་གཏོང་འོང་རོགས་བྱོས། དཔལ་ལྡན་ལྷ་མོ་དང་གཅིག གནས་ཆུང་དང་གཉིས། དེའི་གོང་སྲུང་མ་དམར་ནག་གཉིས། ཤུགས་ལྡན། ད་དུང་ལྷ་འདྲེ་ཡོད་ཚོད་ཐམས་ཅད་ང་གེ་སར་སྲོག་གཅོད་མཁན་གཏོང་འོང་རོགས་བྱོས།
ངས་ལབ་ཆོག གོང་གི་ལྷ་སྲུང་དེ་དག་གིས་ངའི་སྐྱུག་པ་ཟོས། ག་རེ་བྱས་ཡ་ཡོད་དམ། ངའི་ཐོག་ཏུ་ཤོག ལྷ་སྲུང་དེ་དག་ལ་ཁྱི་རྒན་ཞིག་གི་རིན་ཐང་ཀྱང་མི་སྤྲོད་ངོ་མ་ཡིན་ནོ།
གནམ་་་་ངོ་ཤེས་འདོད་ཡོད་ན་ངོ་སྤྲོད་བྱེད་ཆོག དང་པོར་ཁྱོད་རང་ངོ་སྤྲོད་བྱོས་དང་། དེ་ནས་ངས་ཁྱོད་ཚོ་ལ་ང་ངོ་སྤྲོད་དང་ཁ་བྱང་བཅས་སྤྲོད་ཆོག སྙིང་ལ་གྲི་རྒྱབ་དགོས་བསམས་ན་རྩ་ལ་ཤོག
གནམ་ནི་གེ་སར་ལ་སྐྲག་སོང་ངོ་། ཁྱོད་ལ་མི་བགྲོ་བ་དང་མི་ཕྲད་པའི་དམ་བཅས་སོ། དུས་དེ་རིང་ནས། མ་ཤི་བའི་བར་དུ། ལས་ངན་འདི་འདྲའི་རིགས་ལ་ཡ་བྱེད་མ་དགོས་བའི་མགོན་སྐྱབས་ཡོད་པར་ཤོག། མི་འདི་ཚོ་ལ་ཁྱི་སྐྱག་གིས་ཚིམས་པར་ཤོག། རྒྱགས་པར་ཤོག། ཤོག་ཤོག་ཤོག་ཤོག། ཟློག་པར་ཤོག།
དོལ་རྒྱལ་ཟེར་བའི་ལྷ་དང་འདྲེ་གང་ཡང་མེད་ངེས་རེད་མོད། དེ་དག་ཚང་མ་མི་ལྷ་འདྲེ་འདྲ་བ་དེ་ཚོའི་བཟོས་པ་དོན་དངོས་རེད་དོ།
གནམ།
མི་སྐྲག་སྐྲག་མདོག་བྱས་ལེ་དེ།
དཔའ་སྐད་ནང་གི་ཆེ་བ་རེད།
མ་ཡིན་ཡིན་མདོག་བྱས་ལེ་དེ།
གཡོ་སྒྱུ་ནང་གི་ཆེ་བ་རེད།
ཁྱོད་ང་ལ་མི་སྐྲག་པ་ངས་ཤེས། ང་ཡང་ཁྱོད་ལ་མི་སྐྲག ཁྱོད་ཀྱི་ཕུང་པོ་ལྕགས་དང་ངའི་ཕུང་པོ་མར་མ་རེད་པ། ཁྱོད་ཀྱིས་ང་ལ་ལས་ངན་ཞིག་རེད་ཟེར་བ་དེ་བདེན། ངས་བདེན་པ་དང་ཉམ་ཆུང་རྡོག་བརྫིས་བཏང་ནས་བླ་དཔོན་ཚོའི་རྐུབ་གཡོག་བྱེད་ཐུབ་པའི་ལས་དབང་བཟང་པོ་དེ་བསགས་མི་འདུག ང་ལས་ངན་རེད།
ཡིན་ཀྱང་་་བདེན་པ་དང་ཉམ་ཆུང་རྒྱབ་ལང་བྱེད་ནས་རང་སྲོག་དོར་ཐུབ་ན་སྐྱེས་ཕོ་རབ་ཤིག་གི་མི་ཚེ་མཇུག་བསྡུ་ཐུབ་སོང་བསམས་ནས་འདོད་པ་ཁེངས་སོང་།
ཟམ་གདོང་བླ་མ་བཞུགས་ཁྲི་སྟེང་ན་ངར།།
གེ་སེར་འཁྱམ་པོ་དྲ་ལམ་འདི་ན་ངར།།
དྲ་གྲོགས་ཆ་བོ་བར་མ་བར་ན་ངར།།
བོད་མི་ཆ་བོ་ཕར་ངར་ཚུར་ངར་རེད།།
རྒྱ་སྤྲོ་ལངས་ནས་རྒྱགས་ས་ཅང་མེད་ཀི།
རྒྱ་མཇེ་ལངས་ནས་འཛག་ས་ཅང་མེད་ཀི།
ངར་བའི་ཕུད་དང་རྩ་བ་དེད་སོང་ན།།
མཇེ་དང་སྙ་མ་གཉིས་ལ་ཐུག་ཡོད་ཀི།
རི་ཡོང་བེ་ཀར་གསང་གནས་ཆུང་དྲག་པས།།
གནས་ཆུང་ཆོས་རྒྱལ་ཟེར་ནས་བཏགས་ཡོད་ཀི།
ཨ་སེ་འཁྱམ་པོ་འོག་ཀི་རླུག་པ་ཆེ།།
ཆེ་བས་མ་ཚད་ཤུགས་དང་ལྡན་ཡོད་ཀི།
རྡོ་རྗེ་ཤུགས་ལྡན་ཟེར་ནས་བཏགས་ཡོད་ཀི།
གསང་གནས་ཆུང་ཆུང་གནས་ཆུང་ཆོས་རྒྱལ་གྱིས།།
དཔལ་ལྡན་ལྷ་མོ་འདོད་པ་མ་ཁེངས་འདུག།
ཨ་སེ་འཁྱམ་པོར་སེམས་པ་ཤོར་སོང་འདུག།
ཨ་སེ་འཁྱམ་པོས་གྲྭ་བ་ཡིན་མདོག་གིས།།
འདོད་པ་དག་དག་ཞིག་ནི་བསྐང་མི་འདུག།
དཔལ་ལྡན་ལྷ་མོ་འཁུ་འཕྲིག་ཟ་སོང་ཟིག།
གནས་ཆུང་ཆོས་རྒྱལ་ཕྲག་དོག་ལངས་སོང་ཟིག།
ཅི་ཡིན་འདི་ཡིན་མེད་པའི་མཇེ་རྩོད་དེ།།
མགོ་ནག་བོད་པ་ཚང་ལ་སླེབས་ཡོད་ཀི།
ལྷ་ཡི་མཇེ་དང་སྙ་མའི་རྩོད་པ་དང།།
མི་ཡི་མཇེ་དང་སྙ་མའི་རྩོད་པ་གཉིས།།
རྩོད་ལུགས་རྩོད་སྟངས་ཅུང་ཟད་འདྲ་བོ་འདུག།
ཡལ་ག་སྐྱེས་སྟངས་ཅུང་ཟད་ཁ་ཁ་རེད།།
གལ་སྲིད་འདི་དག་སྒྲུང་ལ་འབྲི་དགོས་ན།།
སྙན་ངག་ཆེན་པོ་བྷ་ར་ཏ་ནང་བཞིན།།
གེ་སར་རྒྱལ་བོའི་ཧོར་གླིང་སྒྲུང་ནང་བཞིན།།
ངག་རིག་གནས་ལ་བྱང་ཆུབ་བདག་ལྟ་བུས།།
དུས་ཚོད་ཡོད་ན་འབྲི་འདོད་སྐྱེས་ཀི་ཡ།།
ཁྱོད་ཚོ་རྨོངས་དད་མགོ་ཚོས་གསོལ་བསྡད་པའི་ལྷ་སྲུང་མདའ་ཁུར་མདུང་ཁུར་འཇིགས་སྐུལ་དྲག་སྤྱོད་པ་དེ་དག་དཔལ་ན་ལེན་ཌའི་ཆོས་རྒྱུད་དང་མཐུན་པའི་ལུགས་སྲོལ་ཞིག་མ་རེད། ནང་པ་སྤྱི་དང་མཐུན་པའི་ལུགས་སྲོལ་ཞིག་མ་རེད། དེར་ཤོས་པ་བྱོས།
ལྷ་སྲས་དར་མ་ལགས་ཀྱིས་བཤད་པར་བདེན། གོ་བ་ཡོད་ན་ཚིག་གཅིག་གིས་ཆོག
