(༧གོང་ས་མཆོག་གི་བཀའ་སློབ།)
བོད་མི་ཚོ། རང་ཡུལ་འཕྲོག་མཁན་དགྲ་བོ་སྣང་མེད་དུ་བཞག་ནས་བོད་མི་ནང་ཁུལ་ཚིག་སྐམ་སྟོང་བཤད་ཀྱིས་འཐེན་འཁྱེར་བྱེད་པ་དང་གཅིག
རང་རིགས་རྒྱ་ཆེའི་མང་ཚོགས་ཀྱི་བདེ་སྡུག་ལ་སེམས་འཁུར་བོར་ཏེ་རང་ཉིད་གཅིག་པུ་རང་མགོ་གང་ཐོན་བྱེད་པ་དང་གཉིས། ད་ལྟ་བོད་མི་རིགས་སྤྱིའི་བདེ་སྡུག་གནས་སྟངས་ཛ་དྲག་གང་འདྲ་ཞིག་ཐོག་གནས་ཡོད་པ་ངོས་མ་ཟིན་པར། འབྱོར་ལྡན་རང་དབང་ཅན་གཞན་དག་ལ་དཔར་བཀབ་རྒྱས་སྤྲོས་སྐྱིད་འདོད་བྱེད་པ་དང་གསུམ་ནི་ཤིན་ཏུ་འཁྲུལ་འཚབ་ཆེ་བས་མནོ་བསམ་ནན་ཏན་གཏོང་དགོས།
(ཆབ་སྲིད་ལམ་སྟོན། བཞུགས་སྒར་དུ་གསུམ་བཅུའི་དུས་དྲན་ཐེངས་བཅུ་བདུན་པར་སྕལ་བའི་གསུང་འཕྲིན། བོད་གཞུང་དྲིལ་བསྒྲགས་ལས་ཁུངས་ཀྱི་སྣར་ཐང་པར་ཁང་དུ་བསྐྲུན། ༡༩༨༢ ཤོག་ངོས་ ༢༧༠)
i am a norbu from tibetan university in sarnath,varanasi. here,i want to join in khabda note.may i join in the khabda note? my email address is nortse7636@yahoo.com.yes or not that plz tell me true ok.
༸གོང་ས་མཆོག་གི་བཀའ་སློབ་གནང་བ་དེ་ག་རང་རེད། ང་ཚོ་བོད་མི་མི་རེ་ངོ་རེས་ཚད་དེ་ཁྱེར་ནས་རང་རང་གིས་སོ་སོར་ཚོད་ཅིག་རྒྱོབ་དང་། ནང་ཁུལ་ཚིག་རྙོག་བཤད་ནས་ཕར་ཚུར་ཁྱོད་མ་འཇོན་རབས་དང་ངས་འགྲིག་རབས་མ་བཤད་པར་རང་སྐྱོན་རང་གིས་བསམས་ནས་ངོ་གནོང་བའི་ཆ་འདུག་ན། རང་ཐོག་ནས་སྔོན་ལ་གཙང་སེལ་ཞིག་བྱེད་རན་འདུག བོད་ཀྱི་གཏམ་དཔེར། གཞན་ལ་ལྟ་བའི་མིག་ཡོད་ཀྱང་། རང་ལ་བལྟ་བར་མེ་ལོང་དགོས། རྒྱལ་བ་༸གོང་ས་མཆོག་གི་བཀའ་མོལ་དེ་མེ་ལོང་དུ་བྱས་ནས་རང་རང་སོ་སོའི་ཁ་མདོག་ལ་ཅིག་ལྟོས་ཅིག །
༸གོང་ས་མཆོག་གི་བཀའ་སློབ་ཚང་མར་དོ་བདག་སོ་སོས་ལྟ་ཀློག་བྱས་དགོས་ཀྱང་། ཆབ་སྲིད་ཀྱི་བཀའ་སློབ་རྙིང་པར་རང་བཙན་ཐབས་བྱུས་དང་། དེ་ནས་བོད་མིའི་བདེ་དོན་མདོ་དབུས་ཁམས་གསུམ་རང་སྐྱོང་ཚད་ལྡན་བཀའ་སློབ་གཉིས། མི་མང་གི་བསམ་བློར་འཁྲུགས་འཛིངས་ཐེབ་སྲིད་པ་དང་། ཕར་ཕྱོགས་ནས་ཆབ་སྲིད་ལ་དགོས་མཁོའི་ཚིག་སྣ་འཇུས་སྲིད་པས་གཟབ་དགོས།
I think that its absolutely right.but I our society,there are extremely rare to practice the speech of his holliness the dalai lama in our day by day’s activities.As for I am fulfil the speech of him.