སྲིད་སྐྱོང་མཆོག་གིས་ལས་ཁུར་གནང་སྟེ་ལོ་གསུམ་འཁོར་བའི་དུས་ཚེས་དང་སྟབས་བསྟུན་མཆོད་འབུལ་སྨོན་ལམ་ཐོག་གསུང་བཤད་གནང་བ།
མཁན་རིན་པོ་ཆེ་མཆོག་གིས་དབུས་སྐྱབས་གནས་དགེ་འདུན་གྱི་སྡེ། མང་གཙོའི་ཀ་བ་གསུམ་གྱི་མཛད་སྒོ་རྣམ་པ་དང་སྲི་ཞུ་བ་རྣམ་པ། མི་མང་རྣམ་པ། སློབ་ཕྲུག་རྣམ་པར་ཞུ་རྒྱུར། དེ་རིང་ང་ཚོ་འདི་གར་འཛོམས་ནས་མཆོད་འབུལ་སྨོན་ལམ་ཚོགས་དགོས་དོན་ནི། གཙོ་བོ་ཤ་ཁྲག་གཅིག་པའི་གཞིས་ལུས་བོད་རིགས་སྤུན་ཟླ་སྤྱི་དང་། ཡང་སྒོས་ད་བར་དུ་བོད་བསྟན་སྲིད་ཆེད་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་ལྔ༌བཅུ་ང་གྲངས་ནས་རང་སྲོག་བློས་གཏོང་གནང་མཁན་ཁོང་རྣམ་པས་དབུས་འབྲེལ་ཡོད་ནང་མི། དམིགས་བསལ་རང་ལུས་མེར་སྲེག་གཏོང་མཁན་༡༣༠ བྱུང་ཡོད་ཁོངས་ནས་༡༡༢ འདས་གྲོངས་སུ་གྱུར་བ་རྣམ་པའི་ནང་མི་སོགས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་འཚོགས་བཞིན་ཡོད་སྟབས། ཚང་མས་ཐུགས་སྨོན་གནང་རོགས་ཞུ་རྒྱུ་ཡིན།
དེ་བཞིན་རང་ལུས་མེར་སྲེག་གཏོང་མཁན་རྣམ་པས་གཙོས་དུས་ད་ལྟ་བར་དུ་བོད་བསྟན་སྲིད་སླད་སྐུ་ལས་སྐྱོན་མཁན་ཚོའི་མངོན་འདོད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དང་། བོད་མིར་རང་དབང་བསྐྱར་གསོ་དགོས་པ་རྣམས་ཆགས་ཡོད། ཁོང་རྣམ་པའི་མངོན་འདོད་མ་བརྗེད་པའི་ཐོག་ནས་བཀའ་ཤག་སྐབས་ ༡༤ པས་དཀའ་ལས་རྒྱག་རྒྱུས་མཚོན་མི་དམངས་ནས་ཀྱང་ཕྱར་གྲུ་མཉམ་འདེགས་ཐོག་རྒྱབ་སྐྱོར་གནང་མུས་ལྟར་མུ་མཐུད་ནས་གནང་རོགས་ཞུ་རྒྱུ་ཡིན།
སྤྱིར་བཏང་བཀའ་ཤག་སྐབས་ ༡༤ པས་དབུ་མའི་དབུ་ལམ་གྱི་གོ་རྟོགས་སྤེལ་ཆེད་ཕྱི་ཟླ་༦ ཚེས་༥ ཉིན་གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་བྱས་པ་གཞིར་བཟུང་རྒྱལ་སྤྱིའི་ཐོག་སྙན་གྲགས་ཆེ་བའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཉེ་བའི་ལོ་རྒྱུས་ནང་ཁྱབ་བསྒྲགས་ཤུགས་ཆེ་ཤོས་ཕྱིན་ཡོད། དབུ་མའི་ལམ་གྱི་སྐོར་ལ་གོ་རྟོགས་སྤེལ་དགོས་དོན་ནི། ཕྱག་རོགས་བཀའ་བློན་རྣམ་པ་དང་གྲོས་ཚོགས་ཀྱི་ཚོགས་མི་རྣམ་པ། དེ་བཞིན་སྲིད་སྐྱོང་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་མང་དག་ཅིག་ནང་བསྐྱོད་སྐབས། མང་པོ་ཞིག་གིས་དབུ་མའི་ལམ་གྱི་སྐོར་ཤེས་ཀྱི་འདུག་ཀྱང་ཁག་གཅིག་གིས་ཤེས་ཀྱི་མི་འདུག
ང་ཚོས་བློ་འཚབ་བྱེད་དགོས་དོན་ནི། དབུ་མའི་ལམ་ལ་གོ་བ་ལོག་པར་ལེན་པའི་ཐོག་ནས་འགྲེལ་བཤད་ལོག་པ་རྒྱག་མཁན་མང་པོ་ཞིག་ཡོང་གི་འདུག དེ་དག་ནི་རྒྱ་ནག་གཞུང་གིས་དབུ་མའི་ལམ་ལ་འགྲེལ་བཤད་ལོག་པ་བརྒྱབ་པར་བརྟེན་ནས་བྱུང་བ་ཞིག་ཆགས་ཡོད་སྟབས། ང་ཚོའི་ངོས་ནས་དབུ་མའི་ལམ་གང་འདྲ་ཞིག་ཡིན་མིན་གོ་རྟོགས་སྤེལ་བ་བརྒྱུད་ནས་ཤེས་པ་བཟོ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