དམ་སྲི་བདུག་འདྲེ་ཞིག་འདོར་མ་ཐུབ་པར་དགྲ་ལ་མགོ་སྒུར་གཉེན་ལ་སྐྱག་པ་བྱུག་མཁན་དོལ་ཚོགས་རེད། གེ་སར་ཟེར་བ་ཁྱོད་ལྷ་འདྲེ་ཁས་མི་ལེན་མཁན་ཞིག་ཡིན་ན་ཁོ་ཚོར་རྒྱབ་སྐྱོར་བྱེད་དོན་ཅི་ཡིན། དངོས་གནས་བཤད་ན་ཁྱོད་རང་དགྲ་དང་གཉེན་ཕྱི་དང་ནང་དྲང་པོ་དང་སྐྱག་རྫུན་གྱི་དབྱེ་བ་ཙམ་ཡང་ཕྱེ་མི་ཤེས་པའི་གླེན་པ་ལུག་ལྟ་བུ་ཞིག་རེད་འདུག རྡ་སའི་དགེ་བཤེས་ལགས་དང་ཁོང་གི་དགེ་ཕྲུག་གཉིས་དོལ་རྒྱལ་བས་གསད་ཡོད་པ་རྒྱ་གར་ཉེན་རྟོག་པས་ཞིབ་འཇུག་བྱས་ནས་ཤེས་རྟོག་བྱུང་ཡོད་པ་མ་ཟད་ཁོ་ཚོའི་པར་དང་མིང་སོགས་གསལ་གསལ་ཐིང་ཐིང་དྲ་ཐོག་སོགས་ལ་མཐོང་རྒྱུ་འདུག ད་དུང་ཁས་མི་ལེན་ཟེར་ན་མངོན་སུམ་ཁས་མི་ལེན་པའི་ལྐུགས་པ་ལ་ཕུག་རྗེན་པ་ཟ་མཁན་ཞིག་ཡིན་པའི་རྟགས་རེད། ཛེ་སྨད་པས་བཤད་པ་ལྟར་དོལ་རྒྱལ་གྱིས་བླ་མ་དཀྲོང་ཡོད་པ་མ་རེད་ཟེར་ན་དེ་ནི་ཁྱོད་རང་གི་ལྟ་ཚུལ་ཙམ་ཞིག་ཡིན་པ་ལས། མི་ཚང་མ་ཁྱོད་རང་ནང་བཞིན་ལྷ་མེད་འདྲེ་མེད་འདོད་མཁན་གུང་ཕྲན་ལྟ་བུ་ཞིག་མ་རེད། ཁྱོད་རང་དོ་ནུབ་དཔལ་ལྡན་ལྷ་མོ་དང་གནས་ཆུང་གཉིས་ཀྱིད་གསོད་ཐག་ཆོད་རེད། སང་ཉིན་དྲ་ཐོག་འདིར་ཡོང་རྩིས་མ་བྱེད་ཅིག
ཉམ་ཆུང་དང་དྲང་བདེན་དགྲ་བོ་ལུག་རྟོགས་ལགས།
ཕྱི་ནང་མེད་པའི་མགོ་གཉིས་མ།
དབུ་མའི་ལམ་ཚང་མ་ཡིན་ནམ།
གུན་ཁྲན་སྤུན་ཟླ་འབོད་མཁན་དེ།
དབུ་མའི་ལམ་ཚང་མ་ཡིན་ནམ།
སྐྱ་མིན་སེར་མིན་དཔོན་པོ༷་དེ།
ཟམ་གདོང་སྤྲུལ་གོག་མ་ཡིན་ནམ།
ཆོས་མིན་སྲིད་མིན་ལམ་ཕྱོགས་དེ།
དབུ་མའི་ལམ་དེ་མ་ཡིན་ནམ།
ཏང་ཁྲིམས་མགོ་ལ་ཁུར་མཁན་དེ།
དབུ་མའི་ལམ་ཚང་མ་ཡིན་ནམ།
དགྲ་བོ་ཏང་དང་གཉིས་ཕན་དེ།
དབུ་མའི་ལམ་དེ་མ་ཡིན་ནམ།
དགྲ་དར་མགོ་ལ་འཕྱར་མཁན་དེ།
དབུ་མའི་དཔའ་བོ་མ་ཡིན་ནམ།
དགྲ་དགའ་གཉིས་ཕན་འདོད་མཁན་དེ།
དབུ་མའི་གཙོ་མཛད་མ་ཡིན་ནམ།་་་་་་་་་་་་་་་་ཧཧཧཧཧཧཧ
ཤེས་མེད་མགོ་སྟོང་མིང་རྫིག་དོན་སྟོང་གེ་སར་ལགས།
དགྲ་ལ་མགོ་བཏགས་ཞུ་མཁན་དེ།།
དོལ་རྒྱལ་འདྲེ་ཚོགས་མ་ཡིན་ནམ།།
གཉེན་ལ་སྐྱག་པ་བྱུག་མཁན་དེ།།
ལྕགས་ཞྭ་ཅན་ཚོ་མ་ཡིན་ནམ།།
ཕུ་ནུ་ནང་གསོད་བྱེད་མཁན་དེ།།
དམ་སྲིས་འཁོར་ཚོགས་མ་ཡིན་ནམ།།
བླ་མའི་དམ་ཚིག་མདོར་མཁན་དེ།།
དོལ་འདྲེའི་ཚོགས་གཙོ་མ་ཡིན་ནམ།།
མི་རིགས་ལ་རྒྱ་མདོར་མཁན་དེ།།
དོལ་ཕྲུག་དེ་ཚོ་མ་ཡིན་ནམ།།
རྫུན་མའི་རྐུབ་གཡོག་རྒྱུག་མཁན་དེ།།
གེ་སར་ནག་རིལ་མ་ཡིན་ནམ།།
མེས་པོའི་ཞབས་འདྲེན་ཞུ་མཁན་དེ།།
ཁྱི་ཕྲུག་ཁྱོད་ཚོ་མ་ཡིན་ནམ།།
ཧཧཧཧཧཧཧཧཧ
དགྲ་ལ་མགོ་བཏགས་བྱེད་མཁན་དེ་དོལ་ཚོགས་མ་རེད་དབུ་མ་རེད།
རྒྱ་ཁྲིམས་བོད་ལ་བཙུགས་འདོད་མཁན་དོལ་ཚོགས་མ་རེད་དབུ་མ་རེད།
ཕུ་ནུ་ནང་དཀྲུགས་བཏང་མཁན་དེ་དོལ་ཚོགས་མ་རེད་དབུ་མ་རེད།
འཐབ་རྩོད་རྨང་གཞི་གཏོར་མཁན་དེ་དོལ་ཚོགས་མ་རེད་དབུ་མ་རེད།
བཤེས་གཉེན་བརྟེན་ཚུལ་མེད་མཁན་དེ་དོལ་ཚོགས་མ་རེད་དབུ་མ་རེད།
རྒྱལ་བཙོང་ས་སྟེང་ཁེངས་བ་དེ་དོལ་ཚོགས་མ་རེད་དབུ་མ་རེད།
བོད་གཞུང་མིང་ཚིག་བསད་མཁན་དེ་དོལ་ཚོགས་མ་རེད་དབུ་མ་རེད།
གཞོན་ནུ་ཁ་འཐོར་བཏང་མཁན་དེ་དོལ་ཚོགས་མ་རེད་དབུ་མ་རེད།
ཕ་མེས་རུས་རྐང་བཅག་མཁན་དེ་དོལ་ཚོགས་མ་རེད་དབུ་མ་རེད།
རང་བཙན་དགྲ་རུ་འཛིན་མཁན་དེ་དོལ་ཚོགས་མ་རེད་དབུ་མ་རེད།
སྤྱིའི་རྒྱུ་ལྐོག་ཟ་བྱེད་མཁན་དེ་དོལ་ཚོགས་མ་རེད་དབུ་མ་རེད།
ཆུང་ཉམ་གནའ་གནོན་བཏང་མཁན་དེ་དོལ་ཚོགས་མ་རེད་དབུ་མ་རེད།
༄།། ཛེ་སྨད་རིན་པོ་ཆེའི་གསུང་འབུམ་དེབ་དྲུག་པ་ན། འདི་ལྟར་གསུང་འདུག ཡང་ཁོ་བོས་དགེ་ལྡན་པའི་བསྟན་པ་འཛིན་པ་རྣམས་ཀྱི་རང་ལུགས་གཙང་མར་བཟུང་དགོས། རྙིང་མའི་ལྟ་གྲུབ་བཟུང་མི་འོས་ཞེས་བཤད་པ་ན་རྙིང་མ་ལ་སྨད་པར་གོ་བ་འདི་ཞིབ་ཏུ་མ་བརྟག་པ་སྟེ། དཔེར་ན་ཐེག་ཆེན་རིགས་ངེས་རྣམས་ཉན་རང་ལམ་དུ་འཇུག་མི་རུང་ཞེས་བརྗོད་ན་ཉན་རང་ལ་སྨད་པ་མིན་ཅིང་། ཉན་ཐོས་རིགས་ངེས་རྣམས་ཐེགས་ཆེན་ལམ་དུ་འཇུག་མི་རུང་ཞེས་བརྗོད་ན་ཐེགས་ཆེན་ལ་སྨད་པ་མིན་པའི་ཕྱིར་དང་། འཇིག་རྟེན་གྱི་དཔེར་མཚོན་ནའང་། ཨ་རིའི་མི་རིགས་ཀྱིས་རྒྱ་གར་བའི་སྲིད་བློན་འོས་འདེམས་མི་རུང་ཞེས་བརྗོད་པས་རྒྱ་གར་ལ་སྨད་པ་མིན་ཞིང་། རྒྱ་གར་བའི་མི་རིགས་ཀྱི་ཨ་རིའི་སྲིད་འཛིན་འོས་འདེམས་མི་རུང་ཟེར་ན། ཨ་རི་ལ་སྨད་པར་མི་འགྱུར་བ་དང་། གལ་ཏེ་འོས་འདེམས་བགྱིས་ན་རྒྱལ་ཁབ་སོ་སོའི་ཁྲིམས་ཁང་ཉེས་ཆད་བརྗོད་ཀྱང་ནོངས་པ་མི་འགྱུར་བ་ལྟར་ཡིན་མོད། གོ་བ་ཕྱིན་ཅི་ལོག་ཏུ་སོང་སྟེ། ཕ་མ་གསོད་ཅེས་བརྗོད་པ་ན། ཕའི་སྟེང་དུ་མ་ཡང་བསྣན་ནས་གསོད་ཅེས་གོ་མཁན་དང་མཚུངས་སོ།།
