ཆ་རུས།
སྙིང་ལ་ཟུག་པའི་རྒྱབ་གཟུགས་ཏེ།
མཛེས་པ་ལ་ནི་བརྗོད་མི་ནུས།
དྲག་ཆར་རླུང་འཚུབ་ཇི་ཙམ་བཙན་ཡང་།
བདག་ནི་སྲུང་མ་ལྟར།
ཁྱེད་རང་གར་འགྲོ་གང་འདུག་གི་རྒྱབ་གཟུགས་ན།
མིག་ཟུང་ཅེར་ཏེ་མཆིས།
རེ་བ་རི་ལྟར་མཐོ་བོ་མེད་ལ།
དམའ་བོའང་མིན་པའི་བར་མཚམས་སུ།
རྫུན་བཟོ་བྱས་པའི་སྙིང་གཏམ་མེད་ལ།
ལྐོག་གྱུར་བཤམ་པའི་ངན་ཇུས་ཀྱང་མེད།
ཅི་ཡང་མ་འདྲེས་པའི་སྐད་ཆ་ཉམས་དམའ་བོ་ཞིག
བརྗོད་འདོད་སེམས་ཀྱི་རྨ་ཁར་གྱུར་སོང་།
སྙིང་ལ་ཟུག་པའི་རྒྱབ་གཟུགས་དེར།
ལྟས་ཀྱིན་ལྟས་ཀྱིན།
སྐད་ཅིག་བསྡོད་པའི་རང་དབང་བྲལ་བས།
བདག་ལ་ཕྱིར་མིག་ཐེངས་གཅིག་ལྟོས་དང།
དགའ་མ་ལགས།
ང་ཡིས་ཕྱི་མིག
སྒུག་བགྱིན་སྒུག་བགྱིན།
ཕྱིར་མིག་ལན་ཅིག
ལྟ་བགྱིན་ལྟ་བགྱིན།
མོ་དང་ང་གཉིས།
གྱེས་ཕྱག་བྱུང་སོང་།
ལྟས་འི་ལྟས་འི་ལྟ་ན་སྡུག་པའི་དགའ་ན་མོ།
དྲན་གི་དྲན་གི་དྲན་ཚོད་མེད་པའི་སྙིང་ཉེ་མ།
ཁ་ཕྱིར་ལ་འཁོར་ནས་འཛུམ་ཞིག་སྟོན་དང་།
བློ་ནང་ལ་འཁོར་ནས་འདང་ཞིག་རྒྱོབས་དང་།
ལྷ་མོ་འདྲ་བའི་ཐུགས་ཤིག་མེད་ན།
དཔའ་བོ་འདྲ་བའི་སྙིང་ཞིག་མེད་ན།
ང་དང་ཁྱོད། བར་ཐག་གིས་ཆོད་པའི་ལས་སྐར་མ།
རྒྱབ་གཟུགས་འདི་རྨ་ཁ་ལ་ཆགས་དུས།
འཆི་མེད་རུལ་བུ་ཞིག་རག་རུང་འཐོང་འདོད་ཅིར་ཡོད། ཧ་ཧ་ཧ།