ལྷག་པར་དབུ་མའི་ལམ་གྱི་དྲ་རྒྱའི་ནང་བོད་རྒྱ་དབྱིན་གསུམ་གཙོ་བོར་གྱུར་བའི་ཇར་མན་དང་། ཕ་རན་སི། ཨི་ཊ་ལི། སེ་པན་བཅས་ཁྱོན་ཡིག་རིགས་ཁག་བདུན་ཐོག་ལྟ་ཐུབ་པ་བཟོས་ཡོད། དེར་བརྟེན་དབུ་མའི་ལམ་སྐོར་ལ་ཁ་གསལ་རྟོགས་ཐུབ་པའི་དགེ་མཚན་མང་པོ་འདུག་ཅེས་རྗོད་མཁན་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཡོང་གི་འདུག དེ་བཞིན་ང་ཚོ་བོད་མིའི་ནང་ལ་ཡང་དབུ་མའི་ལམ་གོ་རྟོགས་སྤེལ་དགོས་སྐོར་བཀའ་ཤག་ནང་གོ་བསྡུར་བྱུང་བ་ལྟར། ཉེ་ཆར་བཀའ་བློན་རྣམ་པ་དང་དྲུང་ཆེ་རྣམ་པ་གཞིས་ཆགས་ཁག་ཏུ་བཅར་ནས་དབུ་མའི་ལམ་གྱི་སྐོར་ལ་གོ་རྟོགས་སྤེལ་དང་སྤེལ་མུས་རེད།
དབུ་མའི་ལམ་ལ་བརྟེན་ནས་རྒྱ་གར་ནང་བོད་མིའི་སྒྲིག་འཛུགས་གནས་ཐུབ་ཡོད་པ་མ་ཟད། བོད་མི་རྣམས་ཀྱང་རྒྱ་གར་ནང་ཁྲིམས་མཐུན་ཐོག་གང་ཞིག་བྱས་ཀྱང་རང་དབང་ཡོད། དབུ་མའི་ལམ་ལ་བརྟེན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་འཛམ་གླིང་གི་ས་ཕྱོགས་གང་དུ་ཕེབས་རྒྱུར་དཀའ་ངལ་འཕྲད་ཀྱི་མེད། ལྷག་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་མཆོག་ཕྱི་ལོ་༢༠༡༤ ཟླ་༢ ཚེས་༢༡ ཉིན་མཇལ་འཕྲད་གྲུབ་རྗེས་ཨ་རིའི་ཕོ་བྲང་དཀར་པོའི་གསར་འགོད་གསལ་བསྒྲགས་ནང། “དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྔགས་བརྗོད་དང་ལྷན་རྒྱབ་སྐྱོར་ཡོད།” ཅེས་འཁོད་འདུག དེ་དག་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྐྱེད་མཛད་འཕྲིན་དང་དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བྱུང་བ་ཞིག་ཆགས་ཀྱི་ཡོད། ང་ཚོའི་དམིགས་ཡུལ་གཙོ་བོ་ནི་དབུ་མའི་ལམ་བརྒྱུད་ནས་བོད་དོན་བདེན་མཐའ་གསལ་རྒྱུ་ཆགས་ཡོད།
ཉེ་ཆར་དོལ་རྒྱལ་རྗེས་འབྲང་པ་ཚོས་རྒྱལ་སྤྱིའི་སྡིངས་ཆ་བེད་སྤྱོད་བཏང་སྟེ། ཁོ་པ་ཚོར་ཆོས་དད་རང་དབང་མེད་པ་དང་། དབྱེ་འབྱེད་བྱེད་ཀྱི་འདུག ཅེས་ཤོད་ཀྱི་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དོལ་རྒྱལ་གྱི་དགེ་སྐྱོན་སྐོར་ལམ་སྟོན་བཀའ་སློབ་ཕེབས་ཀྱི་ཡོད་པ་རེད་མ་གཏོགས་བསྟེན་གསོལ་བྱས་ཆོག་གི་མ་རེད། ཅེས་བཀག་འགོག་མཛད་ཀྱི་མེད། སྤྱིར་བཏང་བོད་མི་སུ་ཞིག་ཡིན་རུང་དཔྱ་ཁྲལ་ལག་དེབ་དགོས་ཀྱི་ཡོད། དཔྱ་ཁྲལ་ལག་དེབ་དཔལ་འབྱོར་ལས་ཁུངས་ནས་གནང་གི་ཡོད། རྒྱ་གར་ལ་གནས་ཐུབ་ཐབས་བྱེད་པར་ (R.C) སྐྱབས་བཅོལ་ལག་དེབ་དགོས་ཀྱི་ཡོད། སྐྱབས་བཅོལ་ལག་དེབ་རྒྱ་གར་གཞུང་ནས་གནང་གི་ཡོད།
འོན་ཀྱང་དེ་ཐོབ་པར་ས་གནས་འགོ་འཛིན་དང་བདེ་སྲུང་ལས་ཁུངས་ཀྱི་རྒྱབ་གཉེར་དགོས་ཀྱི་ཡོད། བོད་མི་སུ་ཞིག་ཡིན་རུང་ཕྱི་རྒྱལ་དུ་འགྲོ་ཆེད་ (I.C) དེབ་སེར་པོ་དགོས་ཀྱི་ཡོད། དེབ་སེར་པོ་རྒྱ་གར་གཞུང་ནས་གནང་གི་ཡོད་ཀྱང་དེར་རྒྱབ་གཉེར་བོད་མིའི་སྒྲིག་འཛུགས་ནས་གནང་དགོས་ཀྱི་ཡོད། དཔལ་འབྱོར་ལས་ཁུངས་ནས་དོལ་རྒྱལ་སྟེན་མཁན་ཡིན་དང་མིན་གྱི་དབྱེ་བ་འབྱེད་ཀྱི་མེད། དཔྱ་ཁྲལ་ལག་དེབ་གཞིར་བཟུང་སློབ་གྲྭར་ཚུད་དང་མ་ཚུད། དེ་བཞིན་འཕྲོད་བསྟེན་དང་ཤེས་ཡོན་ཐོག་ལ་མཐུན་རྐྱེན་གང་ཞིག་ཡོད་ཀྱང་གཅིག་མཚུངས་གནང་གི་ཡོད། དམིགས་བསལ་རྒྱ་གར་ལ་གནས་པར་སྐྱབས་བཅོལ་ལག་དེབ་དགོས་ཀྱི་ཡོད།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་རྒྱབ་གཉེར་ཡོད་པའི་ཐོག་ནས་ཁོ་པ་ཚོར་རག་གི་ ཡོད་པ་རེད་མ་གཏོགས་བོད་མིའི་སྒྲིག་འཛུགས་ཀྱི་རྒྱབ་གཉེར་མེད་ན་ཧ་ཅང་དཀའ་ལས་ཁག་པོ་ཆགས་ཀྱི་རེད། གལ་སྲིད་བོད་མིའི་སྒྲིག་འཛུགས་ནས་དོལ་རྒྱལ་སྟེན་མཁན་ཚོར་དབྱེ་བ་འབྱེད་དགོས་ཀྱི་ཡོད་ན། དཔྱ་ཁྲལ་ལག་དེབ་དང་སྐྱབས་བཅོལ་ལག་དེབ་ཐོག་དབྱེ་འབྱེད་བྱས་ཆོག་ཆོག་ཡོད་ཀྱང་དུས་ད་ལྟ་བར་དུ་དབྱེ་བ་ཕྱེ་བའི་གནས་ཚུལ་ཤོད་རྒྱུ་མེད། དེར་བརྟེན་ང་ཚོས་བོད་མི་གཅིག་མཚུངས་ལ་གནང་བ་ལྟར་དོལ་རྒྱལ་སྟེན་མཁན་ཚོར་བྱེད་ཀྱི་ཡོད་སྟབས། ཁོ་པ་ཚོ་རྒྱ་གར་དུ་གནས་ཐུབ་ཀྱི་ཡོད། དམིགས་བསལ་ཕྱི་རྒྱལ་དུ་འགྲོ་མཁན་ཡིན་ན་དེབ་སེར་པོ་དགོས་ཀྱི་ཡོད། དོལ་རྒྱལ་བསྟེན་མཁན་ཕྱི་རྒྱལ་དུ་ཡོད་མཁན་མང་ཆེ་བ་དེབ་སེར་པོ་འཁྱེར་ནས་ཕྱིན་པ་ཞིག་ཆགས་ཀྱི་ཡོད། དེ་དག་བོད་མིའི་སྒྲིག་འཛུགས་ཀྱི་རྒྱབ་གཉེར་ཡོད་པའི་ཐོག་ནས་བྱུང་བ་ཞིག་རེད། ཕལ་ཆེར་ཁོ་པ་ཚོས་སྐྱབས་བཅོལ་ཞུ་སྐབས་བཙན་བྱོལ་སྤྱི་ཚོགས་ནང་ཆོས་དད་རང་དབང་མེད་པ་རེད། ཅེས་སྐྱབས་བཅོལ་ཞུ་མདོག་ཁ་པོ་རེད།
དེར་བརྟེན་ང་ཚོས་ཁོ་པ་ཚོར་དབྱེ་འབྱེད་བྱེད་བཞིན་འདུག་ཅེས་པ་དེ་ནི་གཞི་རྩ་གང་ཡང་མེད་པ་ཞིག་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནོར་ཝེའི་རྒྱལ་ཁབ་ནང་ཆིབས་སྒྱུར་བསྐྱངས་སྐབས་ནོར་ཝེ་མི་དམངས་ནས་དགའ་བསུའི་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་མ་ཟད། བདུན་ཕྲག་གཉིས་ཙམ་གོང་གསར་འགྱུར་བརྒྱུད་ལམ་ཁག་ནས་ཡིན་རུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནོར་ཝེར་ཆིབས་སྒྱུར་སྐབས་ནོར་ཝེའི་དཔོན་རིགས་ཚོས་མཇལ་འཕྲད་ཞུས་དགོས་སྐོར་ཁྱབ་བསྒྲགས་ཤུགས་ཆེ་གནང་ཡོད། འོན་ཀྱང་རྒྱ་ནག་གཞུང་གི་གནོན་ཤུགས་འོག་ནོར་ཝེའི་གཞུང་གི་གནད་ཡོད་མི་སྣ་ཚོས་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་ཐུབ་མེད།
སྐབས་དེ་དུས་དོལ་རྒྱལ་རྗེས་འབྲང་པ་ཚོས་གསར་འགྱུར་བརྒྱུད་ལམ་ཁག་ནང་ནོར་ཝེའི་གཞུང་གི་འགོ་ཁྲིད་ཚོས་༸གོང་ས་མཆོག་ལ་མཇལ་འཕྲད་མ་ཞུས་པ་དེར་རྒྱབ་སྐྱོར་ཡོད། ཅེས་གསར་འགོད་གསལ་བསྒྲགས་སྤེལ་ཡོད། དོན་དངོས་ཐོག་དོལ་རྒྱལ་སྟེན་མཁན་ཚོས་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཁར་འཁྱེར་བ་ཙམ་ལས་ཆབ་སྲིད་རགས་པ་རང་འཁྲབ་བཞིན་ཡོད་པ་ཧ་ཅང་གསལ་པོ་ཆགས་ཡོད།
མཐར་བཀའ་ཤག་༡༤ པའི་ཐོག་ནས་ཕྱི་ལོ་༢༠༡༤ ལོ་འདི་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་ལོར་སྲུང་བརྩི་ཞུ་བཞིན་ཡོད།
སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་བར་ངོ་མ་དོན་སྙིང་ལྡན་པ་ཞིག་རེད། ཁྱེད་ལྟ་བུའི་ཤེས་འཇོན་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཞིག་བོད་པ་ཚང་ལ་ཤིན་ཏུ་དཀོན་ཞིང་། ཁྱེད་ནི་ག་ནས་བསྐོར་ཏེ་བསམ་ཀྱང་ངོ་མ་བོད་པའི་གཟི་བརྗིད་ཅིག་རེད། སྐྱབས་མགོན་རྒྱལ་བའི་དབང་པོའི་ཐུགས་དགོངས་འགལ་མེད་སྒྲུབ་མཁན་དང་གཞིས་བྱེས་བོད་མའི་བསམ་དོན་ངོ་མ་སྒྲུབ་མཁན་གྱི་སྐྱེས་བུ་ཞིག་ཡིན་པ་ང་ཚོ་དྲངས་བདེན་དང་དུས་རབས་ཀྱི་འགྱུར་འགྲོས་ལ་བལྟ་ཤེས་མཁན་གྱི་བོད་པ་རྣམས་ཀྱིས་ངེས་པར་དུ་རྒྱབ་སྐྱོར་བྱེད་དགོས།༌ དངོས་སུ་མི་མཐོང་བར་བྱས་ཏེ་མིང་རྫུན་མ་རེ་བཏགས་ནས་སྲིད་སྐྱོང་མཆོག་དང་བོད་གཞུང་དེ་བཞིན་རྒྱལ་བ་ཐམས་ཅད་མཁྱེན་པ་བཅས་པ་ལ་ངོ་རྒོལ་བྱེད་མཁན་གྱི་མྱི་ངན་ཁྱི་ལྟ་བུ་རྣམས་ཀྱིས་ཁ་ལ་དུས་ནམ་ཡང་མགོ་འཁོར་མི་ཉན། དེ་བཞིན་ལོ་རྗེས་མར་སླར་ཡང་སྐྱོང་མཆོག་སྲིད་སྐྱོང་བཀོད་པར་བྱས་ཏེ་གོང་ས་མཆོག་གཞིས་ལུས་བོད་མི་རྣམས་ཀྱིས་ཐུགས་འགྲུབ་དགོས།
ད་དུང་དབུ་མའི་ལམ་གྱི་གོ་རྟོགས་མི་མང་ལ་སྤེལ་དགོས་འདུག ལོ་དེ་འདྲ་མང་པོའི་རིང་ལ་རིག་པ་རྟུལ་པོ་གང་ཟག་ཞིག་གིས་གཞུང་ཆེན་དབུ་མ་རྩ་འཇུག་བཞི་གསུམ་གྱི་གོ་རྟོགས་ཐུབ་ངེས་རེད། ད་ང་ཚོ་ལ་གོ་རྟོགས་སྤེལ་མི་དགོས་རྒྱ་ནག་གཞུང་དང་རྒྱ་ནག་མི་མང་ལ་གོ་རྟོགས་སྤེལ་རོགས་གནང་། ཁོང་ཚོས་ད་དུང་གོ་བ་ཡག་པོ་ལེན་གྱི་མི་འདུག
དབུ་མའི་ལམ་གྱི་སྐོར་སྒྲོལ་མ་སྐྱོར་སྐྱོར་མང་པོ་གསུང་ནས་གང་ཡོང་ རྒྱ་མིས་མཁས་ལེན་རྩ་བ་ནས་བྱེད་ཀྱི་མ་རེད་
ལས་ཀ་མང་རོག་རེད་ དེ་ལས་རང་བཙན་རང་གསུང་ན་ཡག་གི་རེད་་ བོད་གཞུང་དེས་ད་དུང་རྒྱ་མིའི་
ཤིས་ཀ་རྒྱུད་ལོན་མིན་འདུག་ ད་ ༧གོང་ས་མཆོག་ལ་བཀའ་འདྲི་མང་པོ་ཞུ་དགོས་མ་རེད་ སྲིད་སྐྱོངས་ཁྱེད་རང་རེད་
ཁྱེད་རང་གི་གོང་ལ་སུ་ཡང་ཡོད་མ་རེད་
བཅའ་ཁྲལ་ལག་དེབ་སྤྲད་ཡོད་ཟེར། བཅའ་ཁྲལ་ལག་དེབ་ཡོད་མཁན་ཀློ་པ་དང་རྟ་མང་སོགས་བལ་ཡུལ་རྒྱལ་ཁབ་ཀྱི་མི་སེར་དང་། མོན་པ་དང་ལ་དྭགས་སོགས་རྒྱ་གར་གྱི་མི་སེར་རྣམས་ལ་ཡང་བཅའ་ཁྲལ་ལག་དེབ་ཡོད་པ་མ་ཟད་མང་པོས་བོད་པའི་མིང་ཐོག་ནས་ཨ་རི་སོགས་ལ་སྐྱབས་བཅོལ་ཞུས་ནས་བསྡད་ཡོད་པར་སེང་གེས་ཀྱང་ལུས་ཤེས།
བཅའ་ཁྲལ་ལག་དེབ་བཙོང་མཁན་བཙན་བྱོལ་སྒྲིག་འཛུགས་ཀྱི་སྐུ་ངོ་རྣམས་རེད། དེ་དང་དེ་བཞིན་RC་དང་IC བཙོང་གི་ཡོད་པ། སྒོར་མོ་འབུམ་དང་འབུམ་ལེན་ནས་ཕྱི་རྒྱལ་ལ་གཏོང་མཁན་བསྡད་མང་ཆེ་བ་བཙན་བྱོལ་སྒྲིག་འཛུགས་ཀྱི་སྐུ་ངོ་ཚོ་ཡིན་པ།་་་ཧཧཧ
སྤྱིའི་ཆ་ནས་དོལ་རྒྱལ་བརྟེན་མཁན་རྣམས་ལ་RC་དང་ICསྤྲོད་ཡོད་པས་དབྱེ་འབྱེད་མེད་ཟེར་བའི་སྐད་ཆ་འདིར་ཁྱབ་མེད་པའི་སྐད་ཆ་རེད། ཨ་འབྲུག་མགོན་པོ་བཀྲ་ཤིས་དང་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་རྣམས་གཉིས་གཙོ་བོ་གྱུར་པའི་དོལ་རྒྱལ་བརྟེན་རྣམས་ལ་སྐྱབས་བཅོལ་ལག་ཁྱེར་སྤྲད་མཁན་རྒྱ་གར་གཞུང་ཡིན་པ་ལས་བཙན་བྱོལ་སྒྲིག་འཛུགས་ག་ལ་ཡིན།