ཞེས་སོགས་གསུངས་འདུག་་་་་འདི་ལ་བསྟེན་ནས་ཛེ་སྨད་རིན་པོ་ཆེ་དང་དགེ་ལྡན་པའི་བསྟན་འཛིན་རྣམས་ཀྱིས་རྙིང་མ་ལ་སྨད་པ་རེད་ཟེར་མཁན་རྣམས་རྙིང་མ་དང་དགེ་ལུགས་བར་དབྱེ་དཀྲུག་བྱེད་མཁན་ཡིན་པ་གསལ་པོ་རྟོགས་ནུས།
མཆན་༩༡ལ་བགྲོ་གླེང་བྱས་པ།
དབྱིན་ཇིའི་གཏམ་དཔེར། Don’t kill the messenger!ཞེས་པ་སྟེ། བང་ཆེན་གསོད་མི་རུང་ཟེར་བ་བཞིན། ང་ཚོས། ཤུགས་ལྡན་གྱི་རྙོག་ཁྲའི་ཁྲོད་ལ། མཛེ་སྨད་རིན་པོ་ཆེར་རྒོལ་བརྡུང་ཚབ་ཆེ་བྱས་པ་འདི། བང་ཆེན་བསད་པ་དང་མི་མཚུངས་སམ། མཛེ་སྨད་ཀྱིས་དགེ་ལྡན་པའི་ནང་ཁུལ་གྱི་གསང་བ་ཁག་ཕྱིར་བཏོན་བྱས་པ་རེད། ཆེས་ལྐོག་འགྱུར་ཞིག་ནི་མཛེ་སྨད་ཁོ་རང་ཤུགས་ལྡན་རྩ་བ་ནས་སྲོལ་མྱོང་མེད་པ་དགེ་ལྡན་པའི་བླ་མ་དགེ་བཤེས་མཁན་པོ་ཡོངས་གྲགས་ཀྱིས་ཤེས་གསལ་རེད། གསུངས་དང་།
དོལ་འདྲེ་མཆོད་བསྟོད་དང་གསོལ་བ་འདེབས་ན་དགེ་ལུགས་པའི་ལུགས་མིན་པ་དང་ནང་པ་ལྟ་ཅི་ཤི་འདྲེ་ལ་སྐྱབས་སུ་བཅོལ་བ་ཡིན་པས་སངས་རྒྱས་བསྟན་པ་ལ་ལྷག་བསམ་ཡོད་ན་བསྟེན་མི་རུང་གསུངས་པ་དེ་ལ་གོ་རྒྱུ་ཆེན་པོ་འདུག ཨ་རི་ནས་ཨ་ནེ་ཞིག་གིས་བཙུར་ཡོང་དུས། སངས་རྒྱས་ཀྱི་བཀའ་དང་བསྟན་བཅོས་ཚང་མ་དང་བླ་མ་ཙོང་ཁ་པའི་དགོངས་པ་ངས་ཤེས།། དོལ་འདྲེ་བསྟེན་པ་ཆོས་ལུགས་དང་གྲུབ་མཐའ་མ་རེད། དེ་འུར་ཤོབ་བམ་སྐྱག་རྫུན་བཤད་པར་རེད། གསུངས་སོང་།།དེས་ན་དགེ་ལུགས་པ་ཚོས་མགོ་རུལ་བ་སྣ་ཡིས་མ་ཚོར་བ་ཡ་མཚན། བལྟས་ངན་རེད།
གནའ་ནས་ད་བར་དུ་བོད་མི་རིགས་ལ་ཆིལ་སྒྲིལ་དམ་གཙང་བྱུང་མྱོང་ཡོད་པ་མ་རེད། ད་བར་དུ་རྙོག་དྲ་གཅིག་ལངས་གཅིག་འཇགས་བྱས་ནས་ཡོང་བ་རེད། དཔེར་ན་བོན་ཆོས་ནས་བན་ཆོས་སུ་བསྒྱུར། བན་ཆོས་ཡང་ས་དགེ་བཀའ་རྙིང་སོགས་ཚོགས་སྡེ་ཆེན་པོ་བཞིར་གྱེས། ཚོགས་སྡེ་ཆེན་པོ་རེ་རེ་ཡང་ཚོགས་ཆུང་མང་པོར་གྱེས་ནས་ཕན་ཚུན་འཐབ་བཞིན་ཡོང་བ་རེད། དཔེར་ན་ཀརྨ་པ་གཉིས་དང་དོལ་འདྲེ་བསྟེན་མིན་སོགས་མང་བ་མ་ཟད། ཞྭ་དམར་ཞྭ་ནག་ཞྭ་སེར་སོགས་ཞྭ་མོ་གཅིག་པོ་ཐོག་ནས་ཀྱང་རྙོག་དྲ་ག་ཚོད་ཅིག་མི་འདུག་གམ། འདི་དག་གིས་ཐོག་ནས་བོད་དང་བོད་རྒྱུད་ནང་བསྟན་ཆིལ་སྒྲིལ་མེད་པར་ཁྲ་ཁྲ་སིལ་སིལ་པ་ཡིན་མཐོང་ཐུབ།
ཆབ་སྲིད་ཀྱི་ཐོག་ནས་རང་བཙན་དང་དབུ་མ། རྒྱ་དགའ་དང་བོད་དགའ་སོགས་མང་པ་མ་ཟད། བཙན་བྱོལ་དུ་འབྱོར་བ་ནས་ད་བར། བཀའ་བློན་ལས་ཁུངས། ཀློ་སྒྲིག་འཛུགས། ཚོགས་པ་བཅུ་གསུམ། ཐེ་ཝན་གྱི་ཕོག ཆུ་སྒང་རྩོད་རྙོག། བོད་སོགས་ལས་ཁུངས། གཞོན་ནུའི་རྙོགས་དྲ། དོལ་རྒྱལ་རྙོག་དྲ་སོགས་ནང་འཁྲུག་ཁོ་ན་བརྒྱབ་བསྡད་པ་རེད། གལ་སྲིད་དོལ་རྒྱལ་གྱི་རྙོག་དྲ་སེལ་བའི་དབང་དུ་བཏང་ཡང་ཕན་གི་མ་རེད། ད་དུང་རྙོག་དྲ་གསར་བ་ག་ཚོད་ཅིག་གིས་ང་ཚོའི་མི་རིགས་འདིའི་མདུན་ན་སྒུག་ནས་བསྡད་ཡོད་པ་མ་རེད་དམ། རྒྱ་གར་ནས་མི་བསད་དེ་རྒྱ་ནག་ལ་བྲོས། བོད་ནང་ནས་མི་བསད་དེ་རྒྱ་གར་ལ་བྲོས་ནས་བསྡད་ཡོད་པ་རེད། ཡང་སྙིང་རྙོག་དྲ་འདི་ཚོ་ཚང་མ་བོད་མི་རིགས་རྗེས་ལུས་ཅན་ཡིན་པའི་སྐྱོན་རེད། ཤེས་ཡོན་མེད་ས་ཨ་ཧྥི་རི་ཀ་དང་ཁ་ཆེའི་ལུང་པ་མང་པོ་ཡང་ང་ཚོ་དང་གཅིག་པ་འདུག བྱས་ཙང་རྙོག་དྲ་འདི་དག་གཙང་མ་ཆགས་རྒྱུ་བོད་མི་རིགས་ཤེས་ཡོན་ལྡན་པའི་མི་རིགས་ཤིག་ཏུ་འགྱུར་དགོས་པ་དེ་རེད་མོད། སྐལ་བ་བཟང་པོ་དེ་འདྲ་ཞིག་ལ་སླེབས་རྒྱུར་ད་དུང་ཉུང་མཐའ་ལོ་བརྒྱ་ཕྲག་ཁ་ཤས་འགོར་གི་རེད། སྐལ་བཟང་དེ་མ་སླེབས་གོང་བོད་རྩ་མེད་ཀྱང་འགྲོ་སྲིད་་པ་རེད།
