སྐྱ་རེངས།
དངོས་གནས། ཁྱོད་ང་ལ་བརྩེ་བ་མེད་ན།
ངའི་སྔུན་ནས་མ་ངུ་རོགས་ཞུ།
ངས་བརྩེ་བ་མེད་པའི་མིག་ཆུ་ཞིག་མཐོང་མི་འདོད།
ང་ལ་སྡུག་བསྔལ་མ་བསྐྱེད་རོགས།
ཡ་ང་བའི་ང་རང་། བདེ་སྐྱིད་དང་འཛུམ་མདངས་ཁྲོད་ནས།
གནས་འདི་རུ་ཁ་བྲལ་དུ་འཇུག་རོགས།
དེང་འདི་ལས་སྐྱོ་བ་དང་སྡུག་བསྔལ་བ་ཞིག
དེ་སྔོན། ང་ཡི་མི་ཚེ་ནང་གཏན་ནས་བྱུང་མ་མྱོང་།
“ཀྱེ། ཁྱོད་ང་ལ་བརྩེ་བ་ཡོད་ན།”
“མིག་ཆུ་རྫུན་མ་ཞིག་དང་བརྩེ་བ་བཅོས་མ་ཞིག་གིས།”
“ང་རང་བསྐྱད་མ་མ་བྱེད་རོགས།”
འདིས་ང་ལ་ཚེ་གང་བོར་སྡུག་བསྔལ་སྟེར་སྲིད་ལ།
ན་ཟུག་གི་ཕྱིར་དྲན་ཡང་འཇོག་ངེས་ཨང་།
20014/8/16/མཚན་མོ།
ཨ་ཁོ་རང་ཁྱོད་རང་ལ་སྡུག་སྔལ་ཞེ་བུ་ཡོད་པ་འདྲ། སྡུག་སྔར་བདེ་བ་ལ་རྒྱུར་ཤེས་ན་ཡག་པོ་ཡོད་ སྡུག་་བསྔལ་གྱི་ཡོན་ཏན་བསམ་ལེགས། སྡུག་བསྔལ་ཆོས་ལ་རྒྱུར་ན་བདེ་བའི་རྒྱུ་རེད་
བརྩེ་དུང་མེད་པའི་མི་ངན་དང་།།
ཤ་ཞེན་མེད་པའི་བླ་ངན་དང་།།
བདེན་པ་མེད་པའི་སྤྲུལ་རྫུན་དག།
ཞི་བདེ་མེད་པའི་རྩ་བ་ལགས།།
རི་མོ་གཅིག་པོ་ལ་ཡིད་ཤོར་ནས། བྲིས་ཡིག་དག་མི་ཀློག་པ་བྱ་རྒྱུ་ཡིན། ཧ་ཧ་ཧ།
ཁྱེད་ཅག་ཕེབས་པར་ཐུགས་རྗེ་ཆེ།