༄༅།།བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ཕྱི་ལོ་༢༠༡༤ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན་པ་དང་། བཀའ་དྲིན་རྗེས་དྲན་གྱི་ལས་རིམ་ཁོངས་ནས་མཐོ་སློབ་ཁག་ཏུ་༸གོང་ས་མཆོག་གི་མཛད་རྣམ་དང་བཙན་བྱོལ་དུ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དྲིལ་བསྒྲགས་སོགས་ལས་འགུལ་རྩོམ་མཁན་ཡོད་རིགས་ནས་ལས་འཆར་བཟོ་འགོད་ཀྱིས་འཆར་འབུལ་གཤམ་འཁོད་ཁ་བྱང་ཐོག་ཕྱི་ཟླ་བརྒྱད་པའི་ཟླ་མཇུག་གོང་འབུལ་གནང་ཡོང་བ་དང་། དེ་ལྟའི་ལས་འཆར་སྤེལ་མཁན་ལ་སྒོར་ ༡༠༠༠༠ ནས་སྒོར་ ༢༠༠༠༠ བར་དཔལ་འབྱོར་གྱི་མཐུན་རྐྱེན་གནང་རྒྱུ་ཡིན་པ་བཅས་ཀྱི་གསལ་བསྒྲགས་སུ།
ཤེས་རིག་ལས་ཁུངས་ནས་ཕྱི་ལོ་༢༠༡༤ ཟླ་༨ ཚེས་༡ ལ།།
Department of Education,
Central Tibetan Administration,
Gangchen Kyishong
Dharamsala (H.P)
India
Email: education@tibet.net
དོན་ངོ་མ་ཅི་ཞིག་ལབ་ཀྱི་ཧ་གོ་མ་སོང་། དྲུང་ཡིག་དེས་གོ་ཁག་པོ་ཆེད་དུ་བཟོས་ཡོད་པ་འདྲ། ཧཧཧཧ
བོད་གཞུང་གི་ཡི་གེ་བ་དེས་བརྡ་སྤྲོད་གསར་བ་ཞིག་བཟོས་ཡོད་པ་འདྲ། གོ་བ་ཁོ་རེ་མི་འདུག་
༢༠༡༤མང་ཆེ་བ་རྫོགས་ཚར་སོང་།
ཕལ་ཆེར་གང་ཟེར་ཤེས་མ་སོང་། སྒོ༢༠༠༠༠༠ ར་མང་ཤོས་དེ་དམངས་ཁྲོད་ཁ་བརྡ་ཚང་ལ་སྤྲོད་དགོས་ས་རེད། ཁྱབ་བསྒྲགས་རྒྱ་ཆེར་བྱས་སོང་།
ཕལ་ཆེར་མཛད་རྣམ་དུམ་པ་ཁ་ཤས་མཛད་རྣམ་བཀོད་སྒྲིག་ཚོགས་ཆུང་གིས་གྲུབ་ཟིན་པ་དེ་བླུ་ཡོན་སུས་གཏོང་འདོད་ན་སྒོར་ཁྲི་གཉིས་དང་མཐོ་སློབ་ཁག་ལ་དམིགས་བསལ་ཆགས་ཡང་གིས་སྒོར་ཁྲི་གཅིག་ཟེར་བཞིན་ཡོད་པ་འདྲ། དྲུང་ཡིག་ཁ་གསལ་བོ་ཞིག་མིན་པ་འདྲ་འདུག
བོད་གཞུང་གིས་གསལ་བསྒྲགས་འདི་སྨྱུག་རྩེ་ཟིན་ཤེས་ཚད་ཀྱིས་བོད་ཡིག་བྲིས་པ་དེ་འདྲ་མ་ཡིན་པར་ཚིག་ཉུང་ལ་དོན་ལྡན་པའི་ཐོག་ནས་གསལ་བསྒྲགས་གནང་འདུག ཨ་ཕྱི་ཆོས་སྒྲོན་ལྟ༌བུས་ལམ་སེང་གོ་བ་ལེན་ཐུབ་འདུག ཡིན་ནའང་མཁྲིས་ནད་ཅན་གྱི་དུང་བ་སེར་པོ་མཐོང་བ་བཞིན་འདོད་པ་མེད་པ་ཚོས་ག་རེ་བྲིས་ཀྱང་ཀློག་ཤེས་ཀྱི་མ་རེད། དེ་བས་ཀྱང་ཁྱོད་མཐོ་སློབ་ནང་མེད་ན་ཐོབ་ཐང་ཡོད་མ་རེད། གསལ་བསྒྲགས་ཀློག་དགོས་མ་རེད།