ཨ་རི་དང་ཡོ་རོབ། ཉི་ཧོང་སོགས་ཤེས་ཡོན་དང་ཡར་ཐོན་ཅན་གྱི་ས་ཕྱོགས་ཁུལ་དུ་རྙོག་དྲ་འདི་རིགས་ལ་ཁ་ཡ་བྱེད་མཁན་དཀོན་པ་རེད། ཁོང་ཚོས་ཁ་ཡོད་ལག་ཡོད་ཀྱི་སྤྱི་ཚོགས་ཀྱི་ཁེ་ཕན་གླེང་ག་རེད། འདྲེ་སྒྲུང་རྩོད་ཀི་མ་རེད། དཔེར་ན་ཁོང་ཚོས་གླ་ཕོག་ཉུང་དྲགས་འདུག་པས་གླ་ཕོག་སྤར་དགོས་ཟེར་ནས་ང་རྒོལ་བྱེད་པ་དང་། མི་མང་གི་འཕྲོད་སོགས་ཀྱི་ཆེད་དུ་ངོ་རྒོལ་བྱེད་པ་ལས། ཅིག་བསྟེན་བཅུག་མ་བཅུག་སོགས་རྣམ་རྟོག་གིས་བཟོས་པའི་སྒྲུང་བཤད་ནས་དེ་ལ་ཡིད་ཆེས་ནས་རྩོད་པ་བྱེད་མཁན་དཀོན་པོ་རེད། མདོ་དོན་ཤེས་ཡོན་མེད་པ་དང་། ཤེས་ཡོན་ཡོད་པ་དེ་ཆོས་ལུགས་སམ་མི་མང་གི་བསམ་བློར་སྟངས་འཛིན་བྱེད་པ་དང་། ཡང་ན་མི་མང་གི་བསམ་བློ་སྒེར་བདག་བྱེད་པའི་བླ་མའི་ཆོས་ལུགས་ལས། མི་ཚེ་དངོས་ལ་ཕན་པའི་ཤེས་ཡོན་གཤའ་མ་ཞིག་མེད་པས་ལན་པ་རེད། བོད་མི་རིགས་འདི་ཞྭ་སེར་ཞྭ་ནག་ཞྭ་དམར་ཞྭ་སྔོན་གོན་མཁན་ལག་པའི་རྩམ་ལོག་ཅིག་དང་གཅིག་པ་རེད། ཁོ་ཚོས་བོད་ལ་བཟོ་ལྟ་ག་རེ་བཟོ་བཟོ་རེད། བྱས་ཙང་རེད་ཡོད་མ་རེད།
མགོ་ནག་བོད་པས་ཡིད་ཆེས་ཆོས་ལ་བྱེད།།
ཆོས་པ་རྣམས་ཀྱིས་ཡིད་ཆེས་ལྷ་འདྲེར་བྱེད།།
ལྷ་འདྲེ་རྣམས་ནི་དངོས་མེད་རྫུན་སྒྲུང་རེ།།
བོད་འདི་རྫུན་གྱིས་བསྐྱང་བའི་མཐའ་མར་ཕམ།།
ཟམ་གདོང་བླ་མ་མ་སྐྱེས་གོང་ལ་བོད་ལ་མཐུན་སྒྲིལ་ཡོད་པ་མ་རེད། མ་འོངས་པར་ཟམ་གདོང་བླ་མ་སྐུ་ཞིང་ལ་གཤེགས་པའི་རྗེས་ལའང་བོད་ལ་ཆིག་སྒྲིལ་ཡོང་གི་མ་རེད། ཆིལ་སྒྲིལ་མེད་པ་འདི་མི་རིགས་ཀྱི་རིག་གཞུང་དང་མི་གཤིས་ལ་འབྲེལ་བ་ཡོད་པ་ཞིག་ཡིན་པ་ལས། ཟམ་གདོང་བླ་མ་སྐྱེས་པ་ནས་བོད་ལ་མཐུན་སྒྲིལ་མེད་པ་ཆགས་སོང་བ་ཞིག་མ་རེད། ཆིལ་སྒྲིལ་མེད་པ་འདི་ཟམ་གདོང་བླ་མས་གསར་གཏོད་གནང་བ་ཞིག་མ་རེད། ད་དུང་རྒྱལ་མཆོག་བཅུ་བཞི་བ་དང་ཟམ་གདོང་བླ་མའི་དུས་རིང་ལ་བོད་འདི་ཆིལ་སྒྲིལ་ཡག་ཤོས་དང་རྒྱ་ཆེ་ཤོས་བྱུང་བ་རེད་ལབ་ཆོག་གི་རེད། འོན་ཀྱང་བོད་ཀྱི་ནང་འཁྲུག་འདི་འབྲས་ནད་ཀེན་སར་དང་འདྲ་བས་གཙང་དྲག་ཡོང་ཐབས་མེད་པ་ཞིག་རེད། ག་དུས་ཡིན་ན་རྙོག་དྲ་གཅིག་ལངས་གཅིག་འཇགས་བྱེད་བཞིན་འཆི་བདག་གི་སྒོ་དྲུང་དུ་སྙེགས་ནས་འགྲོ་བ་དགོས་པ་རེད།
སྟག་སྨྱོན་གྱི་སྐད་ཆ་དེ་ཚོ་བདེན་པ་བདེན་རྐྱང་རེད། ཡིན་ཀྱང་གསལ་བཤད་ཁ་སྐོང་རོབ་ཙམ་ཞིག་ཞུ་འདོད་བྱུང། ཆོས་རྒྱལ་མེས་དབོན་རྣམས་གསུམ་དང་ལྷག་པར་དུ་མཁན་སློབ་ཆོས་གསུམ་གྱི་སྐབས་སུ་བོད་ཡོངས་རྫོགས་ལ་ནང་པ་སངས་རྒྱས་པ་ཞེས་ཐ་སྙད་ལས། རྙིང་མ། བཀའ་རྒྱུད། ས་སྐྱ། དགེ་ལུགས་ཞེས་པའི་མིང་ཙམ་ཡང་མེད་རེད། དེ་དུས་བོན་བློན་ཆོས་ལ་མི་དགའ་བ་རེ་ཟུང་ནས་ཆོས་ལ་བར་ཆད་བརྩམས་པའི་ལོ་རྒྱུས་ཕྲན་བུ་ཞིག་ལས། ཕྱིས་སུ་དགེ་ལུགས་དང་བཀའ་བརྒྱུད་གཉིས་དབར་ཆོས་དམག་ཤོར་ནས་བོད་མི་དམངས་སྐྱ་སེར་ཁྲི་ཁྲག་མང་པོ་སྲོག་གིས་འགྲོ་སོང་གཏོང་དགོས་པའི་ལོ་རྒྱུས་དེ་རིགས་བྱུང་མེད་པ་རེད། དེ་ཡིན་དུས་མེས་དབོན་རྣམས་གསུམ་དང། ཡང་སྒོས་གུ་རུས་བཀའ་དྲིན་དང་ལོ་རྒྱུས་གང་ལ་བསམ་ཀྱང་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་མཐོང་ནས་དྲིན་ངོ་ཤེས་པར་བྱ་རྒྱུ་དེ་བོད་མི་རིགས་ཀྱི་མཐུན་འབྲེལ་གྱི་རྩ་བའམ་གནད་དང་པོའོ།།།
བཀྲ་ཤིས་ལགས།
ཆོས་རྒྱལ་མེས་དཔོན་གྱི་རྒྱུད་པ་སྲས་དར་མ་མཆོག་ཁྱོད་ཚོ་རྙིས་མས་དཀྲོངས་ནས་བོད་འདི་ལ་ཁ་ཆག་རྣ་རལ་ད་བར་ཡོང་བཞིན་པ་དེ་ལ་ཁྱོད་ཀྱིས་ཆིག་སྒྲིལ་ཟེར་རམ། བོད་སྲིལ་བུར་གཏོང་མཁན་འདི་ཀ་བརྒྱུད་པ་རེད་དམ། རྒྱལ་པོ་དཀྲོངས། རྒྱལ་གཞིས་སྟོར་རྗེས་ད་དུང་ཆིག་སྒྲིལ་བ་ཡིན་བརློམས་སམ།
ངོ་ཚ་རྒྱུ་མེད་པ།
བུད་མེད་ཀྱིས་ཝ་ལ་སྨྲས་པ།
ཁ་ཤ་བཞག་ནས་ཉ་ཤ་བཙལ།།
ཁ་ཤ་ནམ་མཁའི་མཐོང་ལ་འཁྱེར།།
ཉ་ཤ་རྒྱ་མཚོ་གཏིང་ལ་འཛུལ།།
ཕར་བཅར་ཚུར་བཅར་སུ་ལ་བཅར།།
ཅེས་སྨྲས་པར་ཝ་ཡིས་བུད་མེད་ལ་ལན་དུ་སྨྲས་པ།
གཏན་ཁྱོ་བཞག་ནས་ཟུར་ཁྱོ་བཙལ།།
རྒྱན་དང་གོས་རྣམས་ཆོམ་པོས་འཁྱེར།།