ཁྲིམས་མཐུན་དང་ལུགས་མཐུན་གྱི་ཐོག་ནས་བོད་མི་དོལ་རྒྱལ་བརྟེན་མཁན་རྣམས་ལ་བཅའ་ཁྲལ་ལག་དེབ་སྤྲད་ཀྱི་མེད་པར་སེང་གེའི་སྤུན་ཆེད་ཤིག་གིས་བཤད་བཞིན་འདུག མ་ཟད་བཅའ་ཁྲལ་ལག་དེབ་མ་སྤྲད་པའི་དཔང་རྟགས་ཡིག་ཆ་དང་བཅས་པ་ཡོད་ཅེས་དམངས་ཁྲོད་ཁ་བརྡའི་ནང་དུ་བཤད་བཞིན་འདུག་གོ
སེང་གེ་ཁྱོད་རང་གིས་ཀྱང་རྫུན་བཤད་ཀྱི་སློབ་སྦྱོང་བྱེད་ཀྱི་ཡོད་པེ། ངོ་ཚ་བ་ལ། སོ་སོའི་སྤུན་ཆེད་ལ་ཡང་ངོ་མི་ཚ་འམ།་་་་་ཧཧཧ
བོད་མི་རྣམས་ལ་་དབུ་མའི་ལམ་གྱི་གོ་རྟོགས་མུ་མཐུད་ནས་སྤེལ་དགོས། བོད་པ་རང་ལ་གོ་རྟོགས་ཡག་པོ་བྱུང་ན་དེ་བརྒྱུད་གཞན་རྒྱ་རིགས་སོགས་འཛམ་གླིང་གི་མི་ཚང་མར་ངོ་སྤྲོད་བྱེད་ཆོག་གི་རེད། དེ་མིན་ལས་ཀ་ཕྲན་ཙེག་ཙམ་ཡང་མི་བྱེད་པར་ཁ་ནས་རང་བཙན་ཟེར་ན་ཆོག་ཀྱང་དོན་དུ་སྟོང་པ་རེད། ཡོང་རྒྱུ་མེད་པའི་སྐད་ཆ་རེད། འདི་འདྲ་ཟེར་མཁན་གྱི་རིགས་དེ་ཚོའི་ལོ་མང་པོ་ཕྱིན་ཀྱང་ད་དུང་དབུ་མའི་ལམ་ཟེར་བ་དེར་གོ་རྟོགས་མེད་པའི་རྟགས་མཚན་ཕྱིར་ངོམ་པ་རེད། བོད་གཞུང་མེད་ན་སྐྱབས་བཅོལ་ལག་འཁྱེར་རྒྱ་གར་གཞུང་ནས་སྤྲད་མི་སྲིད། བོད་མའི་སྐྱབས་བཅོལ་ལག་འཁྱེར་ཞིག་ཡིན་ཕྱིན་ཆད་བོད་གཞུང་བརྒྱུད་དགོས་པ་ཡོངས་གྲགས་རེད། རྫུན་གཏམ་མ་བཤད། བོད་མི་རིགས་རིག་གཞུང་དང་བཅས་པ་ཤི་རན་ཁར་མི་ངན་ཁྱི་འདྲ་བོ་དེ་་ཚོས་ད་དུང་དཀྲུག་་ཤིང་བྱེད་བཞིན་ཡོད། སྐྱབས་མགོན་རིན་པོ་ཆེ་དང་སྲིད་སྐྱོང་གི་བར་མི་མང་དང་གཞུང་བར་དཀྲུག་ཤིང་བྱེད་ཀྱི་ཡོད་པས་ཚང་མས་གཟབ་གཟབ་བྱ་དགོས། དེ་འདྲའི་དཀྲུགཤིང་ཇི་ཙམ་བྱས་ན་ང་ཚོ་བོད་མི་རྣམས་ཀྱིས་བློ་སྟོབས་འཕེལ་བར་བྱས་ཏེ། སྲིད་སྐྱོང་དང་བོད་གཞུང་དེ་བཞིན་སྐྱབས་མགོན་རྒྱལ་བའི་དབང་པོའི་བཀའ་དྲིན་ལ་བསམཤེས་དང་ཡིད་་ཆེས་བློ་གཏད་རྒྱབ་སྐྱོར་བྱེད་དགོས་པ་གནད་འགག་ཅིག་ཏུ་མཐོང་།
སྲིད་སྐྱོང་མཆོག་གི་གསུང་བཤད་གནང་བ་དེ་ཚོ་དོན་སྙིང་ལྡན་པ་ཞིག་རེད། དབུ་མའི་ལམ་གྱི་ངོ་སྤྲོད་མུ་མཐུད་ནས་བོད་པ་རྣམས་ལ་གནང་རོགས་གནང་། རྒྱུ་མཚན་གང་ཡིན་ཟེར་ན་ང་རང་ཚོ་བོད་པ་རང་ལ་དབུ་མའི་ལམ་གྱི་གོ་རྟོགས་ཡག་པོ་བྱུང་ན་དེ་བརྒྱུད་ནས་གཟན་ངོ་སྤྲོད་བྱེད་ཆོག་གི་རེད། དེ་མིན་ང་ཚོར་དབུ་མའི་ལམ་གྱི་གོ་རྟོགས་ཡག་པོ་མེད་ན་དཀའ་ལས་ཁག་པོ་རེད། ལོ་མང་ཉུང་གི་སྐད་ཆ་མ་རེད། ལོ་གཅིག་སྟོང་ཕྱིན་ཀྱང་དབུ་མའི་གོ་མ་བྱུང་ན་གོ་རྟོགས་སྤེལ་དགོས། ད་རུང་རང་བཙན་རེད་ཟེར་ནས་ཡོང་རྒྱུ་མེད་པའི་གཏམ་བཤད་མཁན་དེ་ཚོར་དབུ་མའི་ལམ་གྱི་གོ་རྟོགས་མེད་པའི་སྐྱོན་རེད། སྐྱབས་བཅོལ་ལག་ཁྱེར་གྱི་སྐོར་ནས་བཤད་ན་བོད་མི་ཞིག་ཡིན་ཕྱིན་ཆད་ངེས་པར་དུ་བོད་གཞུང་བརྒྱུད་ནས་འགྲོ་དགོས་པ་ཡོངས་གྲགས་རེད། དེ་མིན་རྒྱ་གར་གཞུང་གི་སྤྲད་མི་སྲིད་འདི་ཚོ་ཚང་བོད་གཞུང་དང་སྐྱབས་མགོན་རིན་པོ་ཆེའི་བཀའ་དྲིན་ཡིན་པ་ད་དུས་ཤེས་མེད་པ་རེད། བོད་མི་རིགས་རིག་གཞུང་དང་བཅས་པ་ཤི་ལ་ཉེ་ཀྱང་མྱི་ངན་ཁྱི་རྒ་འདྲ་བོ་དེ་ཚོའི་བོད་གཞུང་དང་སྐྱབས་མགོན་རིན་པོ་ཆེའི་བར་དཀྲུག་ཤིང་སྲིད་སྐྱོང་དང་གོང་ས་མཆོག་གི་བར་དཀྲུག་ཤིང་བྱེད་ཀྱི་ཡོད་རེད། བོད་མི་རྣམས་ཀྱིས་ངེས་པར་དུ་གཟབ་གཟབ་བྱས་ཏེ་ཁྱི་རྒན་འདི་དག་ཇི་དཀྲུག་ཤིང་བྱས་པ་དེ་ཙམ་གྱིས་ང་ཚོའི་བློ་སྟོབས་གོང་འཕེལ་བཏང་སྟེ། བོད་གཞུང་དང་སྐྱབས་མགོན་རིན་པོ་ཆེ་སྲིད་སྐྱོང་སོགས་ལ་ཡིད་ཆེས་དང་རྒྱབ་སྐྱོར་སོགས་བྱས་ཏེ་མཐུན་སྒྲིལ་བྱེད་དགོས་པའི་དུས་ལ་སླེབ་ཡོད།
