ཚེ་རིང་།
སྤྲིན་ནག་ལེབ་མོ་ཞིག་གིས
ནམ་མཁའ་ཡོངས་སུ་སྒྲིབ་འདུག་པས
དོ་ནུབ་ཀྱི་ནམ་མཁའ་ནི་རྔམ་གནག་གི་གཡང་ཁ་བཞིན
ཧ་ཅང་འཇིགས་ཡེར་བ་ཞིག་རེད
ཟླ་འོད་མི་མཐོང་ལ་སྐར་མ་ཡང་མི་རིག་པའི་མཚན་མོ་ནི
སྙན་ངག་གི་སྐད་ཆའི[མུན་ནག་གི་འཇིག་རྟེན]དངོས་མ་དེ་ཡིན་འདུག
མུན་པ་འདི་ཁུར་བོ་ལྕི་མོ་ཞིག་དང་འདྲ་བར
ངའི་ཕྲག་ཀར་ལྗིད་ཀྱིས་མནན་ཡོང
དུས་སྐབས་འདི་ལྟ་བུ་ལ ངལ་དུབ་ནི
ཇི་འདྲའི་ཡིད་དབང་འགུག་པའི་སེམས་གསོ་ཞིག་རེད་ཨང
ནགས་ཚལ་དང་ནམ་མཁའ་འདྲེས་མཚམས་ཀྱི
ཐག་རིང་ཐག་རིང་གི་ས་ནས
སྡང་མིག་ལྟ་བུའི་གློག་དམར་ཡང་ནང་ཡང་དུ་འཁྱུག་པས
སང་ཉིན་ད་དུང་ཆར་བ་འབབ་རྒྱུ་ཡིན་པ་འདྲ
2014/08/05 མཚན་མོ།