ཕར་བལྟ་ཚུར་བལྟ་ཁྱོད་ལ་བལྟ།།
ཅེས་སྨྲས། ཟུར་ན་གནས་པའི་ལྷ་ཞིག་གིས་སྨྲས་པ།
གཞན་གྱི་སྐྱོན་རྣམས་བརྗོད་མི་བྱ།།
གཞན་གྱི་སྐྱོན་རྣམས་ཅི་བརྗོད་པ།།
དེ་བཞིན་རང་ལ་ཡོད་པ་སྟེ།།
དཔེར་ན་ཝ་དང་བུད་མེད་བཞིན།། ཞེས་སོ།
གཏན་ཁྱོ་བཞག་ནས་ཟུར་ཁྱོ་བཙལ།།
རྒྱན་དང་གོས་རྣམས་ཆོམ་པོས་འཁྱེར།།
ཏ་ལེ་ལོ་མས་མཚན་མ་བཀབ།།
ཕར་བལྟ་ཚུར་བལྟ་ཁྱོད་ལ་བལྟ།།
ཤ་ཚ་ཀློང་ཆུང་ཁྱོད། དོན་མེད་ཁོང་ཁྲོ་མ་ལང། རྙིང་མའི་དཔལ་རྡོར་ནས་གླང་དར་ལ་ཐོད་མདའ་སྤྲོད་མེད་ན་ཁྱོད་ཚོའི་ཀརྨ་པ་ཞེས་པའི་བླ་མིང་དེ་ཡང་གཞི་ལ་གྲུབ་མེད་རེད། བདེན་པའི་ལོ་རྒྱུས་བརྗོད་དུས་མཐོན་པོའི་རྭ་ལ་ཕོག་ན་སྡུག་གྱོང་རེད།
ངས་མཆན་༨པ་བྲིས། སྙན་དངགས་ཀྱི་དཔེ་རྒྱན་བརྗེད་ནས། དྲན་གསོ་གཏོང་ཡུན་གྱི་བར་ལ་མཆན་བརྒྱ་ལྷག་ཤོར་འདུག ཨ་ཁ་ཁ། ལོ་རྒས་ན་འདི་འདྲ་རེད། ཡ་མུ་མཐུད་འབྲི་བ་ལ།
བླ་མ་བཟང་པོ་རྒྱལ་བ་རིན་པོ་ཆེ།
སློབ་མ་བཟང་པོ་ཟམ་གདོང་རིན་པོ་ཆེ།
ས་སྟེང་འདི་རུ་བླ་སློབ་སྐར་ཚོགས་ཁྲོད།
ཁྱེད་གཉིས་ཉི་ཟླ་ཁོ་ནའི་ཚུལ་དུ་བཞུགས།
བླ་མའི་ཉི་འོད་རིས་མེད་ཀུན་ལ་ཁྱབ།
སློབ་མའི་ཟླ་འོད་ལོག་རྟོག་ཐམས་ཅད་བསལ།
གངས་ལྗོངས་གཟའ་འཛིན་ཙིན་ནས་སྒྲིབ་པའི་སྐབས།
ཉི་ཟླའི་འོད་ཀྱིས་གངས་ལྗོངས་མུན་པ་སེལ།
བླ་མ་སྟོང་ཉིད་སྙིང་རྗེའི་མཁྱེན་བརྩེ་ཅན།
སློབ་མ་གཞན་ཕན་འཕྲིན་ལས་དམངས་ཞབས་ཕེབས།
གང་ལ་གང་གདུལ་དེ་ལ་དེ་སྟོན་པའི།
བླ་སློབ་ཁྱེད་ནི་གངས་ཅན་ལྗོངས་ཀྱི་མགོན།
བླ་མ་ཨ་མདོ་ཙོང་ཁའི་ཉེ་འདབས་འཁྲུངས།
སློབ་མ་ཚ་བ་རོང་པའི་ཞིང་ནས་ཕེབས།
གཉིས་ཀ་ཚེ་རབས་ལས་སྨོན་བཟང་པོ་ཡིས།
འཕགས་པའི་གནས་ཆེན་རྡ་རམ་ས་ལར་མཇལ།
ད་བརྗེད་འདུག ཁྱེད་ཚོས་མུ་མཐུད་ཕྲིས་ཤིག
ཀློང་ཆུང་ལགས། ༼མེས་དབོན༽ཞེས་འབྲི་བ་ལས་༼མེས་དཔོན༽ཞེས་འབྲི་མི་རུང་། དེང་སང་མ་དག་རྒྱུན་འབྱམས་སུ་སོང་ནས་ཆོས་རྒྱལ་མེས་དབོན་རྣམ་གསུམ་ལ་༼ཆོས་རྒྱལ་མེས་དཔོན་རྣམ་གསུམ༽ཞེས་འབྲི་མཁན་མང་བོ་མཐོང་རྒྱུ་འདུག་ལ། དེར་མ་ཟད་བྱེས་ཀྱི་གདན་ས་ཆེ་ཁག་དག་གི་འདུ་ཁང་ལྡེབས་རིས་ཀྱི་ངོས་ལའང་མེས་དཔོན་ཞེས་ཡིག་ནོར་གཡག་རོ་འདྲ་བ་རེ་བྲིས་ཡོད། བོད་ཀྱི་རྒྱལ་བོ་ཆེན་པོ་དག་ལ་༼དཔོན་པོ༽ཞེས་གནས་རིམ་འོག་མའི་ཐ་སྙད་ཅིག་སྦྱོར་བ་ནི་རང་རེའི་སྔོན་བྱུང་ཆོས་རྒྱལ་རྣམས་ལ་བརྩི་མཐོང་དང་ཆེ་མཐོང་མེད་པའི་རྣམ་འགྱུར་ཙམ་དུ་ཟད།
དེས་ན། ༼མེས་དབོན་༽ཞེས་པའི་གོ་དོན་ནི། མེས་ནི་མེས་པོ་སྟེ་ཕ་མེས་ཡང་མེས་དང་། དབོན་ནི་དབོན་པོ་སྟེ་ཚ་བོ་དང་ཡང་ཚ་ལ་གོ་དགོས།
༡༽བཙན་པོ་ཁྲི་སྲོང་བཙན་དང་། ༢༽ཁྲི་སྲོང་ལྡེ་བཙན་དང་། ༣༽ཁྲི་ལྡེ་གཙུག་བརྟན་གསུམ་ལ་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཞེས་བོད་ཀྱི་ལོ་རྒྱུས་དེབ་ཐར་རྣམས་སུ་ཡོངས་སུ་གྲགས་ལ། དེ་ཡང་སྔ་མ་སྔ་མ་ཕྱི་མ་ཕྱི་མའི་ཡབ་མེས་དང་། ཕྱི་མ་ཕྱི་མ་སྔ་མ་སྔ་མའི་ཚ་བོ་ཡིན་པས་མེས་དབོན་ཞེས་བསྙད་པ་ཡིན།
ཁོ་བོས་གོང་དུ་བཀོད་པའི་གསལ་བཤད་འདི་ནི་དྲྭ་གྲོགས་ཀློང་ཆུང་གཅིག་པུ་ལ་དམིགས་ནས་བྲིས་པ་མིན་པར་འདི་འདྲའི་ཡིག་ནོར་འབྲི་མཁན་ཡོངས་ལ་དྲན་བསྐུལ་ཙམ་བཏང་བ་ཡིན།
ཁྲི་ལྡེ་གཙུག་བརྟན་་ཞེས་པ་ ཁྲི་གཙུག་ལྡེ་བཙན་ལ་བཅོས།
བཀྲ་ཤིས་དྲིན་ཅན་ལོ་ལོ། ཁྱེད་ཚོའི་དཔལ་རྡོར་གྱིས་ཆོས་པའི་བག་གྱོན་ནས་མི་བསད་རྟ་ཁྱེར་བྱས། ཁྱོད་ཀྱིས་བཀྲ་ཤིས་པའི་བག་གྱོན་ནས་ང་ཚོར་སྡུག་ཡུས་བཤད། ཀརྨ་པ་སྐུ་ཕྲེང་འགའ་ཞིག་མེད་ན་ཁྱོད་ཚོའི་ཕ་ཆོས་འདི་ཏོག་ཙམ་མ་གཏོགས་ས་སྐྱའི་མཁས་པ་ཚོས་ནག་གསོད་གཏོང་གྲབས་བྱས་སོང་། གཏམ་ཨ་ཕས་གཏོང་རྒྱུ་དེ་ཨ་མས་གཏོང་རྒྱུ་ཞོག་ཅིག ཉིན་དི་རིང་ནས་ཀམ་ཚང་ལ་མ་འགྲིགས་མ་ཚང་ཟེར་མཚམས་མ་བཞག་ན། ང་ཡང་ཁྱོད་ཀྱིས་མགོ་ཐར་སར་དཔུང་པ་ཐར་བ་བྱས་ནས་ཁྱོད་ཀྱིས་ཆགས་སའི་ཆོས་དེ་ཡང་མ་དག་མ་ཚང་བའི་གཏམ་རྙོག་ཁྱོད་ཀྱིས་རྒྱུ་མ་ལས་རིང་བ་ཞིག་འདིར་སྤུང་རྒྱུ་ཡིན།