དྲ་གྲོགས་ལྷན་རྒྱས་ལགས་སྐུ་ཁམས་བཟང་། དེ་རིང་སྐད་ཆ་ལྷོད་ལྷོད་ཅིག་བཤད་བསམ་སོང་། རྣམ་པ་ཚོས་རང་རེའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམས་ལ་སྐྱོན་འཛུགས་གནང་བ་ནི་མ་འགྲིགས་པ་དེ་འདྲ་མ་རེད་འདོད་། སྐྱོན་ལ་མཛུབ་མོ་དང་། སྐྲང་ལ་གཏར་ཁ་ཟེར་བའི་དཔེ་ལྟར་དེ་ལྟར་གནང་དགོས་པ་ཞིག་ཀྱང་རེད། འོན་ཀྱང་། བསམ་བློ་གཞན་པ་ཞིག་བཏང་ན་མིས་མི་བཀུར་ན་བླ་མ་དཔོན་པོ་དང་། ཤིང་གིས་ཤིང་བཀྱགས་ན་ལྷ་ཁང་མཆོད་ཁང་ཟེར་བ་བཞིན་ང་རང་ཚོའི་དཔོན་པོ། ང་རང་ཚོས་བཀུར་ན་ལས་རྒྱ་གུང་ཁྲན་གྱིས་བཀུར་གྱི་མ་རེད། དམངས་གཙོ་བྱས་ནས་མི་དམངས་ཀྱིས་འདོད་མུས་ཡོད་པའི་ཐོག་ནས་འཇོག་ས་ཞིག་ལ་བཞག་ཚར་བའི་ཉིན་ནས། ཐེག་ན་ཀླད་པའི་གཙུག་དང་མི་ཐེག་ཕྲག་པའི་ཁེའུ་བྱེད་དགོས་པ་ཞིག་རེད་། དེའི་མན་ལ་བབ་བཅུག་ན་གན་རྐྱལ་དུ་ལོག་ནས་གཅིན་པ་བཏང་བ་དང་གཅིག་པ་རེད། སོ་སོའི་ཁ་ནང་མ་གཏོགས་འབབ་ས་ཡོད་པ་མ་རེད། ང་རང་ཚོས་ང་ཚོར་དམའ་འབེབས་བཏང་བ་ལས་ཅི་ཡང་མི་འདུག དེ་བས་བསམ་ཚུལ་དང་། ཡང་ན་སྡུག་ར་སྐུལ་དགོས་ནའང་ཡིག་ཐོག་ཏུ་བྲིས་ཏེ་སོ་སོའི་མཚན་རྟགས་དང་ཁ་བྱང་སོགས་བཀོད་ནས། ཡི་གེ་ནི་ཁ་བ་འབབ་འབབ་བྱས་ཀྱང་། དེ་འོས་པ་ཞིག་དང་འགྲིགས་པ་ཞིག་རེད། དྲ་ཐོག་གི་འུར་སྒྲོག་འདི་ཚོ་ནི་འདྲེ་ཤར་སྒོ་ནས་བཞག་གཏོ་ནུབ་སྒོར་འཕངས་པར་མ་ཚད། རྔ་སྐད་དང་འགྲོགས་ནས་གཏོར་རྩམ་དེའང་ཁྱི་མོ་དམར་ལུ་མའི་ཁ་ཟས་འབའ་ཞིག་ཏུ་འགྱུར་བ་ལས་ང་ཚོ་ལ་གང་ཡང་མི་ཕན་ནོ། །
ཅེ་ཙང་རྗེས་མ་ནས་དྲ་ཐོག་ཏུ་རང་རེའི་དབུ་ཁྲིད་ཚོར་སྡུག་མོ་བྱེད་མཁན་ནི་རང་གཅིན་རང་གིས་འཐུང་མཁན་ལ་རྩི་རྒྱུ་ཡིན་པས། དེ་འདྲ་ཡོད་ན་སྐྱག་གཟན་ཞེས་པའི་མིང་གསར་ཞིག་འདོགས་ཀྱི་ཡིན་པས་མ་གོ་མ་ཐོས་མེད་པ་ཤོག
གོང་གི་གེ་སར་ཟེར་བ་དེ་དོལ་འདྲེའམ་རྒྱ་འདྲེ་ཞིག་ཡིན་ས་རེད། སྤྱིར་བཏང་དོལ་རྒྱལ་རྟེན་མཁན་ཉུང་ཤས་ཤིག་བོད་པའི་ཨ་མ་ཞིག་ལ་སྐྱེས་ཀྱང་བོད་མི་རིགས་ཀྱི་སྤྱི་དགྲ་རྒྱ་དམར་ཚང་གི་རྒྱུགས་ཁྱིའི་སྐྱེ་བ་བླངས་བར་སོང་། མི་རིགས་བཙོང་མཁན་གྱི་གཤེད་མར་གྱུར་ཡོད། སྤྱི་ཚོགས་དང་ཁྲིམས་སྒྲིག ལམ་ལུགས་སོགས་ནི་འགྱུར་མེད་རྟགས་བརྟན་ལྟུ་བུར་སྣང་ཡང་། དུས་རབས་ཀྱི་འགྱུར་འགྲོས་དང་འགྲོགས་ནས་རིམ་བཞིན་ཡར་རྒྱས་འགྲོ་གི་རེད། ཉིན་ཞིག་བོད་རྒྱ་མཉམ་གནས་དང་། ཕན་ཚུན་མཐུན་བསྒྲིལ། གཅིག་ལ་གཅིག་བརྟེན། ཡང་ན་རང་བཙན་གཙང་མའི་དུས་ཡང་འཆར་ངེས་པ་ཟློག་ཏུ་མེད་པའི་ཆོས་ཉིད་ཅིག་རེད། དེ་དུས་ཕ་སྤུན་བར་ནས་ནང་འཁྲུག་སློང་མཁན་ཁྱོད་ཚོས་ཅི་ཞིག་བྱེད། ཕ་མེས་ཡང་མེས་དང་བུ་རབས་ཚ་རྒྱུད་ཀྱི་གདོང་ས་ལ་སྒྱུར་བ་མ་རེད་དམ། སྔོན་དུས་ཀྱི་རིག་གསར་སྐབས་ཕ་མ་རྡུང་མཁན་དང་། བླ་མ་ཞོན་མཁན། བཀའ་བརྟན་བསྲེགས་ནས་ཐལ་བ་ཟ་མཁན་དེ་ཚོ་དང་གཅིག་མཚུངས་ཆགས་རྒྱུ་ཉག་ཅིག་རེད། ལོ་རྒྱུས་ཀྱི་ཉེས་ཅན། མི་རིགས་ཀྱི་སྤྱི་དགྲ་ཁྱོད་ཚོ་ ༸གོང་ས་རྒྱལ་བ་རིན་པོ་ཆེའི་ཐུགས་རྗེས་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ད་དུང་ཁ་ཤོམ་འཐེན་པ་དང་རྒྱགས་གཏམ་བཤད་ནས་བསྡད་ཡོད་པ་རེད་མ་གཏོགས། བོད་མི་རིགས་ཀྱིས་གཙབ་ཤ་འཁོར་ལོ་བཏང་ཚར་ཡོད། གཅིག་ཀྱང་མ་ལུས་པར་ཚར་བཅད་ཡོད། ད་དུང་ཡང་ ༸གོང་ས་མཆོག་ལ་ཞེད་ནས་ཁྱོད་ཚོ་ལ་ཅི་ཡང་བྱེད་ཀྱི་ཡོད་པ་མ་རེད། འོན་ཀྱང་ཉི་མ་གཅིག་ཁྱོད་ཚོའི་རོ་ཡང་མཐོང་ས་མེད་པ་ཞིག་བཟོ་རྒྱུ་ཐག་གཅོད་རེད། ཁྱེད་ཚོ་ནི་གྲོག་མ་གཤོག་ཐོག་ལྟ་བུ་རེད། རྒྱ་དམར་གྱི་གཤོག་པ་ཆུང་ཆུང་དེ་ལ་བརྟེན་ནས་ཅུང་ཙམ་འཕུར་དང་། དུས་ཡུན་རིང་པོར་འཇིག་རྟེན་འདིར་བསྡོད་ཐབས་མེད་པ་ས་རིས་ཐང་གསལ་རེད། རྒྱལ་བ་རིན་པོ་ཆེ་དང་བོད་མི་རིགས་ཀྱི་ཆེད་དུ་རང་སྲོག་འདོར་མཁན་ཁྲི་འབུམ་མང་པོ་ཡོད། སྡུག་འདྲེ་ཁྱོད་ཚོ་ཉིན་རྒྱ་དུས་གཅིག་ལ་མེད་པ་གཏོང་བར་ཐག་རིང་པོ་མི་འདུག་པ་ཡིད་འདོམས་ཀྱིས།
ནོར་བཅོས་་་་་་་་་་་་་དགྲ་ལྷ་ནག་པོས་ཉོན།
བོད་རང་བཙན་དང་བོད་མི་རིགས་བཙོང་མཁན་དོལ་ཚོགས་མ་རེད། བོད་མི་རིགས་ཀྱི་མིང་ཐོག་ནས་སྐྱིད་པོ་རྒྱག་པ་བྱས་ནས་བསྡད་ཡོད་མཁན་དོལ་ཚོགས་མ་རེད། བོད་མི་རིགས་ཀྱི་མིང་ཐོག་ནས་སྤྱིའི་རྒྱུ་ལྐོག་ཟ་བྱེད་མཁན་དོལ་ཚོགས་མ་རེད།
བོད་རྒྱ་མཉམ་གནས་བྱེད་ཀྱི་ཡིན་ཟེར་མཁན་xxxརྒྱལ་བཙོང་བ་ཁྱོད་རང་ཚོ་རེད། xxxx
བོད་མི་རིགས་ཆགས་འཇིག་འགྲོ་་ཉེན་ཆེ་བའི་གཉེན་འཕྲང་ཅན་གྱི་དུས་ཚོད་འདིར་བོད་མིའི་བླ་སྲོག་ལྟ་བུར་གྱུར་བའི་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ལ་ངོ་རྒོལ་་བྱེད་མཁན་བོད་གཞུང་མིན་པ་ཤེས་པར་བྱོས། བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་མེད་གཏོང་འདོད་མཁན་གྱི་དགྲ་བོ་རྒྱ་དམར་དང་ངན་པ་ལག་འབྲེལ་བྱེད་མཁན་བོད་གཞུང་མིན་པ་ཤེས་པར་བྱོས། བོད་ཀྱི་དགེ་བཤེས་མཁས་དབང་འགའ་ཞིག་དམར་གསོད་གཏོང་མཁན་བོད་་གཞུང་མིན་པ་ཤེས་པར་བྱོས། ད་དུང་མང་ཡ།
ངོ་མ་ང་རང་སྒེར་ངོས་ནས་དཀོན་མཆོག་གསུམ་ཁོ་ནར་སྐྱབས་སུ་འཛིན་པ་ལས། ལྷ་འདྲེ་ཟེར་བ་དེ་ཚོར་གལ་གནད་དུ་མི་འཛིན་ལ་ལར་ནས་དེང་འཁོན་ཞེན་ཅན་གྱི་ལྷ་འདྲེ་ཟེར་བ་དེ་ཚོ་ཡོད་པར་ཡིད་ཆེས་ཅང་མེད་མོད། སྤྱི་ཚོགས་ཆུང་ཆུང་འདིའི་ནང་སེམས་ན་བའི་སྐད་ཆ་དང་བྱ་སྤྱོད་དེ་ཚོ་མཐོང་དུས་དོལ་ཚོགས་པ་དེ་ཚོ་ངོ་ཚ་ལས་འབྲས་མེད་པའི་ཁ་པོ་ཆེའི་འདྲེ་གསོན་པོ་ངོ་མ་དེ་ཁོ་ཚོར་མངོན་པ་ལས་དོལ་རྒྱལ་ལམ་རྡོ་རྗེ་ཤུགས་བརྟེན་ཟེར་བ་དེ་ལྷ་འདྲེ་གང་ཡང་མིན་པ་ཚིག་ཐག་གཅོད་ཐུབ། གོང་གསལ་༼གེ་སར་༽རམ་བགེགས་སར་བཞིན་བཤད་རྒྱུ་གཞན་ལ་བཤད་ཁུལ་ཡང་བབ་ས་རང་