ཁྱོད་ཀྱིས་ག་དུས་ཡིན་རུང་བཀའ་བརྒྱུད་པས་གཅིག་འགྲིགས་ཀྱི་མིན་འདུག་ཟེར་བ་འདིར་ཁྱོད་ཀྱི་ཁ་དང་ངའི་རྣ་གཉིས་མཐུན་གྱི་མེད།
ས་ལེ་སྦྲམ། ཁྱེད་ཀྱི་བསམ་འཆར་ངས་དང་ལེན་ཞུ་རྒྱུ་ཡིན། ངས་ཀྱང་ཁྱེད་ལ་བསམ་འཆར་ཞིག་འབུལ། བོད་ཀྱི་བཀའ་བསྟན་གྱུར་ཡོད་དོ་ཅོག་དང་། བཙན་པོའི་ལོ་རྒྱུས་འཁོད་པའི་ཏུན་ཧོང་གི་ཡི་གེ་དེ་དག་ལ་རྒྱལ་པོ་ལས་རྒྱལ་བོ་ཟེར་བ་མེད།
བྱས་ཙང་ཁྱེད་ཀྱིས་ཀྱང་རྒྱལ་པོ་ལ་རྒྱལ་བོ་མ་ཕྲིས།
བོད་ཀྱི་བླ་མ་ཚོས་གཟབ་དགོས། གསོད་མཁན་དང་གསོ་མཁན་གོ་ལོག་ནས། གཡོ་རྒྱུ་ཅན་གྱི་ཚོགས་པ་འགའ་རེས་སློབ་དཔོན་བཀྲོང་ནས་ནག་ཉེས་སློབ་མ་ལ་བཀལ་ཏེ། ཆོས་ལུགས་ནང་ཁུལ་དུ་སྙོག་དྲ་བཟོ་སྲིད། དཔེར་ན་ཤིན་ཅང་ཁ་ཆེའི་ནང་དུ་འདི་འདྲ་ཞིག་བྱུང་འདུག 中國[新疆]自治區,一個出名的[伊斯蘭]學者、也是最大清真寺的教長「塔伊爾」,30號被3個壞徒殺死,當地公安在31號宣佈破案、抓到嫌犯。
ཀློང་ཆུང་ལགས། ཁྱེད་ལ་རྒྱལ་བོ་དང་རྒྱལ་པོ་ཞེས་པའི་ཐ་སྙད་འདི་གཉིས་ཀྱི་ཁྱད་པར་རྒྱུ་མཚན་དང་ལྡན་པ་ཞིག་གསུང་རྒྱུ་ཡོད་ན་དང་ལེན་ཞུ་ཆོག དེ་མིན་སྔོན་གྱི་ཡིག་རྙིང་མང་པོའི་ཁྲོད་དུ་རྒྱལ་བོ་དང་རྒྱལ་པོ་ཞེས་པའི་ཐ་སྙད་གཉིས་ཀ་བེད་སྤྱོད་གནང་འདུག ཏུན་ཧོང་ཡིག་རྙིང་ལས་། ཞང་ཞུང་གི་རྒྱལ་བོ་ལྀག་མྱི་རྷྱ་སྲིད་བརླག་སྟེ། ཞེས་དང་། བཀའ་ཆེམས་ཀ་ཁོལ་མ་ལས། རྒྱལ་བོ་སྲོང་བཙན་སྒམ་པོའི་ཐུགས་དམ་བལྟར་འགྲོ་གསུངས་ནས། ཞེས་དང་། ཡང་དེ་ཉིད་ལས། ༡༽རྒྱལ་བོ་མུན་སེལ་ཞེས་བྱའོ། ཞེས་དང་། ༢༽རྒྱལ་བོ་གསལ་རྒྱལ་ལ་སོགས་པ། ཞེས་དང་། ༣༽འཁོར་ལོ་བསྒྱུར་བའི་རྒྱལ་བོ་བཞི། ཞེས་སོགས་རྒྱལ་བོ་ཞེས་མང་དུ་བྲིས་འདུག ད་དུང་ཡང་གཞུང་ལུགས་ཁུངས་ཐུབ་མང་པོའི་ནང་རྒྱལ་བོ་ཞེས་བྲིས་པ་མང་དུ་བྱུང་སྣང་བས་བཀའ་བསྟན་འགྱུར་རོ་ཅོག་ན་རྒྱལ་བོ་ཞེས་བྲིས་པ་མེད་ཅེས་ཐ་ཚིག་བསྒྲགས་པ་ནི་འོལ་ཚོད་ཀྱི་ཁོ་ནའོ།།
གཞོན་ནུ་ཟླ་མེད་ལགས་ཁྱེད་ཀྱིས་བྲིས་པའི་མཆན་༩༨ནང་བུད་མེད་ཁྱོ་དད་ཅན་དང་ཝ་ཤ་དད་ཅན་གཉིས་ཀྱི་གཏམ་རྒྱུད་དེ་དཔེ་གང་དུ་ཡོད་དམ། ང་ལའང་དེ་ནང་བཞིན་ཞིག་བཤད་རྒྱུ་ཡོད་ཁྱེད་ལ་དཔེ་མིང་དེ་ཐུགས་ལ་ཡོད་ན་གཅིག་གསུང་གནང་རོགས་ཞུ།
འོལ་ཚོད་ཀྱི་གཏམ་ཁོ་ནའོ།།
རྒྱལ་པོ། མཁན་པོ། འཇོན་པོ། བྲིས་པ་པོ། དག་ལ་པོ་དང་།
ཁང་པ་། ལག་པ། ཞིང་པ། རྐང་པ། བཞི་པ་། དགུ་པ། བཅུ་པ། ལ་པ་བྲིས་ན་ཀུན་དང་མཐུན་ཆེ།
ལྷ་འདྲེའི་ནང་འཛིང་འདིར་ཚ་ཚ་ཡིས།
ཏང་འདྲེ་དམར་པོ་དེར་བརྗེད་ནས་འདུག
ལྷ་ཆོས་འདྲེ་ཆོས་ལ་དད་དད་ཀྱིས།
མི་ཆོས་རིག་གནས་ཀྱི་ཕུང་ནས་འདུག
བོད་རིགས་ནང་ཁུལ་གྱི་ཆིག་སྒྲིལ་འདིར།
རྒྱལ་གཅེས་དཔའ་བོ་ཚོས་སྲོག་གིས་སྲུང་།
ཉམ་ཆུང་གཉའ་གནོན་གྱི་ལུགས་ངན་ལ།
སྐྱེས་པ་ཕོ་རབ་ཚོའི་སྲོག་གིས་རྒོལ།
ཨང་༦༩ བཀྲ་ཤིས་དང་། ཨང་༩༦ བཀྲ་ཤིས་གཉིས་སོ་སོ་ཡིན་ཤེས་པར་གྱིས་ཤིག དྲ་འབུ་ཚོ།
བཀུར་འོས་ཀརྡོ་གཉེར་ཕྱག་པ་ལགས། རང་རེའི་ཚད་ཐུབ་ཀྱི་བཀའ་བསྟན་མང་པོའི་ནང་རྒྱལ་བོ་དང་རྒྱལ་པོ། མང་བོ་དང་མང་པོ། རིང་བོ་དང་རིང་པོ། རིལ་བོ་དང་རིལ་པོ་ཞེས་མང་དུ་བྲིས་ཡོད་པ་ང་ཚོའི་མིག་མཐོང་ལག་ཟིན་ཡིན། མིང་བརྡ་འདི་དག་བརྗོད་བྱའི་དོན་གཅིག་ལ་འཇུག་ཅིང་། ཡི་གེ་འབྲི་ཚུལ་མ་འདྲ་བ་ཙམ་གྱི་ཁྱད་པར་མ་གཏོགས་ཐམས་ཅད་དག་པའི་ཁོངས་སུ་བཞག་ན་ཅིས་མི་འགྲིག ཡང་ན། སྐུ་ཉིད་ལ་མིང་ཚིག་འདི་དག་ལས་གང་ཞིག་དག་པ་དང་གང་ཞིག་མ་དག་པ་ཡིན་པའི་སྒྲུབ་བྱེད་ཀྱི་ཁུངས་དང་རྒྱུ་མཚན་གྱི་རིགས་པ་གཞན་ཡོད་དམ། མོན་གྱི་རྡོར་གཅོད་ལྟར་དག་བཅོས་བྱེད་པ་ནི་བཞད་བགད་ཀྱི་གནས་ལས་མ་འདས་སོ། དེ་བཞིན་དུ་མིང་ཚིག་འདི་དག་གི་སྐོར་ལ་རྒྱུས་མངའ་ཡོད་མཁན་གྱི་དྲྭ་གྲོགས་ཕོ་མོ་སུ་ཞིག་ཡིན་ཡང་བསམ་བློའི་རྒྱགས་ཕྱེ་རེ་གནང་རྒྱུ་རེ་བ་ཡིན།
སྟག་སྨྱོན་དང་གསེར་ས་གཉིས་ཀྱི་བྲིས་པ་རྣམས་བློ་ལ་ཤིན་ཏུ་ཐད་ ཐུགས་རྗེ་ཆེ་
རེད་རེད། བཀྲ་ཤིས་གཉིས་འདུག། སྔ་འགྱུར་ལ་མཐོང་ཆུང་དང་སྣང་ཆུང། ཧམ་བཤད་དང་ཁྱོག་བཤད་བྱེད་དུས་ཐོན་ཡོང་མཁན་གཅིག་དང། དེ་ལས་གཞན་དུ་གྱུར་པ་བཀྲ་ཤིས་ཞིག་ཡང་འདུག། མཁྱེན་པ་གནང་རོགས།
ཁྱོད་ཀྱིས་ག་དུས་ཡིན་རུང་བཀའ་བརྒྱུད་པས་གཅིག་འགྲིགས་ཀྱི་མིན་འདུག་ཟེར་བ་འདིར་ཁྱོད་ཀྱི་ཁ་དང་ངའི་རྣ་གཉིས་མཐུན་གྱི་མེད། ཞེས་ཀློང་ཆུང་ཆུང་ནས་ཧམ་བཤད་ཁ་དང་རྣ་བར་རྫུན་བཤད་འདུག། ཁྱོད་ཚོ་བཀའ་བརྒྱུད་ཚང་མི་དགོས་ཕྱི་རོལ་མུ་སྟེགས་པ་ལ་ཡང་ཁྱད་གསོད་དང་མཐོང་ཆུང་གི་སྒོ་ནས་མི་འགྲིགས་མ་ཚང་བཤད་མ་མྱོང། གལ་སྲིད་བཤད་ཡོད་ན་ཁ་བརྡའི་དྲྭ་བ་ལ་སྟོན་ཤོག། རང་གིས་བྱས་པའི་ནག་ཉེས་དེ་གཞན་ལ་མ་གཡོགས་མ་གཏོགས་སུ་གང་གི་རྣ་བར་འགྲོ་ལེ་མ་རེད་ཤ་ཉེ།
དྲི་མེད་ལྷག་བསམ་ལགས། །
རྟའུ་པདྨ་བཛྲ་་་་་ཞུ་བའི་བླ་མ་དེའི་རྣམ་ཐར་སྐོར་རོབ་ཙམ་མཁྱེན་གྱི་ཡོད་ན་གཅིག་གསུངས་རོགས་གནོངས། །
ཀ་བ་ལ། ཀ་པ་བྲིས་ན་ཤིན་ཏུ་ནོར་ཆེ། དེ་བཞིན་ཁ་བ་ལ། ཁ་པ་བྲིས་ནའང་ནོར་བ་རེད། རྒྱལ་པོ་ལ། རྒྱལ་བོ་ཞེས་ཐད་ན། འཁོལ་པོ་ལ། ཁོལ་བོ་དང་། བཙན་པོ་ལ། བཙན་བོར་ཐལ་བ་དང་།
ཡང་། ཇོ་བོ་ལ། ཇོ་པོ་དང་། འཆལ་པོ་ལ། འཆལ་བོ་བྲིས་ན་སྒྲིག་པར་ཐལ་བ་དང་། ལྷག་པར་ཏུ་། རྐང་པ་ལ། རྐང་བ་དང་། ཞིང་པ་ལ། ཞིང་བ་ཞེས་པ་ཤིན་ཏུ་ནོར་ཆེ་་བར་མཐོང་ལགས།
རིན་པོ་ཆེ་མཆོག་གི་བཀའ་སློབ་དེ་ནི་ཧ་ཅང་གི་རིན་ཐང་ཆེ་ལ་རྒྱུ་མཚན་ཡོད་པ་ཞིག་རེད་འདུག བཀའ་སློབ་ནང་ཁོང་གིས་ཆོས་དད་རང་མོས་ལ་ཁྲིམས་ཐཽག་ངོས་འཛིན་ཇི་ལྟར་བྱེད་ཀྱི་ཡོད་མིན་ནས་ནང་པའི་གཞུང་ལུགས་ཀྱི་དགོངས་དོན་རྣམས་གསལ་པོར་གསུངས་འདུག་པས་ཧ་ཅང་གི་ཕན་པོ་བྱུང་། བཙན་བྱོལ་སྤྱི་ཚོགས་ནང་གི་བོད་པའི་གཙུག་རྒྱན་གཅིག་ཁྱེད་རང་ཡིན་པ་སྨོས་མེད་རེད། ཐུགས་རྗེ་ཆེ། རིན་པོ་ཆེ། བླ་མ་ཁྱེད་ལྟ་བུ་སྐུ་ཚེ་ཡུན་དུ་བརྟན་པར་ཤོག དེ་མིན་ང་ཚོའི་སྤྱི་ཚོགས་ནང་དུད་འགྲོའི་རིགས་སུ་གཏོགས་པ་མང་པོ་ཡོད་སྟབས་གཅུན་རྒྱུ་ཏོག་ཙམ་ཁག་སེ་འདུག་ཀ། མི་དེ་རིགས་ལ་དངུལ་ལོར་བྱུང་ན། ཐ་ན་རང་གི་ཕ་མ་དང་བུ་ཕྲུག་ཀྱང་འཚོང་ངེས་པས་ཧ་ཅང་གི་གླན་རྟགས་ཚ་པོ་རེད། དེར་བརྟེན། རྒྱ་དམར་པོས་ཁོ་ཚཽའི་ཁ་ལ་དངུལ་ལོར་དབྱུགས་ནས་ཁོ་ཚོ་སྤྲེལའུ་འཁྲབ་ཏུ་འདུག་གི་ཡོད། རྒྱའི་དཔོན་ངན་དེ་དག་གིས་མི་དེ་རིགས་ལ་འཕྱ་སྨོད་བྱེད་ཞོར་དུ་བེད་སྤྱོད་ཀྱང་མི་ཉུང་བ་ཞིག་གཏོང་གི་ཡོད། ད་ལྟའི་དུས་འདིར་ཡང་། སོ་སོའི་མགོ་སྟེང་གི་ཀླད་པར་མི་བརྟེན་པར་ད་དུང་ཡང་གཅིག་ཀྱང་རིག་རྒྱུ་མེད་པའི་མི་ཤིན་པོའི་རྣམ་ཤེས་ཤིག་ལྷར་བརྩིས་ནས་དཀོན་མཆོག་གསུམ་ལས་ཀྱང་ལྷག་ཏུ་བརྩི་བ་ནི་ཧ་ཅང་གི་ལྐུག་རྟགས་དང་། འདོད་མིའི་སྤྱི་ཚོགས་སུ་ཕྱིར་ལོག་བྱས་པ་རང་རེད། ཉིན་གཅིག་མི་དེ་ཚོས ས་དམ་ཧུ་སན་དང་། གྷ་ཏ་ཧྥི་ཡང་ལྷར་བརྩིས་ནས་ཁོ་ཚོའི་རྣམ་ཤེས་གོབ་ཏོ་དེའི་ཆེད་དུ་ཕན་ཚུན་གསོད་རེས་བྱེད་སྲིད་པའི་མཚམས་ལ་བསླེབས་འདུག དངོས་གནས་སྙིང་རྗེའི་ཡུལ་རེད། འཛམ་གླིང་གི་སྐྱེ་འགྲོ་རྣམས་དུས་རབས་ཉེར་གཅིག་པའི་སྐབས་སུ་བསླེབས་ཟིན་པ་རེད། འོན་ཀྱང་། བོད་པ་རྒྱལ་འཚོང་བ་གླུན་རྒན་མི་ཉུང་བ་ཞིག་ད་དུང་ཡང་དུས་རབ་གཉིས་ཙམ་གྱི་རྗེས་སུ་ལུས་ནས་དུད་འགྲོའི་སྤྱོད་ཚུལ་ལ་རོལ་བཞིན་འདུག་ཀོ
བན་དེ་བ།་ལགས་ཀྱིས་མཆན་བཏབ་པ།:
August 5th, 2014 at 2:59 AM
གཞོན་ནུ་ཟླ་མེད་ལགས་ཁྱེད་ཀྱིས་བྲིས་པའི་མཆན་༩༨ནང་བུད་མེད་ཁྱོ་དད་ཅན་དང་ཝ་ཤ་དད་ཅན་གཉིས་ཀྱི་གཏམ་རྒྱུད་དེ་དཔེ་གང་དུ་ཡོད་དམ། ང་ལའང་དེ་ནང་བཞིན་ཞིག་བཤད་རྒྱུ་ཡོད་ཁྱེད་ལ་དཔེ་མིང་དེ་ཐུགས་ལ་ཡོད་ན་གཅིག་གསུང་གནང་རོགས་ཞུ།
ལན། སྐྱེས་པོ་གསོ་ཐིག་ལས་དྲངས་པའོ།།
གཞོན་ནུ་ཟླ་མེད་ལགས་བཀའ་དྲིན་ཆེ་་་སླར་ཡང་སྐྱེས་པོ་གསོ་ཐིག་ཅེས་པའི་དཔེ་དེ་བཀའ་དང་བསྟན་བཅོས་གང་གི་ནང་དུ་ཞུགས་ཡོད་དམ། དགོངས་འགལ་མེད་པ་ཞུ་ལན་ཞིག་གནང་བར་ཞུ།