གི་མགོ་ཐོག་ཏུ་བབས་པ་དེའོ། དེའང་ཁོ་པས་བོད་མའི་སྒྲིག་འཛུག་དང་དབུ་འཁྲིད་རྣམས་པ་བོད་གཞུང་དང་མི་མང་གི་མཚན་མཐོང་ལ་སྐྱིད་པོ་རྒྱག་པ་གཏོང་གི་ཡོད་རེད་ཟེར། ད་དུང་བོད་རང་བཙན་མེད་པ་བཟོ་མཁན་སོགས་ཀྱི་ཞབས་འདྲེན་པ་དེ་ཚོ་འང་བོད་མའི་དབུ་འཁྲིད་རྣམས་ལ་བརྙེད། ཧ་ཧ་ཧ་ཧ། དོན་ངོ་མ་བོད་གཞུང་དང་གོང་ས་མཆོག་གི་བཀའ་དྲིན་འོག་སྐྱིད་པོ་རྒྱག་པ་མ་གཏོང་བོད་པ་སུ་ཞིག་ཡོད། མ་མཐར་བོད་གཞུང་དང་གོང་ས་མཆོག་ལ་མཚན་དམད་དང་ངོ་བརྒོལ་བྱེད་ནས་སྐྱིད་པོ་རྒྱག་པ་གཏོང་མཁན་དེ་ཚོའང་གོང་ས་མཆོག་གི་བཀའ་དྲིན་ཡིན་པ་ཚིག་ཐག་གཅོད་ཐུབ། གལ་སྲིད་གོང་ས་མཆོག་མེད་ན་ཁྱོད་ཚོར་སྐྱིད་པོ་རྒྱག་པ་གཏོང་སའི་མ་དངུལ་དེ་དག་ག་ནས་ཡོང། ལར་ནས་ཁ་བརྡ་བྱེད་སྐགས་མཚོན་ཆ་ཐོག་པའི་ཚིག་དེ་ཚོ་བེད་སྤྱོད་མ་བྱས་ན་དོལ་འདྲེའི་སྲོག་གཅོད་གྲབ་བྱེད་ཀྱི་འདུག་གམ། ཁ་བརྡ་ཡག་ས་ནས་བྱས་ན་གོ་སྐོན་ལེགས་ས་ནས་འཇུག་བསྒྲིལ་ཐུབ།
དགྲ་ནག་གི་སྐད་ཆ་དེར་རྒྱུ་མཚན་འདུག ང་ཚོས་བོད་སྤྱི་ལ་དབང་བའི་རྒྱལ་པོ་ཁྲི་དར་མ་འུ་དུམ་བཙན་བསད་རྗེས། བོད་སྲིལ་བུར་གྱུར། དེ་ནས་ཆོས་ལུགས་ཀྱིས་དབང་ཆ་བཟུང་ནས་སྤྱི་ལ་དབང་བའི་རྒྱལ་པོ་བཙུགས་མ་ཐུབ། དེ་ནས་རྒྱ་མི་ཡོང་ནས་བོད་ས་བཙལ་བཟུང་བྱས། ང་ཚོ་ཚང་མ་བཙན་བྱོལ་ལ་ཡོང་དགོས་ཐུག
བོད་ནང་ལ་གཏེར་འདོན་བྱེད་ཀྱི་འཕྲུལ་འཁོར་རྐྱང་མ་ཁྲི་བཞི་བཅུ་ལྷག་ཡོད་ཟེར། དེ་དག་གིས་ཆུ་ཚོད་ཉེར་བཞིའི་རིང་གཏེར་འདོན་ནས་རྒྱ་ནག་ལ་དབོར་བཞིན་པའི་སྒང་རེད། གཞན་པ་གཡུགས་ཞོག འདི་གཅིག་པུ་བསམ་བློ་ཐོངས།
ད་འདས་ཟིན་པའི་ཉམས་མྱོང་ལ་ཕྱིར་བལྟས་བསློག་ནས། ཆིག་སྒྲིལ་བྱེད་དགོས་འདུག་སྙམ་ནས་ཚང་མས་ཤུགས་རྒྱག་ཚོད་ཀྱི་དུས་ཚོད་འདི་དྲར། མང་མོས་དབུ་ཁྲིད་གཅིག་ཡོད་པ་དེར་རྙོག་ཁྲ་ཤ་སྟག་གླེང་བསྡད་ན། རང་གི་ཟ་མའི་ནང་ལ་རང་གིས་མི་གཙང་ལྡུག་ནས་རང་གཞན་ཚང་མ་བཟའ་མི་རུང་བ་བཟོ་བ་འདི་ཅི་ཡིན།
མཚམས་རེ་བསམ་བློ་གཏོང་སྐབས། བོད་པ་ཟེར་བའི་མི་རིགས་འདི་ངོ་མ་བཀྲ་མ་ཤིས་པའི་མི་རིགས་ཐབས་སྡུག་ཤོས་ཅིག་རེད། རང་ཁ་རང་གིས་མ་གསོས། གཞན་པས་རོགས་པ་བྱེད་དུས། དེའི་ནང་ལ་སྐྱག་པ་བཏང་ནས་རང་གི་ནང་མི་ཚང་མ་བཟའ་མ་འཇུག་པ་འདི། གེ་སར་སོགས་ཀྱི་བྱེད་སྟངས་རེད།
ཤུགས་ལྡན་སྟེན་རོགས། ངས་མ་སྟེན་ཟེར་གྱི་མེད། ཤུགས་ལྡན་ལ་ནུས་པ་ཡོད་ན་ཅིའི་ཕྱིར་ཁྱོད་ཚོ་མི་ཡོང་ནས་ཤུགས་ལྡན་གྱི་ངོ་སྲུང་དགོས། ཤུགས་ལྡན་སྲུང་མ་ཚད་ལྡན་ཡིན་ན། ཁོ་རང་ལ་ཐུབ་ཚོད་གཏོང་མཁན་དེ་ཚོ་ཚར་གཅོད་པའི་ནུས་པ་ཡོད་དགོས་པ་འདི་སྲུང་མ་དེའི་ཆ་རྐྱེན་དང་པོ་མ་རེད་དམ། སྲུང་མ་ཚད་ལྡན་ཡིན་མིན་འདི་ནས་ཤེས་དགོས། ཤུགས་ལྡན་གྱི་གདན་ས་དང་བླ་མ་ཁྲི་ལས་འབེབ་མཁན་རྒྱ་དམར་རེད། དང་པོ་ཁོང་ཚོ་འཚོལ་དུ་སོང་། འདིར་ཡོང་ནས་ང་ཚོ་བོད་པ་བྱིངས་ལ་རྙོག་ཁྲ་ཤོད་པ་འདི་ཁྱེད་ཚོ་ཤུགས་ལྡན་སྟེན་མཁན་ཚོས། དགྲ་ཤར་ལ་གནས་པ་དེར། ཀླུད་ནུབ་ལ་གཏོང་བ་མིན་ནམ།