གཞོན་ནུ་ཟླ་མེད་ལགས་བཀའ་དྲིན་ཆེ་་་སླར་ཡང་སྐྱེས་པོ་གསོ་ཐིག་ཅེས་པའི་དཔེ་དེ་བཀའ་དང་བསྟན་བཅོས་གང་གི་ནང་དུ་ཞུགས་ཡོད་དམ། དགོངས་འགལ་མེད་པ་ཞུ་ལན་ཞིག་གནང་བར་ཞུ།
ལན། བསྟན་བཅོས་ནང་ན་ཡོད།
བན་དེ་བ་ལགས།
གཟེར་མིག་ལས་རྒྱལ་པོ་ཧོས་རིགས་ཡིན་པས་ཧོས། ཞེས་གསུངས་པ་དང་། མདོ་འདུས་ལས། ཝེར་གྱེར་སད་དོ་ཨ་བོ་ཉ། །རྒྱལ་བོན་སྟོན་པ་གཤེན་རབ་ཉིད། །གྱེར་ཆེན་སྒོ་བཞི་མཛོད་དང་ལྔ། །ཧོས་སྒོ་ཐེག་པ་རིམ་པ་དགུ །ཝེར་གྱེར་སྟོན་པས་བསྒྲགས་པ་སྟེ། །ཆབ་དཀར་གྱེར་སྒོ་གྱེར་མན་ཏྲ། །འགུ་ཡ་ས་མ་ཡ་དང་བཅས། །གཏོ་དཔྱད་ཏི་ཀ་གྱེར་དང་བཅས། །དཔོན་གསས་གྱེར་སྒོ་གྱེར་ཏེ་སང༌། །འདུལ་བ་མན་ངག་ལུང་དང་བཅས། །འཕན་ཡུལ་གྱེར་སྒོ་གྱེར་ནི་ཧྲང༌། །རྒྱས་པ་མདོ་འབུམ་སྡེ་དང་བཅས། །གཙང་མ་མཐེ་ཐོག་གྱེར་དྲུང་ཧྲང༌། །ཨ་ཏི་གྱེར་ཞི་བདེ་རོ་སྤུངས། །ཞེས་དང༌། ཨ་བོ་ལུང་གི་གྱེར་སྒོ་བཞི། །ཐོ་ཐེག་ནང་གི་མཛོད་ཡིན་ཏེ། །སྒོ་བཞི་བསྟན་པ་མདོ་རུ་བསྡུས། །ཧོས་སྒོ་ཐག་པ་རིམ་པ་དགུ །གྱེར་ཆེན་སྒོ་བཞི་མཛོད་དང་ལྔ། །ཧོས་སྒོ་ཐག་པ་རིམ་པ་དགུར་དབྱེ། །ཧོས་སྒོ་བརྒྱད་ཁྲི་བཞི་སྟོང་ནི། །མདོ་འབུམ་རྒྱུད་མཛོད་སྡེ་བཞི་ལས།། ཉིས་ཁྲི་བཞི་སྟོང་བཞིར་དབྱེའོ། །ཞེས་གསལ་བ་དང༌། འདུལ་བ་སྤྱིར་ལྟོས་འགོག་པ་ཕྱོགས་སྡོམ་གྱི་རྒྱུད་ལས། ཉོན་མོངས་བཅུའི་བྱེ་བྲག་དོན་གསུམ་བོན།། དཔེ་མཚོན་རྟགས་འབེབས་དོན་རིག་བོན། །དྲང་སྲོང་མ་རབ་རྐ་འོག་སྡེ་གསུམ་ཧོས། །བསྟན་པ་ཡུན་རིང་གནས་བྱེད་སྨོན་དོན་བོན། །
གོང་གསལ་གྱི་མདོ་དང་བསྟན་བཅོས་དག་གི་ནང་ན་ཧོས་ཟེར་བའི་མིང་འདི་མང་པོ་ཞིག་ཡོང་པ་ལ་དཔག་ན། ཧོས་དང་བོན་ཟེར་བ་གཉིས་འཇུག་ས་གཅིག་ཟེར་བ་འེ་ཡིན། སྐུ་ཉིད་ཀྱིས་ཧོས་ཞེས་པའི་མིང་འདི་ལ་འགྲེལ་བཤད་གསལ་བོ་ཞིག་གནང་གྲོགས་ཞུ།།
ངས་བལྟས་ན། བོད་མིའི་ནང་ཁུལ་མཐུན་སྒྲིལ་གཏོར་མཁན་ངོ་མ་དེ་དགའ་ལྡན་ཕོ་བྲང་དང་ཟམ་གདོང་མ་ཡིན་པར། ཆོལ་ཁ་དང་ཆོས་ལུགས་ཀྱི་ནད་རྙིང་གདོན་རོས་ཀེན་སར་ནད་པ་འམ་སྐྲན་ནད་དུ་བསྒྱུར་ཟིན་པའི་མི་བུ་ཚོས་མི་རེ་རེའི་མིང་བྱང་རྫུན་མ་གསུམ་བཞི་རེའི་འོག་ཏུ་ཡིབ་ནས་དཀྲུགས་ཤིང་རྒྱག་མཁན་ཚོས་གཏོར་ན་གཏོར་སྲིད་པ་རེད། ཡིན་ནའང་མི་བུ་འདི་དག་ནི་འགན་ཁུར་གྱི་སྤོབས་དང་བློ་གྲོས་ཀྱི་ནུས་མཐུ། མདུན་མཆོང་གི་དཔའ་སྙིང་དང་དོན་དམ་གྱི་བློ་ཁོག བཟང་སྤྱོད་ཀྱི་འགན་འཁུར་ད་བཅོས་མིན་གྱི་ལྷག་བསམ། འདས་དུས་ཀྱི་བྱས་རྗེས་དང་དེང་དུས་ཀྱི་ཤེས་འཇོན་སོགས་གང་ཡང་མེད་མཁན་དག་ཡིན་པས། ཁོང་ཚོས་སྤེལ་བཞིན་པའི་བྱ་སྤྱོད་འདི་ཚོ་ལ་ཡང་ཁ་དཔག་པའི་སོ་ཟེར་བ་ལྟར་བུ་ལས་རིན་ཐང་དང་ཆ་འཇོག་དེ་ཙམ་མེད། ལྷག་དུ་ཤེས་ཡོན་ཅན་གཙོས་པའི་སྤྱི་ཚོགས་ཀྱིས་གུས་བཀུར་ཡོད་པའི་མི་བུ་ཚོས་སྤྱན་ལམ་དུ་རིན་ཐང་ཏིལ་འབྲི་ཙམ་ཡང་མེད་པ་ནི་འདས་ཟིན་པའི་དྲྭ་འབུ་ཚོས་རང་ནུས་གང་ཡོད་ཐོག་བྱ་བ་གཉེར་བའི་རྒྱུད་རིམ་ལ་ཕྱིར་མིག་རེ་གཟིགས་ཚེ་གསལ་པོ་ཤེས་འོང་བ་ཞིག་མོད། འོན་ཀྱང་ལོང་བའི་རྗེས་སུ་ལོང་བ་རྒྱུགས་ཞེས་པའི་དཔེ་ལྟར་རང་ཚུགས་མེད་པའི་བླུན་པོ་རེ་ཟུང་གིས་གཡོམ་རྒྱུགས་ནི་སྤྱི་ཚོགས་ཀྱི་འགྲོ་སྟངས་ཡིན་ནོ།། །།
གཞོན་ནུ་ལགས་ཧོས་སྒོ་ཞེས་པ་བོན་སྒོ་ཞེས་པ་དང། ཧོས་ཞེས་པ་བོན་དང་ཡུལ་ལུང་ཞིག་གི་མིང་ཀྱང་ཡིན།
སྐབས་རེར་སྲིད་པ་ཧོསཀྱི་་བྱིན་ཆེན་ཕོབས་ཞེས་གསུངས་པས། སྲིད་བོན་གྱི་བྱིན་ཆེན་ཕོབས་ཞེས་པ་དང་དོན་མཚུངས
མདོ་དབུས་ཁམས་པ་ཡོངས་གྲགས་སུ་ཧོས་རིགས་དང་ཧོས་ཧོས་འབོད་ན་ཁ་ཆེ་སྲོག་གཅོད་ཆོས་སུ་སྨྲ་བ་ལ་གོ
# 119 གཡུ་ཐོག་རྒྱལ་པོ།་ལགས་ཀྱིས་མཆན་བཏབ་པ།:
August 5th, 2014 at 3:14 PM
རིན་པོ་ཆེ་མཆོག་གི་བཀའ་སློབ་དེ་ནི་ཧ་ཅང་གི་རིན་ཐང་ཆེ་ལ་རྒྱུ་མཚན་ཡོད་པ་ཞིག་རེད་འདུག ་་་་་་་་་་
དྲྭ་གྲོགས་ལྷན་རྒྱས་ལ་ཞུ་བ། །
རྟའུ་པདྨ་བཛྲ་་་་་ཞུ་བའི་བླ་མ་དེའི་རྣམ་ཐར་སྐོར་མཁྱེན་མཁན་ཡོད་ན་རོབ་ཙམ་ཞིག་གསུངས་རོགས་གནོངས། །